1

1 ༡་ །ཡེ་ཤུ་མ་ཤི་ཀས་ཉིད་ཀྱི་ཞབས་ཕྱི་རྣམས་ལ། མྱུར་དུ་འབྱུང་འགྱུར་རྣམས་སྟོན་པར་མཛད་ཕྱིར། ཨེ་ལོ་ཧིམ་གྱིས་ཁོང་ལ་མངོན་པར་མཛད་དེ། ཁོང་གིས་ཉིད་ཀྱི་ཨ༷ན་ཇལ་རྒྱུད་དེ་ཞབས་ཕྱི་ཡོ༷་ཧ་ནན་ལ་བསྟན་པར་མཛད་དོ།"

2 ༢་ །ཁོས་ཨེ་ལོ་ཧིམ་གྱི་བཀའ་དང་། ཡེ་ཤུ་མ་ཤི་ཀས་དཔང་པོ་མཛད་པ་དང་། ཁོས་ཅི་མཐོང་བ་ཐམས་ཅད་མངོན་པར་བཤད་དོ།"

3 ༣་ །དུས་དེ་ནི་ཉེ་བས། ལུང་བསྟན་འདིའི་ཚིག་རྣམས་ཀློག་མཁན་དང་ཉན་མཁན་དང་། འདིའི་ནང་ལ་བྲིས་པ་སྲུང་མཁན་རྣམས་བདེའོ།"

4 ༤་ །ཡོ༷་ཧ་ནན་གྱི་ཕྱོགས་ནས། ཨ༷་སི་ཨ་རུ་ཡོད་པའི་མ་ཤི་ཀ་པ་ཚོགས་བདུན་པོའི་དྲུང་དུ། ད་ལྟ་བཞུགས་པ་དང་། སྔར་མཆིས་པ་དང་། ཕྱིས་འབྱོན་པར་འགྱུར་བ་ཁོང་གི་ཕྱོགས་ནས་དང་། ཡང་ཁོང་གི་བཞུགས་ཁྲིའི་དྲུང་དུ་མཆིས་པའི་རུ་ཨག་བདུན་པོའི་ཕྱོགས་ནས།"

5 ༥་ དབང་པོ་དྲང་པོ་ལགས་པ་གཤིན་པོ་རྣམས་ཀྱི་སྔོན་འཁྲུངས་ས་གཞིའི་རྒྱལ་པོ་རྣམས་ཀྱི་མངའ་བདག་ཡེ་ཤུ་མ་ཤི་ཀ་ལས་ཁྱེད་ལ་ཐུགས་རྗེ་དང་ཞི་བདེ་འབབ་པར་ཤོག་ཅིག །ང་ཚོར་བྱམས་ཤིང་ཉིད་ཀྱི་སྐུ་ཁྲག་གིས་ང་ཚོའི་སྡིག་པ་ལས་བསྒྲལ་ཏེ།"

6 ༦་ ཉིད་ཀྱི་ཨེ་ལོ་ཧིམ་དང་ཡབ་ཀྱི་ཕྱིར་རྒྱལ་སྲིད་དང་ལེ༷་ཝི་རྣམས་ལ་མཛད་པ་ཁོང་ལ། དུས་རྟག་ཏུ་བསྟོད་པ་དང་མངའ་ཐང་ཡོད་པར་ཤོག་ཅིག །ཨ༷་མེན།"

7 ༧་ ཁོང་ནི་སྤྲིན་དང་བཅས་འབྱོན་ནོ། །མིག་ཡོད་པ་ཐམས་ཅད་དང་། ཁོང་ལ་མདུང་བཙུགས་མཁན་རྣམས་ཀྱིས་ཀྱང་ཁོང་མཇལ་ཞིང་། ཁོང་ལ་འཇིག་རྟེན་གྱི་མི་རིགས་ཀུན་གྱིས་མྱ་ངན་བྱེད་པར་འགྱུར་རོ། །དེ་དེ་བཞིན་ནོ། ཨ༷་མེན།"

8 ༨་ ད་ལྟ་བཞུགས་པ་དང་སྔར་མཆིས་པ་ཕྱིས་འབྱོན་པའི་ཀུན་དབང་གི་ཀྱུ་རི་བོ་ཨེ་ལོ་ཧིམ་གྱིས། ང་ནི་ཐོག་མ་དང་མཐའ་མ་ཡིན་ཞེས་གསུང་ངོ་།།"

9 ༩་ །ཡེ་ཤུའི་ཕྱིར་སྡུག་བསྔལ་དང་། རྒྱལ་སྲིད་དང་། བཟོད་སྲན་ནང་ཁྱེད་ཚོའི་མཉམ་གྲོགས་ཡིན་པའི་སྤུན་ཡོ༷་ཧ་ནན་ང་། ཨེ་ལོ་ཧིམ་གྱི་བཀའ་དང་ཡེ་ཤུ་ལ་དཔང་པོ་བྱེད་པའི་རྐྱེན་གྱིས། པ༷ད་མོ་བྱ་བའི་གླིང་ཕྲན་ནང་ཡོད་པ་ཡིན།"

10 ༡༠་ ཀྱུ་རི་བོའི་ཞག་གམ་བདུན་ཕྲག་གི་ཉི་མ་དང་པོར་ང་ལ་རུ་ཨག་ཀྱིས་ཁྱབ་སྟེ། ངའི་རྒྱབ་ན་དུང་དང་འདྲ་བའི་སྒྲ་ཆེན་པོ་ཞིག་ཐོས་ནས་དེ་ན་རེ།"

11 ༡༡་ ཁྱོད་ཀྱིས་ཇི་མཐོང་བ་རྣམས་དེབ་གཅིག་ནང་བྲིས་ཏེ། ཨེ༷་ཕེ་སུ་དང་། སི༷་མིར་ན་དང་། པེ༷ར་ག་མུ་དང་། ཐི་ཨ་ཏི་ར་དང་། ས༷ར་དི་དང་། ཕི༷་ལ་དེལ་ཕི་ཨ་དང་། ལ༷འོ་དི་ཀའི་མ་ཤི་ཀ་པ་ཚོགས་བདུན་པོ་ལ་སྐུར་ཞིག་གསུང་བྱུང་བ་དང་།"

12 ༡༢་ ང་ལ་གསུངས་པའི་སྐད་ཀྱི་ཕྱོགས་སུ་ཁ་སྒྱུར་ནས་བལྟས་པ་དང་། གསེར་གྱི་སྟེགས་བདུན་དང་།"

13 ༡༣་ དེའི་དཀྱིལ་ན་མིའི་བུ་དང་འདྲ་བ་ཞིག་ན་བཟའ་ཞབས་ལ་ཐུག་པ་དང་། སྐུ་བྲང་ལ་གསེར་གྱི་སྐུ་རགས་གསོལ་བ་མཇལ་བྱུང་།"

14 ༡༤་ ཁོང་གི་དབུ་དང་དབུ་སྐྲ་ནི་བལ་དཀར་པོའམ་ཁ་བ་ལྟར་དཀར་པོ་དང་། སྤྱན་ནི་མེ་ལྕེ་དང་འདྲའོ།"

15 ༡༥་ །ཞབས་ནི་མེ་ཐབ་ནང་ལྷད་བཏོན་པའི་ལི་དང་འདྲ་བ། གསུང་སྐད་ནི་ཆུ་ཆེན་གྱི་སྒྲ་དང་འདྲའོ།"

16 ༡༦་ །ཕྱག་གཡས་ཀྱི་ནང་དུ་སྐར་མ་བདུན་ཡོད་དེ། ཞལ་གྱི་ནང་ནས་རལ་གྲི་ཁ་གཉིས་མ་རྣོ་བ་ཞིག་འཐོན་ཞིང་། ཞལ་གདོང་ནི་ཉི་མའི་གཟི་མདངས་དྲག་པོ་དང་འདྲའོ།"

17 ༡༧་ །ཁོང་མཇལ་ནས། ཁོང་གི་ཞབས་དྲུང་དུ་ང་ནི་རོ་ལྟར་འགྱེལ་བ་དང་། ཁོང་གིས་ཉིད་ཀྱི་ཕྱག་གཡས་པ་ངའི་སྟེང་དུ་བཞག་ནས་ང་ལ། མ་འཇིགས་ཤིག། །ང་ནི་ཐོག་མ་དང་མཐའ་མ་དང་།"

18 ༡༨་ གསོན་པོ་དེ་ཡིན། ང་གྲོངས་པ་ཡིན་ཏེ་ལྟོས་ཤིག་ད་རྟག་ཏུ་གསོན་པོར་གནས་སོ། འཆི་བ་དང་གཤིན་ཁམས་ཀྱི་ལྡེ་མིག་ང་ལ་ཡོད།"

19 ༡༩་ ད་ཁྱོད་ཀྱིས་ད་ལྟ་ཡོད་པ་དང་ཕྱིས་སུ་འབྱུང་བར་འགྱུར་བ་ཁྱོད་ཀྱིས་མཐོང་བ་རྣམས་ཡི་གེར་བྲིས་ཤིག"

20 ༢༠་ །ངའི་ཕྱག་གཡས་ནང་མཐོང་བའི་སྐར་མ་བདུན་པོ་དང་། གསེར་གྱི་ལ་སྟེགས་བདུན་གྱི་གསང་བ་ནི་འདི་ལྟ་སྟེ། སྐར་མ་བདུན་པོ་ནི་མ་ཤི་ཀ་པ་ཚོགས་བདུན་གྱི་ཨ༷ན་ཇལ་ཡིན། ལ་སྟེགས་བདུན་པོ་ནི་མ་ཤི་ཀ་པ་ཚོགས་བདུན་པོ་ཡིན་ཞེས་གསུངས་སོ།།"

10

1 ༡་ །ཡང་ཨ༷ན་ཇལ་མཐུ་ལྡན་ཞིག་ནམ་མཁའ་ལས་འབབ་པ་ངས་མཐོང་བྱུང་། དབུ་ཐོག་ཏུ་འཇའ་དང་ན་བཟའ་དང་ན་བཟའ་ལ་སྤྲིན་ཞིག་གསོལ་ཏེ། ཞལ་གདོང་ནི་ཉི་མ་ལྟ་བུ་དང་། ཞབས་ཟུང་མེའི་ཀ་བ་ལྟར་ཡོད་དོ།"

2 ༢་ ཕྱག་ཏུ་ཕྱེས་ཡོད་པའི་ཤོག་སྒྲིལ་ཆུང་ངུ་ཞིག་ཡོད་དེ། ཞབས་གཡས་པ་རྒྱ་མཚོ་དང་། ཞབས་གཡོན་པ་སྐམ་ས་ལ་བགྲད་ཅིང་།"

3 ༣་ སེང་གེའི་ངར་སྐད་ལྟར་གསུང་སྐད་ཆེན་པོས་འབོད་བསྒྲགས་པས། འབྲུག་བདུན་པོས་སྒྲ་བཏོན་ནོ།"

4 ༤་ །འབྲུག་བདུན་པོས་སྐད་བཏོན་ནས། ངས་འབྲི་རུ་བརྩམས་པ་དང་། ནམ་མཁའ་ལས་སྒྲ་ཞིག་གིས། འབྲུག་བདུན་པོས་སྨྲས་པ་རྣམས་མི་འབྲི་བར་གསང་ནས་ཞོག་ཅེས་གསུང་བ་ཐོས་སོ།"

5 ༥་ །ངས་མཐོང་བའི་རྒྱ་མཚོ་དང་སྐམ་ས་ལ་ཞབས་བགྲད་པའི་ཨ༷ན་ཇལ་གྱིས་ཕྱག་གཡས་པ་གནམ་ལ་བཏེགས་ཏེ།"

6 ༦་ རྒྱུན་དུ་གསོན་པོར་བཞུགས་པ། ནམ་མཁའ་དང་དེའི་ནང་ཡོད་པ། ས་གཞི་དང་དེའི་ནང་ཡོད་པ། རྒྱ་མཚོ་དང་དེའི་ནང་ཡོད་པ་ཐམས་ཅད་ཀྱི་བཀོད་པ་པོའི་མནའ་བསྐྱལ་ཏེ། ད་མི་འགོར་བར།"

7 ༧་ ཨ༷ན་ཇལ་བདུན་པས་དུང་སྐད་འདོན་པའི་ཚེ། ཉིད་ཀྱི་ཞབས་ཕྱི་དང་ཕ༷་རོ་པེ་ཏེ་པ་རྣམས་ལ་བསྟན་པའི་ཨེ་ལོ་ཧིམ་གྱི་གསང་བ་དེ་འགྲུབ་པར་འགྱུར་ཞེས་གསུངས་སོ།"

8 ༨་ །སྔར་ནམ་མཁའ་ལས་ཐོས་པའི་སྒྲ་དེས་སླར་ང་ལ། སོང་ལ་རྒྱ་མཚོ་དང་སྐམ་སར་ཞབས་བགྲད་པའི་ཨ༷ན་ཇལ་གྱི་ཕྱག་ནས་ཕྱེས་ཡོད་པའི་ཤོག་སྒྲིལ་དེ་ལེན་ཅིག་ཅེས་གསུངས་པས།"

9 ༩་ ཨ༷ན་ཇལ་གྱི་དྲུང་དུ་སོང་ནས་ཤོག་སྒྲིལ་ཆུང་ངུ་དེ་ང་ལ་གནོང་ཞིག་ཅེས་ཞུས་ནས། ཨ༷ན་ཇལ་གྱིས། ལེན་ལ་ཟོ་ཞིག །ལྟོ་བ་ལ་ཁ་ཡང་། ཁ་ལ་སྦྲང་རྩི་ལྟར་མངར་རོ་ཞེས་གསུངས་པ་དང་།"

10 ༡༠་ ཨ༷ན་ཇལ་གྱི་ཕྱག་ནས་ཤོག་སྒྲིལ་ཆུང་ངུ་དེ་བླངས་ནས་ཟོས་པ་ལས། ཁ་ལ་སྦྲང་རྩི་ལྟར་མངར་ཡང་ཟ་ཟིན་པ་དང་ལྟོ་བ་ཁ་བར་གྱུར་ཏོ།"

11 ༡༡་ །ཡང་སླར་ཡང་ངས་མི་སྡེ་དང་མི་བརྒྱུད་དང་སྐད་རིགས་སོ་སོ་དང་རྒྱལ་པོ་རྣམས་ལ་ལུང་བསྟན་པར་དགོས་ཞེས་ང་ལ་གསུངས་བྱུང་ངོ་།། །།"

11

1 ༡་ །དེ་ནས་ང་ལ་དབྱུག་པ་དང་འདྲ་བའི་རིང་ཐུང་འཇལ་བའི་ཤིང་ཞིག་གནང་ནས། ལོངས་ལ་ཨེ་ལོ་ཧིམ་གྱི་སྨོན་ལམ་ཁང་དང་། མཆོད་ཁྲི་དང་། དེར་བསྙེན་བཀུར་བྱེད་པ་རྣམས་འཇོལ་ཞིག"

2 ༢་ །སྨོན་ལམ་ཁང་གྱི་ཕྱི་རོལ་གྱི་སྡེ་ཡངས་ཨེ་ལོ་ཧིམ་ངོ་མ་ཤེས་པ་རྣམས་ལ་གནང་བས། གྲོང་ཁྱེར་དམ་པ་ཟླ་བ་ཞེ་གཉིས་ཀྱི་བར་དུ་དེ་རྣམས་ཀྱི་རྐང་པས་རྫི་བར་འགྱུར་བས། དེ་ཞོག་ལ་མ་འཇལ་ཞིག"

3 ༣་ །ངས་ཉིད་ཀྱི་དཔང་པོ་གཉིས་ལ་རེ་སྣམ་གྱོན་ཞིང་ཉིན་ཞག་ཆིག་སྟོང་ཉི་བརྒྱ་དྲུག་ཅུ་ལུང་སྟོན་པའི་དབང་གནང་བར་འགྱུར་ཞེས་ང་ལ་གསུངས་བྱུང་།"

4 ༤་ འདི་གཉིས་པོ་ནི་ས་གཞིའི་ཀྱུ་རི་བོའི་དྲུང་དུ་འགྲེང་བའི་ཁ་སྐྱུར་བོའི་སྡོང་པོ་གཉིས་དང་ལ་སྟེགས་གཉིས་པོའོ།"

5 ༥་ །དེ་ལ་སུས་གནོད་འཚེ་བྱེད་ན། ཞལ་ནས་མེ་འཐོན་ཏེ་དགྲ་རྣམས་སྲེག་པར་བྱེད་དོ། །སུས་ཇི་ལྟར་གནོད་འཚེ་བྱེད་པ་དེ་ལྟར་དེ་འཆི་བར་འགྱུར།"

6 ༦་ ལུང་བསྟན་པའི་ཞག་རྣམས་ནང་ཆར་པ་མི་འབབ་པའི་ཕྱིར་གནམ་གྱི་སྒོ་གཅོད་པའི་དབང་དང་། ཆུ་ཁྲག་ཏུ་སྒྱུར་བ་དང་། ལན་ཙམ་འདོད་ཀྱང་ས་གཞི་ལ་ནད་ཡམས་སྣ་ཚོགས་གཏོང་བའི་དབང་ཡོད་དོ།"

7 ༧་ །དཔང་པོ་བྱས་ཟིན་པ་དང་། གཏིང་མཐའ་མེད་པའི་དོང་ལས་འཐོན་པའི་སེམས་ཅན་གྱིས་འཐབ་ཅིང་རྒྱལ་ནས་དེ་གཉིས་གསོད་པར་བྱའོ།"

8 ༨་ །གང་དུ་དེ་དག་ཀྱུ་རི་བོ་རྒྱང་ཤིང་བརྐྱངས་པ། དཔེ་བརྗོད་དུ་ས༷་དོམ་མི༷་སེར་བྱ་བའི་གྲོང་ཁྱེར་ཆེན་པོའི་ལམ་སྲང་དུ་དེ་གཉིས་ཀྱི་སྤུར་ལུས་པར་འགྱུར་རོ།"

9 ༩་ །ཞག་ཕྱེད་དང་བཞིའི་བར་དུ་མི་སྡེ་དང་མི་རིགས་དང་སྐད་རིགས་དང་མི་བརྒྱུད་རྣམས་ཀྱིས་སྤུར་ལ་བལྟ་ཞིང་དུར་དུ་འཇུག་པར་མི་གཏང་ངོ་།"

10 ༡༠་ །ཕ༷་རོ་པེ་ཏེ་པ་འདི་གཉིས་ཀྱི་རྐྱེན་གྱིས་འཇིག་རྟེན་པ་རྣམས་མནར་བས། འཇིག་རྟེན་པ་རྣམས་ཁོང་བསད་པས་དགའ་ཞིང་སྐྱིད་ཅིང་ཕན་ཚུན་ལག་རྟགས་སྐུར་བར་འགྱུར་རོ།"

11 ༡༡་ །ཞག་ཕྱེད་དང་བཞིའི་འོག་ཏུ། ཨེ་ལོ་ཧིམ་ལས་དབུགས་འབྱུང་སྟེ་དེ་གཉིས་ཀྱི་ནང་དུ་ཞུགས་ནས། རྐང་པ་བཙུགས་ནས་ལངས་པ་དང་དེ་མཐོང་བ་རྣམས་འཇིགས་སྐྲགས་པ་ངས་མཐོང་སྟེ།"

12 ༡༢་ ནམ་མཁའ་ནས་སྒྲ་ཞིག་གིས་སྟེང་དུ་ཤོག་ཅིག་ཅེས་འབོད་བསྒྲག་པ་ཐོས་ནས། དགྲ་བོ་རྣམས་ཀྱི་མཐོང་སར་སྤྲིན་གྱི་ནང་ལ་ནམ་མཁར་ཡར་འདེགས་སོ།"

13 ༡༣་ །དེའི་ཚེ་ས་གཡོ་བ་ཆེན་པོ་ཞིག་བྱུང་ནས། གྲོང་ཁྱེར་དེའི་བཅུ་ཆ་གཅིག་བརྡིབས་སོ། །ས་གཡོ་དེས་མི་སྟོང་ཕྲག་བདུན་བསད་པ་དང་། ལྷག་མ་རྣམས་ཀྱིས་འཇིགས་ནས་ནམ་མཁའི་ཨེ་ལོ་ཧིམ་ལ་བསྟོད་བསྔགས་སོ།"

14 ༡༤་ །སྡུག་བསྔལ་གཉིས་པ་དེ་རྫོགས་སོ། །སྡུག་བསྔལ་གསུམ་པ་དེ་མྱུར་དུ་འོང་།།"

15 ༡༥་ །ཨ༷ན་ཇལ་བདུན་པས་དུང་བུས་པ་དང་། ནམ་མཁའ་རུ་སྒྲ་ཆེན་པོ་རེས། འཇིག་རྟེན་ང་ཚོའི་ཀྱུ་རི་བོ་དང་ཁོང་གི་མ་ཤི་ཀའི་རྒྱལ་སྲིད་དུ་གྱུར་པས། ཁོང་གིས་དུས་རྒྱུན་ནས་རྒྱུན་དུ་སྲིད་སྐྱོང་བར་འགྱུར་རོ་ཞེས་གསུངས་སོ།"

16 ༡༦་ །ཨེ་ལོ་ཧིམ་གྱི་དྲུང་དུ་ཁྲི་ལ་འཁོད་པའི་རྒན་པོ་ཉེར་བཞིས་བརྡབས་པུས་མོ་ས་ལ་འཛུགས་སོ།"

17 ༡༧་ ད་ལྟ་གཞུགས་པ་དང་ལྔར་མཆིས་པའི་ཀྱུ་རི་བོ་ཨེ་ལོ་ཧིམ་ཀུན་དབང་ལགས། ཁྱེད་ཀྱིས་ཉིད་ཀྱི་དབང་ཆེན་པོ་དེ་བཞེས་ནས་རྒྱལ་སྲིད་བསྐྱངས་པས། ང་ཚོས་བསྟོད་བསྔགས་འབུལ་ལོ།"

18 ༡༨་ །མི་བརྒྱུད་རྣམས་ཁྲོས་ཀྱང་། ཁྱེད་ཀྱི་ཐུགས་ཁྲོ་དང་། གཤིན་པོའི་ཞལ་ཆེ་གཅོད་པ་དང་། ཁྱེད་ཀྱི་ཞབས་ཕྱི་དང་ཕ༷་རོ་པེ་ཏེ་པ་དང་སྐྱེས་བུ་དམ་པ་དང་ཁྱེད་ཀྱི་མཚན་ལ་བག་བྱེད་མཁན་ཆེ་ཆུང་ཐམས་ཅད་ལ་རྔན་པ་གནང་བ་དང་། ས་གཞི་བརླག་པ་རྣམས་བརླག་པར་མཛད་པའི་དུས་ལ་བབས་སོ་ཞེས་ཞུས་སོ།"

19 ༡༩་ །དེ་ནམ་ཨེ་ལོ་ཧིམ་གྱི་ནམ་མཁའི་སྨོན་ལམ་ཁང་ཕྱེས་ནས། སྨོན་ལམ་ཁང་གི་ནང་ན་ཁོང་གི་ཞལ་ཆད་ཀྱི་སྒྲོམ་དེ་མངོན་ཏེ། གློག་འཁྱུག་པ་དང་། འབྲུག་སྒྲ་དང་། ས་གཡོ་བ་དང་། སེར་བ་ཆེན་པོ་བྱུང་ངོ་།། །།"

12

1 ༡་ །ཡང་ནམ་མཁའི་ནང་ལྟས་ཆེན་པོ་ཞིག་མཐོང་བྱུང་། ཉི་མ་གྱོན་ཞིང་རྐང་འོག་ཏུ་ཟླ་བ་ཡོད་དེ་མགོ་ལ་སྐར་མ་བཅུ་གཉིས་ཀྱི་གཙུག་རྒྱན་ཡོད་པའི་བུད་མེད་གཅིག་འདུག་སྟེ།"

2 ༢་ མོ་མངལ་དང་ལྡན་ནས་བུ་སྐྱེ་བའི་སྐྱེ་གཟེར་གྱིས་ངུ་འབོད་འདོན་ནོ།"

3 ༣་ །དེ་ནས་ནམ་མཁར་ལྟས་གཞན་ཞིག་མཐོང་བྱུང་། མགོ་བདུན་དང་ར་ཅོ་བཅུ་ཡོད་པའི་འབྲུག་དམར་པོ་ཆེན་པོ་ཞིག་འདུག་དེའི་མགོ་ལ་གཙུག་རྒྱན་བདུན་འདུག"

4 ༤་ །དེས་ནམ་མཁའི་སྐར་མའི་གསུམ་ཆ་གཅིག་རྔ་མ་བརྒྱབས་ནས་ས་ལ་ཕངས་ནས། སྐྱེ་རྒྱུ་ཡོད་པའི་བུད་མེད་ཀྱི་མདུན་དུ་བུ་དེ་སྐྱེ་བ་དང་ཟ་བའི་ཕྱིར་བསྡད་དོ།"

5 ༥་ །བུ་མོ་དེ་ལ་ལྕགས་ཀྱི་དབྱུག་པས་མི་བརྒྱུད་ཐམས་ཅད་ལ་དབང་སྒྱུར་བའི་སྲས་བུ་དེ་བལྟམས་ནས། སྲས་དེ་ཨེ་ལོ་ཧིམ་དང་ཁོང་གི་རྒྱལ་ཁྲིའི་དྲུང་དུ་དྲངས་སོ།"

6 ༦་ །མོ་ནི་ཞག་ཆིག་སྟོང་ཉི་བརྒྱ་དང་དྲུག་ཅུའི་བར་གསོ་སྐྱོང་གི་ཕྱིར་ཨེ་ལོ་ཧིམ་གྱིས་འབྲོག་སྟོང་དུ་བཤམས་ཡོད་པའི་གནས་སུ་བྲོས་སོ།"

7 ༧་ །དེ་ནས་ནམ་མཁའི་ནང་དམག་བྱུང་ནས། ཨ༷ན་ཇལ་མཆོག་མི༷་ཀ་ཨེལ་དང་དེའི་ཨ༷ན་ཇལ་རྣམས་འབྲུག་ལ་དམག་འདྲེན་དུ་འཐོན་པ་དང་། འབྲུག་དང་དེའི་ཨ༷ན་ཇལ་རྣམས་ཀྱིས་འཐབ་སྟེ།"

8 ༨་ ཕམ་པས་ཕྱིན་ཆད་ནམ་མཁའ་རུ་གནས་ས་མ་ཐོབ་བོ།"

9 ༩་ །སྦྲུལ་རྒན་ནམ་བདུད་དམ་ས༷་ཏན་ནམ་འཇིག་རྟེན་ཐམས་ཅད་སླུ་མཁན་བྱ་བའི་འབྲུག་ཆེན་པོ་ཁོའི་ཨ༷ན་ཇལ་རྣམས་དང་བཅས་ས་ལ་མར་ཕངས་སོ།"

10 ༡༠་ །ཡང་ནམ་མཁའ་ནས་སྒྲ་ཞིག་གིས། ང་ཚོའི་ཨེ་ལོ་ཧིམ་གི་དྲུང་དུ་ང་ཚོའི་སྤུན་རྣམས་ལ་ཉིན་མཚན་མེད་པར་སྙད་འདོགས་མཁན་དེ་མར་ཕངས་པས་ན། ང་ཚོའི་ཨེ་ལོ་ཧིམ་གྱི་ཐར་པ་དང་། མཐུ་སྟོབས་དང་། རྒྱལ་སྲིད་དང་། ཁོང་གི་མ་ཤི་ཀའི་དབང་ཆ་བསླེབས་སོ།"

11 ༡༡་ །སྤུན་རྣམས་ཀྱིས་རང་གི་སྲོག་ལ་མི་བལྟ་བར་ལུག་གུའི་སྐུ་ཁྲག་དང་། དཔང་པོ་བྱེད་པའི་བཀའི་སྒོ་ནས་དེ་ལས་རྒྱལ་ཏོ།"

12 ༡༢་ །དེའི་ཕྱིར་ནམ་མཁའ་དང་དེའི་ནང་གནས་པ་ཐམས་ཅད་དགའ་མགུ་རངས་ཤིག །འོན་ཀྱང་སྐམ་ས་དང་རྒྱ་མཚོ་སྙིང་རེ་རྗེ། ཡུན་ཐུང་ངུ་ལས་མེད་པར་ཤེས་པས་ས༷་ཏན་ཁྲོ་བའི་ངང་ནས་ཁྱེད་ཀྱི་རྩར་མར་སོང་ངོ་ཞེས་འབོད་བསྒྲགས་པ་ངས་ཐོས་སོ།"

13 ༡༣་ །འབྲུག་གིས་རང་ས་ལ་ཕངས་པ་མཐོང་ནས། སྲས་བུ་བལྟམས་པའི་བུད་མེད་ལ་བདས་སོ།"

14 ༡༤་ །འོན་ཀྱང་མོ་ལ་སྦྲུལ་ལས་བྲོས་པའི་ཕྱིར་ཁྱུང་ཆེན་པོའི་གཤོག་པ་གཉིས་ཐོབ་ནས་འབྲོག་སྟོང་དུ་ལོ་ཕྱེད་དང་བཞིའི་བར་དུ་གསོ་སྐྱོང་འབྱུང་བའི་གནས་སུ་ཕུར་ཏོ།"

15 ༡༥་ །ཆུས་འཁྱེར་བའི་ཕྱིར་སྦྲུལ་དེས་མོའི་རྒྱབ་ནས་གཙང་པོ་དང་འདྲ་བའི་ཆུ་ཁ་ནས་ཕོས་པ་དང་།"

16 ༡༦་ ས་ཡིས་མོ་ལ་ར་མདའ་བྱས་ཏེ་ཁ་ཕྱེ་ནས། འབྲུག་གིས་ཁ་ལས་ཕོས་པའི་གཙང་པོ་ཁྱུར་མིད་བྱས་སོ།"

17 ༡༧་ །ཡང་འབྲུག་དེ་མོ་ལ་ཤིན་ཏུ་ཁྲོས་ནས། མོའི་བརྒྱུད་ལྷག་མ་ཨེ་ལོ་ཧིམ་གྱི་བཀའ་སྲུང་ཞིང་། ཡེ་ཤུ་ལ་དཔང་པོ་བྱེད་པ་རྣམས་ལ་དམག་འདྲེན་དུ་སོང་ངོ་།"

18 ༡༨་ ཡང་རྒྱ་མཚོའི་བྱེ་འགྲམ་ཁར་ལངས་ནས་བསྡད་དོ།། །།"

13

1 ༡་ །ངས་རྒྱ་མཚོའི་ནང་ནས་གཅན་ཟན་ཞིག་འཐོན་འོང་བར་མཐོང་བྱུང་། དེ་ལ་རྭ་ཅོ་བཅུ་དང་། མགོ་བདུན་དང་། རྭ་ཅོའི་ཐོག་ཏུ་གཙུག་རྒྱན་རེ་རེ་དང་། མགོ་རེའི་ཁར་སྐུར་འདེབས་ཀྱི་མིང་རེ་ཡོད་དོ།"

2 ༢་ །ངས་མཐོང་བའི་གཅན་ཟན་དེ་གཟིག་དང་འདྲ་སྟེ། དེའི་རྐང་པ་དོམ་གྱི་རྐང་པ་འདྲ་བ་དང་། ཁ་ནི་སེང་གེའི་ཁ་དང་འདྲ་བ་ཡིན་ཏེ། འདི་ལ་འབྲུག་དེས་རང་གི་མཐུ་དང་ཁྲི་དང་མངའ་དབང་བཏད་དོ།"

3 ༣་ །དེའི་མགོ་གཅིག་ལ་འཆི་བར་ཐུག་པ་ཙམ་གྱིས་བརྡུངས་ཡོད་པ་ལྟར་མཐོང་། འཆི་བ་ལ་ཐུག་པའི་རྨ་དེ་གསོས་པ་དང་། འཇིག་རྟེན་པ་ཐམས་ཅད་ཧ་ལས་ནས་གཅན་ཟན་དེའི་རྗེས་སུ་འབྲངས་སོ།"

4 ༤་ །གཅན་གཟན་ལ་འབྲུག་གིས་དབང་བཏང་བས། དེ་རྣམས་ཀྱིས་འབྲུག་ལ་བསྙེན་བཀུར་བྱས་སོ། །ཡང་གཅན་ཟན་འདི་དང་འདྲ་བ་སུ་ཡོད། དེ་ལ་འཐབ་ཐུབ་མཁན་སུ་ཡོད་ཟེར་ཞིང་གཅན་ཟན་ལའང་བསྙེན་བཀུར་བྱས་སོ།"

5 ༥་ །དེ་ལ་ཁ་ཕོ་བྱེད་པ་དང་སྐུར་པ་འདེབས་པའི་ཁ་ཡོད་དེ་ཟླ་བ་བཞི་བཅུ་ཞེ་གཉིས་ཀྱི་བར་དུ་དབང་བསྐུར་ཏོ།"

6 ༦་ །དེས་ཨེ་ལོ་ཧིམ་ལ་སྐུར་པ་འདེབས་ཕྱིར་ཁོང་གི་མཚན་དང་། ནམ་མཁའ་རུ་བཞུགས་པ་རྣམས་ཡིན་པའི་ཁོང་གི་གུར་མཆོག་ལ་སྐུར་པ་འདེབས་པའི་ཕྱིར་ཁ་ཕྱེས་སོ།"

7 ༧་ །སྐྱེས་བུ་དམ་པ་རྣམས་ལ་འཐབ་ཅིང་ཕམ་པར་བྱེད་པའི་དབང་ཡང་བསྐུར་ཏོ། །མི་སྡེ་དང་མི་བརྒྱུད་དང་སྐད་རིགས་དང་མི་རིགས་ཐམས་ཅད་ཀྱི་ཐོག་ཏུ་དབང་བསྐུར་ནས།"

8 ༨་ བཀྲོངས་པའི་ལུག་གུས་འཇིག་རྟེན་བཀོད་པའི་སྔོན་ནས་ཚེའི་དེབ་ནང་མིང་མ་བྲིས་པའི། ས་གཞི་རུ་གནས་པ་ཐམས་ཅད་ཀྱིས་གཅན་ཟན་དེ་ལ་བསྙེན་བཀུར་བྱེད་པར་འགྱུར་རོ།"

9 ༩་ །རྣ་བ་ཡོད་པ་དེས་ཉོན་ཅིག །བཙོན་དུ་འགྲོ་དགོས་པ་བཙོན་དུ་འགྲོ་བར་འགྱུར། རལ་གྲིས་འཆི་དགོས་པ་རལ་གྲིས་ཤི་བར་འགྱུར།"

10 ༡༠་ འདི་ནི་དམ་པ་རྣམས་ལ་བཟོད་པ་དང་དད་པའི་བསྐུལ་མའོ།"

11 ༡༡་ །དེ་ནས་གཅན་ཟན་གཞན་ཞིག་ས་ལས་འཐོན་པ་ངས་མཐོང་བྱུང་། དེ་ལ་ལུག་གུ་དང་འདྲ་བར་རྭ་ཅོ་གཉིས་འདུག་སྟེ། འབྲུག་ལྟར་གཏམ་བྱེད་དོ།"

12 ༡༢་ །དེས་གཅན་ཟན་དང་པོའི་མདུན་དུ་དེའི་དབང་སྤྱོད་དེ། ས་གཞི་དང་དེའི་ནང་གནས་པ་ཐམས་ཅད་ལ། འཆི་བར་ཐུག་པའི་རྨ་གསོས་པའི་གཅན་ཟན་དང་པོ་དེ་ལ་བསྙེན་བཀུར་བྱེད་དུ་འཇུག་ཅིང་།"

13 ༡༣་ མི་རྣམས་ཀྱིས་མཐོང་སར་ནམ་མཁའ་ལས་མེ་འབེབས་པ་ཙམ་དུ་ལྟས་ཆེན་པོ་རྣམས་བསྟན་ཏོ།"

14 ༡༤་ །གཅན་ཟན་དེའི་མདུན་དུ་ལྟས་སྟོན་པའི་དབང་ཡོད་པའི་རྐྱེན་གྱིས། ས་གཞི་ལ་གནས་པ་རྣམས་མགོ་བསྐོར་ཞིང་། རལ་གྲིས་རྨས་ཀྱང་གསོས་པའི་གཅན་ཟན་དེའི་འདྲ་སྐུ་བཟོ་རུ་འཇུག་གོ"

15 ༡༥་ །གཅན་ཟན་གྱི་འདྲ་སྐུ་ལ་དབུགས་བཅུག་སྟེ། དེས་སྨྲ་ནུས་པ་དང་། དེ་ལ་བསྙེན་བཀུར་མི་བྱེད་པ་ཐམས་ཅད་གསོད་ནུས་པའི་དབང་ཡོད་དོ།"

16 ༡༦་ །དེས་དྲག་ཞན་དང་ཕྱུག་དབུལ་དང་ཚེ་གཡོག་དང་ཚེ་གཡོག་མ་ཡིན་པ་ཐམས་ཅད་ཀྱི་ལག་པ་གཡས་པའམ་དཔྲལ་བ་ལ་རྟགས་རྒྱབ་ཏུ་འཇུག་གོ"

17 ༡༧་ །དེ་ནི་གཅན་ཟན་གྱི་མིང་ངམ། དེའི་མིང་གི་གྲངས་ཀ་ཡོད་པ་རྣམས་ཀྱིས་མ་གཏོགས་ཉོ་འཚོང་བྱེད་མི་ཆོག་པའི་ཕྱིར་རོ།"

18 ༡༨་ །འདི་རུ་ཤེས་རབ་དགོས་སོ། །འདི་ནི་མིའི་གྲངས་ཀ་ཡིན་ཅིང་། གྲངས་ཀ་ནི་དྲུག་བརྒྱ་དྲུག་ཅུ་རེ་དྲུག་གོ །བློ་གྲོས་ཡོད་པ་དེས་གཅན་ཟན་གྱི་གྲངས་ཀ་རྩིས་ཤིག། །།"

14

1 ༡་ །ཡང་ངས་བལྟས་པ་དང་། རི་བོ་ཙི༷་ཡོན་གྱི་སྟེང་ན་ལུག་གུ་ནི་དཔྲལ་བ་ལ་ཉིད་ཀྱི་ཡབ་ཀྱི་མཚན་བྲི་ཡོད་པའི་སྐྱེས་བུ་ཆིག་འབུམ་བཞི་ཁྲི་བཞི་སྟོང་བཅས་བཞུགས་ཡོད་པ་མཐོང་།"

2 ༢་ ནམ་མཁའ་ནས་ཆུ་ཆེན་དང་འབྲུག་ཆེན་ལྡིར་བ་ལྟ་བུའི་སྒྲ་ཐོས་སོ། །ཡང་ངས་གསུང་སྐད་དེ་པི་ཝང་གཏོང་བ་ལྟར་ཐོས་ཏེ།"

3 ༣་ གཏོང་བ་དེ་རྣམས་ཀྱིས་རྒྱལ་ཁྲི་དང་སེམས་ཅན་བཞི་པོ་དང་རྒན་པོ་རྣམས་ཀྱི་དྲུང་དུ་མགུར་མ་གསར་པ་བླངས་སོ། །ས་གཞི་ལས་རིན་གྱིས་བླུས་པའི་སྐྱེས་བུ་ཆིག་འབུམ་བཞི་ཁྲི་བཞི་སྟོང་གིས་མ་གཏོགས་པར་གཞན་སུས་ཀྱང་མགུར་མ་དེ་ཤེས་མ་ཐུབ་བོ།"

4 ༤་ །དེ་རྣམས་ནི་བུད་མེད་དང་མ་འགྲོགས་པའི་གཞོན་ནུ་གཙང་མ་ཡིན་ཏེ། ལུག་གུ་གར་ཕེབས་སར་ཞབས་རྗེས་སུ་འབྲངས་པ་རྣམས་ཡིན། དེ་རྣམས་ནི་ཨེ་ལོ་ཧིམ་དང་ལུག་གུའི་དོན་དུ་མིའི་ནང་ནས་ཐོག་ཕུད་དུ་འགྱུར་བའི་པྱིར་རིན་གྱིས་བླུས་པ་རྣམས་ཡིན།"

5 ༥་ དེ་རྣམས་སྐྱོན་མེད་ཡིན་ཅིང་ཁ་ནས་རྫུན་མ་ཐོན་ནོ།།"

6 ༦་ །ཡང་ངས་བར་སྣང་དུ་ཨ༷ན་ཇལ་གཞན་ཞིག་འཕུར་ཞིང་། ས་གཞིར་གནས་པ་རྣམས་དང་མི་སྡེ་དང་མི་རིགས་དང་སྐད་རིགས་དང་མི་བརྒྱུད་ཐམས་ཅད་ལ་སྒྲོག་ཕྱིར་མཐའ་མེད་པའི་འཕྲིན་བཟང་ཡོད་དེ་།"

7 ༧་ དེས་ཨེ་ལོ་ཧིམ་གྱི་ཞལ་ཆེའི་དུས་ལ་བབས་པས། ཁོང་ལ་འཇིགས་ཤིང་བསྟོད་ཅིག །གནམ་ས་དང་རྒྱ་མཚོ་དང་ཆུ་མིག་མཛད་མཁན་ལ་བསྙེན་བཀུར་བྱོས་ཤིག་ཅེས་གསུང་བ་མཐོང་བྱུང་།"

8 ༨་ དེའི་རྗེས་སུ་ཨ༷ན་ཇལ་གཉིས་པ་ཞིག་འཕུར་ཞིང་། མི་རིགས་ཐམས་ཅད་ལ་ཁོ་རང་གི་མི་གཙང་བའི་འདོད་ཆགས་ཀྱི་རྒུན་ཆང་འཐུང་དུ་འཇུག་པའི་བ༷་བི་ལོན་ཆེན་མོ་དེ་ལྷུང་ངོ་། །རབ་ཏུ་ལྷུང་ངོ་ཞེས་གསུངས་སོ།"

9 ༩་ །དེ་ནས་ཨ༷ན་ཇལ་གསུམ་པ་ཞིག་འཕུར་ཞིང་། གསུང་སྐད་ཆེན་པོས། སུ་ཞིག་གིས་གཅན་ཟན་དེ་དང་དེའི་འདྲ་སྐུ་ལ་བསྙེན་བཀུར་བྱེད་ཅིང་། དཔྲལ་བའམ་ལག་པ་ལ་རྟགས་རྒྱབ་འཇུག་ན།"

10 ༡༠་ ཨེ་ལོ་ཧིམ་གྱི་ཐུགས་ཁྲོའི་ཕོར་གྱི་ནང་དུ་ཐུགས་ཁྲོའི་རྒུན་ཆང་མ་བསླད་པ་འཐུང་བར་འགྱུར་ཞིང་། ཨ༷ན་ཇལ་དམ་པ་རྣམས་དང་ལུག་གུའི་ཞལ་ངོར་མེ་དང་མུ་ཟིས་མནར་བར་འགྱུར་ཞེས་གསུངས་སོ།"

11 ༡༡་ །དེ་རྣམས་སྲེག་པའི་དུད་པ་དུས་རྒྱུན་དུ་འཐུལ་ཞིང་། གཅན་ཟན་དེ་དང་དེའི་འདྲ་སྐུ་ལ་བསྙེན་བཀུར་བྱེད་མཁན་དེའི་མིང་རྟགས་ལེན་མཁན་རྣམས་ཉིན་མཚན་མེད་པར་སྡུག་བསྔལ་ལོ།"

12 ༡༢་ །ཨེ་ལོ་ཧིམ་གྱི་བཀའ་སྲུང་ཞིང་ཡེ་ཤུ་ལ་དད་པ་བྱེད་པ་འདི་ནི་དམ་པ་རྣམས་ལ་བཟོད་པའི་སྐུལ་མའོ།"

13 ༡༣་ །ཡང་ནམ་མཁའ་ལ་ང་ལ་སྒྲ་ཞིག་གིས་གསུངས་པ། ཕྱིན་ཆད་ཀྱུ་རི་བོ་ལ་དད་ཅིང་འགྲོངས་པ་རྣམས་བདེའོ། །དམ་པའི་རུ་ཨག་གིས། དེ་ཚོའི་ལས་རྣམས་དེ་ཚོར་འབྲང་བས། དེ་རྣམས་དཀའ་ལས་ལས་ངལ་གསོ་ཐོབ་པར་འགྱུར་རོ་གསུང་བ་བྲིས་ཤིག།"

14 ༡༤་ །ཡང་ངས་བལྟས་པ་ལས། སྤྲིན་དཀར་པོ་ཞིག་དང་། དེའི་ཁར་དབུ་ལ་གསེར་གྱི་གཙུག་རྒྱན་དང་ཕྱག་ཏུ་ཟོར་བ་རྣོན་པོ་བསྣམས་པའི་མིའི་བུ་ལྟ་བུ་ཞིག་མཇལ་བྱུང་།"

15 ༡༥་ སྨོན་ལམ་ཁང་གི་ནང་ནས་ཨ༷ན་ཇལ་གཞན་ཞིག་ཐོན་ཏེ། སྤྲིན་གྱི་སྟེང་དུ་གཞུགས་པ་ལ། ས་གཞིའི་སྟོན་ཐོག་རབ་ཏུ་སྨིན་ཞིང་། རྔ་བའི་དུས་རན་པས། ཟོར་བ་རྒྱབ་ཅིང་རྔ་བར་མཛོད་ཅིག་ཅེས་འབོད་བསྒྲགས་པ་དང་།"

16 ༡༦་ སྤྲིན་གྱི་སྟེང་ན་བཞུགས་པ་དེས་ས་གཞི་ལ་ཟོར་བ་བརྒྱབས་ནས་བརྔས་སོ།"

17 ༡༧་ །དེ་ནས་ནམ་མཁའི་སྨོན་ལམ་ཁང་ནས་ཟོར་བ་རྣོན་པོ་ཡོད་པའི་ཨ༷ན་ཇལ་གཞན་ཞིག་འཐོན་བྱུང་།"

18 ༡༨་ དེ་ནས་མཆོད་ཁྲི་ལས་མེ་ལ་དབང་ཡོད་པའི་ཨ༷ན་ཇལ་གཞན་ཞིག་འཐོན་ནས། ཟོར་བ་རྣོན་པོ་ཡོད་པ་ལ་སའི་རྒུན་འབྲུམ་རབ་ཏུ་སྨིན་པས། ཟོར་བ་རྣོན་པོ་དེ་ས་གཞི་ལ་བརྒྱབས་ནས་རྒུན་ཆང་རྣམས་སྡུས་ཤིག་ཅེས་འབོད་བསྒྲགས་པས།"

19 ༡༩་ ཨ༷ན་ཇལ་དེས་ས་གཞི་རུ་ཟོར་བ་བརྒྱབས་ནས་རྒུན་ཤིང་གི་སིང་ཏོག་བསྡུས་ནས། ཨེ་ལོ་ཧིམ་གྱི་ཐུགས་ཁྲོའི་འཆག་གཞོང་ཆེན་པོའི་ནང་དུ་བླུགས་སོ།"

20 ༢༠་ །གྲོང་ཁྱེར་གྱི་ཕྱི་རོལ་དུ་འཆག་གཞོང་དེ་ནང་རྒུན་འབྲུམ་བཙིར་ནས། རྒྱང་གྲགས་ཆིག་སྟོང་དྲུག་བརྒྱར་རྟའི་སྲབ་ལ་ཐུག་པའི་ཁྲག་འཐོན་བྱུང་ངོ་།། །།"

15

1 ༡་ །ངས་ནམ་མཁའ་རུ་ལྟས་གཞན་ཆེ་ལ་ངོ་མཚར་ཅན་ཞིག་མཐོང་ངོ་། །ཨ༷ན་ཇལ་བདུན་གྱིས་ཨེ་ལོ་ཧིམ་གྱི་ཐུགས་ཁྲོ་རྫོགས་པའི་རྟིང་མཇུག་གི་ནད་ཡམས་བདུན་པོ་འཁུར་ཡོད་དོ།"

2 ༢་ །དེ་ནས་མེ་འདྲེས་པའི་ཤེལ་གྱི་རྒྱ་མཚོ་འདྲ་བ་ཞིག་དང་། དེའི་མདུན་དུ་གཅན་ཟན་དེ་དང་དེའི་འདྲ་སྐུ་དང་དེའི་མིང་གི་གྲངས་ལས་རྒྱལ་བ་རྣམས། ཨེ་ལོ་ཧིམ་གྱི་པི་ཝང་ཐོགས་ཏེ་ཡོད་པ་མཐོང་བྱུང་།"

3 ༣་ དེ་རྣམས་ཀྱིས་ཨེ་ལོ་ཧིམ་གྱི་ཞབས་ཕྱི་མོ༷་ཤེའི་བསྟོད་དབྱངས་དང་། ལུག་གུའི་བསྟོད་དབྱངས་ལེན་ཞིང་། ཀྱེ་ཀྱུ་རི་བོ་ཨེ་ལོ་ཧིམ་ཀུན་དབང་། ཁྱེད་ཀྱི་མཛད་པ་ཆེ་ཞིང་ངོ་མཚར་ཆེའོ། །ཀྱེ་མི་བརྒྱུད་རྣམས་ཀྱི་རྒྱལ་པོ། ཁྱེད་ཀྱི་གཤེགས་ལམ་དྲང་ཞིང་བདེན་པ་ལགས་སོ།"

4 ༤་ །ཀྱེ་ཀྱུ་རི་བོ་ཁྱེད་གཅིག་པོ་ནི་དམ་པ་ལགས་པས། ཁྱེད་ལ་སུ་འཇིགས་པར་མི་འགྱུར། ཁྱེད་ཀྱི་མཚན་ལ་སུས་བསྟོད་པར་མི་བྱ། ཁྱེད་ཀྱི་མཛད་པ་དྲང་པོ་རྣམས་མངོན་བྱུང་བས། མི་བརྒྱུད་ཀུན་འོངས་ནས་ཁྱེད་ལ་བསྙེན་བཀུར་བྱེད་བར་འགྱུར་ཞེས་བསྟོད་དོ།"

5 ༥་ །དེའི་རྗེས་སུ་ངས་བལྟས་པས། ནམ་མཁར་དཔང་པོའི་གུར་མཆོག་གི་སྨོན་ལམ་ཁང་ཕྱེས་པ་དང་།"

6 ༦་ དེའི་ནང་ནས་ནད་ཡམས་བདུན་པོ་ཡོད་པའི་ཨ༷ན་ཇལ་བདུན་པོ་ཀ་ཤི་ཀའི་ན་བཟའ་དྲི་མ་མེད་པ་དང་། བྲང་ལ་གསེར་གྱི་སྐ་རགས་གསོལ་བ་ཐོན་ནས།"

7 ༧་ སེམས་ཅན་བཞི་པོའི་ནང་ནས་གཅིག་གིས། རྒྱུན་དུ་བཞུགས་པའི་ཨེ་ལོ་ཧིམ་གྱི་ཐུགས་ཁྲོས་གང་བའི་གསེར་གྱི་ཕོར་པ་བདུན་པོ་ཨ༷ན་ཇལ་བདུན་པོ་ལ་བྱིན་ནོ།"

8 ༨་ །སྨོན་ལམ་ཁང་དེ་ཨེ་ལོ་ཧིམ་གྱི་གཟི་བརྗིད་དང་མཐུ་སྟོབས་ཀྱི་དུ་བས་གང་བས། ཨ༷ན་ཇལ་བདུན་པོའི་ནད་ཡམས་བདུན་པོ་མ་ཟིན་པའི་བར་དུ་དེའི་ནང་སུའང་འགྲོ་མ་ཐུབ་བོ།། །།"

16

1 ༡་ །དེ་ནས་སྨོན་ལམ་ཁང་གི་ནང་ནས་སྐད་ཆེན་པོས་ཨ༷ན་ཇལ་བདུན་པོ་ལ། སོང་ལ་ཨེ་ལོ་ཧིམ་གྱི་ཐུགས་ཁྲོའི་ཕོར་པ་བདུན་པོ་དེ་ས་ལ་བླུགས་ཤིག །ཅེས་འབོད་པ་ཐོས་སོ།"

2 ༢་ །ཨ༷ན་ཇལ་དང་པོ་དེ་སོང་ནས་ཕོར་པ་ས་ལ་བླུགས་པས། གཅན་ཟན་དེའི་རྟགས་ཡོད་པ་དང་། དེའི་འདྲ་སྐུ་ལ་བསྙེན་བཀུར་བྱས་པ་རྣམས་ལ་གཉན་ལྷོག་ངན་པ་ཐོན་ཏོ།"

3 ༣་ །གཉིས་པ་དེས་ཕོར་པ་རྒྱ་མཚོའི་ནང་དུ་བླུགས་པས་རོའི་ཁྲག་ལྟར་གྱུར་ནས། རྒྱ་མཚོའི་ནང་གི་སྲོག་ཆགས་ཐམས་ཅད་ཤིའོ།"

4 ༤་ །གསུམ་པ་དེས་ཕོར་པ་གཙང་པོ་དང་ཆུ་མིག་རྣམས་ནང་བླུགས་པས། དེ་རྣམས་ཁྲག་ཏུ་གྱུར་ཏོ།"

5 ༥་ །ཆུའི་ཨ༷ན་ཇལ་གྱིས་ད་ལྟ་བཞུགས་པ་དང་སྔར་མཆིས་བའི་དམ་པ་ཁྱེད་ཀྱིས། འདི་ལྟར་ཞལ་ཆེ་བཅད་པས་ཐུགས་དྲང་པོ་ལགས་སོ།"

6 ༦་ །དེ་རྣམས་ཀྱིས་སྐྱེས་བུ་དམ་པ་དང་ཕ༷་རོ་པེ་ཏེ་པ་རྣམས་ཀྱི་སྐུ་ཁྲག་ཕོས་པས་ན། འཐུང་བར་ཁྲག་གནང་བ་ཡིན། དེ་རྣམས་ལ་འདི་མགོ་བ་ཡིན་ཞེས་ཞུ་བ་ཐོས་སོ།"

7 ༧་ །དེ་ནས་མཆོད་ཁྲིས། ཀྱེ་ཀྱུ་རི་བོ་ཨེ་ལོ་ཧིམ་ཀུན་དབང་། ཁྱེད་ཀྱི་ཞལ་ཆེ་དྲང་པོ་དང་འོས་པ་ལགས་སོ། །ཞེས་ཞུ་བ་ཐོས་སོ།"

8 ༨་ །བཞི་པ་དེས་ཕོར་པ་ཉི་མའི་ཐོག་ཏུ་བླུགས་པས། མི་རྣམས་མེས་སྲེག་པའི་དབང་གནང་སྟེ།"

9 ༩་ མི་རྣམས་མེ་ཚན་དྲག་པོས་ཚིག་ནས། ནད་ཡམས་འདི་རྣམས་ཀྱི་ཐོག་ཏུ་དབང་ཡོད་པའི་ཨེ་ལོ་ཧིམ་ལ་འགྱོད་ཚངས་ཀྱིས་བསྟོད་པ་མ་ཕུལ་བར་སྐུར་པ་བཏབ་བོ།"

10 ༡༠་ །ལྔ་པ་དེས་ཕོར་པ་གཅན་ཟན་དེའི་ཁྲིའི་ཐོག་ཏུ་བླུགས་པ་དང་། དེའི་རྒྱལ་ཁམས་མུན་ནག་ཏུ་བྱས་ནས། མི་རྣམས་ཟུག་གཟེར་གྱིས་ལྕེ་མུར་ཞིང་།"

11 ༡༡་ རང་གི་སྤྱོད་ངན་པའི་ཕྱིར་དུ་འགྱོད་ཚངས་མ་བྱས་པར། ཟུག་གཟེར་དང་གཉན་ལྷོག་གི་རྐྱེན་གྱིས་ཨེ་ལོ་ཧིམ་ལ་སྐུར་པ་བཏབ་བོ།"

12 ༡༢་ །དྲུག་པ་དེས་ཕོར་པ་གཙང་པོ་ཆེན་པོ་ཡུ༷བ་རེད་ནང་བླུགས་པས། ཤར་ཕྱོགས་ཀྱི་རྒྱལ་པོ་རྣམས་ལ་ལམ་བཤོམ་པའི་ཕྱིར་སྐམས་སར་གྱུར་ཏོ།"

13 ༡༣་ །ཡང་ངས་འབྲུག་དང་། གཅན་ཟན་དང་། ཕ༷་རོ་པེ་ཏེ་པ་རྫུས་མའི་ཁ་ནས་སྦལ་པ་དང་འདྲ་བའི་སེམས་ཉིད་མི་གཙང་བ་གསུམ་འཐོན་པ་མཐོང་བྱུང་།"

14 ༡༤་ དེ་རྣམས་ཨེ་ལོ་ཧིམ་ཀུན་དབང་གི་ཉིན་མོ་ཆེན་པོར་འཐབ་པའི་ཕྱིར་འཇིག་རྟེན་ཏྲིལ་པོའི་རྒྱལ་པོ་རྣམས་བསྡུ་བར་འགྲོ་བའི་བགེགས་ལྟས་དང་ལྡན་པ་རྣམས་ཡིན་ཅིང་།"

15 ༡༥་ དེ་རྣམས་ཨི༷བ་རིའི་སྐད་དུ་ཧ༷ར་མ་གེ་དོན་བྱ་བའི་གནས་སུ་འདུས་སོ།"

16 ༡༦་ །ཁོང་ནི་རྐུན་མ་ལྟར་ཕེབས་འོང་བས། གཅང་གྲུང་བྱེད་ཅིང་གཅེར་བུར་མི་མཐོང་བའི་ཕྱིར་རང་གི་གོས་ལ་ཅག་ག་བྱེད་མཁན་ནི་བདེའོ།"

17 ༡༧་ བདུན་པ་དེས་ཕོར་པ་རླུང་གི་ནང་དུ་བླུགས་པས། སྨོན་ལམ་ཁང་གི་ནང་ན་རྒྱལ་ཁྲི་ལས་ད་རྫོགས་སོ་ཟེར་བའི་སྐད་ཆེན་པོ་ཞིག་བྱུང་།"

18 ༡༨་ དེ་ནས་གློག་འཁྱུག་པ་དང་། འབྲུག་ལྡིར་བ་དང་། ས་ལ་མི་རྣམས་ཆགས་པ་ནས་ཚུན་ནམ་ཡང་བྱུང་མ་མྱོང་བའི་ས་གཡོ་ཆེན་པོ་ཞིག་བྱུང་ནས།"

19 ༡༩་ གྲོང་ཁྱེར་ཆེན་པོ་དེ་དུམ་བུ་གསུམ་དུ་གས། མི་བརྒྱུད་སོ་སོའི་གྲོང་ཁྱེར་རྣམས་བརྡིབས། གྲོང་ཁྱེར་ཆེན་པོ་བ༷་བིལ་ལོན་ལ་ཐུགས་ཁྲོ་དྲག་པོའི་རྒུན་ཆང་གི་ཕོར་པ་སྟེར་བ་ཨེ་ལོ་ཧིམ་གྱི་ཐུགས་སུ་དྲན་པར་གྱུར་ཏོ།"

20 ༢༠་ །གླིང་ཕྲན་ཐམས་ཅད་སྟོར། རི་རྣམས་མེད་པར་སོང་།"

21 ༢༡་ གནམ་ནས་རྡོ་ཚད་རེའི་ལྗིད་ཡོད་པའི་སེར་བ་ཆེན་པོ་མི་རྣམས་ཀྱི་ཐོག་ཏུ་བབས་ནས་སྡུག་བསྔལ་དེ་ཤིན་ཏུ་ཆེ་བས། དེའི་ཕྱིར་མི་རྣམས་ཀྱིས་ཨེ་ལོ་ཧིམ་ལ་སྐུར་པ་བཏབ་བོ།། །།"

17

1 ༡་ །ཕོར་པ་ཡོད་པའི་ཨ༷ན་ཇལ་བདུན་པོའི་ནང་ནས་གཅིག་གིས་ང་ལ། ཆུ་སྟེང་དུ་སྡོད་པའི་སྨད་ཚོང་མ་ཆེན་མོ་ལ་ཞལ་ཆེ་གཅོད་པ་ངས་ཁྱོད་ལ་སྟོན་པར་བྱ།"

2 ༢་ དེ་མཉམ་འཇིག་རྟེན་གྱི་རྒྱལ་པོ་རྣམས་ཀྱིས་ལོག་གཡེམ་བྱས་ཏེ། ས་གཞི་རུ་གནས་པ་རྣམས་ཀྱིས་མོར། ལོག་པར་གཡེམ་པའི་རྒུན་ཆང་གིས་བཟི་བ་ཡིན་ཞེས་གསུངས་སོ།"

3 ༣་ །དེ་ནས་ང་རུ་ཨག་གིས་འབྲོག་སྟོང་ཞིག་ཏུ་དྲངས་ནས། སྐུར་པའི་མིང་གིས་གང་བའི་མགོ་བདུན་དང་རྭ་ཅོ་བཅུ་ཡོད་པའི་གཅན་ཟན་དམར་པོ་ལ་ཞོན་པའི་བུད་མེད་ཅིག་མཐོང་བྱུང་།"

4 ༤་ དེ་གོས་དམར་པོ་དང་མཚལ་ཁ་གོན་ཏེ། གསེར་དང་རིན་པོ་ཆེ་དང་མུ་ཏིག་གིས་བརྒྱན་ནས། ལག་པ་ལ་ལོག་གཡེམ་གྱི་མི་གཙང་བའི་དྲི་མས་གང་བའི་གསེར་གྱི་ཕོར་པ་ཞིག་ཡོད་དོ།"

5 ༥་ །དཔྲལ་བ་ལ་བ༷་བི་ལོན་གྱི་གྲོང་ཁྱེར་ཆེན་པོ། སྨད་ཚོང་མ་རྣམས་དང་ས་གཞིའི་ཞེན་ལོག་རྣམས་ཀྱི་ཨ་མ་ཞེས་པའི་གསང་བའི་མིང་བྲིས་ཡོད་དོ།"

6 ༦་ །ངས་བུད་མེད་དེ་སྐྱེས་པ་དམ་པ་རྣམས་ཀྱི་སྐུ་ཁྲག་དང་། ཡེ་ཤུའི་དཔང་པོ་རྣམས་ཀྱི་སྐུ་ཁྲག་གིས་བཟི་ཡོད་པ་མཐོང་ངོ་། །མོ་མཐོང་ནས་ངོ་མཚར་རྨད་དུ་གྱུར་པས།"

7 ༧་ ཨ༷ན་ཇལ་གྱིས་ང་ལ། ཁྱོད་ཅི་ལ་ངོ་མཚར་དུ་གྱུར་པ་ཡིན། ངས་བུད་མེད་དེ་དང་། དེ་འཁུར་བའི་མགོ་བདུན་དང་། རྭ་ཅོ་བཅུ་ཡོད་པའི་གཅན་ཟན་གྱི་གསང་བ་དེ་སྟོན་པར་བྱའོ།"

8 ༨་ །ཁྱོད་ཀྱིས་མཐོང་བའི་གཅན་ཟན་དེ་སྔར་ཡོད་ཀྱང་ད་ལྟ་མེད་དེ། ཕྱིས་སུ་གཏིང་མཐའ་མེད་པའི་དོང་ལས་འཐོན་ཏེ་སྟོངས་པའི་ཕྱོགས་སུ་འགྲོའོ། །འཇིག་རྟེན་གྱི་ཐོག་མ་ནས་ཚེའི་དེབ་ནང་མིང་བྲིས་མེད་པའི་ས་ལ་གནས་པ་རྣམས་ཀྱིས་གཅན་ཟན་དེ་སྔར་ཡོད་པ་དང་། ད་ལྟ་མེད་པ་དང་། ཕྱིས་འོང་བར་འགྱུར་བ་མཐོང་ནས་ངོ་མཚར་དུ་འགྱུར་རོ།"

9 ༩་ །འདི་རུ་ཤེས་རབ་དགོས་སོ། །མགོ་བདུན་པོ་ནི་བུད་མེད་བསྡད་ཡོད་པའི་རི་བདུན་ཡིན།"

10 ༡༠་ རྒྱལ་པོ་བདུན་ཡང་ཡིན། ལྔ་ནི་ལྷུང་ཟིན། གཅིག་ད་ལྟ་ཡོད། གཞན་དེ་ད་རུང་མ་འོངས། དེ་འོང་ཞིང་ཅུང་ཟད་ཅིག་ལས་མི་ལུས།"

11 ༡༡་ གཅན་ཟན་སྔར་ཡོད་དེ་ད་ལྟ་མེད་པ་དེ་བརྒྱད་པ་ཡིན་ཀྱང་། བདུན་པོའི་ནང་གཏོགས་ཏེ་སྟོངས་པའི་ཕྱོགས་སུ་འགྲོའོ།"

12 ༡༢་ །རྭ་ཅོ་བཅུ་མཐོང་བ་དེ་ད་དུང་རྒྱལ་པོའི་དབང་མ་ཐོབ་པའི་རྒྱལ་པོ་བཅུ་ཡིན་ཏེ། གཅན་ཟན་དེ་དང་མཉམ་དུ་དེ་ཆུ་ཚོད་གཅིག་གི་ཕྱིར་རྒྱལ་པོའི་དབང་ཐོབ་པར་འགྱུར།"

13 ༡༣་ འདི་རྣམས་ཀྱིས་བསམ་པ་གཅིག་ཡིན་ཏེ། རང་གི་མཐུ་དང་དབང་གཅན་ཟན་དེ་ལ་གཏོང་བར་འགྱུར།"

14 ༡༤་ འདི་རྣམས་ཀྱིས་ལུ་གུ་ལ་འཐབ་མོ་འགྱེད་པར་འགྱུར་ཀྱང་། ཁོང་ནི་ཀྱུ་རི་བོའི་ཀྱུ་རི་བོ་དང་རྒྱལ་པོའི་རྒྱལ་པོ་ལགས་པས། དེ་རྣམས་ལས་རྒྱལ་བར་འགྱུར་ཏེ། ཁོང་མཉམ་ཡོད་པའི་བོས་པ་དང་། འདམས་པ་དང་། གདེང་ཅན་རྣམས་ཀྱང་རྒྱལ་བར་འགྱུར་ཞེས་གསུངས་སོ།"

15 ༡༥་ །ཡང་ཁོང་གིས་ང་ལ། ཁྱོད་ཀྱིས་སྨད་ཚོང་མ་སྡོད་པའི་ཆུ་མཐོང་བ་དེ། མི་སྡེ་དང་མི་བརྒྱུད་དང་། མི་རིགས་དང་སྐད་རིགས་རྣམས་ཡིན་ནོ།"

16 ༡༦་ །ཁྱོད་ཀྱིས་མཐོང་བའི་རྭ་ཅོ་བཅུ་དང་གཅན་ཟན་དེས་སྨད་ཚོང་མ་དེ་ལ་སྡང་ཞིང་སྟོངས་པར་བྱེད་ཅིང་གཅེར་པུ་བྱས་ཏེ། དེའི་ཤ་ཟ་ཞིང་མེས་སྲེག་པར་འགྱུར་རོ།"

17 ༡༧་ །ཨེ་ལོ་ཧིམ་གྱི་བཀའ་རྣམས་གྲུབ་རིང་དུ། དེ་རྣམས་ཀྱིས་གཅན་ཟན་དེ་ལ་རྒྱལ་པོའི་དབང་གཏོང་བ་དང་། སེམས་གཅིག་ཏུ་འགྱུར་བའི་སྒོ་ནས་ཨེ་ལོ་ཧིམ་གྱི་ཐུགས་དགོངས་སྒྲུབ་པའི་བསམ་པ་ཨེ་ལོ་ཧིམ་གྱིས་གནང་ངོ་།"

18 ༡༨་ །ཡང་ཁྱོད་ཀྱིས་མཐོང་བའི་བུད་མེད་དེ་ས་གཞིའི་རྒྱལ་པོ་རྣམས་ལ་སྲིད་བྱེད་པའི་གྲོང་ཁྱེར་ཆེན་པོ་དེ་ཡིན་ཞེས་གསུངས་སོ།། །།"

18

1 ༡་ དེའི་རྗེས་སུ་དབང་ཆེན་པོ་ཡོད་པའི་ཨ༷ན་ཇལ་ཞིག་ནམ་མཁའ་ནས་འབབ་པ་མཐོང་ངོ་། །དེའི་གཟི་བརྗིད་ཀྱིས་ས་གཞི་གང་ངོ་།"

2 ༢་ །དེས་སྐད་ཆེན་པོས། ལྷུང་ངོ་། །བ༷་བི་ལོན་ཆེན་པོ་རབ་ཏུ་ལྷུང་ངོ་། །དེ་ནི་བགེགས་རྣམས་ཀྱི་སྡོད་གནས་དང་། འགོང་པོ་དང་། འདབ་ཆགས་གྲིབ་ཅན་དང་ཞེན་ལོག་ཐམས་ཅད་ཀྱི་ཚང་དུ་གྱུར་ཏོ།"

3 ༣་ །དེའི་ལོག་གཡེམ་གྱི་རྒུན་ཆང་གིས་མི་བརྒྱུད་ཐམས་ཅད་བཟི་ནས། ས་གཞིའི་རྒྱལ་པོ་རྣམས་ཀྱིས་མོ་མཉམ་ལོག་གཡེམ་བྱས་ཏེ། ཚོང་པ་རྣམས་ཀྱང་མོའི་འདོད་ཡོན་ལས་ཕྱུག་པོར་གྱུར་ཏོ་ཞེས་འབོད་བསྒྲགས་སོ།"

4 ༤་ །དེ་ནས་ནམ་མཁའ་ནས་གསུང་སྐད་གཞན་ཞིག་གིས། ངའི་མི་སྡེ་ཁྱོད། མོའི་སྡིག་པ་དང་མི་འདྲེ་བ་དང་དེའི་སྡུག་བསྔལ་ཁྱེད་ལ་མི་འབྱུང་བའི་ཕྱིར་དེ་ནས་ཐོན་འོང་ཞིག"

5 ༥་ །དེའི་སྡིག་པའི་ཕུང་པོ་ནམ་མཁའ་ཐུག་བསླེབས་ནས། ཨེ་ལོ་ཧིམ་གྱིས་མོའི་སྤྱོད་ངན་པའི་ཉེས་དྲན་པར་མཛད་དོ།"

6 ༦་ །མོས་བྱས་པ་ལྟར་མོ་ལ་བྱོས་ཤིག །མོའི་བྱ་བ་ལ་ཉིས་ལྡབ་འཇོལ་ཞིག །མོས་བཀང་བའི་ཕོར་པ་ཁོའི་ཕྱིར་ཉིས་ལྡབ་ཁོང་ཞིག"

7 ༧་ །མོས་རང་ལ་ཅི་ཙམ་བསྟོད་ཅིང་འདོད་ཡོན་ལ་ལོངས་སྤྱད་པ་དེ་ཙམ་སྡུག་བཟོད་དང་མྱ་ངན་ལྟེར་ཞིག་མོས་སྙིང་ནང་ང་རྒྱལ་མོ་ཡིན་ཞིང་། མོ་རེང་མིན་ཏེ། མྱ་ངན་ནམ་ཡང་མཐོང་བར་མི་འགྱུར་རོ། །སེམས་པས།"

8 ༨་ མོ་ལ་ནད་ཡམས་དང་། རིམས་ནད་དང་། མྱ་ངན་དང་། མུ་གེ་ཉི་མ་གཅིག་ནང་འོང་སྟེ། མེས་སྲེག་པར་འགྱུར། མོ་ལ་ཞལ་ཆེ་གཅོད་པའི་ཀྱུ་རི་བོ་ཨེ་ལོ་ཧིམ་ནི་དབང་ལྡན་ལགས་སོ་ཞེས་གསུངས་སོ།"

9 ༩་ །མོ་མཉམ་ལོག་གཡེམ་བྱེད་ཅིང་འདོད་ཡོན་ལ་སྤྱོད་པའི་ས་གཞིའི་རྒྱལ་པོ་རྣམས་ཀྱིས་མོ་མེས་སྲེག་པའི་དུ་བ་མཐོང་ཚེ་མོའི་དོན་དུ་ངུ་ཞིང་སྨྲེ་སྔགས་འདོན་པར་འགྱུར།"

10 ༡༠་ ཡང་དེའི་སྡུག་བཟོད་ཀྱིས་འཇིགས་ནས། ཐག་རིང་པོར་བསྡད་དེ། འདི་སྐད་དུ། ཀྱེ་གྲོང་ཁྱེར་ཆེན་པོ། གྲོང་ཁྱེར་བཙན་པོ་བ༷་བི་ལོན། སྙིང་རེ་རྗེ། སྙིང་རེ་རྗེ། ཁྱོད་ལ་ཞལ་ཆེ་གཅོད་པ་ཆུ་ཚོད་གཅིག་ནང་བྱུང་ངོ་ཞེས་ཟེར་བར་འགྱུར།"

11 ༡༡་ ས་གཞིའི་ཚོང་པ་རྣམས་ཀྱིས་ད་དེ་རྣམས་ཀྱི་ཚོང་ཟོང་སུས་ཀྱང་མི་ཉོ་བས་མོའི་དོན་དུ་ངུ་ཞིང་མྱ་ངན་བྱེད་དོ།"

12 ༡༢་ །ཚོང་ཟོང་ནི་གསེར་དང་། དངུལ་དང་། རིན་པོ་ཆེ་དང་། མུ་ཏིག་དང་། ཀ་ཤི་ཀ་དང་། འགོ་སྣམ་དང་། དར་དང་། གོས་ཆེན་མཚལ་ཁ་དང་། དྲི་ཞིམ་གྱི་ཤིང་སྣ་ཚོགས་དང་། བ་སོ་དང་། རིན་ཆེ་བའི་ཤིང་དང་། རག་དང་། ལྕགས་དང་། ཀ་མ་རུ་ལས་བཟོས་པའི་དངོས་པོ་སྣ་ཚོགས་དང་།"

13 ༡༣་ ཤིང་ཚ་དང་། སྨན་སྣ་དང་། བདུག་སྤོས་དང་། བྱུག་སྤོས་དང་། སྤོས་དཀར་དང་། རྒུན་ཆང་དང་། འབྲུ་མར་དང་། རྒྱ་ཞིབ་དང་། གྲོ་དང་། ཕྱུགས་དང་། ལུག་དང་། རྟ་དང་། ཤིང་རྟ་དང་། ཚེ་གཡོག་དང་། མིའི་སྲོག་རྣམས་སོ།"

14 ༡༤་ །དེ་རྣམས་ཀྱིས་ཁྱོད་ཀྱིས་གདུང་བའི་འབྲས་བུ་ཁྱོད་ལས་ཤོར་ཏེ། ཟས་ཞིམ་པ་དང་ནོར་གྱི་ཟིལ་ཐམས་ཅད་ཁྱོད་ལས་མེད་པར་གྱུར་པས། སླར་ནམ་ཡང་ཐོབ་པར་མི་འགྱུར་ཟེར་བར་འགྱུར།"

15 ༡༥་ མོ་ལས་ནོར་འབྱོར་བའི་དངོས་པོ་དེ་དག་གི་ཚོང་པ་རྣམས། མོའི་སྡུག་བཟོད་ཀྱིས་འཇིགས་ནས་ཐག་རིང་པོར་བསྡད་ནས་ངུ་ཞིང་མྱ་ངན་བྱེད་ཅིང་འདི་སྐད་དུ།"

16 ༡༦་ །ཀ་ཤི་ཀ་དང་། འགོ་སྣམ་དང་། གོས་ཆེན་མཚལ་ཁ་གྱོན་ཏེ། གསེར་དང་། རིན་པོ་ཆེ་དང་། མུ་ཏིག་གིས་བརྒྱན་པའི་གྲོང་ཁྱེར་ཆེན་པོ་སྙིང་རེ་རྗེ། སྙིང་རེ་རྗེ།"

17 ༡༧་ ཆུ་ཚོད་གཅིག་ནང་འདི་འདྲའི་ནོར་ཆེན་པོ་སྟོངས་པར་གྱུར་ཏོ་ཞེས་ཟེར་རོ། །གྲུའི་བདག་པོ་དང་། ཆུ་ཐོག་འགྲོ་མཁན་དང་། གྲུ་པ་དང་། རྒྱ་མཚོ་ལས་འཚོ་བ་རྙེད་ཚད་ཐག་རིང་པོར་བསྡད་དེ།"

18 ༡༨་ མོ་འཚིག་པའི་དུ་བ་ལ་བལྟས་ནས་སྐད་ཆེན་པོས་གྲོང་ཁྱེར་གང་དག་གྲོང་ཁྱེར་ཆེན་པོ་འདི་དང་འདྲ་ཟེར་ཞིང་།"

19 ༡༩་ ངུ་ཞིང་འོ་དོད་གཏོང་ཚེ་མགོ་ལ་ཐལ་བ་གཡོགས་ནས་འདི་སྐད་དུ། རྒྱ་མཚོར་གྲུ་ཡོད་པ་རྣམས་དེའི་ནོར་གྱིས་ཕྱུག་པའི་གྲོང་ཁྱེར་ཆེན་པོ་ཆུ་ཚོད་གཅིག་ནང་སྟོངས་པས། སྙིང་རེ་རྗེ། སྙིང་རེ་རྗེ། ཞེས་འབོད་བསྒྲགས་སོ།"

20 ༢༠་ །ཀྱེ་ནམ་མཁའ་དང་། སྐྱེས་བུ་དམ་པ་དང་། ཨ༷་པོ་ཏོ་ལོ་པ་དང་། ཕ༷་རོ་པེ་ཏེ་པ་རྣམས། ཨེ་ལོ་ཧིམ་གྱིས་མོ་ལ་ཁྲིམས་བཅད་ནས་ཁྱེད་ལ་ཞལ་ཆེ་བཅད་པས་དགའ་མགུ་རངས་ཤིག"

21 ༢༡་ །དེ་ནས་ཨན༷་ཇལ་སྟོབས་ཅན་ཞིག་གིས་རང་འཐག་ཆེན་པོ་དང་འདྲ་བའི་རྡོ་ཞིག་བླངས་ཏེ་རྒྱ་མཚོར་བསྐྱུར་ནས་འདི་སྐད་དུ། འདི་ལྟ་བུར་གྲོང་ཁྱེར་ཆེན་པོ་བ༷་བི་ལོན་ཡང་སྐྱུར་བར་འགྱུར་ཞིང་སླར་མཐོང་བར་མི་འགྱུར།"

22 ༢༢་ པི་ཝང་གཏོང་མཁན་དང་། གླུ་ལེན་མཁན་དང་། གླིང་བུ་པ་དང་། དུང་འབུད་མཁན་རྣམས་ཀྱི་དབྱངས་སླར་ཐོས་པར་མི་འགྱུར། བཟོ་རིགས་གང་གི་བཟོ་པའང་ཁྱོད་ནང་སླར་ཐོབ་པར་མི་འགྱུར། རང་འཐག་གི་སྐད་ཀྱང་ཁྱོད་ནང་སླར་ཐོས་པར་མི་འགྱུར།"

23 ༢༣་ སྣུམ་བཞུ་ཡི་འོད་ཀྱང་ཁྱོད་ནང་སླར་འཕྲོ་བར་མི་འགྱུར། མག་པ་དང་བག་མའི་སྐད་ཀྱང་ཁྱོད་ནང་ཐོས་པར་མི་འགྱུར་རོ། །ཁྱོད་ཀྱི་ཚོང་པ་རྣམས་ས་གཞིའི་མི་ཆེན་རྣམས་ཡིན་ཏེ། ཁྱོད་ཀྱི་སྐྱུ་འཕྲུལ་གྱིས་མི་བརྒྱུད་ཐམས་ཅད་བསླུས་པ་ཡིན།"

24 ༢༤་ ཕ༷་རོ་པེ་ཏེ་པ་དང་། སྐྱེས་པ་དམ་པ་དང་། ས་གཞི་རུ་བསད་པ་ཐམས་ཅད་ཀྱི་ཁྲག་ཁྱོད་ཀྱི་ནང་ན་འདུག་གོ་ཞེས་གསུངས་སོ།། །།"

19

1 ༡་ དེའི་རྗེས་སུ་ནམ་མཁར་མི་ཚོགས་ཆེན་པོའི་སྐད་དང་འདྲ་བ་ཞིག་གིས། ཧ༷ལ་ལེ་ལུ་ཡ་ང་ཚོའི་ཨེ་ལོ་ཧིམ་ལ་ཐར་པ་དང་དཔལ་དང་དབང་མངའོ།"

2 ༢་ །ཁོང་གིས་བཅད་པའི་ཞལ་ཆེ་རྣམས་བདེན་ཞིང་དྲང་སྟེ། ལོག་གཡེམ་གྱིས་ས་གཞི་བསླུས་པའི་སྨད་ཚོང་མ་ཆེན་མོར་ཞལ་ཆེ་བཅད་དེ། མོ་ལས་ཉིད་ཀྱི་ཞབས་ཕྱི་རྣམས་ཀྱི་སྲོག་ལན་བཞེས་སོ་ཞེས་སྨྲ་བ་ཐོས་བྱུང་།"

3 ༣་ སླར་ཧ༷ལ་ལེ་ལུ་ཡ། མོ་བསྲེགས་པའི་དུ་བ་དུས་རྒྱུན་དུ་འཐུལ་བར་འགྱུར་རོ་ཞེས་སྨྲས་སོ།"

4 ༤་ །རྒན་པོ་ཉེར་བཞི་དང་སེམས་ཅན་བཞི་པོས། རྒྱལ་ཁྲི་ལ་བཞུགས་པའི་ཨེ་ལོ་ཧིམ་ལ་བརྡབ་པུས་མོ་ས་ལ་འཛུགས་ནས། ཨ༷་མེན་ཧ༷ལ་ལེ་ལུ་ཡ་ཞུས་སོ།"

5 ༥་ །དེ་ནས་རྒྱལ་ཁྲི་ལས། ཁྱེད་ཨེ་ལོ་ཧིམ་ལ་བག་བྱེད་པའི་ཞབས་ཕྱི་མཆོག་དམན་ཐམས་ཅད་ཀྱིས་ཁོང་ལ་བསྟོད་སྔོགས་ཤིག་ཅེས་པའི་སྒྲ་བྱུང་ངོ་།"

6 ༦་ །ཆུ་ཆེན་པོ་དང་འབྲུག་ལྡིར་བ་ལྟ་བུའི་མི་ཚོགས་ཆེན་པོའི་སྐད་ཀྱིས་ཧ༷ལ་ལེ་ལུ་ཡ། ང་ཚོའི་ཀྱུ་རི་བོ་ཨེ་ལོ་ཧིམ་ཀུན་དབང་གིས་རྒྱལ་སྲིད་སྐྱོང་སྟེ།"

7 ༧་ ལུག་གུའི་བག་སྟོན་རན་ནས། བག་མས་གྲལ་འགྲིག་བྱས་ཏེ།"

8 ༨་ གཙང་ཞིང་བཀྲག་དང་ལྡན་པའི་ཀ་ཤི་ཀའི་གྱོན་པ་མོ་ལ་གནང་བས། ང་ཚོ་དགའ་མགུ་ཡི་རང་ཞིང་ཁོང་ལ་བསྟོད་པར་རིགས་སོ་ཞེས་སྨྲས་སོ། །ཀ་ཤི་ཀ་ནི་དམ་པ་རྣམས་ཀྱི་ལས་བཟང་བའི་མཛད་པ་དེའོ།"

9 ༩་ །ཨ༷ན་ཇལ་གྱིས་ང་ལ། ལུག་གུའི་བག་སྟོན་ལ་བོས་པ་རྣམས་བྱིན་གྱིས་བརླབས་པའོ་ཞེས་བྲིས་ཤིག །ཡང་འདི་རྣམས་ཨེ་ལོ་ཧིམ་གྱི་བདེན་ཚིག་ཡིན་ཞེས་གསུངས་སོ།"

10 ༡༠་ །ངས་ཁོང་ལ་པུས་མོ་ས་ལ་འཛུགས་བའི་ཕྱིར་ཞབས་དྲུང་དུ་ལུས་ས་ལ་བརྡབས་པས། ཁོང་གིས་ང་ལ་དེ་མ་བྱེད་ཅིག །ངའང་ཡེ་ཤུ་ལ་དཔང་པོ་བྱེད་པའི་ཁྱེད་དང་ཁྱེད་ཀྱི་སྤུན་རྣམས་དང་མཉམ་དུ་གཡོག་གྲོགས་ཤིག་ཡིན་པས། ཨེ་ལོ་ཧིམ་ལ་བསྙེན་བཀུར་མཛོད་ཞིག་ཅེས་གསུངས་སོ། །ཡེ་ཤུ་ལ་དཔང་པོ་བྱེད་པ་ནི་ལུང་བསྟན་པའི་སྙིང་པོའོ།།"

11 ༡༡་ །དེ་ནས་ངས་ནམ་མཁའ་ཕྱེས་ཡོད་པ་མཐོང་སྟེ། ཆིབས་པ་དཀར་པོ་ཞིག་འདུག་ཅིང་། དེར་འཆིབས་མཁན་ལ་མི་འགྱུར་བ་དང་བདེན་པ་ཞུའོ། དྲང་བ་ཉིད་ཀྱི་སྒོ་ནས་ཞལ་ཆེ་གཅོད་པ་དང་དམག་འཐབ་མཛད་དོ།"

12 ༡༢་ །ཁོང་གི་སྤྱན་མེ་ལྕེ་དང་འདྲ་སྟེ། དབུ་ལ་དབུ་རྒྱན་མང་པོ་དང་། ཁོང་ཉིད་ཀྱིས་མ་གཏོགས་གཞན་གྱིས་མི་ཤེས་པའི་མཚན་ཞིག་བྲིས་ཡོད་དོ།"

13 ༡༣་ །ཁྲག་ནང་བྱུགས་པའི་ན་བཟའ་གསོལ་ནས། མཚན་ལ་ཨེ་ལོ་ཧིམ་གྱི་བཀའ་ཞེས་བྱའོ།"

14 ༡༤་ །ནམ་མཁའི་དམག་དཔུང་རྟ་དཀར་པོ་ལ་ཞོན་ཏེ། ཀ་ཤི་ཀ་དཀར་པོ་དང་གཙང་མ་གྱོན་ནས་ཁོང་གི་རྗེས་སུ་འབྲངས་སོ།"

15 ༡༥་ །མི་བརྒྱུད་རྣམས་ལ་རྒྱབ་པའི་ཕྱིར་ཁོང་གི་ཞལ་ནས་རལ་གྲི་རྣོ་བ་ཞིག་འཐོན་ཏེ། དེ་རྣམས་ལ་ལྕགས་ཀྱི་དབྱུག་པས་དབང་སྒྱུར་བར་འགྱུར། ཨེ་ལོ་ཧིམ་ཀུན་དབང་གི་ཐུགས་ཁྲོའི་རྒུན་འབྲུམ་འཆག་གཞོང་ནང་དུ་རྫི་བར་མཛད་དོ།"

16 ༡༦་ །ཁོང་གི་ན་བཟའ་དང་བརླ་ཤ་ལ་རྒྱལ་པོ་དང་ཀྱུ་རི་བོའི་ཀྱུ་རི་བོ་ཞེས་པའི་མཚན་བྲིས་ཡོད་དོ།།"

17 ༡༧་ །ཡང་ངས་ཉི་མའི་ནང་ན་ཨ༷ན་ཇལ་ཞིག་འགྲེང་བ་མཐོང་བས། བར་སྣང་ལ་ཕུར་བའི་འདབས་ཆགས་ཐམས་ཅད་ལ་སྐད་ཆེན་པོས། ཤོག་ཅིག"

18 ༡༨་ །རྒྱལ་པོ་དང་། སྟོང་དཔོན་དང་། སྟོབས་པོ་ཆེ་དང་། རྟ་དང་དེ་ལ་ཞོན་པ་རྣམས་དང་། ཚེ་གཡོག་དང་། ཚེ་གཡོག་མིན་པ་དང་། ཆེ་ཆུང་ཐམས་ཅད་ཀྱི་ཤ་ཟ་བའི་ཕྱིར། ཨེ་ལོ་ཧིམ་གྱི་མགྲོན་ཆེན་པོ་འདི་ལ་འདུས་ཤིག་ཅེས་བོས་སོ།"

19 ༡༩་ །གཅན་ཟན་དེ་དང་། སའི་རྒྱལ་པོ་རྣམས་དམག་དཔུང་དང་བཅས་པ། ཆིབས་པ་ལ་འཆིབས་མཁན་དང་ཁོང་གི་དམག་ཚོགས་ལ་འཐབ་པར་འདུས་པ་ངས་མཐོང་བྱུང་།"

20 ༢༠་ གཅན་ཟན་དེ་དང་དེའི་རྟགས་བླངས་ནས་དེའི་སྐུ་འདྲ་ལ་བསྙེན་བཀུར་བྱེད་ཕྱིར་བསླུ་ཞིང་དེའི་མདུན་དུ་ལྟས་བསྟན་པའི་ཕ༷་རོ་པེ་ཏེ་པ་རྫུས་མ་བཟུང་ནས། དེ་གཉིས་པོ་གསོན་པོར་མུ་ཟི་འབར་བའི་མེ་མཚོའི་ནང་བསྐྱུར་ཏོ།"

21 ༢༡་ །ལྷག་མ་རྣམས་ཆིབས་པ་ལ་འཆིབས་པའི་ཞལ་ནས་ཐོན་པའི་རལ་གྲིས་བསད་ནས། དེ་རྣམས་ཀྱི་ཤ་ཡིས་འདབ་ཆགས་ཐམས་ཅད་ཚིམ་པར་གྱུར་ཏོ།། །།"

2

1 ༡་ །ཨེ༷་ཕེ་སུའི་མ་ཤི་ཀ་པ་ཚོགས་ཀྱི་ཨ༷ན་ཇལ་ལ་འདི་ལྟར་བྲིས་ཤིག །ཕྱག་གཡས་པའི་ནང་སྐར་མ་བདུན་ཐོགས་ཤིང་། གསེར་གྱི་ལ་སྟེགས་བདུན་གྱི་དཀྱིལ་ན་ཞབས་འཆག་མཛད་མཁན་གྱིས་འདི་སྐད་དུ།"

2 ༢་ ངས་ཁྱོད་ཀྱི་ལས་རྣམས་དང་འབད་རྩོལ་དང་བཟོད་པ་མཁྱེན་ཞིང་། མི་ངན་པ་བསུ་མི་འདོད་པ་དང་། ཨ༷་པོ་ཏོ་ལོ་པ་མ་ཡིན་པར་ཡིན་ཟེར་མཁན་རྣམས་ལ་བརྟག་དཔྱད་བྱས་ནས་དེ་རྣམས་རྫུན་མ་ཡིན་པར་རྟོགས་ཤིང་།"

3 ༣་ བཟོད་པ་བསྒོམས་ནས་ངའི་མཚན་གྱི་ཕྱིར་དུ་སྡུག་བསྔལ་ཐེག་ཅིང་ཐང་མ་ཆད་པར་ཡོད་པ་ངས་མཁྱེན་ནོ།"

4 ༤་ །འོན་ཀྱང་ཐོག་མར་ཁྱོད་ནང་ཡོད་པའི་བྱམས་སེམས་དེ་སྤངས་པའི་སྐྱོན་འགེལ་ལོ།"

5 ༥་ །དེའི་ཕྱིར་དེ་ནས་ལྷུང་བ་དེ་དྲན་ནས། འགྱོད་མཚངས་བྱས་ནས་ཐོག་མར་གང་བྱས་པ་ལྟར་བྱོས་ཤིག །དེ་མིན་ང་ཁྱོད་རྩར་ཡོང་ནས་ཁྱོད་ཀྱི་ལ་སྟེགས་དེ་རང་གནས་ནས་འཐེན་པར་བྱའོ།"

6 ༦་ །འོན་ཀྱང་ནི༷་ཀོ་ལ་ཨིའི་ལྟ་བ་ལ་ཞེན་ལོག་པ་ཁྱོད་ནང་ཡོད་དེ། ངའང་དེ་རྣམས་ལ་ཐུགས་ལོག་གོ"

7 ༧་ །རྣ་བ་ཡོད་པ་དེས་རུ་ཨག་གིས་མ་ཤི་ཀ་པ་ཚོགས་ལ་གསུང་བ་དེ་ལ་ཉོན་ཅིག །སུ་རྒྱལ་བ་དེ་ལ་ངས་ཨེ་ལོ་ཧིམ་གྱི་པ༷་ར་ཏི་གསོ་རུ་ཡོད་པའི་ཚེའི་ལྗོན་ཤིང་ལས་ཟ་བར་གནང་ངོ་ཞེས་གསུང་ངོ་།།"

8 ༨་ །སི༷་མིར་ནའི་མ་ཤི་ཀ་པ་ཚོགས་ཀྱི་ཨ༷ན་ཇལ་ལ་འདི་ལྟར་བྲིས་ཤིག །ཐོག་མ་དང་མཐའ་མ་ལགས་ཤིང་གྲོངས་ནས་སྐུ་གསོན་པོར་བཞེངས་པ་དེས་འདི་སྐད་དུ།"

9 ༩་ ཁྱོད་སེམས་ཉིད་ལ་ཕྱུག་ཀྱང་ཁྱོད་ཀྱི་སྡུག་བསྔལ་དང་དབུལ་ཞིང་འཕོངས་པ་དང་། ཡ༷་ཧུ་དཱ་པ་ཡིན་ཟེར་ཞིང་མ་ཡིན་པར་ས༷་ཏན་ཀྱི་ཚོགས་ཡིན་པ་ཚོས་ཁྱོད་ལ་སྨད་པ་ངས་མཁྱེན་ནོ།"

10 ༡༠་ །མྱོང་འགྱུར་སྡུག་བསྔལ་ལ་མ་ འཇིགས་ཤིག །ཁྱོད་ཀྱི་ཉམས་ཚོད་ལེན་ཕྱིར་ས༷་ཏན་གྱིས་ཁྱོད་ཁ་ཅིག་བཙོན་དུ་འཇུག་པར་འདུག་སྟེ། ཞག་བཅུ་ཁྱོད་ལ་སྡུག་བསྔལ་འབྱུང་བར་འགྱུར་རོ། །འཆི་བ་ལ་ཐུག་ཀྱང་བརྟན་པོར་གནས་ཤིག་དང་། ངས་ཚེའི་གཙུག་རྒྱན་གནང་བར་བྱའོ།"

11 ༡༡་ །རྣ་བ་ཡོད་པ་དེས་རུ་ཨག་གྱིས་མ་ཤི་ཀ་པ་ཚོགས་ལ་གསུང་བ་དེར་ཉོན་ཅིག །རྒྱལ་བ་དེ་ལ་འཆི་བ་གཉིས་པས་གནོད་པར་མི་འགྱུར་ཞེས་གསུང་ངོ་།།"

12 ༡༢་ །པེ༷ར་ག་མུའི་མ་ཤི་ཀ་པ་ཚོགས་ཀྱི་ཕོ་ཉ་ལ་འདི་ལྟར་བྲིས་ཤིག །རས་གྲི་ཁ་གཉིས་མ་རྣོ་དང་ལྡན་པ་དེས་འདི་སྐད་དུ།"

13 ༡༣་ ས༷་ཏན་གྱི་རྒྱལ་སར་ཁྱོད་གནས་པ་དང་། ཁྱོད་ཀྱིས་ངའི་མཚན་སྲུང་ཞིང་། ས༷་ཏན་གནས་པའི་སར་ངའི་དཔང་པོ་དྲང་པོ་ཨ༷ན་ཏི་པ་ཁྱེད་ཀྱི་དཀྱིལ་དུ་བསྡད་སྐབས་སུའང་དད་པ་མ་སྤངས་པ་ངས་མཁྱེན་ནོ།"

14 ༡༤་ །འོན་ཀྱང་སྐྱོན་ཁ་ཤས་འགེལ་བ་ནི་འདི་ལྟ་སྟེ། ཁྱེད་ཀྱི་ནང་ན་བ༷་ལ་ཨམ་གྱི་སློབ་ཁྲིད་པ་ལ་བསྟེན་པ་ཁ་ཅིག་ཡོད་དེ། བ༷་ལ་ཨམ་གྱིས་ཡི༷ས་ར་ཨེལ་གྱི་བུ་བརྒྱུད་ལ་སྐུ་འདྲ་ལ་ཕུལ་བའི་མཆོད་པ་ཟར་འཇུག་དང་། འཆལ་འཇུག་པའི་བསླུ་འཁྲིད་གཏོང་དུ་བ༷་ལག་ལ་བསླབས་པ་ཡིན།"

15 ༡༥་ དེར་མ་ཟད་ཁྱོད་ཀྱི་ནང་ན་ནི༷་ཀོ་ལ་ཨིའི་སློབ་ཁྲིད་པ་ལ་བསྟེན་པ་ཁ་ཅིག་ཀྱང་ཡོད་དོ།"

16 ༡༦་ །དེའི་ཕྱིར་འགྱོད་མཚངས་བྱོས་ཤིག །དེ་མིན་ང་ཁྱོད་ཀྱི་རྩར་མྱུར་དུ་ཕེབས་ཅིང་། ངའི་ཞལ་གྱི་རལ་གྲི་མཉམ་དེ་རྣམས་ལ་འཐབ་པར་བྱའོ།"

17 ༡༧་ །རྣ་བ་ཡོད་པ་དེས་རུ་ཨག་གིས་མ་ཤི་ཀ་པ་ཚོགས་ལ་གསུངས་པ་དེ་ལ་ཉོན་ཅིག །རྒྱལ་བ་དེ་ལ་གསང་བའི་མ༷ན་ན་ལས་སྟེར་ཞིང་། རྡོ་དཀར་པོ་ཞིག་སྟེར་བར་བྱ། དེ་ཁར་བྲིས་པའི་མིང་གསར་པ་དེ་ཐོབ་མཁན་དེས་མ་གཏོགས་གཞན་སུས་ཀྱང་མི་ཤེས་སོ།།"

18 ༡༨་ །ཐི༷་ཨ་ཏི་རའི་མ་ཤི་ཀ་པ་ཚོགས་ཀྱི་ཕོ་ཉ་ལ་འདི་ལྟར་བྲིས་ཤིག །མེ་ལྕེ་ལྟ་བུའི་སྤྱན་དང་། ལི་ལྷད་མེད་ལྟ་བུའི་ཞབས་དང་ལྡན་པའི་ཨེ་ལོ་ཧིམ་གྱི་སྲས་ཀྱིས་འདི་སྐད་དུ།"

19 ༡༩་ ཁྱོད་ཀྱི་ལས་དང་། བྱམས་སེམས་དང་། ཞབས་ཏོག་དང་། བཟོད་པ་དང་། ཕྱིས་ཀྱི་ལས་རྣམས་སྔ་མ་ལས་དྲག་པ་ཡིན་པ་ངས་མཁྱེན་ནོ།"

20 ༢༠་ །འོན་ཀྱང་སྐྱོན་འདི་འགེལ་ལོ། །ལུང་སྟོན་མོ་ཡིན་ཟེར་བའི་བུད་མེད་ཡེ༷་ཇི་བེལ་གྱིས། ངའི་ཞབས་ཕྱི་རྣམས་ལ་འཆལ་བ་དང་སྐུ་འདྲ་ལ་ཕུལ་བའི་མཆོད་པ་ཟ་བར་བསླབ་ཅིང་མགོ་བསླུས་པ་ལ་བཟོད་པ་བྱེད་དོ།"

21 ༢༡་ །ངས་མོ་ལ་འགྱོད་ཚངས་བྱེད་པར་མི་དགའོ།"

22 ༢༢་ །ངས་མོ་ནི་ནད་ཀྱིས་འཐེབས་པར་བྱེད་ཅིང་མོ་མཉམ་གཡེམ་པ་རྣམས་མོས་བྱས་པ་ལ་འགྱོད་ཚངས་མི་བྱེད་ན། སྡུག་བསྔལ་ཆེན་པོའི་ནང་སྐྱུར་ཞིང་།"

23 ༢༣་ མོའི་ཕྲུ་གུ་རྣམས་གསོད་པར་བྱའོ། །དེ་ནས་མ་ཤི་ཀ་པ་ཚོགས་ཐམས་ཅད་ཀྱིས་ང་ནི་སྙིང་རྣམས་བརྟག་མཁན་ཡིན་པ་ཤེས་པར་འགྱུར་རོ། །ཁྱེད་རེ་རེ་ལ་ལས་དང་བསྟུན་ཏེ་རྔན་པ་སྟེར་བར་བྱའོ།"

24 ༢༤་ བསྟན་པ་དེ་ལ་མ་བསྟེན་པར། ས༷་ཏན་གྱི་ཟབ་ལམ་ཞེས་གྲགས་པར་མ་བསླབས་པ་ཐི༷་ཨ་ཏི་ར་པ་ལྷག་ལུས་ཁྱེད་རྣམས་ལ་ངས་ཁུར་པོ་གཞན་ཞིག་མི་འགེལ་གསུང་ངོ་།"

25 ༢༥་ །འོན་ཀྱང་ང་ཕེབས་པའི་བར་དུ་གང་ཡོད་པ་དེ་དམ་པོར་ཟུངས་ཤིག"

26 ༢༦་ །རྒྱལ་ཞིང་ངའི་མཛད་པ་རྣམས་མཐའ་མའི་བར་དུ་ཡིད་ལ་འཛིན་པ་དེ་ལ་ངས་མི་བརྒྱུད་རྣམས་ཀྱི་ཐོག་ཏུ་དབང་སྒྱུར་བ་གནང་བར་བྱའོ།"

27 ༢༧་ །ངའི་ཡབ་ཀྱིས་ང་ལ་དབང་སྐུར་བ་ལྟར། དེས་ཀྱང་ལྕགས་ཀྱི་དབྱུག་པས་རྫ་མའི་སྣོད་སིལ་བུར་གཏོང་བ་ལྟ་བུའི་སྲིད་སྐྱོང་བར་འགྱུར།"

28 ༢༨་ ཡང་ངས་དེ་ལ་ཐོ་རངས་སྐར་ཆེན་ལྟེར་བར་བྱའོ།"

29 ༢༩་ །རྣ་བ་ཡོད་པ་དེས་རུ་ཨག་གྱིས་མ་ཤི་ཀ་པ་ཚོགས་ལ་གསུང་བ་དེ་ལ་ཉོན་ཅིག་ཅེས་གསུང་ངོ་།། །།"

20

1 ༡་ །ཡང་ངས་ནམ་མཁའ་ནས་ཕྱག་ཏུ་དོང་གི་ལྡེ་མིག་དང་ལྕགས་སྒྲོག་ཆེན་པོ་བསྣམས་པའི་ཨ༷ན་ཇལ་ཞིག་འབབ་པ་མཐོང་བྱུང་།"

2 ༢་ ཁོང་གིས་བདུད་ས༷་ཏན་ཡིན་པ་འབྲུག་གམ་སྦྲུལ་རྒན་དེ་བཟུང་ནས། ལོ་སྟོང་གཅིག་གི་ཕྱིར་བཅིངས་ནས།"

3 ༣་ ལོ་སྟོང་དེ་མ་རྫོགས་པའི་བར་དུ་དེས་མི་བརྒྱུད་རྣམས་སླར་ཡང་མི་བསླུ་བའི་ཕྱིར་དོང་ནང་བསྐྱུར་ནས་ཁ་བརྒྱབས་ཏེ། དེ་ལ་ཕྱག་ཐམ་བརྒྱབས་སོ། །དེའི་རྗེས་སུ་ཅུང་ཟད་ཅིག་སྒྲོལ་བར་འགྱུརོ།"

4 ༤་ །ཡང་ངས་ཁྲི་དང་དེའི་ཐོག་ཏུ་ཞལ་ཆེ་གཅོད་པའི་དབང་ཐོབ་པ་རྣམས་འཁོད་ཡོད་པ་མཐོང་བ་མ་ཟད། གཅན་ཟན་དེ་དང་དེའི་འདྲ་སྐུ་ལ་ཕྱག་མ་བཙལ་བར། དཔྲལ་བ་དང་ལག་པ་ལ་རྟགས་ཀྱང་མ་བླངས་པར། ཡེ་ཤུའི་དཔང་པོ་དང་། ཨེ་ལོ་ཧིམ་གྱི་བཀའི་དོན་དུ་སྐེ་བཏང་བ་རྣམས་ཀྱི་སེམས་ཉིད་རྣམས་མཐོང་བྱུང་། དེ་རྣམས་གསོན་པོར་གྱུར་ནས། ལོ་སྟོང་གཅིག་གི་བར་དུ་མ་ཤི་ཀ་དང་མཉམ་དུ་རྒྱལ་སྲིད་བསྐྱངས་སོ།"

5 ༥་ །འདི་ནི་གཤིན་པོ་ལང་བ་དང་པོ་དེ་ཡིན་ཞིང་། ལོ་སྟོང་དེ་མ་རྫོགས་པའི་བར་དུ་གཤིན་པོ་གཞན་རྣམས་གསོན་པོར་མ་གྱུར་ཏོ།"

6 ༦་ །ལང་བ་དང་པོའི་སྐལ་བ་ལྡན་པ་རྣམས་བདེ་ལེགས་ཤིང་དམ་པའོ། །དེ་རྣམས་ལ་འཆི་བ་གཉིས་པས་མི་དབང་ཞིང་། ཨེ་ལོ་ཧིམ་དང་མ་ཤི་ཀའི་ལེ༷་ཝི་པ་རྣམས་ལ་འགྱུར་ཞིང་། ལོ་སྟོང་གཅིག་གི་བར་དུ་ཁོང་མཉམ་རྒྱལ་སྲིད་སྐྱོང་བར་འགྱུར་རོ།།"

7 ༧་ །ལོ་སྟོང་དེ་རྫོགས་པ་དང་ས༷་ཏན་བཙོན་ལས་བསྒྲལ་ནས།"

8 ༨་ ས་གཞིའི་ཕྱོགས་བཞི་རུ་གནས་པའི་མི་བརྒྱུད་རྣམས་སམ། གོ༷ག་དང་མ༷་གོག་བསླུས་ནས་འཐབ་མོའི་ཕྱིར་བསྡུ་བར་འགྱུར། དེ་རྣམས་ཀྱི་གྲངས་རྒྱ་མཚོའི་བྱེ་མ་དང་འདྲའོ།"

9 ༩་ །དེ་རྣམས་ཡངས་པའི་ས་གཞི་ལ་ཁྱབ་སྟེ། དམ་པ་རྣམས་ཀྱི་དམག་སྒར་དང་རྒྱལ་ས་གཅེས་པ་ལ་དམག་སྐོར་བཏང་བ་དང་། ནམ་མཁའ་ནས་མེ་བབས་ནས་དེ་རྣམས་སྲེག་ཅིང་།"

10 ༡༠་ གཅན་ཟན་དེ་དང་ཕ༷་རོ་པེ་ཏེ་པ་རྫུས་མ་ཡོད་པའི་མེ་དང་མུ་ཟིའི་མཚོའི་ནང་དུ་དེ་རྣམས་བསླུས་པའི་ས༷་ཏན་ཀྱང་བསྐྱུར་ཏོ། །འདི་རྣམས་ཉིན་མཚན་མེད་པར་དུས་རྒྱུན་དུ་མནར་བར་འགྱུར་རོ།།"

11 ༡༡་ །དེ་ནས་ངས་རྒྱལ་ཁྲི་དཀར་པོ་ཆེན་པོ་ཞིག་དང་དེའི་སྟེང་དུ་བཞུགས་པ་ཁོང་མཇལ་བྱུང་། ཁོང་གི་ཞལ་ངོ་ནས་གནམ་ས་བྲོས་ཤིང་གང་དུའང་གནས་ས་མ་ཐོབ་བོ།"

12 ༡༢་ །བཞུགས་ཁྲིའི་དྲུང་དུ་གཤིན་པོ་ཆེ་ཆུང་ཐམས་ཅད་ལངས་ཡོད་ཅིང་། དེབ་རྣམས་ཕྱེ་བར་མཐོང་། དེ་ནས་ཚེའི་དེབ་ཡང་ཕྱེས། གཤིན་པོ་རྣམས་ཀྱི་ཞལ་ཆེ་དེབ་ནང་བྲིས་ཡོད་པ་ལྟར་བཅད།"

13 ༡༣་ རྒྱ་མཚོས་དེ་ནང་ཡོད་པའི་གཤིན་པོ་རྣམས་དང་། འཆི་བ་དང་གཤིན་ཡུལ་གྱིས་དེ་ནང་ཡོད་པའི་གཤིན་པོ་རྣམས་ཀྱང་བཏང་། རེ་རེའི་ལས་དང་བསྟུན་ཏེ་ཞལ་ཆེ་བཅད་དོ།"

14 ༡༤་ །དེ་ནས་འཆི་བ་དང་གཤིན་ཡུལ་མེའི་མཚོའི་ནང་བསྐྱུར་ཏོ། །མེའི་མཚོ་འདི་ནི་འཆི་བ་གཉིས་པ་དེ་ཡིན།"

15 ༡༥་ ཚེའི་དེབ་ནང་མིང་བྲིས་མེད་པ་རྣམས་མེའི་མཚོའི་ནང་བསྐྱུར་ཏོ།། །།"

21

1 ༡་ །སྔོན་གྱི་གནམ་དང་ས་འདས་ནས། རྒྱ་མཚོའང་མ་ལུས་པས། ངས་གནམ་དང་ས་གསར་པ་ཞིག་མཐོང་བྱུང་།"

2 ༢་ དེ་ནས་ངས་གྲོང་ཁྱེར་དམ་པ་ཡེ༷་རུ་ཤ་ལེམ་གསར་པ་མག་པའི་ཕྱིར་རྒྱན་གྱིས་བརྒྱན་ཏེ་གཟབ་པའི་བག་མ་དང་འདྲ་བར་ནམ་མཁའ་ལས་ཨེ་ལོ་ཧིམ་གྱི་སྤྱན་སྔ་ནས་འབབ་པ་མཐོང་བྱུང་།"

3 ༣་ རྒྱལ་ཁྲི་ལས་གསུང་སྐད་ཆེན་པོ་ཞིག་གིས། ད་ཨེ་ལོ་ཧིམ་གྱི་བཞུགས་གནས་མི་རྣམས་དང་མཉམ་དུ་ཡིན་ཏེ། ཨེ་ལོ་ཧིམ་མི་དང་མཉམ་དུ་བཞུགས་པས། དེ་རྣམས་ཁོང་གི་མི་སྡེ་ལ་འགྱུར་ཞིང་ཨེ་ལོ་ཧིམ་ཁོང་ཉིད་དེ་རྣམས་དང་མཉམ་དུ་བཞུགས་པར་འགྱུར་རོ།"

4 ༤་ །ཁོང་གིས་དེ་རྣམས་ཀྱི་མིག་གི་མཆི་མ་ཐམས་ཅད་འཕྱི་བར་མཛད་དེ། སྔན་ཆད་འདས་པས། ཕྱིན་ཆད་འཆི་བ་དང་། མྱ་ངན་དང་། ངུ་འབོད་དང་། ཟུག་གཟེར་མེད་པར་འགྱུར་ཞེས་གསུང་བ་ངས་ཐོས་བྱུང་། "

5 ༥་ རྒྱལ་ཁྲི་ལ་བཞུགས་མཁན་གྱིས་ངས་ཐམས་ཅད་གསར་པ་མཛད་དོ་གསུངས་ཏེ་ང་ལ། བཀའ་འདི་བསླུ་མེད་བདེན་པ་ལགས་པས་བྲིས་ཤིག"

6 ༦་ །བསྒྲུབས་སོ། ང་ནི་ཨ༷ལ་པ་དང་འོ༷་མེ་ག ཐོག་མ་དང་མཐའ་མ་ཡིན། སྐོམ་མཁན་རྣམས་ངས་ཚེའི་ཆུ་མིག་ལས་ངོམ་པར་བྱ་ཞིང་།"

7 ༧་ འདི་ནི་རྒྱལ་བ་རྣམས་ཀྱི་སྐལ་བར་འགྱུར་ཞིང་། ང་དེ་རྣམས་ཀྱི་ཨེ་ལོ་ཧིམ་དང་དེ་རྣམས་ངའི་སྲས་སུ་འགྱུར་བར་འགྱུར།"

8 ༨་ འོན་ཀྱང་སྙིང་ཆུང་ངུ་དང་། དད་མེད་དང་། དམེ་བ་དང་། མི་བསད་དང་། གཡེམ་པོ་དང་། སྔགས་པ་དང་། སྐུ་འདྲ་ལ་རྟེན་མཁན་དང་། རྫུན་སྨྲ་མཁན་རྣམས་ཀྱི་སྐལ་བ་ནི་འཆི་བ་གཉིས་པ་ཡིན་པའི་མེ་དང་མུ་ཟིའི་མཚོའི་ནང་ཡོད་དོ། །ཞེས་གསུངས་སོ།།"

9 ༩་ །མཐའ་མའི་ནད་ཡམས་བདུན་གྱིས་གང་བའི་ཕོར་པ་བདུན་ཡོད་པའི་ཨ༷ན་ཇལ་བདུན་གྱི་ནང་ནས་གཅིག་གིས་ང་ལ། ཤོག །ངས་ཁྱོད་ལ་བག་མའམ་ལུག་གུའི་ལྕམ་མོ་སྟོན་པར་བྱའོ་གསུངས་ནས།"

10 ༡༠་ ང་རུ་ཨག་གྱི་སྒོ་ནས་རི་མཐོན་པོ་ཞིག་ལ་འཁྲིད་པ་དང་། གྲོང་ཁྱེར་དམ་པ་ཡེ༷་རུ་ཤ་ལེམ་ནམ་མཁའ་ལས་ཨེ་ལོ་ཧིམ་གྱི་སྤྱན་སྔ་ནས་འབབ་པ་བསྟན་བྱུང་།"

11 ༡༡་ དེ་ནི་ཨེ་ལོ་ཧིམ་གྱི་དཔལ་དང་ལྡན་ཞིང་། དེའི་བཀྲག་མདངས་དྭངས་ཤེལ་ལྟར་དྭངས་པའི་ནོར་བུ་རིན་པོ་ཆེ་དང་འདྲའོ།"

12 ༡༢་ །ལྕགས་རི་ཆེན་པོ་མཐོན་པོ་ཞིག་འདུག་སྟེ། དེ་ལ་རྒྱལ་སྒོ་བཅུ་གཉིས་དང་། རེ་རེ་ལ་ཨ༷ན་ཇལ་རེ་དང་། སྟེང་དུ་ཡི༷ས་ར་ཨེལ་པའི་སྡེ་བཅུ་གཉིས་ཀྱི་མིང་བྲིས་ཡོད་དོ།"

13 ༡༣་ །ཤར་ཕྱོགས་སུ་རྒྱལ་སྒོ་གསུམ་དང་། བྱང་ཕྱོགས་སུ་རྒྱལ་སྒོ་གསུམ་དང་། ལྷོ་ཕྱོགས་སུ་རྒྱལ་སྒོ་གསུམ་དང་། ནུབ་ཕྱོགས་སུ་རྒྱལ་སྒོ་གསུམ་མོ།"

14 ༡༤་ །གྲོང་ཁྱེར་གྱི་ལྕགས་རི་ལ་རྩིག་རྨང་བཅུ་གཉིས་འདུག་སྡེ། དེ་རྣམས་ཀྱི་ཁར་ལུག་གུའི་ཨ༷་པོ་ཏོ་ལོ་པ་བཅུ་གཉིས་ཀྱི་མཚན་བཅུ་གཉིས་བྲིས་ཡོད་དོ།"

15 ༡༥་ །ང་དང་གསུང་གླེངས་མཛད་པའི་ཨ༷ན་ཇལ་ལ་གྲོང་ཁྱེར་དང་། དེའི་རྒྱལ་སྒོ་རྣམས་དང་། ལྕགས་རི་གཞལ་བའི་ཕྱིར་གསེར་གྱི་དབྱུག་པ་ཡོད་དོ།"

16 ༡༦་ །གྲོང་ཁྱེར་གྲུ་བཞི་ཡིན་ཏེ་རིང་དང་ཞེང་འདྲའོ། །ཁོང་གི་དབྱུག་པ་དེ་མཉམ་གྲོང་ཁྱེར་ཚད་བཅལ་ནས་རྒྱང་གྲགས་བཅུ་གཉིས་ཐོན་ཏོ། དེའི་ཞེང་རིང་དང་མཐོ་ཁྱད་འདྲའོ།"

17 ༡༧་ །ལྕགས་རིའང་བཅལ་ནས་ཨ༷ན་ཇལ་གྱི་ཁྲུ་དོན་དུ་མིའི་ཁྲུ་བརྒྱ་དང་ཞེ་བཞི་ཐོན་ཏོ།"

18 ༡༨་ །ལྕགས་རི་ནོར་བུ་ལས་ཡིན་ཏེ་གྲོང་ཁྱེར་ནི་དྭངས་ཤེལ་ལྟར་གསལ་ཞིང་གསེར་བཙོ་མའོ།"

19 ༡༩་ །གྲོང་ཁྱེར་གྱི་ལྕགས་རིའི་རྩིག་རྨང་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་ནོ། །རྩིག་རྨང་དང་པོ་ནོར་བུ། གཉིས་པ་བེདུ་རུ་། གསུམ་པ་མུ་མེན། བཞི་པ་མ་རྒད།"

20 ༢༠་ ལྔ་པ་ནི་མཆོང་། དྲུག་པད་མ་ར་ཀ བདུན་པ་སུན་ནྷ་རི། བརྒྱད་པ་གཡུ། དགུ་པ་ཕུག་རྫ། བཅུ་པ་ཕ་ལམ་སེར་པོ། བཅུ་གཅིག་པ་དབང་སྔོན། བཅུ་གཉིས་པ་བིའན་གན་ཨིའོ།"

21 ༢༡་ རྒྱལ་སྒོ་བཅུ་གཉིས་ནི་མུ་ཏིག་བཅུ་གཉིས་ལས་ཡིན་ཏེ། རྒྱལ་སྒོ་རེ་རེ་མུ་ཏིག་གཅིག་ལས་བཟོས་པའོ། །གྲོང་ཁྱེར་གྱི་ལམ་སྲང་རྣམས་ཕྱི་གསལ་ནང་གསལ་མཐོང་བའི་ཤེལ་ལྟ་བུའི་གསེར་བཙོ་མ་ཡིན་ནོ།"

22 ༢༢་ །ངས་དེའི་ནང་ན་སྨོན་ལམ་ཁང་མ་མཐོང་ངོ་། །དེའི་སྨོན་ལམ་ཁང་ནི་ཀྱུ་རི་བོ་ཨེ་ལོ་ཧིམ་ཀུན་དབང་དང་ལུག་གུ་ཡིན་ནོ།"

23 ༢༣་ །གྲོང་ཁྱེར་དེ་ལ་ཨེ་ལོ་ཧིམ་གྱི་གཟི་བརྗིད་ཀྱི་འོད་སྤྲོས་ཏེ། ལུག་གུ་ནི་དེའི་སྣང་གསལ་ལགས་པས། ཉི་མ་དང་ཟླ་བའི་དགོས་པ་མེད་དོ།"

24 ༢༤་ །དེའི་འོད་ལ་མི་བརྒྱུད་རྣམས་འགྲུལ་ཞིང་། སའི་རྒྱལ་པོ་རྣམས་ཀྱིས་རང་གི་དཔལ་བརྗིད་དེར་འཁྱེར་འོང་བར་འགྱུར།"

25 ༢༥་ ཉིན་མོར་རྒྱལ་སྒོ་མི་རྒྱབ་ཅིང་། དེར་མཚན་མོ་མེད་དོ།"

26 ༢༦་ །མི་བརྒྱུད་རྣམས་ཀྱི་དཔལ་བརྗིད་དང་ཞེ་ས་དེར་འཁྱེར་འོང་བར་འགྱུར།"

27 ༢༧་ ལུག་གུའི་ཚེའི་དེབ་ནང་མིང་བྲིས་པ་རྣམས་མ་གཏོགས་པར། མི་གཙང་བའམ། ལོག་སྤྱོད་དང་རྫུན་སྨྲ་མཁན་སུའང་དེའི་ནང་ཆུད་པར་མི་འགྱུར་རོ།། །།"

22

1 ༡་ དེ་ནས་ཁོང་གིས་ང་ལ་ཚེའི་ཆུའི་གཙང་པོ་བསྟན་ཅིང་། དེ་ནི་དྭངས་ཤེལ་ལྟར་དྭངས་ཤིང་། ཨེ་ལོ་ཧིམ་དང་ལུག་གུའི་ཁྲི་ལས་བྱུང་སྟེ།"

2 ༢་ གྲོང་ཁྱེར་གྱི་ཁྲོམ་ལམ་གྱི་སྐྱིལ་ནས་འབྲུབ་ཅིང་། གཙང་པོའི་ཕར་ཚུར་དུ་སྟོན་ཐོག་བཅུ་གཉིས་སྨིན་པའི་ཚེའི་ཤིང་ཡོད་དེ། ཟླ་བ་རེ་བཞིན་ཤིང་ཏོག་སྐྱེད་དོ། །ཤིང་དེའི་ལོ་མ་མི་བརྒྱུད་རྣམས་ཀྱི་ནད་ལ་ཕན་ནོ།"

3 ༣་ །དེར་ཨེ་ལོ་ཧིམ་དང་ལུག་གུའི་བཞུགས་ཁྲི་ཡོད་དེ། ཁོང་གི་འབངས་རྣམས་ཀྱིས་བསྙེན་བཀུར་བྱེད་པ་ལས། ཕྱིན་ཆད་དམོད་པར་ཕོག་བ་མི་འབྱུང་ངོ་།"

4 ༤་ །དེ་རྣམས་ཀྱིས་ཁོང་གི་ཞལ་མཇལ་ཞིང་ཁོང་གི་མཚན་དེ་རྣམས་ཀྱི་དཔྲལ་བ་ལ་ཡོད་པར་འགྱུར།"

5 ༥་ མཚན་མོ་མེད་ཅིང་། ཀྱུ་རི་བོ་ཨེ་ལོ་ཧིམ་དེ་རྣམས་ཀྱི་འོད་ལགས་པས། སྣང་གསལ་ལམ་ཉི་ མའི་འོད་མི་དགོས་པར་དེ་རྣམས་ཀྱིས་དུས་རྒྱུན་དུ་སྲིད་བྱེད་པར་འགྱུར་རོ།།"

6 ༦་ །ཡང་ཨ༷ན་ཇལ་གྱིས་ང་ལ། བཀའ་འདི་བསླུ་མེད་དང་བདེན་པ་ལགས་ཏེ། ཕ༷་རོ་པེ་ཏེ་པ་རྣམས་ཀྱི་རུ་ཨག་གི་ཨེ་ལོ་ཧིམ་ལགས་པའི་ཀྱུ་རི་བོས། མྱུར་དུ་འབྱུང་བར་དགོས་པའི་བྱ་བ་རྣམས་ཁོང་གི་ཞབས་ཕྱི་རྣམས་ལ་སྟོན་པའི་ཕྱིར་ཉིད་ཀྱི་ཨ༷ན་ཇལ་བརྫངས་པ་ཡིན།"

7 ༧་ ང་མྱུར་དུ་འབྱོན་འོང་བས། བྲིས་པ་འདིའི་ལུང་བསྟན་རྣམས་སྲུང་བ་དེ་བདེ་ལེགས་སོ་ཞེས་གསུངས་སོ།"

8 ༨་ །བྱ་བ་འདི་རྣམས་ཐོས་ཤིང་མཐོང་མཁན་ནི་ང་ཡོ༷་ཧ་ནན་ཡིན་ནོ། །ངས་དེ་ཐོས་ཤིང་མཐོང་ནས་བྱ་བ་འདི་རྣམས་བསྟན་པའི་ཨ༷ན་ཇལ་དེའི་ཞབས་དྲུང་དུ་པུས་མོ་ས་ལ་འཛུགས་བའི་ཕྱིར་ལུས་ས་ལ་བརྡབས་པས།"

9 ༩་ ཁོང་གི་ང་ལ། དེ་མ་བྱེད་ཅིག །ངའང་ཁྱོད་དང་ཁྱོད་ཀྱི་སྤུན་ཕ༷་རོ་པེ་ཏེ་པ་རྣམས་དང་བྲིས་པ་འདིའི་བཀའ་སྲུང་མཁན་རྣམས་དང་མཉམ་དུ་གཡོག་གྲོགས་ཤིག་ཡིན་པས། ཨེ་ལོ་ཧིམ་ལ་བསྙེན་བཀུར་མཛོད་ཞིག"

10 ༡༠་ །དུས་ཉེ་བས། བྲིས་པ་འདིའི་ལུང་དུ་བསྟན་པ་རྣམས་མ་གསང་ཞིག"

11 ༡༡་ །ངན་པ་ལ་ད་རུང་ཡང་ངན་པ་བྱེད་དུ་ཆུག །མི་གཙང་བ་ལ་ད་རུང་ཡང་མི་གཙང་བ་བྱེད་དུ་ཆུག །དྲང་པོ་ནི་དྲང་པོ་དང་། དམ་པ་ནི་དམ་པར་ལུས་སུ་ཆུག"

12 ༡༢་ །ང་མྱུར་དུ་འབྱོན་འོང་། རེ་རེའི་ལས་དང་བསྟུན་ཏེ་ལན་འཇལ་བའི་ཕྱིར་རྔན་པ་འཁྱེར་འོང་ངོ་།"

13 ༡༣་ །ང་ནི་ཨ༷ལ་པ་དང་འོ༷་མེ་ག་དང་པོ་དང་མཇུག་མ། ཐོག་མ་དང་མཐའ་མ་ཡིན།"

14 ༡༤་ རང་གི་གོས་འཁྲུད་མཁན་རྣམས་བདེའོ། །དེ་རྣམས་ཚེའི་ཤིང་གི་དྲུང་དང་གྲོང་ཁྱེར་གྱི་རྒྱལ་སྒོ་ལས་འཇུག་ཏུ་རུང་ངོ་།"

15 ༡༥་ །ཁྱི་འདྲ་བ་དང་། སྔགས་པ་དང་། གཡེམ་པོ་དང་། མི་བསད་དང་སྐུ་འདྲ་ལ་རྟེན་མཁན་དང་། རྫུན་ལ་དགའ་ཞིང་སྨྲ་མཁན་རྣམས་ཕྱི་རོལ་དུ་ལུས་པར་འགྱུར་རོ།"

16 ༡༦་ །མ་ཤི་ཀ་པ་ཚོགས་རྣམས་ཀྱི་དོན་དུ་དཔང་པོ་བྱེད་པའི་ཕྱིར། ང་ཡེ་ཤུས་ཉིད་ཀྱི་ཨ༷ན་ཇལ་ཁྱོད་ལ་མངགས་པ་ཡིན། ང་ནི་ད༷་བིད་ཀྱི་རྩ་བ་དང་གདུང་བརྒྱུད་དང་། ཐོ་རངས་ཀྱི་སྐར་ཆེན་མདངས་ཅན་དེ་ཡིན་ཞེས་གསུངས་སོ།"

17 ༡༧་ །རུ་ཨག་དང་བག་མས་ཤོག་ཅིག་གསུང་སྟེ། དེ་ཐོས་པ་རྣམས་ཀྱིས་ཀྱང་ཤོག་ཅིག་ཅེས་ཟེར་ཞིག །སྐོམ་པ་རྣམས་ཤོག་ཅིག །ཚེའི་ཆུ་འཐུང་འདོད་པ་རྣམས་ཀྱིས་རིན་མེད་པར་ལེན་ཞིག"

18 ༡༨་ །དེབ་འདིའི་ལུང་དུ་བསྟན་པ་ཐོས་པ་ཐམས་ཅད་ལ་ངས་བརྡ་ལན་གཏོང་བ་འདི་ལྟ་སྟེ། འདི་ལ་སྣོན་པ་བརྒྱབ་ཚད་ལ་ཨེ་ལོ་ཧིམ་གྱིས་དེབ་འདི་ནང་བྲིས་པའི་སྡུག་བསྔལ་རྣམས་སྣོན་པར་འགྱུར།"

19 ༡༩་ དེབ་འདི་ནང་ལུང་དུ་བསྟན་པ་ལས་འཕྲི་ཚད་ལ། ཨེ་ལོ་ཧིམ་གྱི་དེབ་འདི་ནང་བྲིས་པའི་ཚེའི་ཤིང་དང་གྲོང་ཁྱེར་དམ་པའི་སྐལ་བ་ལས་འཕྲི་བར་འགྱུར།"

20 ༢༠་ བྱ་བ་འདི་རྣམས་ལ་དཔང་པོ་མཛད་མཁན་གྱིས། ང་གདོན་མི་ཟ་བར་མྱུར་དུ་འབྱོན་ནོ་ཞེས་གསུང་ངོ་། ཨ༷་མེན། ཀྱུ་རི་བོ་ཡེ་ཤུ་བྱོན་ཞིག"

21 ༢༡་ །ཐམས་ཅད་ཀྱུ་རི་བོ་ཡེ་ཤུའི་ཐུགས་རྗེ་དང་ལྡན་པར་གྱུར་ཅིག ཨ༷་མེན།། །།"

3

1 ༡་ ས༷ར་དེའི་མ་ཤི་ཀ་པ་ཚོགས་ཀྱི་ཕོ་ཉ་ལ་འདི་ལྟར་བྲིས་ཤིག ཨེ་ལོ་ཧིམ་གྱི་རུ་ཨག་བདུན་པོ་དང་སྐར་མ་བདུན་པོ་ཡོད་པ་དེས་འདི་སྐད་དུ། ངས་ཁྱོད་ཀྱི་ལས་མཁྱེན་ནོ། །ཁྱོད་ལ་གསོན་པོའི་མིང་ཡོད་ཀྱང་རོ་ཡིན་ནོ།"

2 ༢་ །ངའི་ཨེ་ལོ་ཧིམ་གྱི་གཟིགས་ངོར་ཁྱེད་ཀྱི་ལས་ཕུལ་དུ་བྱུང་བར་མ་མཐོང་བས། གཉིད་སོད་ལ། འཆི་ཁར་ཡོད་པའི་ལྷག་ལུས་རྣམས་བརྟན་པོ་བྱེས་ཤིག"

3 ༣་ །དེའི་ཕྱིར་ཅི་ཐོབ་པ་དང་ཐོས་པ་དེ་དྲན་ཞིང་སྲུངས་ཤིག །འགྱོད་ཚངས་བྱོས་ཤིག །ཁྱོད་གཉིད་མི་སད་ན། ང་རྐུན་མ་ལྟར་འབྱོན་ཏེ། དུས་ཚོད་གང་ལ་ཁྱོད་ཀྱི་ཐོག་ཏུ་འབྱོན་པ་ཤེས་པར་མི་འགྱུར་རོ།"

4 ༤་ །འོན་ཀྱང་རང་གི་གོས་དྲི་མས་མ་བསྒོས་པའི་མི་ཁ་ཤས་ས༷ར་དི་ན་ཡོད་དེ། དེ་རྣམས་འོས་པ་ཡིན་པས་གོས་དཀར་པོ་གོན་ཏེ་ང་དང་མཉམ་དུ་འགྲོའོ།"

5 ༥་ །རྒྱལ་བ་དེ་ལ་དེ་འདྲའི་གོས་དཀར་པོ་སྐོར་པར་བྱ་སྟེ། ཚེའི་དེབ་ལས་དེའི་མིང་ལ་སེལ་རྒྱབ་པར་མི་བྱ་བར། ངའི་ཡབ་དང་ཨ༷ན་ཇལ་རྣམས་ཀྱི་དྲུང་དུ་དེའི་མིང་ལ་དཔང་པོ་བྱའོ།"

6 ༦་ །རྣ་བ་ཡོད་པ་དེས་རུ་ཨག་གིས་མ་ཤི་ཀ་པ་ཚོགས་ལ་གསུང་བ་དེ་ལ་ཉོན་ཅིག་ཅེས་གསུང་ངོ་།།"

7 ༧་ །ཕི༷་ལ་དེལ་ཕི་ཨའི་མ་ཤི་ཀ་པ་ཚོགས་ཀྱི་ཕོ་ཉ་ལ་འདི་ལྟར་བྲིས་ཤིག །དམ་པ་དང་བདེན་པ་ལགས་དང་། ད༷་བིད་ཀྱི་ལྡེ་མིག་ཡོད་པ་གང་གིས་སྒོ་ཕྱེས་པ་དེ་སུས་ཀྱང་མི་རྒྱབ་ཅིང་། བརྒྱབས་པ་དེ་སུས་ཀྱང་མི་འབྱེད་པ་དེས་འདི་སྐད་དུ།"

8 ༨་ ངས་ཁྱོད་ཀྱི་ལས་རྣམས་མཁྱེན་ནོ། །སུས་ཀྱང་བརྒྱབ་མི་ཐུབ་པའི་སྒོ་ཕྱེས་པ་ཞིག་ཁྱེད་ཀྱི་མདུན་དུ་བཞག་ཡོད། ཁྱོད་སྟོབས་ཞན་བཞིན་དུ་ངའི་བཀའ་ལ་སྲུང་ཞིང་ངའི་མཚན་མ་སྤངས་པ་ངས་མཁྱེན་ནོ།"

9 ༩་ །ཡ༷་ཧུ་ད་པ་ཡིན་ཟེར་ཞིང་མ་ཡིན་པར་རྫུན་སྨྲ་བའི་ས༷་ཏན་ཀྱི་ཚོགས་ཁྱེད་ཚོའི་ལག་ཏུ་གཏང་བར་བྱའོ། །ངས་ཁྱེད་ལ་བྱམས་པ་དེ་ངོ་ཤེས་པའི་ཕྱིར་ཁྱོད་ཀྱི་རྐང་པའི་དྲུང་དུ་པུས་མོ་ས་ལ་འཇུག་པར་བྱའོ།"

10 ༡༠་ །ཁྱོད་ཀྱིས་བཟོད་པ་བྱེད་པའི་ངའི་བཀའ་བསྲུངས་པས། ས་སྟེང་དུ་གནས་པ་རྣམས་ཉམས་སད་པའི་ཕྱིར་འཇིག་རྟེན་ཀུན་ལ་འབབ་འོང་བའི་ཉམས་སད་ཀྱི་ཆུ་ཚོད་ལས་ཁྱེད་སྲུང་བར་བྱའོ།"

11 ༡༡་ ང་མྱུར་དུ་འབྱོན་འོང་བས། སུས་ཀྱང་ཁྱོད་ཀྱི་གཙུག་རྒྱན་མི་འཕྲོག་པའི་ཕྱིར། ཅི་ཡོད་པ་དེ་དམ་དུ་ཟུངས་ཤིག"

12 ༡༢་ །རྒྱལ་བ་དེ་ངའི་ཨེ་ལོ་ཧིམ་གྱི་སྨོན་ལམ་ཁང་གི་ཀ་བ་ཞིག་ཏུ་བྱ་ཞིང་། ནམ་ཡང་ཕྱི་རུ་མི་འགྲོ། །དེའི་ཁར་ངའི་ཨེ་ལོ་ཧིམ་གྱི་མཚན་དང་ངའི་ཨེ་ལོ་ཧིམ་ལས་ནམ་མཁའ་ནས་འབབ་པའི། ངའི་ཨེ་ལོ་ཧིམ་གྱི་གྲོང་ཁྱེར་ཡེ༷་རུ་ཤ་ལེམ་གསར་པའི་མིང་དང་། བདག་ཉིད་ཀྱི་མཚན་གསར་པ་འབྲི་བར་བྱའོ།"

13 ༡༣་ །རྣ་བ་ཡོད་པ་དེས་རུ་ཨག་གིས་མ་ཤི་ཀ་པ་ཚོགས་ལ་གསུང་བ་དེ་ཉོན་ཅིག་ཅེས་གསུང་ངོ་།།"

14 ༡༤་ ལ༷འོ་དི་ཀའི་མ་ཤི་ཀ་པ་ཚོགས་ཀྱི་ཕོ་ཉ་ལ་འདི་ལྟར་བྲིས་ཤིག། །ཨ༷་མེན་དང་། དཔང་པོ་བདེན་པ་དང་དྲང་པོ་དང་། ཨེ་ལོ་ཧིམ་གྱི་བཀོད་པའི་འབྱུང་གནས་ལགས་པས་འདི་སྐད་དུ།"

15 ༡༥་ ཁྱེད་ཀྱི་ལས་རྣམས་ངས་མཁྱེན་ནོ། །ཁྱོད་ནི་ཚ་པོ་མིན་ཅིང་གྲང་མོའང་མིན། ཚ་པོའམ་གྲང་མོ་ཡིན་ན་ཅི་མ་རུང་།"

16 ༡༦ ་ཁྱོད་ཚ་པོའམ་གྲང་མོ་མིན་པའི་དྲོད་འཇམ་ཡིན་པས། ངའི་ཞལ་ནས་འདོར་བར་བྱ།"

17 ༡༧་ ཁྱོད་ཉམས་ཐག་པ་དང་། སྙིང་རྗེའི་གནས་སུ་གྱུར་པ་དང་། དབུལ་འཕོངས་དང་། ལོང་བ་དང་། གཅེར་བུ་ཡིན་པ་མ་ཤེས་པར། ང་ཕྱུག་པོ་ཡིན། འབྱོར་པ་དང་ལྡན། དགོས་པ་ཅི་ཞིག་ཀྱང་མེད་ཅེས་ཟེར་རོ།"

18 ༡༨་ །ཁྱོད་བདེན་པར་ཕྱུག་པོར་འགྱུར་བའི་ཕྱིར་མེའི་ནང་ལྷད་བཏོན་པའི་གསེར་དང་། ཁྱོད་ཀྱི་གཅེར་བུའི་ངོ་ཚ་མི་མངོན་པའི་ཕྱིར་གྱོན་པར་གོས་དཀར་པོ་དང་། ཁྱོད་ཀྱིས་ལེགས་པར་མཐོང་བའི་ཕྱིར་མིག་ལ་བསྐུ་བའི་བྱུག་པ་ང་ལས་ཉོས་ཤིག་ཅེས་ངས་གྲོས་འདེབས་སོ།"

19 ༡༩་ །ངས་བྱམས་པ་རྣམས་ལ་བཀྱོན་ཞིང་འཇུན་པར་ཡང་མཛད་པས། ད་བརྩོན་ཞིང་འགྱོད་ཚངས་བྱོས་ཤིག"

20 ༢༠་ །ངས་སྒོ་རྩར་བཞེངས་ཤིང་སྒོ་བརྡུང་ངོ་། །ངའི་གསུང་སྐད་ཐོས་ནས་སྒོ་འབྱེད་པ་དེའི་ནང་དུ་ཞུགས་ནས་ང་ཁོ་དང་མཉམ་དང་། ཁོ་ང་དང་མཉམ་དུ་དགོངས་ཟས་བཞེས་པར་འགྱུར་རོ།"

21 ༢༡་ །ང་རྣམ་པར་རྒྱལ་ནས་ངའི་ཡབ་དང་མཉམ་དུ་ཁོང་གི་རྒྱལ་ཁྲིར་འཁོད་པ་ལྟར། རྒྱལ་བ་དེ་ང་དང་མཉམ་དུ་ངའི་རྒྱལ་ཁྲིར་འཇོག་པར་བྱའོ།"

22 ༢༢་ །རྣ་བ་ཡོད་པ་དེས་རུ་ཨག་གིས་མ་ཤི་ཀ་པ་ཚོགས་ལ་གསུང་བ་དེ་ཉོན་ཅིག་ཅེས་གསུང་ངོ་།། །།"

4

1 ༡་ །དེའི་རྗེས་སུ་ངས་ཡར་བལྟས་ནས་ནམ་མཁའི་ནང་སྒོ་ཕྱེས་པ་ཞིག་འདུག །སྔར་གྱི་དུང་དང་འདྲ་བའི་གསུང་སྐད་དེས་ང་ལ། ཡར་ཤོག། །འདིའི་རྗེས་སུ་འབྱུང་དགོས་པ་རྣམས་སྟོན་པར་བྱའོ་ཞེས་གསུངས་བྱུང་།"

2 ༢་ དེ་མ་ཐག་ཏུ་ང་རུ་ཨག་གིས་ཁྱབ་ནས། ནམ་མཁར་རྒྱལ་ཁྲི་ཞིག་མཇལ་ཞིང་།"

3 ༣་ དེའི་ཁར་ནོར་བུ་དང་རིན་པོ་ཆེའི་འོད་ཟེར་འདྲ་སྣང་བ་ཞིག་བཞུགས་ཏེ། བཞུགས་ཁྲིའི་ཕྱོགས་བཞིར་མ་རྒད་ཀྱི་འཇའ་ལྟར་སྣང་བའི་འོད་ཀོར་འདུག་སྟེ།"

4 ༤་ དེའི་མཐའ་འཁོར་དུ་ཁྲི་ཉི་ཤུ་རྩ་བཞི་ཡོད་ཅིང་། དེའི་ཐོག་ཏུ་ན་བཟའ་དཀར་པོ་དང་དབུ་ལ་གསེར་གྱི་གཙུག་རྒྱན་གསོལ་བའི་རྒན་པོ་ཉི་ཤུ་རྩ་བཞི་བཞུགས་ཡོད་པ་མཇལ་ལོ།"

5 ༥་ །རྒྱལ་ཁྲི་དེ་ལས་གློག་འཁྱུག་ཅིང་འབྲུག་སྒྲ་འཐོན་ནོ། །རྒྱལ་ཁྲིའི་དྲུང་དུ་ཨེ་ལོ་ཧིམ་གྱི་རུ་ཨག་བདུན་པོ་ཡིན་པའི་མེའི་སྤ་འབར་བདུན་ཡོད་དོ།"

6 ༦་ །རྒྱལ་ཁྲིའི་མདུན་དུ་དྭངས་ཤེལ་འདྲ་བའི་མཚོ་ཡོད་དོ།"

7 ༧་ །རྒྱལ་ཁྲིའི་མཐའ་འཁོར་དུ་ཕྱོགས་བཞིར་རྒྱབ་བདུན་ཐམས་ཅད་མིག་གིས་གང་བའི་སེམས་ཅན་བཞི་ཡོད་དེ། དང་པོ་སེང་གེ་འདྲ་བ། གཉིས་པ་གླང་འདྲ་བ། གསུམ་པ་མི་ཞིག་འདྲ་བ། བཞི་པ་ཁྱུང་ལྡིང་བ་འདྲ་བ་ཡོད་དོ།"

8 ༨་ །སེམས་ཅན་བཞི་པོ་རེ་རེ་ལ་འདབ་ཤོག་དྲུག་དྲུག་ཡོད་དེ་ཕྱི་ནང་གཉིས་པོ་མིག་གིས་གང་ཞིང་། དེ་ཚོས་འདི་སྐད་དུ། སྔར་མཆིས་པ་དང་། ད་ལྟ་བཞུགས་པ་དང་། ཕྱིས་འབྱོན་པའི་ཀུན་དབང་གི་ཀྱུ་རི་བོ་ཨེ་ལོ་ཧིམ་ནི། དམ་པ། དམ་པ། དམ་པ་ལགས་སོ་ཞེས་ཉིན་མཚན་མེད་པར་དབྱངས་ལེན་ནོ།"

9 ༩་ །རྒྱུན་དུ་འཚོ་ཞིང་གཞེས་པའི་རྒྱལ་ཁྲིར་འཁོད་པ་ཁོང་ལ། སེམས་ཅན་རྣམས་ཀྱིས་དཔལ་དང་ཞེ་ས་དང་བསྟོད་བསྔགས་འབུལ་རིམ་གྱིས། "

10 ༡༠་ རྒན་པོ་ཉི་ཤུ་རྩ་བཞིས་རྒྱལ་ཁྲིར་བཞུགས་པ་ཁོང་གི་ཞལ་ངོར་པུས་མོ་ས་ལ་འཛུགས་ཏེ། རྒྱུན་དུ་འཚོ་ཞིང་གཞེས་པ་ལ་བསྙེན་བཀུར་བྱེད་ཅིང་། རྒྱལ་ཁྲིའི་དྲུང་དུ་གཙུག་རྒྱན་རྣམས་བཞག་སྟེ་འདི་སྐད་དུ།"

11 ༡༡་ ཁྱེད་ཀྱིས་ཐམས་ཅད་བཀོད་དེ། ཁྱེད་ཀྱི་ཐུགས་དགོངས་བཞིན་དུ་དེ་རྣམས་ཡོད་དེ་གྲུབ་བོ། །དེའི་ཕྱིར་ང་ཚོའི་ཀྱུ་རི་བོ་དང་ཨེ་ལོ་ཧིམ་ལ་དཔལ་དང་། ཞེ་ས་དང་། མངའ་ཐང་འབུལ་བར་འོས་པ་ལགས་སོ་ཞེས་བརྗོད་དོ།། །།"

5

1 ༡་ །ཡང་ངས་རྒྱལ་ཁྲིར་བཞུགས་པའི་ཕྱག་གཡས་ན་རྒྱབ་མདུན་གཉིས་པོར་བྲིས་པའི་ཤོག་སྒྲིལ་ཕྱག་ཐམ་བདུན་བརྒྱབས་པ་ཞིག་མཐོང་བྱུང་།"

2 ༢་ ཡང་ཨ༷ན་ཇལ་མཐུ་ལྡན་ཞིག་གིས། ཤོག་སྒྲིལ་འདིའི་ཕྱག་ཐམ་གཅོག་ཅིང་འབྱེད་པར་འོས་པ་སུ་ཡོད་ཅེས་འབོད་སྒྲོག་པ་ངས་མཐོང་ངོ་།"

3 ༣་ །ཤོག་སྒྲིལ་དེ་འབྱེད་པའམ་དེ་ལ་བལྟ་ཐུབ་པ། ནམ་མཁའ་འམ། ས་འམ། ས་འོག་ན་སུའང་མེད་པར།"

4 ༤་ ཤོག་སྒྲིལ་དེ་འབྱེད་པའམ་དེ་ལ་བལྟ་རུ་འོས་པ་སུ་ཡང་མ་ཐོབ་པས་ང་དྲག་ཏུ་ངུས་པ་ཡིན།"

5 ༥་ དེ་ནས་རྒན་པོ་གཅིག་གིས་ང་ལ། མ་ངུ་ཞིག །ཡུ༷་དའི་སྡེའི་སེང་གེ་ད༷་བིད་ཀྱི་རྩ་བ་ལགས་པ་རྣམ་པར་རྒྱལ་བས། ཤོག་སྒྲིལ་དེའི་ཕྱག་ཐམ་བདུན་གཅོག་ཅིང་འབྱེད་པར་ནུས་སོ་ཞེས་གསུང་བ་དང་།"

6 ༦་ རྒྱལ་ཁྲི་དང་སེམས་ཅན་བཞི་པོ་དང་། རྒན་པོ་རྣམས་ཀྱི་དཀྱིལ་ན་བསད་པའི་རྟགས་དང་ལྡན་པའི་ལུག་གུ་བཞེངས་ཡོད་པ་མཇལ། ཁོང་ལ་ར་ཅོ་བདུན་དང་སྤྱན་བདུན་ཡོད་དེ་ས་གཞི་ཐམས་ཅད་ལ་མངགས་པའི་ཨེ་ལོ་ཧིམ་གྱི་རུ་ཨག་བདུན་པོ་ཡིན་ནོ།"

7 ༧་ །ཁོང་ཕེབས་ནས་རྒྱལ་ཁྲི་ལ་བཞུགས་མཁན་གྱི་ཕྱག་གཡས་ནས་ཤོག་སྒྲིལ་དེ་བཞེས་སོ།"

8 ༨་ །དེ་བཞེས་པའི་ཚེ་སེམས་ཅན་བཞི་པོ་དང་རྒན་པོ་ཉེར་བཞིས་ལུག་གུའི་དྲུང་དུ་ལུས་ས་ལ་བརྡབས་ཤིང་། རེ་རེའི་ཕྱག་ཏུ་པི་ཝང་དང་། སྐྱེས་བུ་དམ་པ་རྣམས་ཀྱི་སྨོན་ལམ་ཡིན་པའི་བདུག་སྤོས་ཀྱིས་གང་བའི་གསེར་གྱི་སྤོས་ཕོར་ཡོད་ཅིང་།"

9 ༩་ མགུར་མ་གསར་པ་ལེན་ཞིང་། ཁྱེད་ནི་ཤོག་སྒྲིལ་བཞེས་པ་དང་དེའི་ཕྱག་ཐམ་རྣམས་གཅོག་ཏུ་འོས་པ་ལགས་སོ། །ཁྱེད་བཀྲོངས་ནས་མི་སྡེ་དང་། སྐད་རིགས་དང་། མི་བརྒྱུད་དང་མི་རིགས་ཐམས་ཅད་ཀྱི་ནང་ནས་མི་རྣམས་ཨེ་ལོ་ཧིམ་གྱི་དོན་དུ་ཉིད་ཀྱི་སྐུ་ཁྲག་གིས་ཉོས་ཏེ།"

10 ༡༠་ དེ་ཚོ་ཨེ་ལོ་ཧིམ་གྱི་ཕྱིར་དུ་རྒྱལ་སྲས་དང་ལེ༷་ཝི་པར་མཛད་ནས། དེ་ཚོས་ས་གཞི་སྐྱོང་བར་འགྱུར་རོ་ཞེས་དབྱངས་བླངས་སོ།"

11 ༡༡་ །ངས་དེར་བལྟས་པ་དང་། རྒྱལ་ཁྲི་དང་སེམས་ཅན་དང་རྒན་པོ་རྣམས་ཀྱི་མཐའ་འཁོར་ན་ཨ༷ན་ཇལ་ཁྲི་འབུམ་མང་པོའི་སྒྲ་ཐོས་བྱུང་།"

12 ༡༢་ དེ་རྣམས་ཀྱིས་སྐད་ཆེན་པོས་བཀྲོངས་པའི་ལུག་གུ་ལ་དབང་དང་། ནོར་དང་། ཡེ་ཤེས་དང་། མཐུ་སྟོབས་དང་། ཞེ་ས་དང་། དཔལ་དང་། བསྟོད་པ་འབུལ་བར་འོས་པ་ལགས་སོ་ཞེས་ཞུས་སོ།"

13 ༡༣་ །ཡང་ནམ་མཁའ་དང་། ས་དང་། ས་འོག་དང་། རྒྱ་མཚོ་ལ་གནས་པའི་བཀོད་པ་ཐམས་ཅད་ཀྱིས། རྒྱལ་ཁྲིར་བཞུགས་པ་ཁོང་དང་ལུག་གུ་ལ་བསྟོད་པ་དང་། ཞེ་ས་དང་། དཔལ་དང་། དབང་དུས་རྒྱུན་ནས་རྒྱུན་དུ་འབུལ་ལོ་ཞེས་ཞུ་བ་ཐོས་ཤིང་།"

14 ༡༤་ སེམས་ཅན་བཞི་པོས་ཨ༷་མེན་ཞེས་བརྗོད་ཅིང་། རྒན་པོ་རྣམས་ཀྱིས་པུས་མོ་ས་ལ་འཛུགས་སོ།། །།"

6

1 ༡་ །ལུག་གུས་ཕྱག་ཐམ་བདུན་པོ་ལས་གཅིག་གཅོག་པར་མཛད་པའི་ཚེ་ངས་བལྟས་པ་ལས། སེམས་ཅན་བཞི་པོ་ལས་གཅིག་གིས་འབྲུག་སྒྲ་ལྟ་བུའི་སྐད་ཀྱིས་ཤོག་ཅེས་གསུང་བ་ཐོས་ནས།"

2 ༢་ རྟ་དཀར་པོ་ཞིག་དང་དེ་ལ་ཞོན་ཡོད་པ་ལ་གཞུ་ཞིག་ཡོད་པ་མཐོང་བྱུང་། དེ་ལ་གཙུག་རྒྱན་ཞིག་གནང་ནས། འཇོམས་པར་བྱེད་ཅིང་འཇོམས་སུ་ཐོན་ནོ།"

3 ༣་ །ཕྱག་ཐམ་གཉིས་པ་དེ་གཅོག་པར་མཛད་པའི་ཚེ། སེམས་ཅན་གཉིས་པས་ཤོག་ཅེས་གསུང་བ་ངས་ཐོས་པ་དང་།"

4 ༤་ རྟ་ཟག་པ་ཞིག་ཐོན་བྱུང་སྟེ། དེ་ལ་ཞོན་ཡོད་པ་ལ་རལ་གྲི་ཆེན་པོ་ཞིག་གནང་སྟེ། མི་རྣམས་གཅིག་གིས་གཅིག་གསོད་ཅིང་ས་གཞི་ལ་ཞི་བདེ་མེད་པར་བྱེད་པ་གནང་ངོ་།"

5 ༥་ །ཕྱག་ཐམ་གསུམ་པ་དེ་གཅོག་པར་མཛད་པའི་ཚེ། སེམས་ཅན་གསུམ་པས་ཤོག་ཅེས་གསུང་བ་ངས་ཐོས་ནས། བལྟས་པ་དང་། རྟ་འོལ་བ་ཞིག་དང་། དེ་ལ་ཞོན་པའི་ལག་ཏུ་སྲང་ཞིག་ཡོད་པ་མཐོང་བྱུང་།"

6 ༦་ སེམས་ཅན་བཞི་པོའི་དཀྱིལ་ནས་འབྱུང་བ་འདྲ་བའི་སྒྲ་ཞིག་གིས། གྲོ་བྲེ་གང་ལ་དི༷་ནར་གཅིག་དང་། འབྲུ་སོ་བ་བྲེ་གསུམ་ལ་དི༷་ནར་གཅིག །འབྲུ་མར་དང་རྒུན་ཆང་ཆུད་ཟོས་ལ་མ་གཏོང་ཞིག །ཅེས་གསུང་བ་ངས་ཐོས་སོ།"

7 ༧་ །ཕྱག་ཐམ་བཞི་པ་དེ་གཅོག་པར་མཛད་པའི་ཚེ། སེམས་ཅན་བཞི་པས་ཤོག་ཅེས་གསུང་བ་ཐོས་ནས། བལྟས་པ་དང་རྟ་རག་པ་ཞིག་མཐོང་བྱུང་། དེ་ལ་ཞོན་པའི་མིང་ལ་གཤིན་རྗེ་སྟེ། གཤིན་ཁམས་དེའི་རྗེས་སུ་འབྲང་ངོ་།"

8 ༨་ །དེ་ལ་ས་གཞིའི་བཞི་ཆར་རལ་གྲི་དང་། མུ་གེ་དང་། རིམས་ནད་དང་། ས་གཞིའི་གཅན་གཟན་གྱི་སྒོ་ནས་གསོད་པར་བྱེད་པའི་དབང་གནང་ངོ་།"

9 ༩་ །ཕྱག་ཐམ་ལྔ་པ་གཅོག་པར་མཛད་པའི་ཚེ། འབུལ་བའི་ཁྲིའི་འོག་ན་ཨེ་ལོ་ཧིམ་གྱི་བཀའ་ལ་རྟེན་ཅིང་དཔང་པོ་བྱས་པའི་རྐྱེན་གྱིས་བསད་པ་རྣམས་ཀྱི་སེམས་ཉིད་མཐོང་བ་དང་།"

10 ༡༠་ དེ་རྣམས་ཀྱིས་སྐད་ཆེན་པོས། ཀྱེ་ཀུན་དབང་། དམ་པ་དང་དྲང་པོ། ས་གཞི་ལ་གནས་པ་རྣམས་ལས། ཞལ་ཆེ་གཅོད་ཅིང་ང་ཚོའི་སྲོག་ལན་ནམ་ཞིག་ལེན་པར་འགྱུར་ཞེས་འབོད་བསྒྲགས་པ་དང་།"

11 ༡༡་ དེ་རྣམས་རེ་རེ་ལ་གོས་དཀར་པོ་རེ་གནང་ནས། ཁྱེད་དང་འདྲ་བར་གསོད་པར་འགྱུར་བའི་ལས་གྲོགས་དང་སྤུན་གྱི་གྲངས་མ་ཚང་བའི་བར་དུ་ཅུང་ཟད་ངལ་སོས་ཤིག་ཅེས་གསུངས་སོ།"

12 ༡༢་ །ཕྱག་ཐམ་དྲུག་པ་དེ་གཅོག་པར་མཛད་པའི་ཚེ། ས་གཡོ་དྲག་པོ་ཞིག་བྱུང་ནས། ཉི་མ་ནི་རེ་སྣམ་ལྟར་ནག་པོ་དང་། ཟླ་བ་ཉ་གང་བ་ཁྲག་ལྟར་གྱུར་པ་མཐོང་བྱུང་།"

13 ༡༣་ ཡང་རླུང་དྲག་པོས་བསྐུལ་ནས་དགུན་དུས་སེ་ཡབ་ཤིང་གི་འབྲས་བུ་ལྷུང་བ་ལྟར་གནམ་ལས་སྐར་མ་རྣམས་ལྷུང་ངོ་།"

14 ༡༤་ །ཤོག་སྒྲིལ་བསྒྲིལ་བ་ལྟར་ནམ་མཁའ་ཡལ་ནས། རི་དང་གླིང་ཐམས་ཅད་གནས་ནས་འཕོས་ཏེ།"

15 ༡༥་ ས་གཞིའི་རྒྱལ་པོ་དང་། མི་ཆེན་དང་། དམག་དཔོན་དང་། ཕྱུག་པོ་དང་། སྟོབས་ཅན་དང་། ཚེ་གཡོག་དང་། ཚེ་གཡོག་མིན་པ་ཐམས་ཅད་ཕུག་པ་དང་རིའི་བྲག་སྐྱིབས་ནང་ཡིབ་ནས།"

16 ༡༦་ རི་དང་བྲག་རྣམས་ལ། ང་ཚོའི་སྟེང་དུ་ལོག་ལ་རྒྱལ་ཁྲི་ལ་བཞུག་པའི་ཞལ་དང་ལུག་གུའི་ཐུགས་ཁྲོ་ལས་ང་ཚོ་སྦ་བར་གྱིས་ཤིག"

17 ༡༧་ །ཁོང་གི་ཐུགས་ཁྲོའི་ཉིན་མོ་ཆེན་པོ་དེ་བསླེབས་པས། སུས་བཟོད་ནུས་པར་བྱ་ཞེས་ཟེར་བ་མཐོང་བྱུང་།། །།"

7

1 ༡་ །དེའི་རྗེས་སུ་ས་གཞིའི་གྲུ་བཞི་རུ་ཨ༷ན་ཇལ་བཞི་འགྲེང་བ་མཐོང་བྱུང་། སའམ་རྒྱ་མཚོ་འམ། སྐྱེ་ཤིང་གང་གི་ཐོག་ཏུའང་རླུང་མི་རྒྱུག་པའི་ཕྱིར། དེ་རྣམས་ཀྱིས་ས་བཞིའི་རླུང་བཞི་པོ་འགེགས་ཡོད་དོ།"

2 ༢་ །ཨེ་ལོ་ཧིམ་གསོན་པོའི་ཕྱག་ཐམ་འཁྱེར་བའི་ཨ༷ན་ཇལ་གཞན་ཞིག་ཤར་ཕྱོགས་ནས་ཡར་འོང་བ་ངས་མཐོང་བྱུང་། དེས་སྐམ་མཚོ་གཉིས་ལ་གནོད་པའི་དབང་ཐོབ་པའི་ཨ༷ན་ཇལ་བཞི་པོ་ལ་སྐད་ཆེན་པོས།"

3 ༣་ ང་ཚོའི་ཨེ་ལོ་ཧིམ་གྱི་ཞབས་ཕྱི་རྣམས་ཀྱི་དཔྲལ་བ་ལ་ཕྱག་ཐམ་མ་རྒྱབ་པའི་བར་དུ། སའམ། རྒྱ་མཚོ་འམ། སྐྱེ་ཤིང་ལ་གནོད་པ་མ་བྱེད་ཅིག་ཅེས་འབོད་བསྒྲགས་སོ།"

4 ༤་ །ཡི༷ས་ར་ཨེལ་གྱི་བུ་བརྒྱུད་ཀྱི་སྡེ་ཐམས་ཅད་ཀྱི་ནང་ནས་ཕྱག་ཐམ་ཕོག་པའི་གྲངས་ཆིག་འབུམ་བཞི་ཁྲི་བཞི་སྟོང་ཡོད་པ་ངས་ཐོས་བྱུང་།"

5 ༥་ ཕྱག་ཐམ་བརྒྱབ་པ་ནི། ཡུ༷་དའི་སྡེ་ལས་སྟོང་བཅུ་གཉིས། རུ༷་བེན་གྱི་སྡེ་ལས་སྟོང་བཅུ་གཉིས། ག༷ད་ཀྱི་སྡེ་ལས་སྟོང་བཅུ་གཉིས།"

6 ༦་ ཡ༷་ཤེར་གྱི་སྡེ་ལས་སྟོང་བཅུ་གཉིས། ན༷བ་ཏ་ལིའི་སྡེ་ལས་སྟོང་བཅུ་གཉིས། མ༷་ན་ཤེའི་སྡེ་ལས་སྟོང་བཅུ་གཉིས།"

7 ༧་ ཤི༷་མོན་གྱི་སྡེ་ལས་སྟོང་བཅུ་གཉིས། ལེ༷་ཝིའི་སྡེ་ལས་སྟོང་བཅུ་གཉིས། ཡི༷་ས་ཀར་གྱི་སྡེ་ལས་སྟོང་བཅུ་གཉིས།"

8 ༨་ ཟ༷་བུ་ལོན་གྱི་སྡེ་ལས་སྟོང་བཅུ་གཉིས། ཡོ༷་སེབ་ཀྱི་སྡེ་ལས་སྟོང་བཅུ་གཉིས། བེ༷ན་ཡ་མིན་གྱི་སྡེ་ལས་སྟོང་བཅུ་གཉིས་སོ།།"

9 ༩་ དེའི་རྗེས་སུ་ངས་བལྟས་པ་དང་། མི་བརྒྱུད་དང་། སྡེ་དང་། མི་རིགས་དང་། སྐད་རིགས་ཐམས་ཅད་ལས་ཡིན་པའི་སུས་ཀྱང་རྩིར་མི་ནུས་པའི་ཚོགས་ཆེན་པོ་ཞིག། གོས་དཀར་པོ་གོན་ཏེ། ཁ་ཟུར་གྱི་ཡལ་ག་ལག་ཏུ་ཐོགས་ཤིང་། རྒྱལ་ཁྲི་དང་ལུག་གུའི་ཞལ་ངོར་ལངས་ནས།"

10 ༡༠་ སྐད་ཆེན་པོས། ཐར་པ་ནི་རྒྱལ་ཁྲིར་བཞུགས་པའི་ང་ཚོའི་ཨེ་ལོ་ཧིམ་དང་ལུག་གུ་ནས་བྱུང་ངོ་ཞེས་འབོད་བསྒྲགས་སོ།"

11 ༡༡་ །ཨ༷ན་ཇལ་ཐམས་ཅད་རྒྱལ་ཁྲི་དང་རྒན་པོ་དང་སེམས་ཅན་བཞི་པོར་འཁོར་ཡོད་པ་དང་། རྒྱལ་ཁྲིའི་མདུན་དུ་ཨེ་ལོ་ཧིམ་ལ་བརྡབ་པུས་མོ་ས་ལ་འཛུགས་ཞིང་།"

12 ༡༢་ ཨ༷་མེན། བསྟོད་པ་དང་། དཔལ་དང་། ཡེ་ཤེས་དང་། བསྟོད་དབྱངས་དང་། ཞེ་ས་དང་། མངའ་ཐང་དང་མཐུ་སྟོབས་ང་ཚོའི་ཨེ་ལོ་ཧིམ་ལ་དུས་རྒྱུན་ནས་རྒྱུན་དུ་འབུལ་ལོ། །ཨ༷་མེན། ཞེས་བརྗོད་དོ།"

13 ༡༣་ །རྒན་པོ་གཅིག་གིས་ང་ལ། གོས་དཀར་པོ་གྱོན་པ་འདི་རྣམས་སུ་ཡིན་གང་ནས་འོངས་གསུངས་པ་དང་ངས།"

14 ༡༤་ ཁྱེད་ཀྱིས་མཁྱེན་ནོ་ཞུས་པས་ཁོང་གིས། འདི་རྣམས་ནི་སྡུག་བསྔལ་དྲག་པོ་ལས་ཐོན་ཏེ། ལུག་གུའི་སྐུ་ཁྲག་གི་ནང་དུ་རང་གི་གོས་བཀྲུས་ནས་དཀར་པོ་བྱས་པ་རྣམས་ཡིན།"

15 ༡༥་ དེའི་ཕྱིར་ཨེ་ལོ་ཧིམ་གྱི་རྒྱལ་ཁྲིའི་དྲུང་དུ་ཡོད་དེ། དེ་རྣམས་ཀྱིས་ཁོང་གི་སྨོན་ལམ་ཁང་ནང་ཉིན་མཚན་མེད་པར་ཁོང་ལ་ཞབས་ཏོག་འབུལ་ལོ། །རྒྱལ་ཁྲི་ལ་བཞུགས་པ་ཁོང་གིས་དེ་རྣམས་ཀྱི་སྟེང་དུ་ཉིད་ཀྱི་གུར་འཕུབ་པར་འགྱུར་རོ།"

16 ༡༦་ །ད་ཕྱིན་ཆད་དེ་རྣམས་ནམ་ཡང་མི་ལྟོགས་ཤིང་མི་སྐོམས། ཉི་མ་དང་ཚ་བ་གང་འཕོག་པར་མི་འགྱུར།"

17 ༡༧་ རྒྱལ་ཁྲིའི་གཞུང་ལ་བཞུགས་པའི་ལུག་གུས་དེ་རྣམས་ཀྱི་རྫི་བོ་མཛད་ཅིང་། མི་ཚེ་རྒྱུན་དུ་པའི་ཆུ་མིག་རྣམས་ཀྱི་རྩར་འཁྲིད་པར་འགྱུར་རོ། །ཨེ་ལོ་ཧིམ་གྱིས་དེ་རྣམས་ཀྱི་མིག་གི་མཆི་མ་འཕྱི་བར་འགྱུར་ཞེས་གསུངས་སོ།། །།"

8

1 ༡་ ཆུ་ཚོད་ཕྱེད་ཙམ་ནམ་མཁའི་ནང་འཇམ་ཐིང་ངེ་བ་ཞིག་བྱུང་ངོ་།"

2 ༢་ །ཡང་ཨེ་ལོ་ཧིམ་གྱི་སྐུ་མདུན་དུ་ལངས་ཏེ་སྡོད་པའི་ཨ༷ན་ཇལ་བདུན་པོར་དུང་བདུན་གནང་བ་ངས་མཐོང་ངོ་།"

3 ༣་ །ཡང་གསེར་གྱི་བདུག་སྤོས་ཕོར་ཐོགས་པའི་ཨ༷ན་ཇལ་གཞན་ཞིག་འོངས་ནས། མཆོད་ཁྲིའི་རྩར་འགྲེང་བ་དང་། དམ་པ་རྣམས་ཀྱི་སྨོན་ལམ་དང་བཅས་རྒྱལ་ཁྲིའི་དྲུང་དུ་ཡོད་པའི་གསེར་གྱི་མཆོད་ཁྲིའི་ཁར་འབུལ་བའི་ཕྱིར། བདུག་སྤོས་མང་པོ་ཐོབ་པ་དང་།"

4 ༤་ ཨ༷ན་ཇལ་གྱི་ཕྱག་ནས་བདུག་སྤོས་ཀྱི་དུ་བ་ནི་དམ་པ་རྣམས་ཀྱི་སྨོན་ལམ་དང་བཅས་པ་ཨེ་ལོ་ཧིམ་གྱི་སྤྱན་སྔར་བསླེབས་སོ།"

5 ༥་ །ཨ༷ན་ཇལ་དེས་བདུག་སྤོས་ཕོར་བླངས་ནས། མཆོད་ཁྲིའི་མེས་བཀང་ནས། ས་ལ་གཏོར་བ་དང་། འབྲུག་སྒྲ་ལྡིར་བ་དང་། གློག་འཁྱུག་པ་དང་། ས་གཡོ་བ་བྱུང་ངོ་།།"

6 ༦་ །དུང་བདུན་ཡོད་པའི་ཨ༷ན་ཇལ་བདུན་པོས་དུང་འབུད་པར་བརྩམས་སོ།"

7 ༧་ །དང་པོ་དེས་དུང་བུས་པ་དང་། ཁྲག་འདྲེས་པའི་སེར་བ་དང་མེ་ས་ལ་ཕབ་ནས། ས་གཞིའི་གསུམ་ཆ་གཅིག་མེས་ཚིག་སྟེ། སྐྱེ་ཤིང་གི་གསུམ་ཆ་གཅིག་ཚིག་ནས། སྔོ་ཐམས་ཅད་ཚིག་གོ"

8 ༨་ །ཨ༷ན་ཇལ་གཉིས་པས་དུང་བུས་པ་དང་། མེ་འབར་བའི་རི་ཆེན་པོ་འདྲ་བ་ཞིག་རྒྱ་མཚོར་ཕངས་ནས། རྒྱ་མཚོའི་གསུམ་ཆ་གཅིག་ཁྲག་ཏུ་གྱུར་ཏེ།"

9 ༩་ རྒྱ་མཚོའི་ནང་ཡོད་པའི་སེམས་ཅན་གསུམ་ཆ་གཅིག་ཤི་སྟེ། གྲུ་རྣམས་ཀྱི་གསུམ་ཆ་གཅིག་བཞིག་གོ"

10 ༡༠་ །ཨ༷ན་ཇལ་གསུམ་པས་དུང་བུས་པ་དང་། སྤ་འབར་ལྟར་འབར་བའི་སྐར་མ་ཆེན་པོ་ཞིག་གཙང་པོ་རྣམས་ཀྱི་གསུམ་ཆ་གཅིག་དང་ཆུ་མིག་རྣམས་ཀྱི་ཐོག་ཏུ་ནམ་མཁའ་ནས་ལྷུང་ངོ་།"

11 ༡༡་ །སྐར་མ་དེའི་མིང་ལ་ཁན་པ་བྱ་སྟེ། ཆུ་རྣམས་ཀྱི་གསུམ་ཆ་གཅིག་ཁན་པ་ལ་གྱུར་ནས་ཆུའི་རོ་ཁ་བར་གྱུར་པའི་རྐྱེན་གྱིས་མི་མང་པོ་ཤིའོ།"

12 ༡༢་ །ཨ༷ན་ཇལ་བཞི་པས་དུང་བུས་པ་དང་། ཉི་མའི་གསུམ་ཆ་གཅིག་དང་། ཟླ་བའི་གསུམ་ཆ་གཅིག་དང་། སྐར་མའི་གསུམ་ཆ་གཅིག་ལ་ཕོག་ནས། དེ་རྣམས་ཀྱི་གསུམ་ཆ་གཅིག་མུན་ནག་ཏུ་གྱུར་ཏེ། ཉིན་མོའི་གསུམ་ཆ་གཅིག་དང་དེ་བཞིན་དུ་མཚན་མོའི་གསུམ་ཆ་གཅིག་ལ་འོད་མ་ཤར་ཏོ།"

13 ༡༣་ །ཡང་ངས་བལྟས་པ་དང་། གནམ་གྱི་དཀྱིལ་ལ་ཁྲུང་ཞིག་ལྡིང་ཞིང་སྐད་ཆེན་པོས། ཨ༷ན་ཇལ་གཞན་གསུམ་གྱིས་དུང་འབུད་པའི་ཚེ། ས་བཞི་ལ་གནས་པ་རྣམས་ལ་སྙིང་རེ་རྗེ། སྙིང་རེ་རྗེ། སྙིང་རེ་རྗེ་ཞེས་ཟེར་བ་ངས་ཐོས་སོ།། །།"

9

1 ༡་ སྐར་མ་ཞིག་གནམ་ནས་ས་ལ་ལྷུང་ཡོད་པ་ངས་མཐོང་ངོ་། །སྐར་མ་དེ་ལ་གཏིང་མཐའ་མེད་པའི་དོང་གི་ལྡེ་མིག་ཐོབ་པ་དང་།"

2 ༢་ དོང་ཕྱེས་པ་ལས། མེ་ཐབ་ཆེན་པོའི་དུ་བ་ལྟ་བུ་ཐོན་ཏེ། ཉི་མ་དང་རླུང་མུན་ནག་ཏུ་གྱུར་ཏོ།"

3 ༣་ །དུ་བ་དེ་ལས་ས་ལ་ཆ་ག་འབུ་རྣམས་བྱུང་སྟེ། ས་གཞིའི་སྡིག་པ་རྭ་ཅན་ལ་ཡོད་པའི་ནུས་པ་ལྟ་བུ་དེ་རྣམས་ལ་ཐོབ་བོ།"

4 ༤་ །ས་ལ་ཡོད་པའི་རྩྭའམ། སྔོའམ། སྐྱེ་ཤིང་ལ་མི་གནོད་པར། དཔྲལ་བ་ལ་ཨེ་ལོ་ཧིམ་གྱི་ཕྱག་ཐམ་མེད་པ་འབའ་ཞིག་ལ་གནོད་ཕྱིར་བསྒོས་ཤིང་།"

5 ༥་ དེའང་དེ་རྣམས་མི་གསོད་པར་ཟླ་བ་ལྔའི་བར་དུ་སྡིག་པ་རྭ་ཅན་གྱིས་མི་ལ་མདུང་རྒྱབ་པ་ལྟ་བུར་མནར་བར་བྱེད་པར་གནང་ངོ་།"

6 ༦་ །དེའི་ཚེ་མི་རྣམས་ཀྱིས་འཆི་བ་འཚོལ་ཡང་མི་ཐོབ་ཅིང་། འཆི་བ་འདོད་ཀྱང་འཆི་བ་ནི་དེ་རྣམས་ལས་འབྲོས་པར་འགྱུར།"

7 ༧་ ཆ་ག་འབུ་དེ་རྣམས་ཀྱི་དབྱིབས་ནི། དམག་གི་ཕྱིར་ཤོགས་པའི་རྟ་འདྲ་ཞིང་། མགོ་ལ་གསེར་གྱི་གཙུག་རྒྱན་ལྟ་བུ་དང་། གདོང་ནི་མི་ལྟ་བུ་ཡོད་དོ།"

8 ༨་ །སྐྲ་ནི་བུད་མེད་ཀྱི་སྐྲ་ལྟ་བུ་དང་། སོ་ནི་སེང་གེའི་སོ་ལྟ་བུའོ།"

9 ༩་ །ཤུན་པ་ནི་ལྕགས་ཀྱི་ཁྲབ་ལྟ་བུ་དང་། ཤོག་པའི་འུར་སྒྲ་ནི་ཕ་རོལ་པོའི་རུ་ཕྱོགས་སུ་ཤིང་རྟ་མང་པོའི་རྟ་རྣམས་རྒྱུག་པའི་དིར་སྒྲ་ལྟ་བུའོ།"

10 ༡༠་ །སྡིག་པ་རྭ་ཅན་དང་འདྲ་བའི་རྔ་མ་དང་མདུང་ཡོད་དེ། རྔ་མའི་ནང་ལ་ཟླ་བ་ལྔའི་བར་དུ་ཟུག་གཟེར་བྱུང་བའི་ཤུགས་ཡོད་དོ།"

11 ༡༡་ །དོང་གི་ཨ༷ན་ཇལ་ནི་དེ་རྣམས་ཀྱི་ཐོག་ཏུ་རྒྱལ་པོ་ཡིན་ཏེ། དེའི་མིང་ལ་ཨི༷བ་རིའི་སྐད་དུ་ཨ༷་བ་དོན་དང་། བོད་སྐད་དུ་འཇིག་བྱེད་ཟེར་རོ།"

12 ༡༢་ །སྡུག་བསྔལ་དང་པོ་དེ་རྫོགས་སོ། །ད་དུང་སྡུག་སྔལ་གཉིས་འབྱུང་བར་འགྱུར་རོ།"

13 ༡༣་ །ཨ༷ན་ཇལ་དྲུག་པས་དུང་བུས་པ་དང་། ཨེ་ལོ་ཧིམ་གྱི་དྲུང་དུ་ཡོད་པའི་གསེར་གྱི་མཆོད་ཁྲིའི་རུ་བ་བཞི་ལས་སྒྲ་ཞིག་གིས།"

14 ༡༤་ དུང་ཡོད་པའི་ཨ༷ན་ཇལ་དྲུག་པ་ལ། གཙང་པོ་ཆེན་པོ་ཡུ༷བ་རད་དུ་བཅིངས་ཡོད་པའི་ཨ༷ན་ཇལ་བཞི་པོ་དེ་ཁྲོལ་ཞིག་ཅེས་གསུང་བ་ངས་ཐོས་སོ།"

15 ༡༥་ །མི་རྣམས་ཀྱི་གསུམ་ཆ་གཅིག་གསོད་པའི་དོན་དུ་ལོ་དང་ཟླ་བ་དང་ཞག་དང་ཆུ་ཚོད་དེའི་ཕྱིར་བཤམས་ཡོད་པའི་ཨ༷ན་ཇལ་བཞི་པོ་བཀྲོལ་ཏོ།"

16 ༡༦་ །རྟ་དམག་རྣམས་ཀྱི་གྲངས་ནི་དུང་ཕྱུར་གཉིས་ཡོད་པ་ངས་ཐོས་སོ།"

17 ༡༧་ །ངས་མཐོང་སྣང་དུ་མཐོང་བའི་རྟ་དང་རྟ་པ་རྣམས་འདི་ལྟ་སྟེ། མིའི་ཁྲབ་ནི་མེ་དང་གནམ་དང་མུ་ཟིའི་མདོག་འདྲ་བ་དང་། རྟ་རྣམས་ཀྱི་མགོ་ནི་སེང་གེའི་མགོ་དང་འདྲ་སྟེ། ཁ་ནས་མེ་དང་དུ་བ་དང་མུ་ཟི་འཐོན་ནོ།"

18 ༡༨་ །མེ་དང་དུ་བ་དང་མུ་ཟིའི་ནད་ཡམས་ཀྱིས་མི་རྣམས་ཀྱི་གསུམ་ཆ་གཅིག་བསད་དོ།"

19 ༡༩་ །རྟ་རྣམས་ཀྱི་སྟོབས་ནི་ཁ་དང་རྔ་མའི་ནང་ཡོད་དེ། རྔ་མ་ནི་མགོ་ཡོད་པའི་སྦྲུལ་དང་འདྲ་ཞིང་དེས་གནོད་འཚེ་གཏོང་ངོ་།"

20 ༢༠་ །ནད་ཡམས་འདིས་ཀྱང་མ་ཤི་བའི་མི་ལྷག་མ་རྣམས་ཀྱིས། འདྲེ་དང་། གསེར་དངུལ་ར་གན་རྡོ་ཤིང་ལ་བཟོས་པའི་མཐོང་ཐོས་འགྲུལ་མི་ཐུབ་པའི་སྐུ་འདྲ་ལ་བསྙེན་བཀུར་བྱེད་ཅིང་། རང་གི་ལག་པའི་ལས་ལས་སེམས་མ་བསྒྱུར་ཏོ།"

21 ༢༡་ །མི་གསོད་པ་དང་། ངན་སྔགས་དང་། ལོག་གཡེམ་དང་། རྐུ་བ་ལས་ཀྱང་འགྱོད་ཚངས་མ་བྱས་སོ།། །།"