1 ༡་ ཨེ་ལོ་ཧིམ་གྱིས་འདས་པའི་དུས་སུ་ཕ༷་རོ་པེ་ཏེ་པ་རྣམས་རྒྱུད་ནས་མེས་པོ་རྣམས་ལ་ཐབས་རྣམ་པ་དུ་མའི་སྒོ་ནས་གསུང་གླེང་མཛད་དེ།"
2 ༢་ མཐའ་མའི་དུས་འདི་ལ་སྲས་རྒྱུད་ནས་ང་ཚོར་གསུང་གླེང་མཛད་དེ། ཁོང་དངོས་པོ་ཐམས་ཅད་ཀྱི་བདག་པོར་བསྐོས། ཁོང་རྒྱུད་ནས་སྲིད་པ་རྣམས་ཀྱང་བཀོད་དོ།"
3 ༣་ །ཁོང་གིས་ཨེ་ལོ་ཧིམ་གི་དཔལ་མངོན་པར་མཛད་ཅིང་། ཨེ་ལོ་ཧིམ་གྱི་དེ་ཁོ་ན་ཉིད་ཀྱི་པར་ལགས་ཏེ། དབང་དང་ལྡན་པའི་བཀས་སྲིད་པ་སྐྱོང་བར་མཛད་དོ། སྡིག་པ་ལ་སྦྱོང་ཐབས་མཛད་ནས། ཀུན་དབང་གི་ཨེ་ལོ་ཧིམ་གྱི་གཟི་བརྗིད་ཀྱི་ཕྱག་གཡས་སུ་བཞུགས་ཏེ།"
4 ༤་ ཨ༷ན་ཇལ་རྣམས་ལས་མཆོག་པའི་མཚན་མངའ་བ་ལྟར། དེ་རྣམས་ལས་ལྷག་པར་མཆོག་པར་ཡང་གྱུར་ཏོ།།"
5 ༥་ །ཁོད་ནི་ང་ཡི་སྲས་ཡིན་ཅིང་། །དེ་རིང་ང་ལ་འཁྲུངས་པ་ཡིན། །ང་ནི་དེ་ཡི་ཡབ་འགྱུར་ཞིང་། །དེ་ངའི་སྲས་སུ་འགྱུར་བར་འགྱུར། ཞེས་ཨེ་ལོ་ཧིམ་གྱིས་ཨ༷ན་ཇལ་སུ་ལའང་མ་གསུངས་སོ།།"
6 ༦་ ཡང་སྔོན་འཁྲུངས་དེ་འཇིག་རྟེན་དུ་སྐྱེལ་བའི་ཚེ། ཁོང་གིས་ཀྱེ་ཨེ་ལོ་ཧིམ་གྱི་ཨ༷ན་ཇལ་ཐམས་ཅད་ཁོང་ལ་བསྙེན་བཀུར་མཛོད་ཞིག་གསུངས་སོ།"
7 ༧་ ཨ༷ན་ཇལ་གྱི་སྐོར་དུ་ཁོང་གིས། ཉིད་ཀྱི་ཨ༷ན་ཇལ་རླུང་ལྟར་དང་། །ཉིད་ཀྱི་ཞབས་ཕྱི་མེ་ལྕེར་མཛད། ཅེས་གསུངས་ཤིང་།"
8 ༨་ སྲས་ཀྱི་སྐོར་ལ། །ཨེ་ལོ་ཧིམ་ཁྱེད་ཀྱི་རྒྱལ་ཁྲི་རྟག་ཏུ་གནས། །ཁྲིམས་དབྱུག་དྲང་པོ་ཁྱེད་སྲིད་ཁྲིམས་དབྱུག་ཡིན།"
9 ༩་ །ཁྱེད་ནི་དྲང་པོར་བྱམས་ཀྱང་ངན་པར་སྡང་། །དེའི་ཕྱིར་ཨེ་ལོ་ཧིམ་ཁྱེད་ཀྱི་ཨེ་ལོ་ཧིམ་གྱིས། །ཁྱེད་ཀྱི་གྲོགས་པོ་རྣམས་ལས་ལྷག་པར་ཁྱེད། །དགའ་སྤྲོའི་སྣུམ་གྱིས་ཁྱེད་ལ་བྱུགས་པར་མཛད། ཅེས་དང་།"
10 ༡༠་ ཀྱུ་རི་བོ་ཁྱེད་ཀྱིས་ཐོག་མར་ས་གཞི་བཀོད། །གནམ་རྣམས་ཁྱེད་ཀྱི་ཕྱག་གིས་མཛད་པ་ཡིན།"
11 ༡༡་ །དེ་རྣམས་འདའ་ཡང་ཁྱེད་ནི་རྟག་ཏུ་བཞུགས། །དེ་རྣམས་ཐམས་ཅད་གོས་ལྟར་རྙིང་པར་འགྱུར།"
12 ༡༢་ །གོས་ལྟར་དུ་ཁྱེད་ཀྱིས་དེ་དག་བསྒྲིལ། །དེ་རྣམས་འཕོ་ཡང་ཁྱེད་ནི་འགྱུར་མེད་དོ། །ཁྱེད་ཀྱི་དགུང་ལོར་མཐའ་མ་མ་མཆིས་སོ། །ཞེས་གསུངས།"
13 ༡༣་ །འོན་ཀྱང་ཨ༷ན་ཇལ་གང་ལའང་། །ང་ཡིས་ཁྱེད་ཀྱི་དགྲ་བོ་རྣམས། །ཁྱེད་ཀྱི་ཞབས་འོག་བཞག་པའི་བར། །ང་ཡི་གཡས་སུ་བཞུགས་མཛོད་ཅིག །ཅེས་མ་གསུངས་སོ།"
14 ༡༤་ ཨ༷ན་ཇལ་ཐམས་ཅད་ནི། ཐར་པ་ཐོབ་པར་འགྱུར་བ་རྣམས་ཀྱི་དོན་དུ་གནང་བའི་གཡོག་བྱེད་པའི་རུ་ཨག་གོ། །།"
1 ༡་ །བཀའ་ཁྲིམས་ནང་འོང་བར་འགྱུར་བའི་བྱ་བ་བཟང་པོ་རྣམས་ཀྱི་གྲིབ་མ་ཞིག་ལས། བདེན་པ་རྣམས་ཀྱི་དབྱིབས་དངོས་མེད་པས། ལོ་ལྟར་དད་འབུལ་བ་དེ་ཀ་རང་འབུལ་བའི་སྒོ་ནས་མཆོད་པ་འབུལ་མཁན་ཕུན་སུམ་ཚོགས་པར་བྱེད་མི་ནུས།"
2 ༢་ དེ་ནུས་པ་ཡིན་ན་མཆོད་པ་འབུལ་མཁན་རྣམས་ལན་གཅིག་རང་ལ་གཙང་བར་གྱུར་ཏེ། སླར་ཤེས་བཟང་གིས་སྡིག་པའི་ནོངས་མི་ཤེས་པས། མཆོད་པའི་རྒྱུན་ནི་ཆད་དགོས་ཏེ།"
3 ༣་ འོན་ཀྱང་ལོ་ལྟར་མཆོད་པ་དེས་སྡིག་པ་ལུས་ཡོད་པར་དྲན་སྐུལ་ལོ།"
4 ༤་ །གླང་དང་རའི་ཁྲག་གིས་སྡིག་པ་སེལ་མི་སྲིད་དོ།"
5 ༥་ །དེའི་ཕྱིར་མ་ཤི་ཀ་འཇིག་རྟེན་དུ་བྱོན་དུས་སུ་ཁོང་གིས་འདི་སྐད་དུ། །དམར་མཆོད་དང་ནི་འབུལ་བར་ཁྱེད་མི་མཉེས། །འོན་ཀྱང་ངའི་ཕྱིར་ལུས་ཤིག་བཤམས་མཛད་དོ།།"
6 ༦་ །སྦྱིན་སྲེག་སྡིག་པའི་མཆོད་པར་ཁྱེད་མ་དགྱེས།"
7 ༧་ །ངའི་སྐོར་ཤོག་སྒྲིལ་ནང་བྲིས་པ་བཞིན། །ཨེ་ལོ་ཧིམ་ཁྱེད་ཀྱི་ཐུགས་དགོངས་སྒྲུབ་པའི་ཕྱིར། །གཟིགས་ཤིག་ང་ནི་འོང་ངོ་ཞེས་ཞུས་སོ། །ཞེས་གསུངས་སོ།"
8 ༨་ །གོང་དུ་དམར་མཆོད་དང་འབུལ་བ་དང་སྦྱིན་སྲེག་དང་སྡིག་པའི་མཆོད་པ་དང་བཀའ་ཁྲིམས་ལྟར་འབུལ་བ་རྣམས་ལ་ཁྱེད་མི་འདོད་མི་དགྱེས་གསུངས་ཏེ།"
9 ༩་ དེའི་རྗེས་སུ་ཁྱེད་ཀྱི་ཐུགས་དགོངས་སྒྲུབ་ཕྱིར་གཟིགས་ཤིག་ང་འོང་ངོ་ཞེས་གསུང་ཞིང་། རྗེས་མ་དེ་གཏན་ལ་འབེབས་པའི་ཕྱིར་སྔ་མ་དེ་མེད་པར་མཛད་དོ།"
10 ༡༠་ །ཐུགས་དགོངས་དེའི་སྒོ་ནས་ཡེ་ཤུ་མ་ཤི་ཀའི་སྐུ་ལུས་ཐེངས་གཅིག་ཏུ་འབུལ་བར་ཕུལ་བའི་སྟབས་ཀྱིས་ང་ཚོ་དམ་པར་གྱུར་པ་ཡིན།"
11 ༡༡་ ལེ༷་ཝི་ཐམས་ཅད་ཀྱིས་ཉིན་རེ་བཞིན་ལས་ཚན་ལ་སྒྲེང་ཞིང་། སྡིག་པ་ནམ་ཡང་སེལ་མི་ཐུབ་པའི་འབུལ་བ་དེ་ཀ་ཡང་ཡང་འབུལ་ལོ།"
12 ༡༢་ །འོན་ཀྱང་མ་ཤི་ཀས་གཏན་གྱི་ཕྱིར་སྡིག་པའི་དམར་མཆོད་གཅིག་ཕུལ་ནས་ཨེ་ལོ་ཧིམ་གྱི་ཕྱག་གཡས་སུ་བཞུགས་ཏེ།"
13 ༡༣་ དགྲ་རྣམས་ཉིད་ཀྱི་ཞབས་སྟེགས་མ་བྱས་པའི་བར་སྒུག་པར་མཛད་དོ།"
14 ༡༤་ །དམ་པར་མཛད་པ་རྣམས་འབུལ་བ་གཅིག་གི་སྒོ་ནས་ཕུན་སུམ་ཚོགས་པར་མཛད།"
15 ༡༥་ དམ་པའི་རུ་ཨག་གི་ཀྱང་ང་ཚོ་ལ་འདི་ལྟར་དཔང་པོ་མཛད་ཅིང་།"
16 ༡༦་ །དེའི་རྗེས་དེ་ཚོར་བྱས་པ་ཡི། །ཞལ་ཆད་འདི་ཡིན་ཀྱུ་རི་བོས་གསུངས། །དེ་ཚོའི་ཡིད་ནང་ངའི་བཀའ་ཁྲིམས། །འཇུག་ཅིང་སྙིང་ནང་འབྲི་བར་བྱ། །ཞེས་གསུངས་པའི་རྗེས་སུ།"
17 ༡༧་ །དེ་ཚོའི་ཉེས་པ་བཟོད་བྱ་ཞིང་། །སྡིག་པའང་ཕྱིན་ཆད་མི་དྲན་ནོ། །གསུངས་སོ།།"
18 ༡༨་ །སྡིག་པ་སེལ་ཟིན་ནས། དེའི་ཕྱིར་དུ་དད་འབུལ་བ་ཕུལ་དགོས་མེད་དོ།།"
19 ༡༩་ །སྤུན་རྣམས། ཡེ་ཤུའི་སྐུ་ཁྲག་གི་ཐབས་ཀྱིས་སྲོག་དང་ལྡན་པའི་ལམ་གསར་པ་ནས་གཙང་ཁང་དུ་འཇུག་པའི་སྤོབས་པ་ཡོད་དེ།"
20 ༢༠་ ཉིད་ཀྱི་སྐུ་ལུས་ཡིན་པའི་ལམ་དེའི་སྒོ་ནས་ང་ཚོའི་ཡོལ་བ་དེ་ཕྱེ་བར་མཛད་དོ།"
21 ༢༡་ །ཨེ་ལོ་ཧིམ་གྱི་གཟིམ་ཁང་སྐྱོང་བའི་ལེ༷་ཝི་ཆེན་ཡོད་པས།"
22 ༢༢་ སེམས་དྲང་པོ་དང་ཡང་དག་པའི་དད་པ་དང་བཅས་མནོང་ཡོད་པའི་སྙིང་ལ་ཆབ་གཏོར་གྱིས་གཙང་སྟེ། ཆུ་གཙང་མས་ལུས་ཁྲུས་ནས་ཨེ་ལོ་ཧིམ་གྱི་དྲང་དུ་འགྲོའོ།"
23 ༢༣་ །ཞལ་ཆད་མཛད་པ་ཁོང་ནི་བསླུ་མེད་ལགས་པས། ང་ཚོའི་རེ་བའི་ལྟ་བ་ལ་མི་འཁྱོར་བར་འཛིན་པར་རིགས་སོ།"
24 ༢༤་ །བྱམས་པ་དང་ལས་བཟང་ལ་འབུངས་ཕྱིར་གཅིག་གིས་གཅིག་ལ་བསྐུལ་བར་བསམ་བློ་ཐོངས་ཤིག།"
25 ༢༥་ །ང་ཚོ་ལྷན་ཅིག་ཏུ་ཚོགས་པ་དེ་ཁ་ཤས་ཀྱིས་སྤོང་བ་ལྟར་མི་སྤོང་བར། ཉིན་མོ་དེ་ཉེ་བར་འོང་བ་མཐོང་བཞིན་ལྷག་པར་ཕན་ཚུན་བསླབ་བྱ་བྱེད་པར་རིགས་སོ།"
26 ༢༦་ །བདེན་པ་རྟོགས་པའི་རྗེས་སུ་ཤེས་བཞིན་བྱས་པའི་སྡིག་པ་ལ། ཡང་སྐྱར་སྡིག་པ་བཤགས་པའི་དམར་མཆོད་མེད་ཅིང་།"
27 ༢༧་ ཞལ་ཆེ་འཇིགས་སུ་རུང་བ་ཞིག་དང་། དགྲ་རྣམས་སྲེག་པའི་མེ་དྲག་པོ་ཞིག་གི་ཉེན་ཡོད་དོ།"
28 ༢༨་ །མོ༷་ཤེའི་བཀའ་ཁྲིམས་ལས་འགལ་བ་ཞིག་ལ་མི་གཉིས་སམ་གསུམ་གྱི་དབང་པོར་བརྟེན་ནས་སྙིང་རྗེ་མེད་པར་གསོད་དོ།"
29 ༢༩་ །ཨེ་ལོ་ཧིམ་གི་སྲས་ལ་རྡོག་རྫིས་བྱས་ཤིང་། རང་དམ་པར་འཛིན་པའི་ཞལ་ཆད་ཀྱི་སྐུ་ཁྲག་དེ་མི་གཙང་བ་བྱས་ནས། ཐུགས་རྗེའི་རུ་ཨག་ལ་ཁྱད་དུ་སད་པའི་མི་ལ་ཆད་པ་ཅི་ཙམ་ལྷག་པ་འཕོག་འོས་པར་བསམ་བློ་ཐོངས་ཤིག།"
30 ༣༠་ །དགྲ་ལན་འཇལ་བ་ངའི་ལས་འགལ་ཡིན་པས། ངས་ལན་འཇལ་ལོ་ཞེས་དང་ཀྱུ་རི་བོས་ཉིད་ཀྱི་མི་སྡེ་ལ་ཞལ་ཆད་གཅོད་པ་འགྱུར་ཞེས་གསུངས་མཁན་ང་ཚོས་ཤེས་སོ།"
31 ༣༡་ །གསོན་པོ་ལགས་པའི་ཨེ་ལོ་ཧིམ་གྱི་ཕྱག་ཏུ་བསླེབ་པ་ནི་འཇིགས་སུ་རུང་བ་ཞིག་གོ།"
32 ༣༢་ །ཁྱེད་ཚོ་འོད་གསལ་དུ་གྱུར་པའི་རྗེས་སུ་སྡུག་བསྔལ་གྱིས་ཤིན་ཏུ་སེམས་འཁྲུགས་པ་བཟོད་པར་བྱས་པའི་དུས་དེ་དྲན་པར་གྱིས་ཤིག"
33 ༣༣་ །དེའི་ཚེ་ཁ་ཅིག་སྨད་པ་དང་འཚེ་བའི་ལྟད་མོར་གྱུར། ཁ་ཅིག་དེ་ལྟ་བུ་མྱང་བ་རྣམས་ཀྱི་མཉམ་འགྲོགས་སུ་གྱུར།"
34 ༣༤་ ཁྱེད་ཚོས་བཙོན་པ་རྣམས་ལ་སྙིང་རྗེ་བྱས། ཡང་ལྷག་པར་བཟང་བ་དང་རྟག་པའི་ནོར་ཡོད་པ་ཤེས་ནས། ཁྱེད་ཚོའི་ནོར་རྫས་གཞན་གྱིས་འཕྲོག་པ་དེ་ཁྱོད་ཚོས་དགའ་བཞིན་ཐེག་གོ"
35 ༣༥་ །དེའི་ཕྱིར་རྔན་པ་ཆེན་པོ་ཡོད་པའི་སྙིང་སྟོབས་དེ་མ་སྤོངས་ཤིག"
36 ༣༦་ །ཨེ་ལོ་ཧིམ་གྱི་དགོངས་པ་སྒྲུབ་པ་དང་། ཞལ་བཞེས་བརྙེད་པའི་ཕྱིར་སྙིང་རུས་དགོས་སོ།།"
37 ༣༧་ །འབྱོན་པར་འགྱུར་བ་མི་འགོར་བར། །མི་རིང་མྱུར་དུ་འབྱོན་པར་འགྱུར།"
38 ༣༨་ །དྲང་པོ་དད་པས་འཚོ་བར་འགྱུར། །སྣུར་བ་དེ་ལ་ང་མི་དགའ། །ཞེས་པ་ལྟར།"
39 ༣༩་ ང་ཚོ་སྟོངས་པར་འགྱུར་དུ་སྣུར་བ་རྣམས་ཀྱི་ནང་ནས་མིན་པར་སྲོག་དང་ལྡན་པའི་དད་ལྡན་རྣམས་ཀྱི་ནང་ནས་ཡིན།། །།"
1 ༡་ །དད་པ་ནི་རེ་བ་བྱས་པའི་དངོས་པོ་རྣམས་ལ་བློ་གདེང་དང་། མིག་གིས་མི་མཐོང་བ་རྣམས་ཉམས་སུ་མྱོང་བ་དེ་ཡིན་ནོ།"
2 ༢་ །དེ་ལ་བརྟེན་ནས་མེས་པོ་རྣམས་ལ་ཨེ་ལོ་ཧིམ་དགྱེས་པ་མངོན་སུམ་དུ་བྱུང་།"
3 ༣་ མིག་གིས་མཐོང་བ་རྣམས་མིག་གིས་མཐོང་བའི་དངོས་པོ་ལས་མ་མཛད་པར། འཇིག་རྟེན་རྣམས་ཨེ་ལོ་ཧིམ་གྱི་བཀས་བཀོད་པ་ཡིན་པ་དད་པའི་སྒོ་ནས་གོའོ།"
4 ༤་ །ཧ༷་བེལ་གྱིས་དད་པའི་སྒོ་ནས་་ཀ༷་ཡིན་ལས་བཟང་བའི་དད་འབུལ་བ་ཨེ་ལོ་ཧིམ་ལ་ཕུལ་བས། དྲང་པོ་ཡིན་པ་མངོན་སུམ་དུ་མཛད་དེ། ཁོའི་དད་འབུལ་བ་བཞེས་ནས་ཁོ་ཤི་ཡང་དད་པའི་སྒོ་ནས་ད་དུང་གཏམ་བྱེད་དོ།"
5 ༥་ །དད་པའི་སྒོ་ནས་ཧ༷་ནོག་གིས་འཆི་བ་མི་མྱོང་བའི་ཕྱིར་ཡར་དྲངས་པ་ཡིན་ཏེ། ཨེ་ལོ་ཧིམ་གྱིས་བཞེས་པས་མི་རྣམས་ལ་མ་ཐོབ་བོ། །ཁོ་ཡར་དྲངས་པའི་སྔོན་དུ་ཨེ་ལོ་ཧིམ་ཐུགས་མཉེས་པ་མངོན་སུམ་དུ་བྱུང་ངོ་།"
6 ༦་ །ཨེ་ལོ་ཧིམ་གྱི་དྲུང་དུ་འོང་འདོད་པ་དེས། ཁོང་མཆིས་པ་དང་། ཁོང་འཚོལ་མཁན་ལ་རྔན་པ་གནང་བ་ལ་དད་པ་བྱེད་དགོས་པས། དད་པ་མེད་པར་ཁོང་དགྱེས་མི་སྲིད་དོ།"
7 ༧་ །དད་པའི་སྒོ་ནས་ནོ༷་ཨས་ད་དུང་མ་མཐོང་བ་རྣམས་ཀྱི་སྐོར་ལ་སྐུལ་མ་བྱུང་བས་འཇིགས་ནས། རང་གི་ཁྱིམ་ཚང་ཐར་བའི་ཕྱིར་གྲུ་གཟིངས་ཤིག་བཟོས་སོ། །དེ་ལྟར་ཁོས་འཇིག་རྟེན་ལ་འགལ་བཀལ་ནས། དད་པ་ལས་འབྱུང་བའི་ཐར་པའི་བརྒྱུད་འཛིན་དུ་གྱུར་ཏོ།"
8 ༨་ །ནོར་སྐལ་དུ་གནང་རྒྱུའི་ས་ཆར་འགྲོ་ཕྱིར་ཨ༷བ་ར་ཧམ་ལ་བོས་པར་མཛད་པའི་ཚེ། གང་དུ་འགྲོ་བ་མི་ཤེས་ཀྱང་དད་པའི་སྒོ་ནས་བཀའ་ལ་ཉན་ཏོ།"
9 ༩་ །དད་པའི་སྒོ་ནས་ཞལ་ཆད་མཛད་པའི་ཡུལ་ནང་རྒྱལ་ཁམས་བསྐོར་མཁན་ལྟར་གནས་ཏེ།"
10 ༡༠་ ཞལ་ཆད་མཉམ་པོར་ཐོབ་པའི་ཨི༷་སཱག་དང་ཡ༷་ཀོབ་མཉམ་དུ་ཨེ་ལོ་ཧིམ་གྱིས་རྩིགས་ཤིང་བཟོས་པའི་རྨང་བརྟན་པོ་ཡོད་པའི་གྲོང་ཁྱེར་ལ་སྒུག་ཅིང་གུར་ནང་གནས་སོ།"
11 ༡༡་ །དད་པའི་སྒོ་ནས་ས༷་ར་ཡིས་ཞལ་ཆད་མཛད་མཁན་བསླུ་མེད་ལགས་པར་ཡིད་ཆེས་པས། ན་སོ་རྒས་ཡོད་ཀྱང་མངལ་དང་ལྡན་པའི་ནུས་པ་བརྙེས་སོ།"
12 ༡༢་ །ལུས་རོ་འདྲ་བ་ཡོད་པའི་མི་གཅིག་ལས་ཆད་པ་ནི་གནམ་གྱི་སྐར་མ་དང་རྒྱ་མཚོའི་འགྲམ་གྱི་བྱེ་མ་ལྟར་གྲངས་མེད་དོ།"
13 ༡༣་ །དེ་ཐམས་ཅད་ལ་གང་ཞལ་ཆད་མཛད་པ་དེ་མ་བརྙེས་ཀྱང་། རིང་པོ་ནས་མཇལ་ཞིང་ཕྱག་བྱས་ཏེ། རང་ས་གཞི་རུ་རྒྱལ་ཁམས་པ་དང་བྱེས་པ་ཡིན་པར་དཔང་པོ་བྱས་ནས་དད་པ་བྱེད་ཅིང་ཤིའོ།"
14 ༡༤་ །དེ་ལྟར་སྨྲ་བའི་མི་ཚོས་ཕ་ཡུལ་ཞིག་འཚོལ་གྱིན་ཡོད་པར་སྟོན་ནོ།"
15 ༡༥་ །ཡུལ་གང་ནས་འབྱུང་བ་དྲན་པ་ཡིན་ན། དེར་ལོག་པའི་སྐབས་ཡོད་པ་ཡིན།"
16 ༡༦་ དེ་རྣམས་ཀྱིས་ནམ་མཁའི་ཡིན་པའི་ཡུལ་ལེགས་པ་ཞིག་འདོད་པ་ལ་བརྟེན་ནས། ཨེ་ལོ་ཧིམ་གྱིས་དེ་རྣམས་ཀྱི་ཕྱིར་གྲོང་ཁྱེར་ཞིག་བཤམས་པས། དེ་ཚོའི་ཨེ་ལོ་ཧིམ་ཅེས་ཞུ་ཡང་ཐུགས་མི་ཁྲེལ་ལོ།"
17 ༡༧་ །ཨ༷བ་ར་ཧམ་གྱི་ཉམས་སད་པའི་ཚེ་ཁོས་དད་པའི་སྒོ་ནས་ཨི༷་སག་དད་འབུལ་བར་ཕུལ་གྲབས་བྱས་སོ།"
18 ༡༨་ །ཞལ་ཆད་ལ་ཡིད་ཆེས་པ་དེས་ཨི༷་སག་ནས་ཁྱོད་ཀྱི་བུ་བརྒྱུད་ཀྱི་མིང་ཐོགས་པར་འགྱུར་རོ་ཞེས་གསུངས་པའི་བུ་གཅིག་པོ་དེ་སྤྱིན་སྲེག་པར་འབུལ་བར་བརྩམས་སོ།"
19 ༡༩་ །ཨེ་ལོ་ཧིམ་གྱིས་གཤིན་པོ་ལས་ཀྱང་གསོན་པོར་སློང་ནུས་ཞེས་ཨ༷བ་ར་ཧམ་གྱིས་སེམས་ཏེ། ཁོང་གིས་བསམ་པ་བཞིན་དུ་ལོག་ཀྱང་ཐོབ་པ་ཡིན་ཏེ་དཔེ་ཞིག་གོ"
20 ༢༠་ དད་པའི་སྒོ་ནས་ཨི༷་སག་གིས་མ་འོངས་པའི་དངོས་པོ་རྣམས་ལ་བལྟས་ཏེ་ཡ༷་ཀོབ་དང་ཨེ༷་སབ་གཉིས་ལ་བྱིན་གྱིས་རླབས་སོ།"
21 ༢༡་ །དད་པའི་སྒོ་ནས་ཡ༷་ཀོབ་ཀྱིས་འཆི་ཁར་ཡོ༷་སེབ་ཀྱི་བུ་རེ་རེ་ལ་བྱིན་གྱིས་རླབས་ཤིང་། འཁར་བའི་ཐོག་ལ་བརྟེན་ཏེ་པུས་མོ་ས་ལ་འཛུགས་སོ།"
22 ༢༢་ །དད་པའི་སྒོ་ནས་ཡོ༷་སེབ་ཀྱིས་ཚེ་འདའ་བར་ཉེ་བ་དང་། ཡ༷་ཧུ་དཱ་པའི་ཐེགས་པའི་ཕྲོས་བྱས་ཏེ་རང་གི་སྤུར་རུས་ཀྱི་སྐོར་དུ་བསླབ་བྱ་བྱས་སོ།"
23 ༢༣་ །དད་པའི་སྒོ་ནས་མོ༷་ཤེ་སྐྱེས་ནས་ཕ་མས་ཕྲུ་གུ་མཛེས་པ་ཞིག་ཡོད་པར་མཐོང་ནས། རྒྱལ་པོའི་བཀའ་ལ་མ་འཇིགས་པར། ཟླ་བ་གསུམ་གྱི་བར་དུ་སྦས་ནས་བཞག་གོ"
24 ༢༤་ །དད་པའི་སྒོ་ནས་མོ༷་ཤེས་ན་ཚོད་ཆེར་ལོན་པ་དང་། མི༷་སེར་གྱི་རྒྱལ་པོའི་བུ་མོའི་བུ་ཟེར་བའི་མིང་སྤངས་ཏེ།"
25 ༢༥་ སྡིག་པའི་ལོངས་སྤྱོད་མི་རྟག་པ་ལས་ཨེ་ལོ་ཧིམ་གྱི་མི་སྡེ་དང་མཉམ་སྡུག་བསྔལ་བཟོད་པར་ལྷག་པར་དགའ་སྟེ།"
26 ༢༦་ བྱ་དགའི་ཉིན་མོ་ལ་རེ་བས། མི༷་སེར་ཡུལ་གྱི་གཏེར་རྣམས་ལས་མ་ཤི་ཀའི་ཆེད་དུ་སྨད་པ་མྱོང་བའི་ནོར་ཆེ་བར་བརྩིས་སོ།"
27 ༢༧་ །དད་པའི་སྒོ་ནས་མིག་གིས་མི་མཇལ་བ་དེ་མཇལ་བ་ལྟར་དུ་བརྟན་པོར་གནས་ཏེ། རྒྱལ་པོའི་ཁྲོ་བ་ལ་མ་འཇིགས་པར་མི༷་སེར་ཡུལ་སྤངས་སོ།"
28 ༢༨་ །དད་པའི་སྒོ་ནས་པེ༷་སག་སྲུང་ཞིང་གཤེད་མས་སྔོན་སྐྱེས་ཀྱི་བུ་རྣམས་ལ་མི་རེག་ཕྱིར་ཁྲག་བྱུགས་སོ།"
29 ༢༩་ །དད་པའི་སྒོ་ནས་ཡ༷་ཧུ་དཱ་པ་རྣམས་ས་སྐམ་ལ་འགྲོ་བ་ལྟར་རྒྱ་མཚོ་དམར་པོ་རྒལ་བ་དང་། མི༷་སེར་པས་ཀྱང་དེ་ལྟར་བརྒལ་བར་བརྩམས་པས་ཆུར་ནུབ་པར་གྱུར་ཏོ།"
30 ༣༠་ །དད་པའི་སྒོ་ནས་ཡེ༷་རི་ཀོའི་ལྕགས་རི་བདུན་སྐོར་བ་བསྐོར་བའི་རྗེས་སུ་བརྡིབས་སོ།"
31 ༣༡་ །དད་པའི་སྒོ་ནས་སྨད་འཚོང་མ་ར༷་ཧབ་ཀྱིས་ལྟ་ཉུལ་པ་རྣམས་འཁྲུག་པ་མི་ལྡང་ཕྱིར་ནང་དུ་བསུས་པས། བཀའ་ལ་མི་ཉན་པ་རྣམས་དང་མཉམ་དུ་མོ་མ་ཤིའོ།"
32 ༣༢་ །ད་ཅི་སྨྲ། གི༷ད་ཡོན་དང་། བ༷་རག་དང་། ཤིམ་སོན་དང་། ཡེ༷བ་ཐ་དང་། ད༷་བིད་དང་། ཤ༷་མུ་ཨེལ་དང་། ཕ༷་རོ་པེ་ཏེ་རྣམས་ཀྱི་གཏམ་བྱེད་པའི་ལོང་མེད་དོ།"
33 ༣༣་ །དད་པའི་སྒོ་ནས་དེ་རྣམས་ཀྱིས་རྒྱལ་ཁམས་བཏུལ། །དྲང་པོའི་བཤགས་བཙུགས། ཞལ་ཆད་བརྙེས། སེང་གེའི་ཁ་བཀག"
34 ༣༤་ །ཁྲོ་བའི་མེ་གསད། རལ་གྲིའི་ཁ་ལས་ཐར། སྟོབས་ཞན་པ་ལས་སྟོབས་ཅན་དུ་གྱུར། དམག་ནང་དཔའ་བོར་གྱུར། ཕ༷་རོལ་གྱི་དམག་དཔུང་འབྲོས་སུ་བཅུག"
35 ༣༥་ །བུད་མེད་རྣམས་ལ་རང་གི་གཤིན་པོ་གསོན་པོར་བསླངས་སུ་ཐོབ། ལ་ལས་ཕྱི་མར་བདེ་བའི་ཕྱིར། སྡུག་བསྔལ་ལས་ཐར་བར་མ་འདོད་པར་མནར་ཏོ།"
36 ༣༦་ །ལ་ལར་སྨད་པ་དང་། རྟ་ལྕག་གིས་རྡུང་བ་མ་ཟད། ལྕགས་སྒྲོག་དང་བཙོན་དུ་འཇུག་པའང་བྱུང་ངོ་།"
37 ༣༧་ །ལ་ལ་རྡོ་རུབ་ལ་བཏང་། ལ་ལ་སོག་ལེས་གཤགས། ལ་ལ་རལ་གྲིས་བསད། ལ་ལ་ར་ལུག་གི་པགས་པ་གོན་ནས་ཕན་ཚུན་རྒྱུ། ལ་ལ་དབུལ་འཕོངས་ཤིང་། སྡུག་བསྔལ་དང་འཚེ་བ་མྱོང་ཞིང་འཁོར་རོ།"
38 ༣༨་ འཇིག་རྟེན་དེར་སྡོད་པའི་འོས་མིན་པས། འབྲོག་སྟོང་དང་རི་དང་། བྲག་ཕུག་དང་། ས་ཁུང་རྣམས་ནང་བསྡད་དོ།"
39 ༣༩་ །ཨེ་ལོ་ཧིམ་གྱིས་ང་ཚོའི་ཕྱིར་དེ་བས་ལེགས་པ་ཞིག་པ་ཞིག་བཤམས་ཡོད་པས།"
40 ༤༠་ ང་ཚོ་དང་ལྷན་ཅིག་ཏུ་དེ་རྣམས་ཕུན་སུམ་ཚོགས་པར་མཛད་པའི་ཕྱིར། དེ་རྣམས་ཀྱི་དད་པའི་སྒོ་ནས་བྱས་པའི་བྱ་བ་རྣམས་ལ་དགྱེས་པ་མངོན་སུམ་དུ་གྱུར་ཀྱང་ཞལ་ཆད་མཛད་པ་དེ་ད་དུང་མ་བརྙེས་སོ།། །།"
1 ༡་ །ང་ཚོར་དཔང་པོའི་སྤྲིན་ཕུང་འདི་ཙམ་གྱིས་བསྐོར་བས། ང་ཚོས་ཀྱང་ཁུར་གང་ཡིན་པ་ཐབས་ཅད་དང་ལས་སླ་མོར་འཁྲིལ་བའི་སྡིག་པ་རྣམས་སྤངས་ཏེ། མགོ་འདྲེན་དང་ང་ཚོའི་དད་པ་རྫོགས་པར་མཛད་པའི་ཡེ་ཤུ་ལ་བལྟ་ཞིང་། རྒྱུག་དགོས་པའི་བང་རྒྱུག་དེ་སྙིང་རུས་ཀྱིས་རྒྱུག་པར་རིགས་སོ།"
2 ༢་ །ཁོང་གིས་ཉིད་ཀྱི་སྤྱན་སྔར་ཡོད་པའི་དགའ་སྤྲོ་དེའི་ཕྱིར་ངོ་ཚ་ལ་མ་འཛེམས་པར་རྒྱང་ཤིང་གི་དཀའ་སྡུག་བཟོད་ཅིང་ཨེ་ལོ་ཧིམ་གྱི་བཞུགས་ཁྲིའི་གཡས་སུ་བཞུགས་སོ།"
3 ༣་ །ཁྱེད་ཚོ་སྐྱོ་ཞིང་སེམས་མི་འཕམ་པའི་ཕྱིར། སྡིག་ཅན་རྣམས་ཀྱིས་དེ་ཙམ་གནོད་པ་བྱས་ཀྱང་ཐུགས་བཟོད་མཛད་པ་ཁོང་ལ་བསམ་བློ་ཐོངས་ཤིག"
4 ༤་ །ཁྱེད་ཚོས་ཁྲག་འཕོ་བ་ལ་ཐུག་པའི་བར་དུ་ད་དུང་སྡིག་པའི་དབང་ལ་མ་བརྒོལ་ཏོ།"
5 ༥་ །འདི་ལྟར། །ངའི་བུ་ཀྱུ་རི་བོས་གཅུན་པར་ཁྱད་མ་གསོད། །ཁོང་གིས་བཀའ་བཀྱོན་མཛད་ན་སེམས་མ་འཕམ།"
6 ༦་ །ཀྱུ་རི་བོས་བྱམས་པ་དེ་ནི་གཅུན་པར་མཛད། །སྲས་བུར་བརྩིས་པ་རྣམས་ལ་རྟ་ལྕག་རྒྱབ། །ཅེས་ཁྱེད་ཚོར་བུ་དང་འདྲ་བར་སྐུལ་མ་བཏབ་པ་བརྗེད་དམ།"
7 ༧་ ཁྱེད་ཚོས་སྡུག་སྲན་བྱེད་པ་ནི་འདུལ་བའི་ཕྱིར་ཡིན། ཕས་མ་གཅུན་པའི་བུ་ཡོད་དམ། ཨེ་ལོ་ཧིམ་གྱིས་ཁྱེད་ཚོ་བུ་ལྟར་གཅུན་ནོ།"
8 ༨་ །ཐམས་ཅད་དང་ལྷན་ཅིག་ཁྱེད་མ་འདུལ་ན། བུ་མ་ཡིན་པས་ནལ་བུ་ཡིན་ནོ།"
9 ༩་ །དེར་མ་ཟད་ང་ཚོ་གཅུན་པའི་ལུས་ཀྱི་ཕ་ཡོད་དེ། ང་ཚོས་དེ་དག་ལ་བཀུར་ལྟི་ཞུས་པ་ཡིན། ད་སེམས་ཉིད་ཀྱི་ཕ་ལ་ལྷག་པར་འབངས་བྱེད་ཅིང་འཚོ་བར་མི་རིགས་སམ།"
10 ༡༠་ དེ་ཚོས་རང་གི་བསམ་ཚོད་བཞིན་དུ་རེ་ཞིག་གཅུན་པ་ཡིན་ཀྱང་། ང་ཚོ་ཁོང་གི་སྐལ་བ་དང་ལྡན་པར་འགྱུར་ཕྱིར། ང་ཚོའི་ཕན་དོན་དུ་འདུལ་བར་མཛད་དོ།"
11 ༡༡་ །འདུལ་ལུགས་ཐམས་ཅད་འཕྲལ་དུ་དགའ་བ་ལས་སྡུག་པའི་རྒྱུ་འདྲ་མཐོང་ཡང་། རྗེས་སུ་དེར་སྦྱངས་པ་རྣམས་ལ་དྲང་བ་ཉིད་ཀྱི་ཞི་བདེའི་འབྲས་བུ་ཐོབ་བོ།།"
12 ༡༢་ །ལག་རྩ་ལྷོད་པ་དང་པུས་མོ་ཤེད་མེད་རྣམས་སྲོང་ཞིག"
13 ༡༣་ །ཁྱེད་ཚོའི་རྐང་པ་ཞ་བ་ཚིགས་ནས་མི་བུད་པར་ཐང་པོར་འགྱུར་བའི་དོན་དུ། ལམ་དྲང་པོ་བྱོས་ཤིག"
14 ༡༤་ །མི་རྣམས་དང་མཐུན་པ་དང་དམ་པར་འགྱུར་བ་ལ་སྙེགས་ཤིག་དེ་མིན་སུས་ཀྱང་ཀྱུ་རི་བོ་མཇལ་བར་མི་འགྱུར་རོ།"
15 ༡༥་ །ཐམས་ཅད་ཨེ་ལོ་ཧིམ་གྱི་ཐུགས་རྗེ་དང་ལྡན་པ་ལ་ལྟོས་ཤིག །དེ་མིན་རོ་ཁ་བའི་རྩ་བ་རྡོལ་ཞིང་ཁྱེད་ཚོ་སྡུག་བསྔལ་ཞིང་། མི་མང་པོ་རྨེ་བར་འགྱུར་ལས་ཆེ།"
16 ༡༦་ དུས་གཅིག་གི་ཁ་ཟས་ཕྱིར་སྔོན་སྐྱེས་ཀྱི་ཐོབ་ཐང་བཙོང་ས་པའི་ཨེ༷་སབ་དང་འདྲ་བར་ཚུལ་ཁྲིམས་མ་གྱུར་ཅིག"
17 ༡༧་ །རྗེས་སུ་དེས་བྱིན་རླབས་ཐོབ་ཏུ་འདོད་པའི་ཚེ། མཆི་མ་བླུག་ཅིང་བཙལ་ཀྱང་ཕའི་སེམས་སྒྱུར་མ་བཏུབ་པས་མ་ཐོབ་པ་ཁྱེད་ལ་རྒྱུས་ཡོད།།"
18 ༡༨་ །ཁྱེད་ནི་ལག་པས་རེག་ནུས་པའི་རི་མེ་འབར་བ་དང་། མུན་ནག་དང་། སྨག་རུམ་དང་། རླུང་དྲག་དང་།"
19 ༡༩་ དུང་གི་སྒྲ་དང་། ཚིག་གི་སྒྲ་བྱུང་བའི་དྲུང་དུ་འོངས་པ་མ་ཡིན། སྒྲ་དེ་ཐོས་པ་རྣམས་ཀྱིས་ང་ཚོར་ལྷག་པར་མ་གསུང་ཞེས་ཞུས་སོ།"
20 ༢༠་ །ཅིའི་ཕྱིར་ཞེ་ན། དུད་འགྲོ་ཞིག་ཀྱང་རི་དེ་ལ་རེག་ན་རྡོ་རུབ་ལ་གཏོང་དགོས་པའི་བཀའ་བྱུང་བས་ཐེག་མ་ཐུབ་བོ།"
21 ༢༡་ །མོ༷་ཤེས་ཀྱང་ང་འཇིགས་ཤིང་འདར་རོ་ཞེས་སྨྲ་བ་ཙམ་དུ་གཟིགས་སྣང་དེ་འཇིགས་སུ་རུང་བ་ཡོད་དོ།"
22 ༢༢་ །འོན་ཀྱང་ཁྱེད་ནི་རི་ཙི༷་ཡོན། གསོན་པོའི་ཨེ་ལོ་ཧིམ་གྱི་གྲོང་ཁྱེར། ནམ་མཁའི་ཡེ༷་རུ་ཤ་ལེམ། གྲངས་མེད་པའི་ཨ༷ན་ཇལ་གྱི་དཔུང་། མགྲོན་གྱི་ཚོགས།"
23 ༢༣་ ནམ་མཁའ་རུ་མིང་བྲིས་ཡོད་པའི་སྔོན་སྐྱེས་རྣམས་ཀྱི་འདུན་ས། ཐམས་ཅད་ཀྱི་ཁྲིམས་དཔོན་ལགས་པའི་ཨེ་ལོ་ཧིམ་དང་། མཐར་ཕྱིན་པར་མཛད་པའི་དྲང་པོ་རྣམས་ཀྱི་སེམས་ཉེད་དང་།"
24 ༢༤་ ཞལ་ཆད་གསར་པའི་བར་མི་ཡེ་ཤུ་དང་། ཧ༷་བེལ་གྱི་ཁྲག་ལས་དོན་ལྷག་པར་ཡོད་པའི་སྐུ་ཁྲག་གཏོར་བའི་དྲུང་དུ་འོངས་པ་ཡིན།"
25 ༢༥་ གསུང་མཁན་དེའི་བཀའ་མི་ཟློག་པ་ལ་བྱ་ར་གྱིས་ཤིག །ས་གཞི་རུ་སྐུལ་བ་དེའི་བཀའ་བཅག་པས་དེ་རྣམས་མ་ཐར་བ་ཡིན་ན། ནམ་མཁའ་ནས་སྐུལ་བ་དེའི་བཀའ་བཅག་ན་ང་ཚོ་ཇི་ལྟར་ཐར།"
26 ༢༦་ དེའི་དུས་སུ་ཁོང་གི་གསུང་སྐད་ཀྱིས་ས་གཞི་བསྒུལ་ཀྱང་། ད་ལྟ་ཁོང་གིས། ད་དུང་ཡང་ལན་གཅིག་ངས་ས་གཞི་མ་ཟད་ནམ་མཁའ་ཡང་སྒུལ་བར་བྱའོ་ཞེས་ཞལ་གྱིས་བཞེས་སོ།"
27 ༢༧་ །ད་དུང་ཡང་ལན་གཅིག་ཅེས་པའི་ཚིག་ལས། མི་གཡོ་བ་རྣམས་གནས་པའི་ཕྱིར། གཡོ་བ་རྣམས་ནི་འདུས་བྱས་ཡིན་པས་མེད་པར་མཛད་པའི་བརྡ་ཡིན།"
28 ༢༨་ ང་ཚོའི་ཨེ་ལོ་ཧིམ་སྲེག་པར་བྱེད་པའི་མེ་ཞིག་ལགས་པས་ན།"
29 ༢༩་ ང་ཚོ་གཡོ་བ་མེད་པའི་རྒྱལ་སྲིད་ཅིག་ཐོབ་པས། བསྟོད་བསྔགས་དང་ལྡན་ཞིང་གུས་པ་དང་བག་དང་བཅས་ཨེ་ལོ་ཧིམ་གྱི་ཐུགས་སུ་འབྱོན་པའི་བསྙེན་བཀུར་འབུལ་བའི་རིགས་སོ།། །།"
1 ༡་ །སྤུན་ལ་བྱམས་པའི་རྒྱུན་སྐྱོངས་ཤིག"
2 ༢་ །བྱེས་པ་རྣམས་ཀྱི་དགོས་འདོད་སྐོངས་ཤིག །དེ་ལྟར་བྱས་པས་མི་ཁ་ཤས་ཀྱིས་མ་ཤེས་པར་ཨ༷ན་ཇལ་བསུ་པ་ཡིན་ནོ།"
3 ༣་ །བཙོན་པ་རྣམས་རང་ཡང་བཙོན་པ་ཡིན་པ་ལྟར་དྲན་ཞིང་། ཁྱེད་རང་ལའང་གཟུགས་ཡོད་པས། དེ་བཞིན་དུ་འཚེ་བ་མྱོང་བ་རྣམས་དྲན་པར་གྱིས་ཤིག"
4 ༤་ །ཨེ་ལོ་ཧིམ་གྱིས་འདོད་ལོག་དང་ལོག་གཡེམ་བྱེད་པ་རྣམས་ལ་ཞལ་ཆེ་གཅོད་པར་འགྱུར་བས། བཟའ་མི་བྱེད་པ་ནི་ཀུན་ནང་སྟི་སྟང་འོས་པར་རྩི་ཞིང་། མལ་ཁྲི་གཞན་གྱི་གྲིབ་མས་མ་ནོག་ཅིག"
5 ༥་ །ཁོང་གིས་ངས་ཁྱོད་ཅིས་ཀྱང་མི་སྐྱུར་ཞིང་ནམ་ཡང་མི་སྤོང་ཞེས་གསུངས་པས། ནོར་བརྣབ་དང་བྲལ་ཏེ་ཅི་ཡོད་པ་དེ་ལ་ཚིམ་ཞིག"
6 ༦་ །དེ་ལྟར་ང་ཚོས་སྤོབས་པ་སྐྱེད་ཅིང་། །རོགས་པ་ཀྱུ་རི་བོ་ཡོད་པས་ང་མི་འཇིགས། །མི་ཡིས་ང་ལ་ཅི་ཞིག་བྱེད་པར་ནུས། ཞེས་ཟེར་ཐུབ་བོ།། མགོ་སྐྱོང་གི་བཀའ་ལ་ཉན་པ།"
7 ༧་ །ཁྱེད་ཚོར་ཨེ་ལོ་ཧིམ་གྱི་བཀའ་བཤད་པའི་མགོ་སྐྱོང་མ་རྗེད་ཅིག །དེ་ཚོའི་ཚེའི་སྙིང་པོར་བལྟ་ཞིང་དེ་ཚོའི་དད་སེམས་དཔེ་རུ་ལོངས་ཤིག"
8 ༨་ །ཡེ་ཤུ་མ་ཤི་ཀ་ནི་ཁ་སང་དང་། དེ་རིང་དང་། དུས་རྒྱུན་དུ་འགྱུར་བ་མེད་དོ།"
9 ༩་ །སློབ་ཁྲིད་པ་སྣ་ཚོགས་དང་ཕྱི་རོལ་པའི་ལྟ་བས་ཁྱེད་ཚོ་བསླུ་བར་མ་གྱུར་ཅིག །གང་ལ་རྟེན་པ་རྣམས་ལ་ཕན་མ་ཐོགས་པའི་ཁ་ཟས་ཀྱི་སྲུང་བྱ་ལས། ཐུགས་རྗེའི་སྒོ་ནས་སྙིང་བརྟན་པོར་འགྱུར་བ་ལེགས་སོ།"
10 ༡༠་ །ང་ཚོ་ལ་ཡོད་པའི་མཆོད་ཁྲི་ལས་གུར་འཛོམ་གི་ཞབས་ཏོག་པ་རྣམས་ཀྱིས་ཟ་མི་ཆོག་གོ།"
11 ༡༡་ །སྡིག་པ་བཤགས་པའི་མཆོད་པའི་ཕྱིར་ལེ༷་ཝི་ཆེན་གྱིས་གཙང་ཁང་དུ་དུད་འགྲོའི་ཁྲག་འཁྱེར་ནས་རོ་རྣམས་སྒར་གྱི་ཕྱི་རོལ་དུ་མེས་སྲེག་གོ"
12 ༡༢་ །དེ་ལྟར་ཡེ་ཤུས་ཀྱང་ཉིད་ཀྱི་སྐུ་ཁྲག་གི་སྒོ་ནས། མི་སྡེ་དམ་པར་མཛད་པའི་དོན་དུ། རྟ་སྒོའི་ཕྱི་རོལ་དུ་སྡུག་བསྔལ་མྱངས།"
13 ༡༣་ དེའི་ཕྱིར་ང་ཚོས་ཁོང་གི་ཕྱིར་དམའ་འབེབས་འཁྱེར་ཞིང་། སྒར་གྱི་ཕྱི་རོལ་དུ་ཁོང་གི་དྲུང་དུ་འགྲོ་བར་བྱ།"
14 ༡༤་ འདིར་ང་ཚོར་རྟག་པའི་གྲོང་ཁྱེར་མེད་པས་གནང་བར་འགྱུར་བའི་གྲོང་ཁྱེར་དེ་འཚོལ་ལོ།"
15 ༡༥་ །ད་ཁོང་གི་ངང་ནས་ང་ཚོས་རྟག་ཏུ་ཁོང་གི་མཚན་ཁས་ལེན་པའི་ཁ་ལྤགས་ཀྱི་འབྲས་བུ་ཡིན་པའི་བསྟོད་པའི་མཆོད་པ་འབུལ་བར་རིགས་སོ།"
16 ༡༦་ །གཞན་དོན་དང་སྦྱིན་པ་སྦྱིན་མ་རྗེད་ཅིག འདི་འདྲ་བའི་འབུལ་བ་ལ་ཨེ་ལོ་ཧིམ་དགྱེས་སོ།"
17 ༡༧་ །ཁྱེད་ཀྱི་འགོ་སྐྱོང་རྣམས་ཀྱི་བཀའ་ལ་ཉན་ཞིང་གཡོག་བྱོས་ཤིག །དེ་རྣམས་ཀྱིས་རྩིས་གཏོང་དགོས་ཡོད་པའི་མི་ལྟར་གཉིད་མ་ལོག་པར་ཁྱོད་ཚོའི་སྲོག་བསྲུང་བས། དེ་རྣམས་ལ་སེམས་སྐྱོ་མེད་པར་དགའ་བཞིན་དུ་ལས་བྱེད་ཆུག་ཅིག །དེ་མིན་ཁྱེད་ཚོར་ཅི་ཕན།།"
18 ༡༨་ །ང་ཚོར་ཤེས་བཟང་གཙང་མ་དང་རྣམ་ཀུན་སྤྱོད་བཟང་ཡོད་པ་ལ་ཡིད་ཆེས་པས། ང་ཚོའི་དོན་དུ་སྨོན་ལམ་ཞུས་ཤིག"
19 ༡༩་ །ང་མྱུར་བར་ཁྱེད་ཚོའི་རྩར་ལོག་སླེབ་པའི་ཕྱིར་དུ་དེ་ལྟར་སྨོན་ལམ་ཞུ་བར་ལྷག་པར་སྐུལ་ལོ།"
20 ༢༠་ །རྫི་བོ་ཆེན་པོ་ལགས་པའི་ང་ཚོའི་ཀྱུ་རི་བོ་ཡེ་ཤུ་རྟག་པའི་ཞལ་ཆད་ཀྱི་སྐུ་ཁྲག་གི་སྒོ་ནས། གཤིན་པོ་རྣམས་ལས་གདན་དྲངས་པའི་ཞི་བདེའི་ཨེ་ལོ་ཧིམ་གྱིས།"
21 ༢༡་ ཉིད་ཀྱི་དགོངས་པ་བཞིན་སྒྲུབ་ཏུ་ལས་བཇང་ཐམས་ཅད་ནང་ཁྱེད་མཐར་ཕྱིན་པར་མཛད་པར་ཤོག། །ཉིད་ཀྱི་གཟིགས་ངོར་མཉེས་པ་དེ་ཡེ་ཤུ་མ་ཤི་ཀའི་ངང་ནས་ང་ཚོའི་ནང་དུ་སྐྱེད་པར་མཛོད་ཅིག །ཁོང་ལ་རྒྱུན་ནས་རྒྱུན་དུ་བསྟོད་པ་འབྱུང་བར་ཤོག་ཅིག །ཨ༷་མེན།"
22 ༢༢་ །སྤུན་རྣམས། ངས་ཁྱེད་ཚོར་ཡི་གེ་མདོར་སྡུས་ཤིག་བྲིས་ནས། བསླབ་བྱ་རྣམས་ཐེག་པའི་ཕྱིར་སྐུལ་ལོ།"
23 ༢༣་ །སྤུན་ཏི༷་མོ་ཐེའུ་བཙོན་ནས་ལྷོད་པ་ཤེས་ཤིག །ཁོ་མྱུར་དུ་བསླེབ་ན། ང་ཁོ་དང་མཉམ་དུ་ཁྱེད་ཚོའི་རྩར་འོང་བར་བྱའོ།"
24 ༢༤་ །ཁྱེད་ཚོའི་མགོ་སྐྱོང་དང་མ་ཤི་ཀ་པ་ཐམས་ཅད་ལ་ཕྱག་ཕུལ་ཞིག །ཨི༷་ཏ་ལི་པ་རྣམས་ཀྱིས་ཁྱེད་ཚོར་ཕྱག་འབུལ་ལོ།"
25 ༢༥་ །ཁྱེད་ཚོ་ཐམས་ཅད་ལ་ཐུགས་རྗེ་འབབ་པར་ཤོག་ཅིག། །།"
1 ༡་ དེའི་ཕྱིར་ང་ཚོས་གང་ཐོས་པ་དེ་ལས་མི་འཁྱར་བའི་ཆེད་དུ་བསམ་པར་རིགས་སོ།"
2 ༢་ །ཨ༷་ཇལ་གྱིས་བསྒྲགས་པའི་འཕྲིན་ནི་བདེན་ཚིག་ཡིན་ཏེ། འགལ་བ་དང་བཀའ་ལ་མི་ཉན་པ་ཐམས་ཅད་ལ་འོས་པའི་ལན་ཐོབ་རྒྱུ་ཡིན་ན།"
3 ༣་ འདི་ལྟ་བུའི་ཐར་པ་ཆེན་པོར་ཕྱི་བཤོལ་འདེབས་ན་ང་ཚོ་ཇི་ལྟར་ཐར། ཐར་པ་དང་པོར་ཀྱུ་རི་བོས་གསུངས།"
4 ༤་ དེ་ནས་ཁོང་ལས་ཐོས་པ་རྣམས་ཀྱིས་ང་ཚོ་ལ་བསྟན་ནས་གཏན་ལ་ཕབས། དེ་ནས་ཨེ་ལོ་ཧིམ་གྱིས་ཀྱང་རྟགས་དང་ངོ་མཚར་དང་ལྟས་སྣ་ཚོགས་དང་། ཐུགས་དགོངས་བཞིན་དམ་པའི་རུ་ཨག་གི་གནང་སྦྱིན་གྱི་སྒོ་ནས་དཔང་པོ་མཛད་དོ།"
5 ༥་ །ང་ཚོས་འོང་བར་སྨྲ་བའི་སྲིད་དེ་ནི། ཨ༷ན་ཇལ་གྱི་འོག་ཏུ་མ་བཅུག་གོ"
6 ༦་ །བྲིས་པ་ལྟར། །ཁྱེད་ཀྱིས་ཐུགས་བསམ་བཞེས་པའི་མི་ཅི་ཡིན། །ཁྱེད་ཀྱིས་གཟིགས་པའི་མི་ཡི་བུ་ཅི་ཡིན།"
7 ༧་ །རེ་ཞིག་ཨ༷ན་ཇལ་རྣམས་ལས་དམའ་བར་མཛད། །དཔལ་དང་བཀུར་སྟིའི་ཅོད་པན་དེ་ལ་བསྐོན།"
8 ༨་ །ཐམས་ཅད་དེ་ཡི་རྐང་འོག་བཅུག་པར་མཛད། ཞེས་དཔང་པོ་མཛད་དོ། ཐམས་ཅད་ཁོང་གི་ཞབས་འོག་ཏུ་བཅུག་པར་མཛད་ནས། ཁོང་གི་འོག་ཏུ་མ་བཅུག་པར་ཅིའང་མ་བཞག་གོ །འོན་ཀྱང་ཐམས་ཅད་ཁོང་གི་འོག་ཏུ་བཅུག་ཡོད་པ་ང་ཚོས་ད་དུང་མི་མཐོང་ངོ་།"
9 ༩་ །དེ་འང་ཨེ་ལོ་ཧིམ་གྱི་ཐུགས་རྗེ་ཡིས། མི་ཐམས་ཅད་ཀྱི་དོན་དུ་འཆི་བ་མྱོང་བའི་ཕྱིར། ཨ༷ན་ཇལ་ལས་རེ་ཞིག་དམའ་བར་མཛད་པའི་ཡེ་ཤུ་གྲོངས་པའི་སྡུག་བསྔལ་མྱངས་པས་དཔལ་དང་བཀུར་སྟིའི་ཅོད་པན་གསོལ་ཡོད་པར་མཇལ་ལོ།"
10 ༡༠་ །ཐམས་ཅད་ཀྱི་འབྱུང་ཁུངས་དང་མཐར་ཐུག་ལགས་པ་ཁོང་གིས། བུ་མང་པོ་དཔལ་ལ་འགོད་པའི་ཕྱིར། དེ་རྣམས་ཀྱི་ཐར་པའི་ཁྲིད་དཔོན་དེ་སྡུག་བསྔལ་གྱིས་ཕུན་སུམ་ཚོགས་པར་མཛད་པའི་རིགས་སོ།"
11 ༡༡་ །དམ་པ་མཛད་མཁན་དང་དམ་པར་འགྱུར་བ་ཐམས་ཅད་འབྱུང་ཁུངས་གཅིག་ལས་ཡིན་པས། དེ་རྣམས་ལ་སྤུན་ཞེས་གསུང་བ་ལ་ངོ་ཚ་མི་མཛད་ཅིང་།"
12 ༡༢་ །ང་ཡི་སྤུན་ལ་ཁྱེད་མཚན་འཆད་པར་བྱ། །མ་ཤི་ཀ་པ་ཚོགས་ནང་དུ་ལ་ཁྱེད་བསྟོད་དབྱངས་བྱ། ཞེས་དང་།"
13 ༡༣་ །ང་ཡིས་ཁོང་ལ་བློ་གཏད་བྱེད་པར་བྱ། ཞེས་དང་། །ང་དང་ང་ལ་ཨེ་ལོ་ཧིམ་གྱིས་། །གནང་བའི་ཕྲུ་གུ་རྣམས་ལ་ལྟོས། ཞེས་གསུངས་སོ།"
14 ༡༤་ །དེ་བས་ན་འཆི་བའི་བདག་པོ་ས༷་ཏན་དེ་ནི། འཆི་བ་ཁོ་ནའི་སྒོ་ནས་ཚར་བཅད་དེ། འཆི་བའི་འཇིགས་པས་ཚེ་གང་བཅིངས་ཡོད་པ་ཐམས་ཅད་སྒྲོལ་བའི་ཕྱིར།"
15 ༡༥་ ཤ་ཁྲག་ནང་ཕྲུ་གུ་རྣམས་གཅིག་ཡིན་པ་ལྟར། ཁོང་ཉིད་ཀྱང་དེ་རྣམས་དང་གཤིས་གཅིག་ཏུ་གྱུར་ཏོ།"
16 ༡༦་ །ཨ༷ན་ཇལ་རྣམས་ལ་མ་གཟིགས་པར་ཨ༷བ་ར་ཧམ་གྱི་བུ་བརྒྱུད་ལ་གཟིགས་པར་ངེས་སོ།"
17 ༡༧་ །དེའི་ཕྱིར་དུ་མི་སྡེའི་སྡིག་བཤགས་ཀྱི་ཕྱིར་དུ། ཨེ་ལོ་ཧིམ་འབུལ་བ་ལ་སྙིང་རྗེ་ཅན་དང་། བློ་དྲང་བའི་ལེ༷་ཝི་ཆེན་འགྱུར་བའི་དོན་དུ། ཅི་ས་ནས་ཉིད་ཀྱི་སྤུན་དང་འདྲ་བར་འགྱུར་དགོས་པ་ཡིན་ནོ།"
18 ༡༨་ །ཁོང་ལ་སྡུག་བསྔལ་དང་ཐུགས་སད་པ་བྱུང་བས། ཉམས་སད་བྱུང་བ་རྣམས་ལའང་སྐྱབས་མཛད་ནུས་སོ།། །།"
1 ༡་ །ནམ་མཁའ་ནས་མཉམ་དུ་བོས་པའི་སྤུན་དམ་པ་རྣམས། ང་ཚོའི་ལྟ་བའི་ཨ༷་པོ་ཏོ་ལོ་པ་དང་ལེ༷་ཝི་ཆེན་ཡེ་ཤུ་ལ་སོམ་ཞིག"
2 ༢་ །ཨེ་ལོ་ཧིམ་གྱི་གཟིམ་ཁང་ནང་མོ༷་ཤེ་བློ་དྲང་བ་ཡོད་པ་ལྟར། ཁོང་ཡང་ཉིད་བསྐོས་པར་མཛད་མཁན་ལ་ཐུགས་དྲང་བ་ལགས་སོ།"
3 ༣་ །འོན་ཀྱང་ཁང་པ་ལས་དེ་བརྩིག་མཁན་ལ་ལྷག་པར་བཀུར་བསྟི་བྱེད་འོས་པ་ལྟར། མོ༷་ཤེ་ལས་ཁོང་ལྷག་པར་དཔལ་དང་ལྡན་པར་བརྩི་བར་དགོངས་པ་ཡིན།"
4 ༤་ ཁང་པ་རེ་རེ་ལ་བརྩིག་མཁན་ཡོད། དངོས་པོ་ཀུན་གྱི་བརྩིག་མཁན་ནི་ཨེ་ལོ་ཧིམ་ལགས་སོ།"
5 ༥་ །ཕྱིས་སུ་གསུངས་བར་འགྱུར་བ་ལ་དཔང་པོ་བྱེད་པའི་ཕྱིར་མོ༷་ཤེ་ཨེ་ལོ་ཧིམ་གྱི་གཟིམ་ཁང་ནང་གཡོག་པོའི་ཚུལ་དུ་བློ་དྲང་བ་ཡོད་པ་ཡིན།"
6 ༦་ །འོན་ཀྱང་མ་ཤི་ཀ་ནི་ཁོང་གི་གཟིམ་ཁང་ནང་སྲས་ལྟར་བདག་པོའོ།། བློ་གདེང་དང་རེ་བ་དེ་ངོམ་ཞིང་བརྟན་པོར་གནས་ན་ང་ཚོ་ནི་གཟིམ་ཁང་དེ་ཡིན།"
7 ༧་ དེའི་ཕྱིར་དམ་པའི་རུ་ཨག་གྱིས་འདི་ལྟར་གསུངས་སོ། །དེ་རིང་ཁྱེད་ཚོས་ངའི་གསུང་ཐོས་འགྱུར་ན།"
8 ༨་ །ཉམས་སད་བྱུང་བའི་ཉིན་མོར་འབྲོག་སྟོང་དུ། ཁྲོས་པ་ལྟར་གྱི་སྙིང་གྱོང་མ་བྱེད་ཅིག"
9 ༩་ །དེ་རུ་ཁྱོད་ཀྱི་མེས་པོས་ཉམས་སད་ཅིང་། །ལོ་ངོ་བཞི་བཅུ་ང་ཡི་ཕྲིན་ལས་མཐོང་།"
10 ༡༠་ །དེའི་ཕྱིར་མི་བརྒྱུད་དེ་ལ་ང་མི་དགའ། །དེ་ཚོའི་སྙིང་ནི་རྟག་ཏུ་འཁྱོར་འགྲོ་ཞིང་། །ངའི་ལམ་དེ་ཚོས་མ་ཤེས་ཟེར་ཞིང་ངས།"
11 ༡༡་ །དེ་རྣམས་ནམ་ཡང་ང་ཡི་བདེ་བ་ལ། །མི་འཇུག་ཟེར་ཞིང་ཁྲོས་ནས་མནའ་བསྐྱལ་ཏོ།།"
12 ༡༢་ །སྤུན་རྣམས། གསོན་པོའི་ཨེ་ལོ་ཧིམ་ལས་མི་འཁྱར་བའི་ཕྱིར། ཁྱེད་ཚོའི་ནང་ན་སུ་ལའང་དད་མེད་ཀྱི་སྙིང་ངན་པ་མེད་པའི་ཕྱིར་བྱ་ར་བྱོས་ཤིག"
13 ༡༣་ །དེར་མ་ཟད་སུ་ལའང་སྡིག་པས་བསླུས་ནས་གྱོང་པོ་མི་འགྱུར་བའི་ཕྱིར། དེ་རིང་ཟེར་བའི་ཉིན་མོ་མ་རྫོགས་བར་དུ། ཉིན་རེ་བཞིན་གཅིག་གིས་གཅིག་ལ་སྐུལ་མ་ཐོངས་ཤིང་།"
14 ༡༤་ །གལ་ཏེ་ཐོག་མའི་བློ་གདེང་དེ་མཐའ་མའི་བར་དུ་བརྟན་པར་སྲུང་ན། ང་ཚོ་མ་ཤི་ཀའི་མཉམ་གྲོགས་སུ་འགྱུར་རོ།།"
15 ༡༥་ །དེ་རིང་ཁྱོད་ཀྱིས་ངའི་གསུང་ཐོས་གྱུར་ན། ཁྲོས་པ་ལྟར་གྱི་སྙིང་གྱོང་མ་བྱེད་ཅིག། །གསུངས་པ་དེའི་ནང་དུ།"
16 ༡༦་ །ཐོས་བཞིན་དུ་ཁྲོས་པ་རྣམས་སུ་ཡིན། མོ༷་ཤེའི་འགོ་འཁྲིད་ཀྱི་འོག་ཏུ་མི༷་སེར་ཡུལ་ནས་ཐོན་པ་རྣམས་མིན་ནམ།"
17 ༡༧་ ལོ་བཞི་བཅུའི་བར་དུ་ཐུགས་སད་མཁན་སུ་ཡིན། སྡིག་པ་བྱས་ནས་རང་གི་རོ་འབྲོག་སྟོང་དུ་ལྷུང་བ་རྣམས་མ་ཡིན་ནམ།"
18 ༡༨་ ང་ཡི་བཀའ་ལ་མི་ཉན་པ་རྣམས་ལ་མིན་པར་ང་ཡི་བདེ་བར་ནམ་ཡང་མི་འཇུག་ཅེས་སུའི་ཕྱིར་དབུ་མནའ་བཞེས།"
19 ༡༩་ དད་མེད་ཀྱི་རྐྱེན་གྱིས་དེ་རྣམས་དེར་འཇུག་མ་ཐུབ་པར་གསལ་ལོ།། །།"
1 ༡་ །དེའི་ཕྱིར་ཁོང་གི་བདེ་བའི་ནང་འཇུག་པའི་ཞལ་ཆད་རང་མལ་དུ་ཡོད་པས། ཁྱེད་ཚོ་ལས་སུའང་དེར་འཇུག་མི་ནུས་སྙམ་པ་ཙམ་ལའང་ཟོན་བྱོས་ཤིག"
2 ༢་ །ང་ཚོ་ལའང་ཡ༷་ཧུ་ད་པ་རྣམས་དང་འདྲ་བར་འཕྲིན་བཟང་བསླེབས་པ་ཡིན། འོན་ཀྱང་དེ་རྣམས་ཀྱིས་དད་པའི་སྒོ་ནས་མ་བླངས་པས། ཐོས་པའི་བཀའ་དེས་དེ་རྣམས་ལ་མ་ཕན་ཏོ།"
3 ༣་ །འཇིག་རྟེན་བཀོད་པ་ནས་ཕྲིན་ལས་རྣམས་རྫོགས་རུང་། །དེ་རྣམས་ནམ་ཡང་ང་ཡི་བདེ་བ་ལ། །མི་འཇུག་ཟེར་ཞིང་ཁྲོས་ནས་ངས་མནའ་བསྐྱལ། ཞེས་གསུངས་པས། ང་ཚོ་དད་པ་བྱས་པ་རྣམས་བདེ་བ་དེའི་ནང་འཇུག་གོ"
4 ༤་ །ཞག་བདུན་པའི་སྐོར་བྲིས་ཞིག་ན། ཨེ་ལོ་ཧིམ་གྱིས་ཕྲིན་ལས་ཐམས་ཅད་བསྒྲུབས་ནས་ཞག་བདུན་པ་ལ་དལ་ཞིང་བདེ་བར་བཞུགས་སོ། །ཞེས་དང་།"
5 ༥་ །ད་ལྟ་འདིར། དེ་རྣམས་ནམ་ཡང་ང་ཡི་བདེ་བ་ལ་མི་འཇུག་ཅེས་གསུངས།"
6 ༦་ སྔར་འཕྲིན་བཟང་ཐོས་པ་རྣམས་བཀའ་ལ་མ་ཉན་པས་ནང་དུ་མ་ཆུད། ཁ་ཅིག་ནང་དུ་འཇུག་རྒྱུ་ཡིན་པས།"
7 ༧་ སླར་ཡང་ཁོང་གིས་ཉིན་གཅིག་དུས་ར་ཞིག་མཛད་ཅིང་། །དེ་རིང་ཁྱོད་ཚོས་ང་ཡི་གསུང་། །ཐོས་ན་སྙིང་གྱོང་མ་བྱེད་ཅིག །ཅེས་གསུངས་ཤིང་། ཡུན་རིང་ཞིག་ན་ད༷་བིད་རྒྱུད་ནས་དེ་རིང་ཞེས་གསུངས་སོ།"
8 ༨་ །ཡོ༷་ཤུ་ཨས་དེ་རྣམས་ལ་བདེ་བ་སྟེར་བ་ཡིན་ན། ཨེ་ལོ་ཧིམ་གྱིས་རྗེས་སུ་ཞག་གཞན་གྱི་སྐོར་མི་གསུང་།"
9 ༩་ དེའི་ཕྱིར་ཨེ་ལོ་ཧིམ་གྱི་མི་སྡེ་ལ་ཤ༷བ་བད་ཀྱི་ངལ་གསོ་ཞིག་བཞག་ཡོད།"
10 ༡༠་ ཨེ་ལོ་ཧིམ་ཉིད་ཀྱི་ཕྲིན་ལས་བསྒྲུབས་ནས་དལ་བར་བཞུགས་པ་ལྟར། ཁོང་གི་བདེ་བའི་ནང་འཇུག་པ་རྣམས་ལ་ངལ་རྩོལ་ལས་དལ་བར་འགྱུར་རོ།"
11 ༡༡་ །དེ་ལྟ་བུའི་བཀའ་ལ་མ་ཉན་པའི་སྒོ་ནས་མི་ལྟུང་བའི་ཕྱིར། བདེ་བ་དེའི་ནང་འཇུག་པར་བརྩོན་འགྲུས་བྱའོ།"
12 ༡༢་ །ཨེ་ལོ་ཧིམ་གྱི་བཀའ་སྲོག་དང་ནུས་པ་ལྡན་ཞིང་། རལ་གྲི་ཁ་གཉིས་ལས་རྣོ་བས། ཡིད་དང་སེམས། ཚིགས་དང་རྐང་མར་ཕྲལ་ཞིང་རྟོལ་ཏེ། སྙིང་གི་བསམ་པ་དང་འདོད་པ་རྣམས་མཁྱེན་ནོ།"
13 ༡༣་ །ཁོང་གི་སྤྱན་སྔར་བཀོད་པ་ཅིའང་སྦས་མེད། ཁོང་ལ་རག་ལས་པ་ང་ཚོ་ཁོང་གི་སྤྱན་སྔར་མ་བཀབ་པར་མངོན་པར་གསལ་ལོ།"
14 ༡༤་ །ང་ཚོར་ནམ་མཁའ་རྟོལ་ནས་གཤེགས་་པའི་ལེ༷་ཝི་ཆེན་མཆོག་ལགས་པ་ཨེ་ལོ་ཧིམ་གྱི་སྲས་ཡེ་ཤུ་ཡོད་པས། ང་ཚོའི་ལྟ་བ་ལ་བརྟན་པོར་འཛིན་དགོས།"
15 ༡༥་ ང་ཚོའི་ཉམས་ཐག་ལ་སྡུག་གྲོགས་མཛད་མི་ནུས་པའི་ལེ༷་ཝི་ཆེན་མ་ལགས་ཀྱི། ཅི་ས་ནས་ང་ཚོ་དང་འདྲ་བར་ཉམས་སད་བྱུང་ཡང་སྡིག་མེད་ལགས་པ་ཞིག་གོ"
16 ༡༦་ །དེས་ན་དགོས་པའི་དུས་སུ་སྐྱབས་དང་སྙིང་རྗེ་ཐོབ་པའི་ཕྱིར་ཐུགས་རྗེའི་བཞུགས་ཁྲིའི་དྲུང་དུ་བློ་གདེང་དང་ལྡན་པར་འགྲོ་བར་བྱའོ།། །།"
1 ༡་ མིའི་ནང་ནས་ལེ༷་ཝི་ཆེན་བསྐོ་བ་ནི། མི་རྣམས་ཀྱི་ཆེད་དུ་ཨེ་ལོ་ཧིམ་ལ་མཆོད་པ་དང་སྡིག་བཤགས་ཀྱི་དམར་མཆོད་ཕུལ་ཕྱིར་ཡིན།"
2 ༢་ ཁོ་རང་ཡང་སྟོབས་ཞན་པས། མི་ཤེས་པ་དང་འཁྱར་བ་རྣམས་ལ་ཞི་བའི་སྒོ་ནས་མཉམ་འབྲེལ་ཐུབ་ཅིང་།"
3 ༣་ མི་སྡེའི་ཆེད་དུ་མ་ཟད་རང་གི་སྡིག་པའི་ཆེད་དུའང་དམར་མཆོད་འབུལ་དགོས་སོ།"
4 ༤་ །མི་དེ་རང་གིས་གོ་ས་འདི་མི་ལེན་པར་ཨ༷་རོན་ལྟར་ཨེ་ལོ་ཧིམ་གྱིས་བསྐོའོ།"
5 ༥་ དེ་བཞིན་དུ་མ་ཤི་ཀས་ལེ༷་ཝི་ཆེན་གྱི་གོ་ས་ཁོང་རང་གིས་མ་བཞེས་ཀྱིས། །ཁྱོད་ནི་ང་ཡི་སྲས་ཡིན་ཅིང་། །དེ་རིང་ང་ལ་འཁྲུངས་པ་ཡིན། ཞེས་དང་། །གཞན་ཞིག་ཏུ།"
6 ༦་ །མ༷ལ་ཀི་ཚེ་དེག་གི་རིམ་པར། །ཁྱེད་ནི་གཏན་གྱི་ལེ༷་ཝི་ཡིན། ཞེས་བྲིས་ན་གསུངས་པ་ཁོང་གིས་བསྐོས་པ་ཡིན།"
7 ༧་ ཁོང་མིའི་ལུས་ནང་བཞུགས་པའི་ཚེ། དྲག་པོར་ཤུམ་ཞིང་སྤྱན་ཆབ་དང་བཅས། འཆི་བ་ལས་སྐྱོབས་ཐུབ་པ་ཁོང་ལ་སྨོན་ལམ་དང་གསོལ་བ་བཏབ་པས། ཨེ་ལོ་ཧིམ་ལ་བག་མཛད་པའི་རྐྱེན་གྱིས་ཁོང་ལ་གསན་པ་ཡིན་ནོ།"
8 ༨་ །ཁོང་ནི་སྲས་ཡིན་བཞིན་དུ་སྡུག་བསྔལ་བའི་སྒོ་ནས་བཀའི་འབངས་མཛད་པ་བསླབས་ནས།"
9 ༩་ ཕུལ་དུ་ཕྱིན་ཏེ་ཉིད་ཀྱི་བཀའ་ལ་ཉན་པ་ཐམས་ཅད་ཀྱི་ཕྱིར་གཏན་གྱི་ཐར་པའི་རྒྱུར་གྱུར་ནས།"
10 ༡༠་ །ཨེ་ལོ་ཧིམ་གྱིས་ཁོང་ལ་མ༷ལ་ཀི་ཚེ་དེག་གི་རིམ་པར་ལེ༷་ཝི་ཆེན་གྱི་གོ་ས་གནང་བ་ཡིན་ནོ།།"
11 ༡༡་ །དེའི་སྐོར་དུ་བཤད་རྒྱུ་མང་པོ་ཡོད་ཀྱང་། ཁྱེད་ཚོ་རྣ་བ་ལྕི་བས། དོན་འགྲེལ་བར་དཀའོ།"
12 ༡༢་ །ཡུན་འདི་ཙམ་གྱིས་ཁྱེད་ཚོ་སློབ་དཔོན་ཡིན་དགོས་ཀྱང་། ད་དུང་ཨེ་ལོ་ཧིམ་གྱི་བཀའི་ཐོག་མའི་རྩ་བ་གཞན་གྱིས་སྐྱར་ནས་སྟོན་དགོས་པ་འདུག །ཁྱེད་ཚོར་ཁ་ཟས་མི་འཇུའི་འོ་མ་དགོས་སོ།"
13 ༡༣་ །འོ་མ་འཐུང་མཁན་ནི་བྱིས་པ་ཡིན་པས་དྲང་བ་ཉིད་ཀྱི་བསྟན་པ་མི་རྟོགས་སོ།"
14 ༡༤་ །ཁ་ཟས་ནི་བཟང་ངན་གྱི་དབྱེ་བ་འབྱེད་པ་ལ་སེམས་ཀྱི་ཉམས་ལེན་རྙེད་པའི་ནར་སོན་པ་རྣམས་ཀྱི་ཕྱིར་ཡིན་ནོ།། །།"
1 ༡་ དེ་བས་ན་མ་ཤི་ཀའི་སློབ་ཁྲིད་པའི་ཐོག་མའི་རིམ་པ་དང་། སྙིང་པོ་མེད་པའི་བྱ་བ་ལས་སེམས་སྒྱུར་བ་དང་། ཨེ་ལོ་ཧིམ་ལ་དད་པ་དང་། བ༷བ་ཏི་སོ་གཏོང་བ་དང་། ཕྱག་དབང་དང་། གཤིན་པོ་གསོན་པོར་ལང་བ་དང་།"
2 ༢་ མཐའ་ཡས་པའི་ཞལ་ཆེའི་སྐོར་སྐྱར་ནས་རྨང་མི་འདིང་བར་བཞག་ནས། ཕུལ་དུ་ཕྱིན་པའི་ཕྱོགས་སུ་སྙེགས་པར་རིགས་སོ།"
3 ༣་ །ཨེ་ལོ་ཧིམ་མཉེས་ན་དེ་ལྟར་བྱའོ།"
4 ༤་ །གང་གི་སྙིང་ནང་ལན་གཅིག་འོད་ཤར་ནས། ནམ་མཁའི་གནང་སྦྱིན་གྱི་བྲོ་བ་མྱངས་ཏེ། དམ་པའི་རུ་ཨག་ཉིད་འགྲོགས་པར་གྱུར་ནས།"
5 ༥་ ཨེ་ལོ་ཧིམ་གྱི་བཀའ་བཟང་པོ་དང་ཕྱི་མའི་དུས་ཀྱི་སྟོབས་ཀྱིས་བྲོ་བ་མྱངས་ཚར་ནས།"
6 ༦་ ལྟ་བ་ལོག་པར་འགྱུར་ན། ཡང་སྐྱར་སེམས་སྒྱུར་བར་མི་སྲིད་དོ། །ཅི་ལ་མི་སྲིད་ཟེར་ན། དེ་རྣམས་ཀྱིས་རང་གི་ཕྱོགས་ནས་ཨེ་ལོ་ཧིམ་གྱི་སྲས་ཡང་སྐྱར་རྒྱང་ཤིང་ལ་རྐྱོང་ཞིང་སྨད་པ་གཏོང་ངོ་།"
7 ༧་ །ཡང་ཡང་ཆར་ཆུ་འཐུངས་པའི་ས་གཞིས། འབད་མཁན་རྣམས་ཀྱི་དོན་དུ་སྔོ་ཚོད་སྐྱེད་ན། ཨེ་ལོ་ཧིམ་ལས་བྱིན་རླབས་ཐོབ་བོ།"
8 ༨་ །གལ་ཏེ་ཚེར་མ་དང་ལྗང་ཚེར་སྐྱེད་ན། ཕན་མེད་དང་དམོད་པར་ཐུག་ཅིང་། དེའི་མཐའ་མ་ནི་སྲེག་པའོ།"
9 ༩་ །གཅེས་པ་རྣམས། ང་ཚོས་དེ་བཞིན་སྨྲ་ཡང་། ཁྱེད་ཅག་ལ་ཐར་པ་དང་འབྲེལ་བའི་བྱ་བ་བཟང་པོ་ཐོབ་ཡོད་པ་ལ་ང་ཚོ་ཡིད་ཆེས་སོ།"
10 ༡༠་ །ཁྱེད་ཚོས་མ་ཤི་ཀ་པ་རྣམས་ལ་ཞབས་ཏོག་བྱས་པ་དང་བྱེད་བཞིན་པའི་སྒོ་ནས། ཁོང་གི་མཚན་གྱི་ཕྱིར་ལས་དང་བྱམས་པ་བསྟན་པ་དེ་མི་གཟིགས་པའི་དྲང་པོ་མི་མཛད་པའི་ཨེ་ལོ་ཧིམ་མིན།"
11 ༡༡་ །ཁྱེད་ཚོ་རེ་རེས་བློ་ཁ་རྫོགས་པའི་རེ་བ་མཐོང་བའི་ཕྱིར་དུས་མཐའ་མའི་བར་དུ་བརྩོན་འགྲུས་དེ་ཀ་བྱེད་པར་ང་ཚོས་འདོད་དོ།"
12 ༡༢་ །ལེ་ལོ་མི་བྱེད་པར་དད་པ་དང་བཟོད་པའི་སྒོ་ནས་ཞལ་བཞེས་ནོར་སྐལ་དུ་ཐོབ་མཁན་རྣམས་ཀྱི་ལད་མོ་བྱོས་ཤིག།"
13 ༡༣་ །ཨེ་ལོ་ཧིམ་གྱིས་ཨ༷བ་ར་ཧམ་ལ་ཞལ་ཆད་མཛད་པའི་སྐབས་སུ། ཉིད་ལས་ཆེ་བ་ཞིག་མེད་པས་ཉིད་ཀྱི་དབུ་མནའ་བཞེས་ཏེ་འདི་སྐད་དུ།"
14 ༡༤་ །ངས་བདེན་པར་ཁྱོད་ལ་བྱིན་གྱིས་རློབས་ཅིང་ཁྱོད་ཀྱི་བུ་བརྒྱུད་སྤེལ་བར་བྱའོ་གསུངས་སོ།"
15 ༡༥་ །ཨ༷བ་ར་ཧམ་གྱིས་བཟོད་པ་སྒོམ་ཞིང་སྒུགས་པས་ཞལ་ཆད་བཞིན་དུ་བརྙེས་སོ།"
16 ༡༦་ །མི་རྣམས་ཀྱིས་རང་ལས་ཆེ་བ་ཞིག་གི་མནའ་སྐྱེལ་ཞིང་། མནས་རྩོད་པ་ཐམས་ཅད་ཀྱི་ཐག་གཅོད་དོ།"
17 ༡༧་ །ཉིད་ཀྱི་དགོངས་པ་འགྱུར་མེད་ལགས་པ་ཞལ་བཞེས་ཀྱི་བརྒྱུད་འཛིན་རྣམས་ལ་དེ་ལྟར་ངེས་པར་མཛད་པར་དགོངས་ནས་དབུ་མནའ་བཞེས་སོ།"
18 ༡༨་ །ཨེ་ལོ་ཧིམ་གྱིས་རྫུན་གསུང་མི་སྲིད་པས། ང་ཚོ་སྐྱབས་སུ་སོང་བ་རྣམས་ཀྱི་རེ་བ་ལག་ཏུ་ལོན་པའི་བློ་གདེངས་ཆེན་པོ་རེ་བ་དེ་ནི་སེམས་ཀྱི་གཏིང་རྡོ་ངེས་ཤིང་བརྟན་པོ་དང་། ཡོལ་བའི་རྒྱབ་ཀྱི་ནང་རྟེན་དུ་སླེབ་པའི་རེ་བ་ཡིན་ནོ།"
19 ༡༩་ །ཡེ་ཤུ་ནི་མ༷ལ་ཀི་ཚེ་དེག་གི་རིམ་པར་གཏན་གྱི་ལེ༷་ཝི་ཆེན་གྱུར་ནས་ང་ཚོའི་དོན་དུ་གནས་དེར་སྔོན་འགྲོ་བ་ལྟར་ཕེབས་སོ།། །།"
1 ༡་ །ཀུན་དབང་གི་ཨེ་ལོ་ཧིམ་གྱི་ལེ༷་ཝི། ཤ༷་ལེམ་གྱི་རྒྱལ་པོ་མ༷ལ་ཀི་ཚེ་དེག་གིས། ཨ༷བ་ར་ཧམ་གྱིས་རྒྱལ་པོ་རྣམས་བཏུལ་ནས་ལོག་འགྲོ་བའི་སྐབས་སུ་ཕྲད་ནས་བྱིན་གྱིས་བརླབས་སོ།"
2 ༢་ །ཁོང་ལ་ཨ༷བ་ར་ཧམ་གྱིས་དངོས་པོ་ཐམས་ཅད་ཀྱི་བཅུ་ཁག་ཕུལ་ཏོ།"
3 ༣་ །དང་པོར་ཁོང་གི་མཚན་ལ་མ༷ལ་ཀི་ཚེ་དེག་སྟེ་བོད་སྐད་དུ་དྲང་བ་ཉིད་ཀྱི་རྒྱལ་པོ་དང་། དེ་ནས་ཤ༷་ལེམ་གྱི་རྒྱལ་པོ་སྟེ་བོད་སྐད་དུ་ཞི་བདེའི་རྒྱལ་པོ་ལགས་པ། ཕ་མེད། མ་མེད། གདུང་བརྒྱུད་མེད་པ། སྐུ་ཚེའི་ཐོག་མཐའ་མེད་པ། ཨེ་ལོ་ཧིམ་གྱི་སྲས་དང་འདྲ་བར་གཏན་གྱི་ལེ༷་ཝི་རུ་བཞུགས་སོ།"
4 ༤་ །མེས་པོ་ཨ༷བ་ར་ཧམ་གྱིས་བཅོམ་ནོར་གྱི་བཅུ་ཁག་ཕུལ་བའི་སྐྱེས་བུ་ཇི་ལྟར་ཆེན་པོ་ཡིན་པར་ལྟོས་ཤིག"
5 ༥་ །ལེ༷་ཝི་ཡི་ལས་ཚན་ཐོབ་པའི་ལེ༷་ཝིའི་བུ་བརྒྱུད་ལ་བཀའ་ཁྲིམས་བཞིན་དུ་ཨ༷བ་ར་ཧམ་ལས་བྱུང་བའི་རང་གི་སྤུན་ཡིན་པའི་མི་བརྒྱུད་ལས་བཅུ་ཁག་ལེན་པའི་བཀའ་ཡོད་ཀྱང་།"
6 ༦་ སྐྱེས་བུ་འདི་དེ་རྣམས་ཀྱི་བརྒྱུད་ལས་མིན་རུང་། ཨ༷བ་ར་ཧམ་ལས་བཅུ་ཁག་བླངས་ནས། ཞལ་ཆད་ཡོད་མཁན་ལ་བྱིན་གྱིས་རླབས་སོ།"
7 ༧་ །ཆེན་པོས་ཆུང་ངུ་ལ་བྱིན་རླབས་གཏོང་བ་ལ་རྩོད་རྒྱུ་མེད།"
8 ༨་ ད་ལྟ་མི་རྟག་པའི་མིས་བཅུ་ཁག་ལེན་གྱི། དེའི་ཚེ་རྟག་པ་ཡིན་པར་ངེས་པ་ཞིག་གིས་ལེན་ཏོ།"
9 ༩་ །མ༷ལ་ཀི་ཚེ་དེག་ཨ༷བ་ར་ཧམ་དང་ཕྲད་སྐབས་སུ་ལེ༷་ཝི་ད་དུང་ཕའི་རུས་ཀྱི་ནང་ན་མ་སྐྱེས་པར་ཡོད་པས།"
10 ༡༠་ བཅུ་ཁག་ལེན་པའི་ལེ༷་ཝིས་ཀྱང་ཨ༷བ་ར་ཧམ་རྒྱུད་ནས་བཅུ་ཁག་ཕུལ་བ་ཡིན་ཞེས་ཟེར་ཐུབ་བོ།"
11 ༡༡་ །བཀའ་ཁྲིམས་ནི་ལེ༷་ཝིའི་བརྒྱུད་ཀྱི་རིང་ལ་བྱུང་། ལེ༷་ཝིའི་རྒྱུད་ཀྱི་ཐབས་ཀྱིས་ཕུན་སུམ་ཚོགས་པ་ཐོབ་སྲིད་ན། ཨ༷་རོན་གྱི་རིམ་པར་མི་རྩི་བར། མ༷ལ་ཀི་ཚེ་དེག་གི་རིམ་པའི་ལེ༷་ཝི་གཞན་ཞིག་ཅི་ལ་དགོས།"
12 ༡༢་ ལེ༷་ཝི་བརྒྱུད་སྤོས་པས་བཀའ་ཁྲིམས་ཀྱང་སྤོ་དགོས་བྱུང་།"
13 ༡༣་ གང་གི་སྐོར་དུ་སྨྲས་པ་འདི་ནི་དད་འབུལ་ཁྲིའི་ཞབས་ཏོག་མ་བྱས་པའི་སྡེ་གཞན་ཞིག་ལ་གཏོགས་སོ།"
14 ༡༤་ །ཅིའི་ཕྱིར་ཞེ་ན། ང་ཚོའི་ཀྱུ་རི་བོ་ཡུ༷་དཱའི་བརྒྱུད་ནས་འཁྲུངས་པ་གསལ་ཞིང་། སྡེ་དེ་ལ་བལྟས་ནས་ལེ༷་ཝིའི་སྐོར་མོ༷་ཤེས་ཅིའང་མ་གསུངས་སོ།"
15 ༡༥་ །འཇིག་པའི་ཆོས་ཅན་གྱི་ཁྲིམས་བཞིན་མ་ཡིན་པར། མི་འཇིག་པའི་སྲོག་གི་མཐུ་སྟོབས་དང་བསྟུན་ཏེ།"
16 ༡༦་ མ༷ལ་ཀི་ཚེ་དེག་དང་འདྲ་བའི་ལེ༷་ཝི་གཞན་ཞིག་འཐོན་ན། ང་ཚོས་བཤད་པ་ལྷག་པར་གསལ་དུ་འགྲོའོ།"
17 ༡༧་ །ཁོང་གི་སྐོར་དུ། མ༷ལ་ཀི་ཚེ་དེག་གི་རིམ་པར། །ཁྱེད་ནི་གཏན་གྱི་ལེ༷་ཝི་ཡིན། ཞེས་དབང་པོ་མཛད་པ་ཡིན།"
18 ༡༨་ བཀའ་ཁྲིམས་ཀྱིས་ཅིའང་ཕུན་སུམ་ཚོགས་པ་མ་བྱས། སྔོན་གྱི་བཀའ་རྒྱ་དེ་ཕན་ནུས་མེད་པ་ཡིན་པའི་རྐྱེན་གྱིས་བོར་ནས།"
19 ༡༩་ དེ་བས་ལྷག་པའི་རེ་བ་ཞིག་ལེན་ནས། དེ་ལ་བརྟེན་ནས་ང་ཚོ་ཨེ་ལོ་ཧིམ་དང་ཉེ་བར་སླེབ་བོ།"
20 ༢༠་ ཁོང་ནི་དབུ་མནའ་བཞེས་ཤིང་བསྐོས་པ་ཡིན།"
21 ༢༡་ སྔོན་དུ་ལེ༷་ཝི་རུ་གྱུར་རྣམས་དབུ་མནའ་མེད་པར་བྱུང་། འོན་ཀྱང་ཁོང་ལ་ཀྱུ་རི་བོས་དབུ་མནའ་ཞེས་ཤིང་། །ཁྱེད་ནི་གཏན་གྱི་ལེ༷་ཝི་ཡིན། །ཞེས་གསུང་ཀྱུ་རི་བོས་དབུ་མནའ་བཞེས། །ཉིད་ཀྱི་ཐུགས་དགོངས་མི་འགྱུར་རོ། །ཞེས་གསུངས་པས།"
22 ༢༢་ ཡེ་ཤུ་ཞལ་ཆད་ལྷག་པ་ཞིག་གི་གཏའ་མར་གྱུར་པ་ཡིན།"
23 ༢༣་ དེ་དུས་ཀྱི་ལེ༷་ཝི་རྣམས་ཀྱི་ལས་ཚན་ལ་འཆི་བས་བར་དུ་བཅད་པས་ན་མང་པོ་ཡོད་དགོས་སོ།"
24 ༢༤་ །ཁོང་ནི་རྒྱུན་དུ་བཞུགས་པས་གཏན་གྱི་ལེ༷་ཝི་ཡིན་ནོ།"
25 ༢༥་ །དེའི་རྐྱེན་གྱིས་ཁོང་རྒྱུད་ནས་ཨེ་ལོ་ཧིམ་དང་ཉེ་བར་ཕྱིན་པ་རྣམས་ཀྱི་ཕྱིར་དུ་ཞུ་སྣ་མཛད་ཅིང་རྒྱུན་དུ་བཞུགས་པས། དེ་རྣམས་ཡོངས་སུ་སྐྱོབ་ནུས་སོ།"
26 ༢༦་ །ང་ཚོར་འདི་ལྟ་བུའི་ལེ༷་ཝི་ཆེན་དམ་པ། སྐྱོན་དང་བྲལ་བ། རྨེ་བ་མེད་པ། སྡིག་ཅན་ལས་སོ་སོར་ལགས་པ། ནམ་མཁའ་ལས་ཀྱང་ཡར་འདེགས་པ་ཞིག་ཡོད་པར་རིགས་སོ།"
27 ༢༧་ །ཁོང་ལ་ལེ༷་ཝི་ཆེན་གཞན་རྣམས་དང་འདྲ་བར་དང་པོར་རང་དང་དེ་ནས་མི་སྡེའི་སྡིག་པའི་ཕྱིར་དུ་ཉིན་རེ་བཞིན་དམར་མཆོད་ཕུལ་དགོས་མེད་དོ། །ཁོང་གིས་རང་ཉིད་དམར་མཆོག་རུ་ཕུལ་བས་ཐེངས་གཅིག་ཏུ་དེ་བསྒྲུབས་སོ།"
28 ༢༨་ །བཀའ་ཁྲིམས་ཀྱིས་ནི་ཤེད་མེད་ཀྱི་རང་བཞིན་ཡིན་པའི་མི་ལེ༷་ཝི་ཆེན་དུ་བསྐོའོ། །བཀའ་ཁྲིམས་ཀྱི་རྗེས་སུ་བྱུང་བའི་དབུ་མནའ་དང་བཅས་པའི་བཀས་དུས་གཏན་གྱི་ཕྱིར་ཕུན་སུམ་ཚོགས་པའི་སྲས་སྐོ་བར་མཛད་དོ།། །།"
1 ༡་ ང་ཚོས་སྨྲ་དོན་སྙིང་པོ་འདི་ཡིན། ནམ་མཁར་ལེ༷་ཝི་མེད་གང་གི་བཞུགས་ཁྲིའི་གཡས་སུ་བཞུགས་ཤིང་།"
2 ༢་ མིས་མ་བཞེངས་པར་ཀྱུ་རི་བོས་བཞེངས་པའི་གཙང་ཁང་དང་གུར་མཆོག་དངོས་མའི་ཞབས་ཏོག་མཛད་པའི་ལེ༷་ཝི་ཆེན་འདི་འདྲ་བ་ཞིག་ང་ཚོར་ཡོད།"
3 ༣་ ལེ༷་ཝི་ཆེན་ཐམས་ཅད་དད་འབུལ་བ་དང་དམར་མཆོད་འབུལ་བའི་ཕྱིར་བསྐོ་བས། ཁོང་གིས་ཀྱང་ཇི་ཞིག་འབུལ་དགོས་སོ།"
4 ༤་ བཀའ་ཁྲིམས་བཞིན་དུ་འབུལ་བ་འབུལ་མཁན་ཡོད་པས། ཁོང་ནམ་མཁར་མ་འདེགས་པ་ཡིན་ན། ཅི་ནས་ཀྱང་ལེ༷་ཝི་རུ་མ་འགྱུར་པ་ཡིན།"
5 ༥་ །དེ་རྣམས་ཀྱིས་ནི་ནམ་མཁའི་གཙང་ཁང་གི་འདྲ་དཔེ་དང་གྲིབ་མ་འདྲ་བར་ཞབས་ཏོག་བྱེད་དོ། མོ༷་ཤེས་གུར་མཆོག་མཟོ་བར་རྩམས་པའི་ཚེ། ཁྱོད་ལ་རིའི་ཁར་བསྟན་པའི་མ་དཔེ་བཞིན་དུ་ཐམས་ཅད་བྱོས་ཤིག་ཅེས་བཀའ་གནང་བྱུང་།"
6 ༦་ །མ་ཤི་ཀ་ནི་ཞལ་བཞེས་དྲག་པ་རྣམས་ཀྱི་ཁར་བཙུགས་པའི་ལྷག་པའི་ཞལ་ཆད་ཞིག་གི་བར་མིར་འགྱུར་པས། དེ་ལས་ལྷག་པའི་ཞབས་ཏོག་གི་ལས་ཚན་ཐོབ་པ་ཡིན།"
7 ༧་ །ཞལ་ཆད་དང་པོའི་ནང་སྐྱོན་མེད་ན། གཉིས་པ་ཞིག་གི་དགོས་པ་མེད།"
8 ༨་ དེ་ནང་སྐྱོན་གཟིགས་པས་འདི་ལྟར་གསུངས་སོ།། །ཡི༷ས་ར་ཨེལ་དང་ཡུ༷་དཱ་ཡི། །མི་བརྒྱུད་གཉིས་པོ་དང་མཉམ་དུ། །ཞལ་ཆད་གསར་པ་བྱེད་པའི་དུས། །བསླེབ་པར་འགྱུར་ཞེས་ཀྱུ་རི་བོས་གསུངས།"
9 ༩་ །ངས་ནི་དེ་ཚོའི་ཕ་མ་རྣམས། །མི༷་སེར་ཡུལ་ནས་འདོན་པའི་ཚེ། །ལག་ནས་དྲངས་ཏེ་མཛད་པ་ཡི། །ཞལ་ཆད་དེ་འདྲ་ཡོད་མི་འགྱུར། །དེ་རྣམས་ང་ཡི་ཞལ་ཆད་ནང་། །མ་གནས་ང་ཡིས་དེ་རྣམས་ལ། །ཐུགས་རྗེས་མ་གཟིགས་ཀྱུ་རི་བོས་གསུངས།"
10 ༡༠་ །ཡི༷ས་ར་ཡེལ་གྱི་མི་བརྒྱུད་མཉམ། །རྗེས་སུ་བྱ་རྒྱུའི་ཞལ་ཆད་ནི། འདི་ལྟར་ཡིན་ཞེས་ཀྱུ་རི་བོས་གསུངས། །དེ་ཚོའི་ཡིད་ནང་ངའི་བཀའ་ཁྲིམས། །འཇུག་ཅིང་སྙིང་ནང་འབྲི་བར་བྱ། །དེ་ཚོའི་ཨེ་ལོ་ཧིམ་ང་འགྱུར་ཞིང་། །དེ་དག་ང་ཡི་མི་སྡེར་འགྱུར།"
11 ༡༡་ །དེ་ཚོའི་ཉེས་པ་བཟོད་བྱ་ཞིང་། །སྡིག་པའང་ཕྱིན་ཆད་མི་དྲན་པས། །ཆེ་ཆུང་ཡོངས་ཀྱིས་ང་ཤེས་པས།"
12 ༡༢་ །ཀྱུ་རི་བོ་ཤེས་ཤིག་ཅེས་ཟེར་ཞིང་། །སུས་ཀྱང་སྤུན་ནམ་ཁྱིམ་མཚེས་ལ། བསླབ་དགོས་མི་ཡོང་ཀྱུ་རི་བོས་གསུངས།"
13 ༡༣་ ཞལ་ཆད་གསར་པ་ཞེས་གསུངས་ཙ་ན་སྔ་མ་དེ་རྙིང་པར་རྩི་བར་མཛད་དོ། །རྙིང་ཞིང་རྒས་པ་དེ་འཇིག་པ་ལ་ཐུག་གོ། །།"
1 ༡་ །ཞལ་ཆད་སྔ་མའི་ནང་ལའང་ཨེ་ལོ་ཧིམ་ལ་བསྙེན་བཀུར་བྱེད་པའི་ཚུལ་ཁྲིམས་དང་ལག་པས་བཞེངས་པའི་གཙང་ཁང་ཡོད་པ་ཡིན།"
2 ༢་ གུར་མཆོག་ཅིག་བཟོས་ཏེ། གུར་ཕྱི་མའི་ནང་མཆོད་མེའི་སྟེགས་བུ་དང་། གསོལ་ལྕོག་དང་། ཞལ་ཟས་ཡོད་དེ། དེ་ལ་གནས་དམ་པ་ཟེར་རོ།"
3 ༣་ །ཡོལ་བ་གཉིས་པའི་རྒྱབ་ན་དམ་པའི་དམ་པ་བྱ་བའི་གུར་འཛོམ་གྱི་ནང་ན།"
4 ༤་ བདུག་སྤོས་བདུག་སའི་གསེར་གྱི་མཆོད་ཁྲི་དང་། གསེར་གྱིས་ཡོངས་སུ་བཀབ་པའི་ཞལ་ཆད་ཀྱི་སྒྲོམ་དེ་ཡོད་དེ། དེའི་ནང་ན་མ༷ན་ན་ཡིས་གང་བའི་གསེར་གྱི་བུམ་པ་དང་། མྱུ་གུ་གཏོང་བའི་ཨ༷་རོན་གྱི་དབྱུག་པ་དང་། ཞལ་ཆད་ཀྱི་རྡོ་ལེབ་ཡོད་པ་ཡིན།"
5 ༥་ སྒྲོམ་གྱི་སྟེང་ན་ཀེ༷་རུབ་ཅེས་པའི་དཔལ་ལྡན་གྱི་ཨ༷ན་ཇལ་དག་ཐུགས་རྗེའི་བཞུགས་ཁྲིའི་སྟེང་ལ་བསིལ་གྲིབ་བྱེད་ཅིང་ཡོད་དོ། །ད་ལྟ་དེ་རྣམས་ཀྱི་སྐོར་དུ་ཞིབ་པར་སྨྲ་བའི་སྐབས་མིན།"
6 ༦་ དེ་རྣམས་དེ་ལྟར་བསྒྲིགས་ནས། ཕྱིའི་གུར་འཛོམ་ནང་ལེ༷་ཝི་རྣམས་རྒྱུན་དུ་འགྲོ་ཞིང་རིམ་འགྲོ་བྱེད་དོ།"
7 ༧་ །གཉེས་པ་དེའི་ནང་ལེ༷་ཝི་ཆེན་འབའ་ཞིག་ལོ་རེ་ནང་ཐེངས་གཅིག་འགྲོ་སྟེ། རང་དང་མི་སྡེའི་འགལ་སྐྱོན་གྱི་ཕྱིར་འབུལ་བའི་ཁྲག་མེད་པར་མི་འགྲོའོ།"
8 ༨་ །དེའི་སྒོ་ནས་གུར་འཛོམ་དང་པོ་དེ་ཡོད་རིང་། གཙང་ཁང་གི་སྒོ་ཕྱེས་མེད་པ། ང་ཚོར་དམ་པའི་རུ་ཨག་གིས་སྟོན་ནོ།"
9 ༩་ །དེ་ནི་ད་ལྟའི་དུས་ཀྱི་དཔེ་ཡིན། གྲལ་དེ་བཞིན་དུ་དད་འབུལ་དང་དམར་མཆོག་འབུལ་ཡང་། བསྙེན་བཀུར་བྱེད་པ་དེའི་ཤེས་བཟང་ཕུན་སུམ་ཚོགས་པ་བྱེད་མི་ཐུབ་བོ།"
10 ༡༠་ །དེ་ནི་ཉམས་ཆགས་གསོ་བའི་བར་བཙུགས་པའི་ལུས་ལ་བརྟེན་པའི་ཟ་བ་དང་འཐུང་བ་དང་ཁྲུས་སྣ་ཚོགས་ཀྱི་ཚུལ་ཁྲིམས་ལས་མིན་ནོ།།"
11 ༡༡་ མ་ཤི་ཀ་ནི་འོང་བར་འགྱུར་བའི་བྱ་བ་བཟང་པོ་རྣམས་ཀྱི་ལེ༷་ཝི་ཆེན་ལྟར་ཕེབས་ནས་ལག་པས་མ་བཅོས་པ་འམ་འཇིག་རྟེན་འདི་ལ་མི་གཏོགས་པའི་གུར་འཛོམ་ཆེ་ཞིང་ཕུལ་དུ་བྱུང་བའི་གུར་འཛོམ་རྒྱུད་ནས།"
12 ༡༢་ ར་མ་དང་གླང་བུའི་ཁྲག་མ་ཡིན་པར་རང་ཉིད་ཀྱི་སྐུ་ཁྲག་ཕུལ་ཞིང་གནས་དམ་པའི་ནང་ཐེངས་གཅིག་ཕེབས་ནས་གཏན་གྱི་ཐར་པ་བསྒྲུབས་སོ།"
13 ༡༣་ །ལུས་གཙང་བར་བྱེད་ཕྱིར་གྲིབ་ཅན་ལ་ར་དང་གླང་གི་ཁྲག་དང་། བའི་གོག་ཐལ་གཏོར་ནས་དག་པར་བྱེད་ན།"
14 ༡༤་ མ་ཤི་ཀའི་སྐུ་ཁྲག་གིས་ཁྱེད་ཚོ་ལྷག་པར་དག་པར་མི་བྱེད་དམ། ཁོང་གིས་གདོད་མའི་རུ་ཨག་གི་ངང་ནས་ཨེ་ལོ་ཧིམ་ལ་རང་ཉིད་སྐྱོན་མེད་པའི་དམར་མཆོག་ཕུལ་བས། གསོན་པོའི་ཨེ་ལོ་ཧིམ་ལ་བསྙེན་བཀུར་ཕུལ་ཕྱིར་ཁོང་གི་སྐུ་ཁྲག་གིས་ཁྱེད་ཚོའི་ཤེས་བཟང་སྙིང་པོ་མེད་པའི་བྱ་བ་ལས་གཙང་བར་མཛད་དོ།"
15 ༡༥་ །ཞལ་ཆད་དང་པོའི་སྒོ་ནས་ཡིན་པའི་སྡིག་པ་ལས་ཐར་བའི་ཕྱིར་ཁོང་གྲོངས་པས། བོས་པ་རྣམས་ལ་རྟག་པའི་ཞལ་ཆད་ཐོབ་པའི་ཕྱིར། ཁོང་ནི་ཞལ་ཆད་གསར་པ་ཞིག་གི་བར་མི་ལགས་སོ།"
16 ༡༦་ །ཁ་ཆེམས་ཞིག་ཡོད་ན། ཁ་ཆེམས་བཞག་མཁན་དེ་ཤི་ཟིན་པར་ཤེས་དགོས།"
17 ༡༧་ ཁ་ཆེམས་འཇོག་མཁན་དེ་གསོན་པོར་ཡོད་ རིང་ཁ་ཆེམས་ལ་མི་རྩི། ཤི་ཟིན་པ་དང་རྩིའོ།"
18 ༡༨་ །ཞལ་ཆད་དང་པོ་དེའང་ཁྲག་མེད་པར་མ་མཛད་པ་ཡིན།"
19 ༡༩་ མོ༷་ཤེས་བཀའ་ཁྲིམས་ཀྱི་བཀའ་རེ་རེ་མི་སྡེ་ལ་བཤད་ཟིན་པ་དང་། ཆུ་དང་བལ་དམར་པོ་དང་ཨི༷་སོབ་དང་བཅས་གླང་བུ་དང་རའི་ཁྲག་བླངས་ཏེ། དེབ་དེ་དང་མི་སྡེ་ལ་གཏོར་ནས།"
20 ༢༠་ འདི་ནི་ཨེ་ལོ་ཧིམ་གྱིས་ཁྱེད་ཚོར་གནང་བའི་ཞལ་ཆད་ཀྱི་ཁྲག་དེ་ཡིན་སྨྲ་ཞིང་།"
21 ༢༡་ དེ་དང་འདྲ་བར་གུར་འཛོམ་དང་། མཆོད་རྫས་ཀྱི་ཡོ་བྱད་ཐམས་ཅད་ལའང་ཁྲག་གཏོར་ཏོ།"
22 ༢༢་ །བཀའ་ཁྲིམས་བཞིན་དུ་ཕལ་ཆེར་ཐམས་ཅད་ཁྲག་གིས་གཙང་བར་གྱུར་ཏེ། ཁྲག་མི་བླུག་པར་སྡིག་སེལ་མེད་དོ།།"
23 ༢༣་ །དེ་ལྟར་ནམ་མཁའི་དངོས་པོ་རྣམས་ཀྱི་འདྲ་དཔེ་ལ་དེ་བཞིན་དུ་གཙང་མ་བྱེད་དགོས་པས། ནམ་མཁའི་དངོས་པོ་དེ་རང་ལ་དེ་ལས་ལྷག་པའི་ཁྲག་གིས་གཙང་བར་བྱེད་དགོས།"
24 ༢༤་ མ་ཤི་ཀ་ནི་འདྲ་དཔེ་ཡིན་པའི་ལག་པས་བཟོས་པའི་གཙང་ཁང་ནང་མ་ཕེབས་པར། ང་ཚོའི་དོན་དུ་ཨེ་ལོ་ཧིམ་མཇལ་ཕྱིར་ནམ་མཁའ་དེ་ཉིད་དུ་ཕེབས་སོ།"
25 ༢༥་ ལེ༷་ཝི་ཆེན་ལོ་རེ་བཞིན་རང་གི་ཁྲག་མིན་པ་འཁྱེར་ནས་གཙང་ཁང་ནང་འགྲོ་བ་ལྟར་རང་ཉིད་ཡང་ཡང་དམར་མཆོད་དུ་འབུལ་བར་མི་མཛད་དོ།"
26 ༢༦་ །དེ་མིན་འཇིག་རྟེན་བཀོད་པ་ནས་ཚུན་ཁོང་གིས་ཡང་ཡང་སྡུག་བསྔལ་མྱོང་དགོས་པ་ཡིན། དེའི་ཚབ་ཏུ་རང་ཉིད་འབུལ་བར་ཕུལ་ནས་སྡིག་པ་སེལ་བའི་དོན་དུ། དུས་ཀྱི་མཐའ་མར་ཐེངས་གཅིག་ཏུ་མངོན་པ་ཡིན་ནོ།"
27 ༢༧་ །མི་རྣམས་ལན་གཅིག་འཆི་བར་དགོས་པ་དང་ཞལ་ཆེ་གཅོད་པར་འགྱུར་བ་ལྟར།"
28 ༢༨་ མ་ཤི་ཀའང་མང་པོའི་སྡིག་པ་བཞེས་པའི་ཕྱིར་ལན་གཅིག་མཆོད་པར་གྱུར་ཏེ། ལན་གཉིས་པ་དེར་སྡིག་པའི་ཕྱིར་མ་ཡིན་པར། ཁོང་ལ་སྒུག་མཁན་རྣམས་སྐྱབ་ཕྱིར་མངོན་ནོ།། །།"