1 ༡་ །མ་ཤི་ཀ་ཡེ་ཤུའི་དོན་དུ་བཙོན་པ་ཡིན་པའི་པ༷འུ་ལུ་དང་། སྤུན་ཏི༷་མོ་ཐེའུས། ང་ཚོའི་གཅེས་པའི་ལས་རོགས་ཕི༷་ལེ་མོན་དང་།"
2 ༢་ གཅེས་པའི་སྤུན་མ་ཨ༷་ཕི་ཡ་དང་། དཔུང་གྲོགས་ཨ༷ར་ཀིབ་པུ་དང་། ཁྱོད་ཀྱི་ཁང་པར་ཡོད་པའི་མ་ཤི་ཀ་པ་ཚོགས་ལ།"
3 ༣་ ཡབ་ཨེ་ལོ་ཧིམ་དང་། ཀྱུ་རི་བོ་ཡེ་ཤུ་མ་ཤི་ཀ་ནས་ཐུགས་རྗེ་དང་ཞི་བདེ་འབབ་པར་ཤོག་ཅིག།"
4 ༤་ །ཁྱོད་ཀྱིས་ཀྱུ་རི་བོ་ཡེ་ཤུ་དང་མ་ཤི་ཀ་པ་ཐམས་ཅད་ལ་བྱེད་པའི་དད་པ་དང་བྱམས་པའི་སྐོར་ཐོས་ནས།"
5 ༥་ སྨོན་ལམ་ནང་ཁྱོད་དྲན་པའི་ཚེ་རྟག་ཏུ་ཨེ་ལོ་ཧིམ་ལ་བསྟོད་བསྔགས་འབུལ་ལོ།"
6 ༦་ །ང་ཚོར་མ་ཤི་ཀའི་སྒོ་ནས་ཡོད་པའི་བཟང་པོ་ཐམས་ཅད་ཀྱི་རྟོགས་པ། ཁྱོད་ཀྱི་དད་པའི་འགྲོགས་ལུགས་ཀྱིས་རྒྱས་པར་བྱེད་པའི་ཕྱིར་སྨོན་ལམ་འདེབས་སོ།"
7 ༧་ །ཁྱོད་ཀྱི་རྐྱེན་གྱིས་མ་ཤི་ཀ་པ་རྣམས་ཀྱི་དབུགས་དབྱུང་བས། སྤུན་ཁྱོད་ཀྱི་བྱམས་སེམས་ཀྱིས་ང་ལ་དགའ་སྤྲོ་དང་སེམས་གསོ་བྱུང་།"
8 ༨་ ང་ལ་མ་ཤི་ཀའི་མཐུས་བྱ་བ་བགྱི་འོས་རྣམས་བགྱི་ཕྱིར་ཁྱོད་ལ་བསྒོ་བའི་སྙིང་སྟོབས་ཡོད་རུང་།"
9 ༩་ ང་མི་རྒན་པ༷འུ་ལུ་ད་ལྟ་མ་ཤི་ཀ་ཡེ་ཤུའི་དོན་དུ་བཙོན་པ་ཡིན་པ་ངས་བྱམས་པའི་ཆེད་དུ་ཞུ་བ་འབུལ་བ་ལེགས་སེམས་སོ།"
10 ༡༠་ །བཙོན་ཁང་ནང་འབྱོར་བའི་ངའི་བུ་ཨོ༷་ནི་སི་མུ་བོད་སྐད་དུ་ཕན་པ་བྱ་བ།"
11 ༡༡་ སྔར་ཁྱོད་ལ་མ་ཕན་ཡང་། ད་ལྟ་ཁྱོད་དང་ང་གཉིས་ལ་ཕན་པས། ཁོའི་དོན་དུ་ཞུ་བ་འབུལ་ལོ།"
12 ༡༢་ །ངའི་སྙིང་དང་འདྲ་བ་ཁོ་རང་ཁྱོད་ཀྱི་རྩར་ཕྱིར་ལོག་བཏང་ཡོད།"
13 ༡༣་ འཕྲིན་བཟང་གི་དོན་དུ་ང་བཙོན་ནང་ཡོད་རིང་ཁྱོད་ཀྱི་ཕྱོགས་ནས་ང་ལ་གཡོག་བྱེད་པར་ང་རང་མཉམ་ཁོ་འཇོག་པར་དགའ་ཡང་།"
14 ༡༤་ ཁྱོད་ཀྱིས་བཀའ་དྲིན་མ་བྱེད་དབང་མེད་མ་ཡིན་པར་དགའ་བཞིན་བྱེད་པའི་ཕྱིར། ཁྱོད་ཀྱི་དགོངས་པ་མེད་པར་ཅིའང་མི་བྱེད་པ་དེ་ལེགས་པར་སེམས་སོ།"
15 ༡༥་ །རེ་ཞིག་ཁོ་དང་བྲལ་བ་དེ། ཁོ་ཚེ་གཡོག་ལྟར་མ་ཡིན་པར་དེ་ལས་དྲག་པ་མི་དང་ཀྱུ་རི་བོའི་ངོས་ནས་ངའི་གཅེས་པ་དང་ཁྱོད་ཀྱི་ལྷག་པར་གཅེས་པའི་སྤུན་གྱི་ཚུལ་དུ།"
16 ༡༦་ གཏན་དུ་ཁྱོད་ལ་ཐོབ་པའི་ཕྱིར་ཡིན་པར་ངེས་སོ།"
17 ༡༧་ །ང་དང་ཁྱོད་གཉིས་གཅིག་ཡིན་སེམས་ན། ང་བསུ་བ་ལྟར་ཁོའང་བསུས་ཤིག"
18 ༡༨་ གལ་ཏེ་ཁོས་ཁྱོད་ལ་ཉེས་སམ་འཇལ་རྒྱུ་ཞིག་ཡོད་ན། ངའི་རྩིས་ནང་ཆུག་ཅིག"
19 ༡༩་ །ངས་འཇལ་འོང་ཞེས་པ་ང་རང་པ༷འུ་ལུའི་ལག་པས་བྲིའོ། །ཁྱོད་ལ་ངའི་བུ་ལོན་ནི་ཁྱོད་ཉིད་ཡིན་པ་ཟེར་མི་དགོས་སོ།"
20 ༢༠་ །འོ་ན་ངའི་སྤུན། ཀྱུ་རི་བོའི་ངང་ན་ཁྱོད་ལས་ང་ལ་ཕན་པ་ཞིག་དགོས། མ་ཤི་ཀའི་ངང་ན་ངའི་དབུགས་དབྱུང་ཞིག"
21 ༢༡་ །ངས་སྨྲས་པ་ལས་ལྷག་པར་ཁྱོད་ཀྱིས་བྱ་འོངབ་ཤེས་ཤིང་། ངའི་ཁ་ལ་ཉན་པའི་བློ་གདེང་གིས་ཡི་གེ་འདི་འབྲིའོ།"
22 ༢༢་ །ཁྱེད་ཅག་གི་སྨོན་ལམ་ལ་རྟེན་ཏེ་ང་ཁྱེད་ཅག་ལ་གནང་བར་རེ་བས། ཞོར་ལ་ངའི་ཕྱིར་གནས་ཚང་ཞིག་གྲལ་བྱོས་ཤིག"
23 ༢༣་ །མ་ཤི་ཀ་ཡེ་ཤུའི་དོན་དུ་ངའི་བཙོན་གྲོགས་ཨེ༷་པབ་ར་དང་།"
24 ༢༤་ མ༷ར་ཀུ་དང་། ཨ༷་རིས་ཏར་ཀུ་དང་། དེ༷་མ་དང་། ལུ༷་ཀ་ངའི་ལས་རོགས་རྣམས་ཀྱིས་ཁྱེད་ལ་ཕྱག་འབུལ་ལོ།"
25 ༢༥་ །ཀྱུ་རི་བོ་ཡེ་ཤུ་མ་ཤི་ཀའི་ཐུགས་རྗེ་ཁྱེད་རྣམས་དང་འགྲོགས་པར་ཤོག་ཅིག།།"