1

1 ༡་ །ཨེ་ལོ་ཧིམ་གྱིས་འདམས་པ་རྣམས་ཀྱི་དད་པ་དང་བདེན་དང་ལྡན་པའི་རྟོགས་པ་རྒྱས་པར་འཇུག་པའི་ཕྱིར།"

2 ༢་ རྫུན་མི་གསུང་བའི་ཨེ་ལོ་ཧིམ་གྱིས་ཐོག་མ་ནས་ཞལ་གྱིས་བཞེས་པའི་མི་ཚེ་རྒྱུན་དུ་པ་ལ་རེ་ཞིང་།"

3 ༣་ ང་ཚོའི་སྐྱབས་མགོན་ལགས་པའི་ཨེ་ལོ་ཧིམ་གྱི་བཀའ་ཡིས་ང་ལ་བཏད་པའི་བསྟན་པའི་སྒོ་ནས། དུས་ལ་བབས་པ་དང་ཉིད་ཀྱི་བཀའ་མངོན་པར་མཛད་པའི་ཨེ་ལོ་ཧིམ་གྱི་ཞབས་ཕྱི་དང་། ཡེ་ཤུ་མ་ཤི་ཀའི་ཨ༷་པོ་ཏོ་ལོ་པ་ཡིན་པའི་པ༷འུ་ལུ་ངས།"

4 ༤་ དད་པ་གཅིག་པའི་ངའི་བདེན་པའི་བུ་ཏི༷་ཏུ་ལ། ང་ཚོའི་ཨེ་ལོ་ཧིམ་ཡབ་དང་སྐྱབས་མགོན་མ་ཤི་ཀ་ཡེ་ཤུའི་ཐུགས་རྗེ་དང་ཞི་བདེ་འབབ་པར་ཤོག་ཅིག"

5 ༥་ །ངས་ཁྱོད་ཀ༷་རེ་ཏ་རུ་བཞག་པའི་དོན་ནི། ལས་ཕྲོ་ལུས་རྣམས་སྒྲུབ་པ་དང་། ངས་བསྒོས་པ་བཞིན་གྲོང་ཁྱེར་རེ་རེར་རྒན་མི་བསྐོ་ཕྱིར་ཡིན་ཏེ།"

6 ༦་ དེ་རྣམས་ནི་སྐྱོན་མ་ཕོག་པ་དང་ཆུང་མ་གཅིག་གི་ཁྱོ་ཡིན་ཏེ། ཕྲུ་གུ་རྣམས་དད་པ་ཅན་དང་། སྤྱོད་ལམ་བཟང་པོ་དང་ཁ་ལ་ཉན་པོ་ཡོད་དགོས་སོ།"

7 ༧་ །དོ་དམ་པ་ནི་ཨེ་ལོ་ཧིམ་གྱི་ཕྱག་མཛོད་ཡིན་པས། སྐྱོན་མ་ཕོག་པ་དང་། རང་འདོད་མེད་པ་དང་། མི་ཁྲོ་བ་དང་། ཆང་འཐུང་མིན་པ་དང་། མི་འཐབ་པ་དང་། དངུལ་ལ་མི་ཆགས་མཁན།"

8 ༨་ མགྲོན་པོ་ལ་བྱམས་པ་དང་། དྲང་པོ་དང་། དམ་པ་དང་། བག་དང་ལྡན་པ་དང་།"

9 ༩་ ཡང་དག་པའི་བསྟན་པའི་བསླབ་བྱ་གཏོང་བ་དང་། རྒོལ་བ་འཇོམས་ནུས་པའི་ཕྱིར་གདམས་པ་དང་མཚུངས་པར་བདེན་པའི་བཀའ་ལ་བརྟན་པོར་གནས་པ་ཡིན་དགོས་སོ།།"

10 ༡༠་ །ཁ་ལ་མི་ཉན་པ་དང་། འཆོལ་གཏམ་སྨྲ་མཁན་དང་། ལོག་འདྲེན་མང་པོ་དང་། ཁྱད་པར་དུ་ཡ༷་ཧུ་དཱ་པའི་རྟགས་དང་ལྡན་པའི་མ་ཤི་ཀ་པའི་ནང་ན་འདུག་ཅིང་།"

11 ༡༡་ དེ་རྣམས་ཀྱིས་ནོར་གྲིབ་ཅན་གྱི་ཕྱིར་དུ་མ་རུང་བའི་ལྟ་བ་སྟོན་ཅིང་། ཁྱིམ་པ་ཐམས་ཅད་འཇིག་ཏུ་འཇུག་པས། དེ་རྣམས་ཀྱི་ཁ་ཁོག་ཅིག"

12 ༡༢་ །དེ་ཚོའི་ཕ༷་རོ་པེ་ཏེ་པ་གཅིག་གིས། ཀ༷་རེ་ཏ་པ་རྣམས་རྟག་ཏུ་རྫུན་ཅན་དང་། བྱོལ་སོང་ངན་པ་འདྲ་བ་དང་། སྙོམ་ལས་པ་གྲོད་བརྣབ་ཅན་ཡིན་ཞེས་ཟེར་ཏེ།"

13 ༡༣་ དཔང་བྱས་པ་དེ་བདེན་པའང་ཡིན་པས།"

14 ༡༤་ ཡ༷་ཧུ་དཱ་པའི་སྒྲུངས་དང་། བདེན་པ་སྤངས་མཁན་རྣམས་ཀྱིས་བསྒོ་བ་ལ་ཉན་པའི་ཚབ་ལ། དད་པའི་ནང་བརྟན་པོར་འགྱུར་བའི་ཕྱིར་བཀའ་བཀྱོན་དྲག་པོ་ཐོང་ཞིག"

15 ༡༥་ །གཙང་མ་ལ་ཐམས་ཅད་གཙང་ཡང་། གྲིབ་ཅན་དང་། དད་མེད་ལ་ཅིའང་མི་གཙང་བ་མ་ཟད། དེ་ཚོའི་བློ་གྲོས་དང་། བཤེས་བཟང་གཉིས་ཀ་གྲིབ་ཅན་ཡིན།"

16 ༡༦་ དེ་ཚོས་ཨེ་ལོ་ཧིམ་ཤེས་སོ་སྨྲ་ཡང་། སྤྱོད་པས་ཁོང་ཤེས་པ་མི་སྟོན་ཞིང་། སྐྱུག་བྲོ་དང་། བཀའ་ལ་མི་ཉན་པ་དང་། ལས་བཟང་པོ་གང་ལའང་མི་འདོད་པ་ཡིན་ནོ།། །།"

2

1 ༡་ །ཁྱེད་ཀྱིས་ནི་ཡང་དག་པའི་སློབ་ཁྲི་པ་དང་བསྟུན་པའི་སྐུལ་མ་ཐོངས་ཤིག"

2 ༢་ རྒན་པ་རྣམས་བག་དང་ལྡན་པ་དང་། ཡ་རབས་དང་། བཙུན་པ་དང་། དད་པ་དང་། བྱམས་པ་དང་། བཟོད་པའི་ནང་བརྟན་པོ་ཡོད་དགོས།"

3 ༣་ དེ་བཞིན་དུ་རྒན་མོ་རྣམས་དམ་པའི་ཚུལ་དང་ལྡན་ཞིང་། ཕྲ་མ་མི་བྱེད་མཁན་དང་། ཆང་བརྣབ་མེད་པ་དང་། བསླབ་བྱ་བཟང་པོ་བྱེད་མཁན་ཡིན་དགོས།"

4 ༤་ དེ་ལྟར་དེ་ཚོས་གཞོན་ནུ་མ་རྣམས་ལ། ཁྱོ་དང་ཕྲུ་གུ་ལ་བྱམས་ཤིང་།"

5 ༥་ ཨེ་ལོ་ཧམ་གྱི་བཀའ་ལ་བསྐུར་པ་མི་འབྱུང་བའི་ཕྱིར། བཙུན་པ་དང་། གཙང་མ་དང་། ཁྱིམ་ལས་བྱེད་མཁན་དང་། བཟང་པོ་དང་། ཁྱོའི་ཁ་ལ་ཉན་པའི་བསླབ་བྱ་བྱེད་དོ།"

6 ༦་ །དེ་བཞིན་དུ་གཞོན་པ་རྣམས་བཙུན་པར་འགྱུར་བར་སྐུལ་ཞིག"

7 ༧་ །རྣམ་པ་ཐམས་ཅད་དུ་ཁྱོད་རང་བཟང་པོའི་དཔེ་རུ་སྟོན་ཅིག །བསླབ་བྱ་སྟོན་ཞིང་ཁྱོད་རང་ལྷད་མེད་པ་དང་། ཡ་རབས་དང་།"

8 ༨་ སྨད་པར་མི་ཐུབ་པའི་ཡང་དག་པའི་གཏམ་དང་ལྡན་པ་སྟོན་ཅིག །དེ་ནས་རྒོལ་མཁན་ལ་ང་ཚོར་གཏམ་ངན་སྨྲ་རྒྱུ་མེད་པས་སྐྱེངས་པར་འགྱུར་རོ།"

9 ༩་ །གཡོག་པོ་རྣམས་དཔོན་པོའི་ཁ་ལ་ཉན་པ་དང་། ཅི་ས་ནས་དེ་མཉེས་སུ་འཇུག་པ་དང་། ལན་མི་ཟློག་པ་དང་།"

10 ༡༠་ མ་བྱིན་པར་མི་ལེན་པ་དང་། ཅི་ས་ནས་ཕྱི་ཐག་རིང་བ་ཡིན་དགོས། དེ་ལྟར་དེ་རྣམས་རྣམ་པ་ཐམས་ཅད་དུ་ང་ཚོའི་སྐྱབས་མགོན་ལགས་པའི་ཨེ་ལོ་ཧིམ་གྱི་སློབ་ཁྲིད་པའི་རྒྱན་དུ་འགྱུར་བར་འགྱུར།"

11 ༡༡་ །ཨེ་ལོ་ཧིམ་གྱི་ཐུགས་རྗེ་ནི་མི་ཡོད་དོ་ཅོག་གི་ཐར་པའི་དོན་དུ་མངོན་དུ་བྱུང་སྟེ།"

12 ༡༢་ སྤྱོད་ངན་པ་དང་འཇིག་རྟེན་གྱི་འདོད་པ་སྤོང་བ་དང་། འཇིག་རྟེན་འདིར་བཙུན་པ་དང་། དྲང་པོ་དང་། ཆོས་བཞིན་དུ་གནས་པའི་ཕྱིར་སློབ་བོ།"

13 ༡༣་ །ང་ཚོའི་ཀུན་དབང་གི་ཨེ་ལོ་ཧིམ་སྐྱབས་མགོན་ཡེ་ཤུ་མ་ཤི་ཀའི་གཟི་བརྗིད་མངོན་པར་འགྱུར་བའི་ང་ཚོའི་རེ་བ་མཆོག་ལ་སྒུག་གོ།"

14 ༡༤་ །ང་ཚོ་སྡིག་པ་ཐམས་ཅད་ལས་རིན་གྱིས་བླུ་བ་དང་། དགེ་བར་བརྩོན་པའི་ཉིད་ཀྱི་ཡིན་པའི་སྐྱེས་པ་ དམ་པར་མཛད་པའི་ཕྱིར། ཡེ་ཤུས་སྐུ་སྲོག་དནང་ངོ་།"

15 ༡༥་ །དེ་ལྟར་སྒྲག་ཅིང་། དབང་ཆེན་པོས་སྐུལ་མ་དང་བཀའ་བཀྱོན་ཡང་ཐོངས་ཤིག །སུས་ཀྱང་ཁྱོད་ལ་ཁྱད་དུ་གསད་མ་འཇུག་ཅིག། །།"

3

1 ༡་ །མངའ་བདག་དང་དབང་སྒྱུར་བ་རྣམས་ཀྱི་འབངས་བྱེད་ཅིང་། བཀའ་ལ་ཉན་པ་དང་། ལས་བཟང་པོ་གང་རུང་བྱེད་ཆོག་ཡོད་པ་དང་།"

2 ༢་ སུའི་སྐོར་ལའང་ངན་པ་མི་ཟེར་བ་དང་། མི་འཛིང་བ་དང་། ཞི་བ་དང་། མི་ཐམས་ཅད་ལ་ཡང་དག་པའི་གུས་པ་བྱེད་ཕྱིར་སྐུལ་མ་ཐོངས་ཤིག"

3 ༣་ །ང་ཚོའང་སྔར་བླུན་པོ་དང་། ཁ་ལ་མི་ཉན་པ་དང་། ལམ་སྟོར་བ་དང་། འདོད་ཆགས་དང་། འདོད་ཡོན་སྣ་ཚོགས་ཀྱི་དབང་དུ་སོང་མཁན་དང་། ངན་སེམས་དང་ཕྲག་དོག་ལ་སྤྱོད་ཅིང་། མི་གཞན་གྱིས་སྡང་བ་དང་རང་ཡང་ཕན་ཚུན་སྡང་མཁན་ཡིན་ཀྱང་།"

4 ༤་ ང་ཚོའི་སྐྱབས་མགོན་ལགས་པའི་ཨེ་ལོ་ཧིམ་གྱི་ཐུགས་རྗེ་དང་བྱམས་ཐུགས་མངོན་པ་དང་།"

5 ༥་ ང་ཚོའི་རྣམ་པར་དག་པའི་ལས་ལ་རག་མ་ལུས་པར། ཁོང་ཉིད་ཀྱི་སྙིང་རྗེའི་སྒོ་ནས། ཡང་སྐྱར་སྐྱེ་བ་དང་གསར་དུ་འགྱུར་བའི་དམ་པའི་རུ་ཨག་གི་བ༷བ་ཐི་སོ་ཡིས་ང་ཚོར་སྐྱབས་པ་ཡིན།"

6 ༦་ ང་ཚོའི་སྐྱབས་མགོན་ཡེ་ཤུ་མ་ཤི་ཀ་རྒྱུད་ནས་རུ་ཨག་དེ་ང་ཚོར་ལྷུག་པར་གནང་བ་དེ་ནི།"

7 ༧་ ཁོང་གི་ཐུགས་རྗེས་ང་ཚོ་ཐར་བར་གྱུར་ཏེ། གང་ལ་རེ་བའི་མི་ཚེ་རྒྱུན་དུ་པའི་བརྒྱུད་འཛིན་དུ་འགྱུར་ཕྱིར་ཡིན།"

8 ༨་ ཞེས་པའི་གཏམ་འདི་བདེན་པ་ཡིན་ནོ། །ཨེ་ལོ་ཧིམ་ལ་དད་མཁན་རྣམས་ཀྱིས་དགེ་བའི་ལས་བྱེད་པའི་ཕྱིར། གཏམ་འདི་ཚོར་ཁྱོད་ཀྱིས་ནན་ཏན་བྱེད་པར་ང་འདོད་དོ།། དེ་ནི་བཟང་ཞིང་ཕན་ཀྱང་།"

9 ༩་ བླུན་པོའི་བཀའ་རྩོད་དང་། སྐྱེ་རབས་དང་། མི་མཐུན་པ་དང་། བཀའ་ཁྲིམས་ཀྱི་རྩོད་གླེང་ཕན་མེད་དང་དོན་མེད་ཡིན་པས་སྤོངས་ཤིག"

10 ༡༠་ །ཆོས་ལ་ལྷད་འཇུག་མཁན་ལ་ལན་གཅིག་གམ་གཉིས་ཁ་ཏ་བྱས་ནས།"

11 ༡༡་ དེ་ལྟ་བུའི་མི་ནི་ཕྱིན་ཅི་ལོག་པ་དང་སྡིག་ཅན་ཡིན་ཏེ། རང་བཞིན་གྱིས་ཆད་པ་ཕོག་མཁན་ཡིན་པར་ཤེས་ཏེ་སྤོངས་ཤིག།
ཕྱག"

12 ༡༢་ །ཨ༷ར་ཏེ་མ་ཡང་ན་ཏི༷་ཁི་ཀུ་ཁྱོད་ཀྱི་རྩར་གཏང་བའི་ཚེ། ངའི་རྩར་ནི༷་ཀོ་པོ་ལི་རུ་ཁྱོད་འོང་བར་བརྩོན་ཅིག དགུན་ཀ་ང་དེར་སྡད་ངེས་ཡིན།"

13 ༡༣་ ཁྲིམས་ལ་མཁས་པའི་ཟི༷་ན་དང་ཨ༷་པོ་ལོ་གཉིས་ལ་ཅི་དགོས་པ་བསྒྲིགས་ནས་ངེས་པར་ཐོངས་ཤིག"

14 ༡༤་ །ང་ཚོའི་མི་རྣམས་འབྲས་བུ་དང་ལྡན་ཞིང་། དགོས་གལ་ཆེ་བར་རོགས་རམ་བྱེད་ཕྱིར་དགེ་བའི་ལས་ལ་འབུང་བ་སློབས་ཤིག"

15 ༡༥་ །ང་མཉམ་ཡོད་པ་ཐམས་ཅད་ཀྱིས་ཁྱོད་ལ་ཕྱག་འབུལ་ལོ། །ང་ཚོར་བརྩེ་བའི་མ་ཤི་ཀ་པ་རྣམས་ལ་ཕྱག་ཕུལ་ཞིག ཁྱེད་ཐམས་ཅད་ལ་ཐུགས་རྗེ་འབབ་པར་ཤོག་ཅིག།། །།"