1

1 ༡་ །མ་ཤི་ཡེ་ཤུའི་ངང་ན་ཡོད་པའི་ཚེའི་ཞལ་ཆད་བཞིན་དུ། ཨེ་ལོ་ཧིམ་གྱི་ཐུགས་དགོངས་ཀྱིས། མ་ཤི་ཀ་ཡེ་ཤུའི་ཨ༷་པོ་ཏོ་ལོ་པ་ཡིན་པའི་པ༷འུ་ལུ་ངས།"

2 ༢་ གཅེས་པའི་བུ་ཏི༷་མོ་ཐེའུ་ལ། ཨེ་ལོ་ཧིམ་ཡབ་དང་མ་ཤི་ཀ་ཡེ་ཤུ་ང་ཚོའི་ཀྱུ་རི་བོའི་ཕྱོགས་ནས། ཐུགས་རྗེ་དང་། སྙིང་རྗེ་དང་། ཞི་བདེ་འབབ་པར་ཤོག་ཅིག"

3 ༣་ །ཕ་མེས་ལྟར་ཡང་དག་པའི་ཤེས་བཟང་གིས་ངས་ཨེ་ལོ་ཧིམ་ལ་བསྙེན་བཀུར་བྱེད་ཅིང་། སྨོན་ལམ་འདེབས་པའི་ཚེ་ཁྱོད་ཉིན་མཚན་མེད་པར་དྲན་ཞིང་བསྟོད་བསྔགས་འབུལ་ལོ།"

4 ༤་ །ཁྱོད་ཀྱི་མཆི་མ་དྲན་པའི་ཚེ། ང་དགའ་སྤྲོས་འཁྱབ་པའི་ཕྱིར་ཁྱོད་དང་འཔྲད་པ་ལ་གདུང་ངོ།"

5 ༥་ །དང་པོར་ཁྱོད་ཀྱི་ཨ་ཕྱི་ལོ༷་ཨིས་དང་མ་ཨི༷འུ་ནི་ཀེའི་ནང་ཡོད་པའི་དད་པ་ཁྱོད་ཀྱི་ནང་ནའང་ཡོད་པར་ཡིད་ཆེས་ཏེ། ཁྱོད་ཀྱི་བཅོས་མ་མིན་པའི་དད་པ་དེ་དྲན་ནོ།"

6 ༦་ །ཨེ་ལོ་ཧིམ་གྱིས་ང་ཚོར་སྙིང་ཆུང་ངུ་ཞིག་མ་གནང་བར། སྟོབས་དང་བྱམས་པ་དང་རང་བཅུན་ཐུབ་པའི་སེམས་གནང་བས།"

7 ༧་ ཁྱོད་ལ་ངའི་ཕྱག་དབང་གི་སྒོ་ནས་བརྙེད་པའི་ཨེ་ལོ་ཧིམ་གྱི་གནང་སྦྱིན་གྱི་མེ་དེ། ཡང་སྐྱར་གསོ་བར་དྲན་སྐུལ་ལོ།།"

8 ༨་ །ང་ཚོའི་ཀྱུ་རི་བོའི་དཔང་པོ་བྱེད་ཕྱིར་དང་། ཁོང་གི་བཙོན་པ་ངའི་ཕྱིར་ངོ་མ་ཚ་ཞིག་ཨེ་ལོ་ཧིམ་གྱི་དབང་གི་ངང་ན་འཕྲིན་བཟང་གི་དོན་དུ་ང་དང་མཉམ་དུ་སྡུག་བསྔལ་གྱི་འགན་ཁུར་ཞིག"

9 ༩་ །ང་ཚོའི་ལས་ཀྱི་རྐྱེན་གྱིས་མ་ཡིན་པར། ཐོག་མ་མེད་པ་ནས་ཡེ་ཤུ་མ་ཤི་ཀའི་སྒོ་ནས་གནང་བའི་ཐུགས་རྗེ་དང་ཐུགས་དགོངས་ཀྱི་རྐྱེན་གྱིས། ང་ཚོ་སྐྱབས་ཏེ་དམ་པའི་སྐུལ་མས་བོས་པར་མཛད་ཅིང་།"

10 ༡༠་ ད་མ་ཤི་ཀ་ཡེ་ཤུ་ང་ཚོའི་སྐྱབས་མགོན་བྱོན་པའི་སྒོ་ནས་དེ་དག་མངོན་པར་མཛད་དེ། འཆི་བ་བཅོམ་ནས་འཕྲིན་བཟང་གི་སྒོ་ནས་མི་ཚེ་རྒྱུན་དུ་པ་དང་མི་འཇིག་པ་གསལ་བར་མཛད་དོ།"

11 ༡༡་ །འཕྲིན་བཟང་དེའི་དོན་དུ་ང་སྒྲོག་པ་པོ་དང་། ཨ༷་པོ་ཏོ་ལོ་པ་དང་སློབ་དཔོན་ལ་བསྐོས་པ་ཡིན།"

12 ༡༢་ དེའི་རྐྱེན་གྱིས་སྡུག་བསྔལ་འདི་ཙམ་མྱོང་ཡང་། ངས་སུ་ལ་དད་པ་བྱས་པ་དེ་ཤེས་པས་ང་ངོ་མི་ཚའོ། །ཡང་ང་ལ་གང་བཏད་པ་དེ་ཉིན་མོ་དེའི་བར་དུ་ཁོང་གིས་སྲུང་ནུས་པ་ལ་ཡིད་ཆེས་སོ།"

13 ༡༣་ །མ་ཤི་ཀ་ཡེ་ཤུ་ལ་རག་ལས་པའི་དད་པ་དང་བྱམས་པའི་སྒོ་ནས་ང་ནས་ཐོས་པའི་བདེན་ཚིག་རྣམས་དཔེ་རུ་ལོང་ཞིག"

14 ༡༤་ །ཁྱོད་ལ་བཏད་པའི་བཅོལ་མ་བཟང་པོ་དེ། ང་ཚོའི་ནང་བཞུགས་པའི་དམ་པའི་རུ་ཨག་གི་ངང་ནས་སྲུང་ཞིག"

15 ༡༥་ །ཕི་གེ་ལུ་དང་ཧེ༷ར་མོ་གེ་ན་དང་ཨ༷་སི་ཨ་ཡུལ་དུ་གནས་པ་གཞན་ཐམས་ཅད་ཀྱིས་ང་སྤངས་པ་ཁྱོད་ལ་རྒྱུས་ཡོད།"

16 ༡༦་ ཨོ༷་ནེ་སི་པོ་རུས་ལན་མང་ངའི་སེམས་གསོ་བས། ཁོའི་ཁྱིམ་ལ་ཀྱུ་རི་བོས་ཐུགས་རྗེ་གཟིགས་ཤིག"

17 ༡༧་ །ཁོ་ངའི་ལྕག་སྒྲོག་ལ་ངོ་མ་ཚ་བར། ཁོ་རོ༷་མ་རུ་སླེབས་ནས་བརྩོན་འགྲུས་ཀྱིས་ང་བཙལ་ནས་ཐོབ་པ་ཡིན།"

18 ༡༨་ ཀྱུ་རི་བོའི་ཉིན་མོ་དེ་ལ་ཉིད་ཀྱི་ཐུགས་རྗེ་ཁོ་ལ་གནང་བར་ཤོག་ཅིག །ཡང་ཨེ༷་ཕེ་སུ་རུ་ཁོས་ཞུས་པའི་ཞབས་ཏོག་ཐམས་ཅད་ཁྱོད་ལ་རྒྱུས་ལེགས་པར་ཡོད།། །།"

2

1 ༡་ །ངའི་བུ་ཁྱོད་མ་ཤི་ཀ་ཡེ་ཤུའི་ཐུགས་རྗེའི་ནང་དུ་སྟོབས་དང་ལྡན་པར་གྱུར་ཅིག"

2 ༢་ །དཔང་པོ་མང་པོའི་མདུན་དུ་ང་ལས་ཐོས་པ་རྣམས། གཞན་ལའང་སློབ་ཁྲིད་བྱེད་ནུས་པའི་སྐྱེས་པ་དད་ལྡན་རྣམས་ལ་གཏོད་ཅིག"

3 ༣་ མ་ཤི་ཀ་ཡེ་ཤུའི་དམག་མི་དྲང་པོའི་ཚུལ་དུ་ང་དང་མཉམ་དུ་སྡུག་བསྔལ་གྱི་འགན་ཁུར་ཞིག"

4 ༤་ །དམག་མི་ཞིག་གིས་རང་གི་དམག་དཔོན་མགུ་བ་ལ་བརྩོན་པ་ལས། འཇིག་རྟེན་གྱི་བྱ་བའི་ནང་མི་འདྲེའོ།"

5 ༥་ །གྱད་པས་ཁྲིམས་བཞིན་དུ་མི་འདྲན་ན་གཙུག་རྒྱན་མི་ཐོབ་བོ།"

6 ༦་ །རྩོལ་བས་ཞིང་འབད་མཁན་ལ་སྟོན་ཐོག་གི་སྐལ་བ་བཟང་པོ་དེ་ཐོབ་པར་དགོས་སོ།"

7 ༧་ །ཀྱུ་རི་བོས་ཁྱོད་ལ་ཐམས་ཅད་ཀྱི་རྟོགས་པ་གནང་བར་འགྱུར་བས། ངས་སྨྲས་པ་དེ་ལ་བསམ་བློ་ཐོང་ཞིག"

8 ༨་ །ངས་བཤད་པའི་འཕྲིན་བཟང་ལྟར། ད༷་བིད་ཀྱི་གདུང་བརྒྱུད་ལགས་ཤིང་། གཤིན་པོའི་ཁྲོད་ནས་གསོན་པོར་བཞེངས་པའི་ཡེ་ཤུ་མ་ཤི་ཀ་དྲན་པར་གྱིས་ཤིག།"

9 ༩་ །འཕྲིན་བཟང་དེའི་དོན་དུ་ངས་ནག་ཅན་ཞིག་འདྲར་ལྕགས་སྒྲོག་གི་སྡུག་བསྔལ་མྱོང་ཡང་། ཨེ་ལོ་ཧིམ་གྱི་བཀའ་ལྕགས་སྒྲོག་གིས་བཅིངས་མེད་པས།"

10 ༡༠་ འདམས་པ་རྣམས་ལའང་མཐའ་མེད་པའི་གཟི་བརྗིད་དང་བཅས་ཡེ་ཤུ་མ་ཤི་ཀའི་ཐར་པ་ཐོབ་པའི་དོན་དུ་ཐམས་ཅད་ཐེག་གོ།།"

11 ༡༡་ །ང་ཚོ་ཁོང་མཉམ་ཤི་བས་ན།"

12 ༡༢་ །ཁོང་དང་མཉམ་དུ་གསོན་པའང་འགྱུར། །ང་ཚོ་བརྟན་པོར་གནས་འགྱུར་ན། །ཁོང་མཉམ་རྒྱལ་སྲིད་སྐྱོང་བར་བྱ། །ང་ཚོས་ཁོང་ལ་རྒྱབ་ལོག་ཀྱང་།"

13 ༡༣་ །ཁོང་ནི་འགྱུར་མེད་ལགས་པས་ན། །ང་ཚོ་འགྱུར་ཀྱང་ཁོང་མི་འགྱུར། ཞེས་པའི་གཏམ་བདེན་ནོ།།"

14 ༡༤་ །མི་ཕན་ཞིང་ཉན་མཁན་ལ་གནོད་པའི་ཆོས་རྩོད་ལས་ཟོན་བྱེད་པའི་ཕྱིར། ཀྱུ་རི་བོ་དཔང་དུ་བཙུག་ནས་བསླབ་བྱ་བྱེད་ཅིང་དྲན་སྐུལ་ཞིག"

15 ༡༥་ །ཁྱོད་རང་ཁྲེལ་མི་དགོས་པ་དང་། བདེན་པའི་བཀའ་ལེགས་པར་སྟོན་པའི་ལས་བྱེད་ཨེ་ལོ་ཧིམ་གྱི་ཐུགས་སུ་འབྱོན་པ་ཞིག་ཡིན་པ་ལ་འབུངས་ཤིག"

16 ༡༦་ །དོན་མེད་ཀྱི་རྒྱ་ལབ་སྤོངས་ཤིག །དེས་མི་རྣམས་ཨེ་ལོ་ཧིམ་ལ་མི་ཆགས་པའི་ཕྱོགས་སུ་ལྷག་པར་འདྲེན་ཞིང་།"

17 ༡༧་ །དེ་ཚོའི་གཏམ་གྱིས་གཉན་ནད་ལྟར་ཟ་བར་འགྱུར་རོ། །ཏེ༷་མི་ན་ཡུ་དང་པི༷་ལེ་ཏུ་དེ་རྣམས་ཀྱི་ཁྲོད་ནས་ཡིན་ཅིང་།"

18 ༡༨་ གཤིན་པོ་རྣམས་ལང་བ་དེ་བྱུང་ཟིན་ཟེར་ཞིང་བདེན་པའི་ལམ་ལས་འཁྱར་ནས། ཁ་ཅིག་གི་དད་པ་བཤིག་གོ"

19 ༡༩་ །འོན་ཀྱང་ཀྱུ་རི་བོས་ཉིད་ཀྱི་མི་རྣམས་མཁྱེན་ནོ་ཞེས་དང་། ཀྱུ་རི་བོའི་མཚན་བརྗོད་ཚད་ཀྱིས་མི་རིགས་པ་སྤོངས་ཤིག་ཅེས་པའི་ཕྱག་རྒྱ་བཏབ་ཡོད་པའི་ཨེ་ལོ་ཧིམ་གྱི་རྩིག་རྨང་བརྟན་པོར་གནས་སོ།"

20 ༢༠་ །ཁང་པ་ཆེན་པོ་ཞིག་གི་ནང་ན། གསེར་དངུལ་གྱི་སྣོད་ཙམ་མ་ཟད་ཤིང་དང་རྫའི་སྣོད་ཀྱང་ཡོད་དེ། ཁ་ཅིག་གཙང་ཞིང་ཁ་ཅིག་མི་གཙང་ངོ་།"

21 ༢༡་ །མི་ཞིག་མི་གཙང་བ་དེ་ལས་གཙང་བར་འགྱུར་ན་སྣོད་དུ་རུང་བ་དང་། དམ་པ་དང་། ཁྱིམ་བདག་ལ་ཕན་པ་དང་། ལས་བཟང་པོ་གང་ལའང་གྲ་འགྲིག་ཡོད་པའི་སྣོད་དུ་འགྱུར་རོ།"

22 ༢༢་ །གཞོན་ནུའི་འདོད་པ་རྣམས་ལས་བློ་ཟློག་ཅིག །སྙིང་ཐག་པ་ནས་ཀྱུ་རི་བོའི་མཚན་རྗོད་མཁན་དང་མཉམ་དུ་རྣམ་པར་དག་པ་དང་། དད་པ་དང་བྱམས་པ་དང་། སྡུམ་པ་ལ་སྙེགས་ཤིག"

23 ༢༣་ །གླེན་ཞིང་དོན་མེད་ཀྱི་ཆོས་ཀྱི་རྩོད་གླེང་གིས་འཐབ་རྩོད་སླང་བ་ཁྱོད་ཀྱིས་ཤེས་པས། དེ་སྤོངས་ཤིག"

24 ༢༤་ །ཀྱུ་རི་བོའི་ཞབས་ཕྱིས་རྩོད་པར་མི་རིགས་ཀྱིས། ཐམས་ཅད་ལ་འཇམ་ཞིང་། སློབ་དཔོན་བྱེད་ནུས་པ། ངང་རིང་བ།"

25 ༢༥་ རྒོལ་མཁན་རྣམས་ལ་འཇམ་པོའི་སྒོ་ནས་སློབ་སྟོན་བྱེད་མཁན་ཡིན་པར་རིགས་སོ།། །།"

3

1 ༡་ །དུས་མཐའ་མར་དུས་དཀའ་བ་འོང་བར་འགྱུར་བ་ཤེས་ཤིག"

2 ༢་ །དེའི་ཚེ་མི་རྣམས་རང་ལ་ཆགས་མཁན་དང་། དངུལ་ལ་ཆགས་མཁན་དང་། ཁེངས་དྲེགས་ཅན་དང་། ང་རྒྱལ་ཅན་དང་། ཚིག་རྩུབ་སྨྲ་མཁན་དང་། ཕ་མ་ལ་མི་རྩི་མཁན་དང་། དྲིན་མི་དྲན་མཁན་དང་། གྲིབ་ཅན་དང་།"

3 ༣་ བརྩེ་སེམས་མེད་པ། རྒྱུད་གྱོང་པོ། ཕྲ་མ་མཁན། སེམས་མ་ཆུན་པ། གཏུམ་པོ། དགེ་བར་མི་སྤྲོ་བ།"

4 ༤་ ངོ་ལོག་མཁན་བསམ་མནོ་མེད་པ། ང་རྒྱལ་གྱིས་ཁེངས་པ། ཨེ་ལོ་ཧིམ་ལས་འདོད་ཡོན་ལ་ལྷག་པར་ཆགས་མཁན་དང་།"

5 ༥་ ཆོས་ཀྱི་གཟུགས་ཙམ་ལས་སྙིང་པོ་དང་བྲལ་བ་རྣམས་འབྱུང་བར་འགྱུར་རོ། །དེ་རྣམས་ལས་འབྱོལ་ཞིག"

6 ༦་ །དེ་ལྟ་བུའི་མི་རྣམས་ཀྱིས་ཁང་པ་རྣམས་ཀྱི་ནང་དུ་ཞུགས་ཏེ། སྡིག་པས་མནོན་ཞིང་འདོད་པས་གཡོ་བའི།"

7 ༧་ རྟག་ཏུ་སློབ་ཀྱང་བདེན་པ་རྟོགས་པའི་ཚད་དུ་ནམ་ཡང་མི་སླེབ་པའི་བུད་མེད་བསམ་མེད་རྣམས་དབང་དུ་སྡུའོ།"

8 ༨་ །ཇི་ལྟར་ཡ༷ན་ནེ་དང་ཡ༷མ་བ་རེ་གཉིས་ཀྱིས་མོ༷་ཤེ་ལ་རྒོལ་བ་ལྟར། སེམས་བརླགས་ཤིང་དད་པ་ཟོག་པོའི་མི་འདི་རྣམས་ཀྱིས་བདེན་པ་ལ་རྒོལ་ཡང་།"

9 ༩་ སྔར་མོ༷་ཤེའི་དུས་ལ་བྱུང་བ་ལྟར། དེ་རྣམས་ཀྱི་གཏི་མུག་པ་མི་ཐམས་ཅད་ཀྱིས་ཤེས་འོང་བས། དར་བར་མི་འགྱུར་རོ།།"

10 ༡༠་ །ངའི་སློབ་ཁྲིད་པ་དང་། སྤྱོད་ལམ་དང་། འདོད་དོན་དང་། དད་པ་དང་། སྲན་སེམས་དང་། བྱམས་སེམས་དང་། བཟོད་པ་དང་།"

11 ༡༡་ ང་ལ་འཚེ་བ་དང་། ཨ༷ན་ཏི་ཡོག་ཡ་ཡུལ། ཨི༷་ཀོན་ཡ་ཡུལ་དང་། ལི༷ས་ཏ་ར་ཡུལ་དུ་ང་ལ་ཅི་བྱུང་བ་དང་། སྡུག་བསྔལ་ཅི་མྱངས་པ་དང་། ཀྱུ་རི་བོས་ང་དེ་ཐམས་ཅད་ལས་ཐར་བར་མཛད་པ་ཁྱོད་ཀྱིས་དངོས་སུ་མཐོང་ངོ།"

12 ༡༢་ །མ་ཤི་ཀ་ཡེ་ཤུ་བསྟེན་ཞིང་ཆོས་དང་མཐུན་པར་འཚོ་བར་འདོད་པ་ཐམས་ཅད་ཀྱིས་གནོད་འཚེ་མྱོང་ཞིང་།"

13 ༡༣་ ངན་པ་དང་ཟོག་ཆོས་པ་རྣམས་རང་གཞན་གཉིས་ཀྱི་མགོ་སླུ་ཞིང་ཐུ་རུ་འགྲོའོ།"

14 ༡༤་ ཁྱོད་ཀྱིས་ནི་སུ་ལས་སློབ་པ་དེ་ཤེས་ཤིང་། བསླབ་བྱ་དང་དད་པའི་ནང་དུ་གནས་ཤིག"

15 ༡༥་ །མ་ཤི་ཀ་ཡེ་ཤུ་ལ་དད་པའི་སྒོ་ནས་ཐར་པའི་ཤེས་རབ་གནང་བར་ནུས་པའི་དམ་པའི་བི༷་བལ་ནི་ཁྱོད་ཀྱིས་ཆུང་དུས་ནས་ཤེས་སོ།།"

16 ༡༦་ ཨེ་ལོ་ཧིམ་གྱི་སྐྱེས་པ་མཐར་ཕྱིན་ཏེ། དགེ་བ་ཅི་རིགས་ཀྱི་ཕྱིར་རྒྱུ་ཆས་དང་ལྡན་པའི་ཆེད་དུ།"

17 ༡༧་ ཨེ་ལོ་ཧིམ་གྱིས་ལུང་དུ་བསྟན་པའི་དེབ་ཐམས་ཅད་ནི། སློབ་དཔོན་དང་། སྐྱོན་སྟོན་པ་དང་། སྲོང་བ་དང་། རྣམ་པར་དག་པའི་ཕྱོགས་སུ་འདུལ་བ་ལ་ཕན་ནོ།།"

4

1 ༡་ །།ཨེ་ལོ་ཧིམ་དང་། མ་ཤི་ཀ་ཡེ་ཤུ་མངོན་སུམ་དུ་སྣང་ཞིང་རྒྱལ་སྲིད་མཛད་པའི་ཚེ་གསོན་གཤིན་གཉིས་པོའི་ཞལ་ཆེ་གཅོད་པར་འགྱུར་བ་ཁོང་དཔང་དུ་བཙུགས་ཏེ།"

2 ༢་ དུས་སྐབས་ཡིན་མིན་ཐམས་ཅད་དུ་ངང་རིང་བ་ང་བསླབ་བྱའི་སྒོ་ནས་ནན་གྱིས་བཀའ་ཤོད་ཅིག གོ་བར་ཆུག་ཅིག སྐྱོན་སྟོན་ཅིག སློབ་ཅིག་ཅེས་ངས་ཁྱོད་ལ་སྐུལ་ལོ།"

3 ༣་ །མི་རྣམས་ཀྱིས་ཡང་དག་པའི་བསྟན་པ་མི་ཐེག་པར། རྣ་བ་གཡའ་བས། རང་རང་གི་འདོད་པ་བཞིན་དུ་སྟོན་པ་མང་པོ་སོགས་འཇོག་བྱེད་ཅིང་།"

4 ༤་ བདེན་པ་ལས་ལོག་ནས་སྒྲུངས་ཀྱི་ཕྱོགས་སུ་འགྲོ་བའི་དུས་བསླེབ་བོ། །ཁྱོད་ནི་རྟག་ཏུ་བརྟན་པོར་སྡོད་ཅིག"

5 ༥་ །སྡུག་བསྔལ་བཟོད་ཅིག །འཕྲིན་བཟང་ཤོད་ཅིག །ཞབས་ཏོག་སྒྲུབས་ཤིག"

6 ༦་ །ང་འགྲོ་བའི་དུས་ལ་འབབ་ཅིང་། ང་རང་སྲོག་བཏང་བའི་འགྱུར་ལ་ཁད་ཡོད།"

7 ༧་ ངས་འཐབ་མོ་བཟང་པོ་དེ་འཐབ་ཟིན། བང་རྒྱུག་བཏང་ཟིན། དད་པ་སྲུངས་སོ།"

8 ༨་ །ཕྱིན་ཆད་དུ་ངའི་དོན་དུ་ཐར་པའི་གཙུག་རྒྱན་བཞག་ཡོད་ཅིང་། ཉིན་མོ་དེར་ཞལ་ཆེ་པ་དྲང་པོ་ལགས་པའི་ཀྱུ་རི་བོས་ང་ལ་གནང་བར་འགྱུར་བ་མ་ཟད། ཁོང་འབྱོན་པ་ལ་དགའ་བ་ཐམས་ཅད་ལའང་གནང་བར་འགྱུར་རོ།།"

9 ༩་ །དེ༷་མ་འཇིག་རྟེན་ལ་ཆགས་ཏེ་ང་སྤངས་ནས་ཐེ༷་ས་ལོ་ནི་ཀེ་རུ་སོང་། ཀ༷་རས་ཀེན་ནི་ག༷་ལད་ཡ་དང་། ཏི༷་ཏུ་ནི་ད༷ལ་མེད་ཡ་རུ་སོང་བས།"

10 ༡༠་ ངའི་རྩར་མྱུར་དུ་འོང་བར་བརྩོན་ཞིག"

11 ༡༡་ །ང་མཉམ་དུ་ལུ༷་ཀ་གཅིག་པོ་ཡོད། མ༷ར་ཀུ་ནི་ཞབས་ཏོག་བྱེད་དུ་ང་ལ་ཕན་པས། ཁྲིད་ཤོག"

12 ༡༢་ ཏི༷་ཁི་ཀུ་ངས་ཨེ༷་ཕེ་སུ་རུ་བཏང་ཡོད།"

13 ༡༣་ ངས་ཏྲོ༷་ཨ་རུ་ཀ༷ར་པུའི་རྩར་བཞག་པའི་ཕྱུ་པ་དང་སློབ་དེབ་རྣམས་དང་། ཁྱད་པར་དུ་པགས་ཤོག་རྣམས་ཞོར་ལ་ཁུར་ཤོག"

14 ༡༤་ ཟངས་བཟོ་པ་ཨ༷་ལེག་སན་དེར་གྱིས་ང་ལ་གནོད་པ་མང་པོ་བྱས་པས། ཁོས་བྱས་པ་ལ་ལན་ཀྱུ་རི་བོས་གནང་བར་འགྱུར།"

15 ༡༥་ ང་ཚོའི་སློབ་ཁྲིད་པ་ལ་ཁོས་ཤིན་ཏུ་རྒོལ་བས། དོག་ཟོན་བྱོས་ཤིག"

16 ༡༦་ །ངས་ཁྲིམས་རར་ཉེས་ཅན་མིན་པའི་ཁུངས་སྐྱེལ་རེས་དང་པོར་སུས་ཀྱང་ངའི་ཕྱོགས་མ་བྱས་ཀྱིས་ཐམས་ཅད་ཀྱིས་ང་སྦངས་སོ། །དེའི་ལན་དེ་རྣམས་ལ་མ་ཕོག་ཅིག"

17 ༡༧་ །ངའི་ཐབས་ཀྱིས་འཕྲིན་བཟང་ཚང་པོར་བཤད་དེ། ཨེ་ལོ་ཧིམ་ངོ་མ་ཤེས་པ་ཐམས་ཅད་ཀྱིས་ཐོས་པའི་ཕྱིར་དུ། ཀྱུ་རི་བོ་ང་མཉམ་བཞུགས་ཤིང་ང་ལ་ཤུགས་གནང་ནས། སེང་གེའི་ཁ་ནས་ང་བསྐྱབ་པར་མཛད་དོ།"

18 ༡༨་ །ཀྱུ་རི་བོས་ང་ངན་པ་ཐམས་ཅད་ལས་བསྒྲལ་ཏེ། ཉིད་ཀྱི་ནམ་མཁའི་རྒྱལ་སྲིད་ནང་ཉེ་ཞོ་མེད་པར་འདྲེན་པར་འགྱུར་རོ། །ཁོང་ལ་རྒྱུན་ནས་རྒྱུན་དུ་བསྟོད་བསྔགས་པར་ཤོག་ཅིག །ཨ་མེན།"

19 ༡༩་ །པྲི༷ས་ཀ་དང་ཨ༷་ཀུ་ལ་གཉིས་དང་། ཨོ༷་ནི་སི་པོ་རུའི་ཁྱིམ་གྱི་མི་རྣམས་ལ་ཕྱག་ཕུལ་ཞིག"

20 ༢༠་ །ཨེ༷་རས་ཏུ་ནི་ཀོ༷་རིན་ཐུ་རུ་ལུས། ཏྲོ༷་ཕི་མུ་ན་ནས་མི༷་ལེ་ཏུ་རུ་བཞག་པ་ཡིན།"

21 ༢༡་ དགུན་དུས་ལས་སྔོན་དུ་ངའི་རྩར་འོང་བར་བརྩོན་ཞིག ཨེ༷འུ་བུ་ལུ་དང་། པུ༷་དེན་དང་། ལི༷་ནུ་དང་། ཀ༷་ལུ་དི་ཡ་དང་། སྤུན་ཐམས་ཅད་ཀྱིས་ཁྱོད་ལ་ཕྱག་འབུལ་ལོ།"

22 ༢༢་ །ཀྱུ་རི་བོ་ཁྱོད་མཉམ་བཞུགས་པར་ཤོག་ཅིག །ཀྱུ་རི་བོའི་ཐུགས་རྗེ་ཁྱེད་ཐམས་ཅད་ལ་འབབ་པར་ཤོག་ཅིག། །།"