1

1 ༡་ །པ༷འུ་ལུ་དང་སི༷་ལ་དང་ཏི༷་མོ་ཐེ་འུས། ཐེ༷་ས་ལོ་ནི་ཀེ་རུ་ཡོད་པའི་ང་ཚོའི་ཡབ་ཨེ་ལོ་ཧིམ་དང་ཀྱུ་རི་བོ་ཡེ་ཤུ་མ་ཤི་ཀ་ལ་སྟེན་པའི་མ་ཤི་ཀ་པ་ཚོགས་ཀྱི་དྲུང་དུ།"

2 ༢་ ཁྱེད་ལ་ཡབ་ཨེ་ལོ་ཧིམ་དང་ཀྱུ་རི་བོ་ཡེ་ཤུ་མ་ཤི་ཀ་ནས་ཐུགས་རྗེ་དང་ཞི་བདེ་འབབ་པར་ཤོག་ཅིག།"

3 ༣་ ཁྱེད་སྤུན་རྣམས་ཀྱི་དད་སེམས་རབ་ཏུ་འཕེལ་ཞིང་ཕན་ཚུན་བྱམས་པའི་སེམས་རྒྱས་ཤིང་པས། ང་ཚོས་རྟག་དུ་ཨེ་ལོ་ཧིམ་ལ་ཁྱེད་ཚོའི་ཕྱིར་བསྟོད་བསྔགས་འབུལ་བར་རིགས་སོ།"

4 ༤་ ཁྱེད་ཚོས་སྡུག་བསྔལ་དང་འཚེ་བ་མཐའ་དག་མྱོང་ཡང་། བཟོད་ཅིང་དད་པ་ལ་བརྟན་པོར་གནས་པས། ཨེ་ལོ་ཧིམ་གྱི་མ་ཤི་ཀ་པ་རྣམས་ཀྱི་ནང་དུ་ང་ཚོས་ཁྱེད་ངོམ་མོ།"

5 ༥་ །འདི་ནི་གང་གི་ཕྱིར་ཁྱེད་ཚོ་སྡུག་བསྔལ་མྱོང་བའི་ཨེ་ལོ་ཧིམ་གྱི་རྒྱལ་སྲིད་དུ་འཇུག་འོས་པ་ཡིན་པ་སྟོན་པའི་ཨེ་ལོ་ཧིམ་གྱི་ཞལ་ཆེ་དྲང་པོའི་མངོན་རྟགས་ཡིན་ཏེ། ཨེ་ལོ་ཧིམ་གྱི་རྒྱལ་སྲིད་གང་གི་ཕྱིར་ཁྱེད་ཚོས་བཀའ་ལས་བྱེད་པ་དེའི་ནང་འཇུག་འོས་པ་མཛད་ཕྱིར་ཡིན།"

6 ༦་ མེ་ལྕེ་འབར་བའི་ནང་ན་ཀྱུ་རི་བོ་ཡེ་ཤུ་ཉིད་ཀྱི་ཨ༷ན་ཇལ་མཐུ་ལྡན་གྱི་འཁོར་དང་བཅས་ནམ་མཁའ་ནས།"

7 ༧་ ཨེ་ལོ་ཧིམ་ལ་ངོ་མི་ཤེས་པ་དང་ང་ཚོའི་ཀྱུ་རི་བོ་ཡེ་ཤུའི་འཕྲིན་བཟང་ལ་མ་ཉན་པ་རྣམས་ལ་ཆད་པ་གཅོད་ཕྱིར་མངོན་པར་བྱོན་པའི་ཚེ།"

8 ༨་ ཁྱེད་ཚོར་འཚེ་བ་རྣམས་ལ་ལན་དུ་འཚེ་བ་དང་། འཚེ་བ་མྱོང་བ་ཁྱེད་ཚོར་ང་ཚོ་དང་མཉམ་དུ་ངལ་གསོ་གནང་བ་དེ་ཨེ་ལོ་ཧིམ་གྱིས་འོས་པར་གཟིགས་སོ།"

9 ༩་ །ང་ཚོའི་དཔང་པོ་ལ་ཁྱེད་ཚོ་དད་པས། ཉིད་ཀྱི་དམ་པ་རྣམས་ཀྱི་དཀྱིལ་དུ་གཟི་བརྗིད་དང་ལྡན་ཞིང་། དད་ལྡན་རྣམས་ཀྱི་དཀྱིལ་དུ་ངོ་མཚར་རྨད་དུ་འབྱུང་བའི་ཕྱིར་ཁོང་བྱོན་པའི་ཉིན་མོར།"

10 ༡༠་ དེ་ཚོར་ཀྱུ་རི་བོའི་སྤྱན་སྔ་ནས་མཐུ་སྟོབས་ཀྱི་དཔལ་ལས་ཕྱིར་སྐྲོད་པ་དང་། མཐའ་མེད་པའི་འཆི་བའི་ཆད་པ་དེ་དག་ལ་འཕོག་པར་འགྱུར་རོ།"

11 ༡༡་ །ཨེ་ལོ་ཧིམ་གྱི་དབང་གིས། ཁོང་གིས་བོས་པར་མཛད་པར་ཁྱེད་ཚོ་འོས་པ་དང་། འདུན་པ་བཟང་པོ་དང་། དད་པའི་ལས་དང་ལྡན་པའི་ཕྱིར་ང་ཚོས་དུས་རྒྱུན་དུ་སྨོན་ལམ་འདེབས་སོ།"

12 ༡༢་ །དེ་ལྟར་ང་ཚོའི་ཨེ་ལོ་ཧིམ་དང་ཀྱུ་རི་བོ་ཡེ་ཤུ་མ་ཤི་ཀའི་ཐུགས་རྗེ་དང་བསྟུན་ནས། ཀྱུ་རི་བོ་ཡེ་ཤུའི་མཚན་ཁྱེད་ཚོའི་ནང་དང་། ཁྱེད་ཚོ་ཁོང་གི་ནང་དུ་དཔལ་དང་ལྡན་པར་འགྱུརོ།། །།"

2

1 ༡་ །ང་ཚོའི་ཀྱུ་རི་བོ་ཡེ་ཤུ་མ་ཤི་ཀ་སླར་འབྱོན་པ་དང་། ང་ཚོ་ཁོང་གི་སྤྱན་སྔར་འཛོམ་པའི་སྐོར་ལ།"

2 ༢་ །ཀྱུ་རི་བོའི་ཉིན་མོ་བསླེབས་སོ་ཞེས་ཟེར་བའི་ལུང་བསྟན་ནམ། གཏམ་མམ། ང་ཚོའི་ཕྱོགས་ནས་ཡིན་པ་ལྟ་བུའི་ཡི་གེས་ཁྱེད་སྤུན་རྣམས་ལ་འུར་སེམས་གཡོ་ཞིང་མ་འཇིགས་ཤིག་ཅེས་ཞུའོ།"

3 ༣་ །སུས་ཀྱང་ཅི་ས་ནས་ཁྱེད་བསླུ་རུ་མ་ཆུག་ཅིག། དང་པོར་བསྟན་དགྲ་དེ་མི་འོང་ཞིང་། བཀའ་ཁྲིམས་མེད་པའི་འཇིག་པའི་བུ་དེ་མི་མངོན་པའི་བར་དུ། ཉིན་མོ་དེ་མི་འོང་།"

4 ༤་ །དེས་ལྷར་འབོད་པ་ཐམས་ཅད་དང་རྟེན་ཐམས་ཅད་ལ་དགྲར་སྡང་ཞིང་། ཨེ་ལོ་ཧིམ་གྱི་སྨོན་ལམ་ཁང་དུ་བསྡད་དེ། ང་ནི་ཨེ་ལོ་ཧིམ་ཡིན་ཞེས་ཟེར་བར་ཡང་འགྱུར་རོ།"

5 ༥་ །ང་རང་ཁྱེད་ཚོའི་རྩར་ཡོད་ཙ་ན་ཁྱེད་ཚོར་གཏམ་དེ་བཤད་པ་མི་དྲན་ནམ།"

6 ༦་ ཁོ་རང་གི་དུས་ལ་མངོན་པའི་ཕྱིར་ད་ལྟ་གེགས་ཤིག་ཡོད་པ་དེ་ཁྱེད་ཚོས་ཤེས་སོ།"

7 ༧་ །ད་ལྟ་ཁྲིམས་འཆལ་གྱི་གསང་བ་དེས་ལས་བྱེད་མུས་སུ་འདུག །གེགས་དེ་མེད་པར་འགྱུར་བའི་བར་དུ་དེ་ལྟར་ལུས་སོ།"

8 ༨་ །དེ་ནས་ཁྲིམས་འཆལ་དེ་མངོན་པར་འགྱུར། ཀྱུ་རི་བོ་ཡེ་ཤུས་ཉིད་ཀྱི་ཞལ་དབུགས་ཀྱིས་དེ་བརླག་ཅིང་། ཁོང་མངོན་པ་འབྱོན་པའི་དབང་གིས་དེ་མེད་པར་མཛད་པར་འགྱུར།"

9 ༩་ ཐར་པ་གནང་བའི་བདེན་པ་ཉིད་ཀྱི་བྱམས་པ་མ་བླངས་པའི་རྐྱེན་གྱིས་འཇིག་རྒྱུ་ཡིན་པ་རྣམས་ཀྱི་ཕྱིར། ཁྲིམས་འཆལ་དེ་ས༷་ཏན་གྱིས་ཞུས་པ་བཞིན་དུ་རྫུ་འཕྲུལ་དང་། ལས་ངོ་མཚར་ཆེ་བ་དང་།"

10 ༡༠་ མི་རིགས་པའི་སྒྱུ་ཟོག་ཐམས་ཅད་དང་བཅས་ཏེ་འོང་བར་འགྱུར་རོ།"

11 ༡༡་ །བདེན་པ་ཉིད་ལ་ཡིད་མི་ཆེས་ཤིང་མི་རིགས་པ་ལ་དགའ་མཁན་ཐམས་ཅད་ཀྱི་ཞལ་ཆེ་གཅོད་པའི་ཕྱིར།"

12 ༡༢་ ཨེ་ལོ་ཧིམ་གྱིས་ཀུན་རྫོབ་ལ་བདེན་པར་ཤེས་པའི་ཕྱིར། དེ་ཚོར་འཁྲུལ་བ་ཆེན་པོ་ཞིག་གནང་བར་འགྱུར་རོ།།"

13 ༡༣་ །དམ་པའི་རུ་ཨག་གི་ངང་ན་རྣམ་དག་བྱུང་ཞིང་། བདེན་པ་ཉིད་ལ་དད་ཅིང་ཐར་བའི་ཕྱིར་ཐོག་མ་ནས་ཨེ་ལོ་ཧིམ་གྱིས་འདམས་པ། ཀྱུ་རི་བོའི་ཐུགས་སུ་བྱོན་པའི་སྤུན་ཁྱེད་རྣམས་ཀྱི་དོན་དུ། ང་ཚོས་དུས་རྒྱུན་དུ་ཨེ་ལོ་ཧིམ་ལ་བསྟོད་བསྔགས་འབུལ་བར་རིགས་སོ།"

14 ༡༤་ །ང་ཚོའི་ཀྱུ་རི་བོ་ཡེ་ཤུ་མ་ཤི་ཀའི་དཔལ་ཐོབ་པའི་ཕྱིར་དུ། ང་ཚོའི་འཕྲིན་བཟང་གི་སྒོ་ནས་ཁྱེད་ཚོ་བོས་པར་མཛད་པས།"

15 ༡༥་ དེའི་ཕྱིར་སྤུན་རྣམས་བརྟན་པོར་གནས་ཤིག །ཡང་ང་ཚོས་ངག་ལམ་དང་ཡི་གེའི་སྒོ་ནས་བསྟན་པའི་བསླབ་བྱའི་རྒྱུན་སྐྱོངས་ཤིག"

16 ༡༦་ ང་ཚོར་བྱམས་ཤིང་ཐུགས་རྗེའི་སྒོ་ནས་མཐའ་མེད་པའི་སེམས་བདེ་བ་དང་རེ་བཟང་གནང་བའི། ཀྱུ་རི་བོ་ཡེ་ཤུ་མ་ཤི་ཀ་ཁོང་ཉིད་དང་། ང་ཚོའི་ཡབ་ཨེ་ལོ་ཧིམ་གྱིས།"

17 ༡༧་ ཁྱེད་ཚོའི་ཡིད་ལ་བདེང་གནང་ནས། ལས་བཟང་དང་ངག་ལ་བརྟན་པར་མཛད་པར་ཤོག་ཅིག །།"

3

1 ༡་ །སླད་མར་སྤུན་རྣམས། ཀྱུ་རི་བོའི་བཀའ་ཁྱེད་ཚོའི་ནང་དུ་མྱུར་དུ་དར་ཞིང་རྣམ་པར་རྒྱལ་བ་ལྟར་ཕྱོགས་ཀུན་ཏུ་དར་བའི་ཕྱིར་དང་།"

2 ༢་ མི་ཐུ་བ་དང་ངན་པ་ལས་ང་ཚོ་འགྲོལ་བའི་ཕྱིར་སྨོན་ལམ་ཐོབ་ཅིག །ཅིའི་ཕྱིར་ཞེ་ན། མི་ཡིན་ཚད་ལ་ནི་དད་སེམས་མེད་དོ།"

3 ༣་ །ཀྱུ་རི་བོ་ནི་བསླུ་མེད་ལགས་པས། ཁྱེད་བརྟན་པོར་མཛད་ཅིང་ངན་པ་ལས་སྲུང་བར་འགྱུར་རོ།"

4 ༤་ །ང་ཚོས་གདམས་པ་བཞིན་ཁྱེད་ཚོས་ད་ལྟ་བྱེད་པ་དང་ཕྱིས་སུའང་བྱེད་པའི་བློ་གདེང་ཀྱུ་རི་བོ་ལས་བྱེད་དོ།"

5 ༥་ །ཀྱུ་རི་བོས་ཁྱེད་ཚོའི་སྙིང་ཨེ་ལོ་ཧིམ་ལ་ཆགས་པ་དང་མ་ཤི་ཀའི་ཕྱིར་སྒུག་པ་ལ་འཁྲིད་པར་ཤོག་ཅིག"

6 ༦་ །ང་ཚོ་ལས་ཐོས་པའི་གཏམ་རྒྱུད་བཞིན་མ་ཡིན་པར་ལེ་ལོར་གནས་པའི་སྤུན་རྣམས་དང་མ་འགྲོགས་ཤིག །ཅེས་ཀྱུ་རི་བོ་ཡེ་ཤུ་མ་ཤི་ཀའི་མཚན་བརྗོད་ཅིང་ཁྱེད་སྤུན་རྣམས་ལ་སྐུལ་ལོ།"

7 ༧་ །ང་ཚོའི་ལད་མོ་བྱེད་དགོས་པ་ཁྱེད་ཚོས་ཤེས་སོ། ཁྱེད་དང་མཉམ་ཡོད་དུས་སུ་ང་ཚོས་ལེ་ལོ་མ་བྱེད་པར།"

8 ༨་ ཁྱེད་ཚོ་སུ་ལའང་དཀའ་ཚེགས་མི་གཏོང་ཕྱིར། འབད་རྩོལ་དང་དཀའ་ལས་ཀྱིས་ཉིན་མཚན་མེད་པར་ལས་བྱས་ཏེ། རིན་མ་སྦྱིན་པར་སུ་ལས་ཀྱང་ཁ་ཟས་མ་ཟོས་ཤིང་།"

9 ༩་ ང་ཚོས་ཟ་མི་ཆོགས་པས་དེ་ལྟར་བྱས་པ་ཡིན། ཁྱེད་ཚོས་ང་ཚོའི་ལད་མོ་བྱེད་ཕྱིར་སྤྱོད་ལམ་གྱི་དཔེ་ཞིག་བསྟན་པ་ཡིན།"

10 ༡༠་ ཁྱེད་ཚོའི་རྩར་ཡོད་དུས་ལས་བྱེད་མི་འདོད་པ་དེས་ཁ་ཟས་ཀྱང་ཟ་བར་མི་རིགས་སོ་ཞེས་གདམས་པ་ཡིན།"

11 ༡༡་ ཁྱེད་ཚོ་ཁ་གཅིག་གིས་ལས་ཡིན་པ་ཞིག་མི་བྱེད་པར་དོན་མེད་ཀྱི་ལས་བྱེད་ཅིང་ལེ་ལོར་གནས་པ་ཐོས་སོ།"

12 ༡༢་ །དེ་འདྲ་བ་རྣམས། ཀྱུ་རི་བོ་ཡེ་ཤུ་མ་ཤི་ཀའི་ཆེད་དུ། ཅ་ཅོ་མེད་པར་རང་ཟན་ཟོས་ཤིག །ཅེས་བསྒོ་ཞིང་སྐུལ་ལོ།"

13 ༡༣་ །སྤུན་རྣམས་ལས་བཟང་བྱེད་པ་ལ་མ་སུན་ཞིག"

14 ༡༤་ །སུ་ཞིག་གིས་ཡི་གེ་འདི་ནང་ང་ཚོས་ཟེར་བ་ལ་མི་ཉན་ན། མི་དེ་ཡིད་ལ་བཟུང་སྟེ། ཁོང་ངོ་ཚ་བར་འགྱུར་བའི་ཕྱིར་ཁོང་དང་མ་འགྲོགས་ཤིག"

15 ༡༥་ །དགྲ་བོ་ལྟར་མི་རྩི་བར་སྤུན་ལྟར་བརྩིས་ཏེ་བསླབ་བྱ་ཐོང་ཞིག"

16 ༡༦་ །ཞི་བདེའི་ཀྱུ་རི་བོ་ཉིད་ཀྱིས་དུས་དང་རྣམ་པ་ཐམས་ཅད་དུ་ཁྱེད་ལ་ཞི་བདེ་གནང་བར་ཤོག་ཅིག་ཀྱུ་རི་བོ་ཁྱེད་དང་འགྲོགས་པར་ཤོག་ཅིག"

17 ༡༧་ །ཕྱག་འབུལ་བ་འདི་པ༷འུ་ལུ་ངས་རང་གི་ལག་པས་བྲིས་སོ། །དེ་ངའི་འབྲི་ལུགས་ཡིན་པས་ངའི་ཡི་གེ་ཐམས་ཅད་ནང་ངའི་རྟགས་དེའོ།"

18 ༡༨་ །ང་ཚོའི་ཀྱུ་རི་བོ་ཡེ་ཤུ་མ་ཤི་ཀའི་ཐུགས་རྗེ་ཁྱེད་རྣམས་དང་འགྲོགས་པར་ཤོག་ཅིག །།"