1

1 ༡་ །པ༷འུ་ལུ་དང་སི༷་ལ་དང་ཏི༷་མོ་ཐེ་འུས། ཐེ༷་ས་ལོ་ནི་ཀེ་རུ་ཡོད་པའི། ཡབ་ཨེ་ལོ་ཧིམ་དང་ཀྱུ་རི་བོ་ཡེ་ཤུ་མ་ཤི་ཀ་ལ་བསྟེན་པའི་མ་ཤི་ཀ་པ་རྣམས་ཀྱི་དྲུང་དུ། ཁྱེད་ཚོར་ཐུགས་རྗེ་དང་ཞི་བདེ་འབབ་པར་ཤོག་ཅིག།
བསྟོད་བསྔགས།"

2 ༢་ །ང་ཚོས་སྨོན་ལམ་ནང་དུ་ཁྱེད་ཚོ་རྟག་པར་དྲན་ཞིང་། ཁྱེད་ཚོ་ཐམས་ཅད་ཀྱི་ཕྱིར་རྒྱུན་དུ་ཨེ་ལོ་ཧིམ་ལ་བསྟོད་བསྔགས་འབུལ་ལོ།"

3 ༣་ །ང་ཚོའི་ཀྱུ་རི་བོ་ཡེ་ཤུ་མ་ཤི་ཀའི་སྒོ་ནས། ཁྱེད་ཚོའི་དད་པའི་ལས་དང་། བྱམས་པའི་ངལ་རྩོལ་དང་། རེ་བ་བརྟན་པོ་རྣམས། ཡབ་ཨེ་ལོ་ཧིམ་གྱི་སྤྱན་སྔར་རྒྱུན་ཆད་མེད་པར་དྲན་ནོ།"

4 ༤་ །ཨེ་ལོ་ཧིམ་གྱི་གཅེས་པའི་སྤུན་རྣམས། ཁྱེད་ཚོ་ཁོང་གིས་འདམས་པ་ང་ཚོས་ཤེས་སོ།"

5 ༥་ །ང་ཚོའི་འཕྲིན་བཟང་ཁྱེད་ཚོའི་རྩར་ཚིག་འབའ་ཞིག་མ་ཡིན་པར། དབང་དང་། དམ་པའི་རུ་ཨག་དང་། ཡིད་ཆེས་དང་བཅས་བསླེབས་སོ། །ཁྱེད་ཚོའི་དོན་དུ་ང་ཚོས་དེར་ཇི་ལྟར་སྤྱོད་པ་ཁྱེད་ཚོས་ཤེས་སོ། ཁྱེད་ཚོས་ཀྱང་སྡུག་བསྔལ་མྱོང་བཞིན།"

6 ༦་ དམ་པའི་རུ་ཨག་ལས་བྱུང་བའི་དགའ་བས་བཀའ་བསྙེན་ཅིང་། ང་ཚོ་དང་ཀྱུ་རི་བོ་མ་དཔེ་རུ་བཟུང་བས།"

7 ༧་ མ༷་ཀེ་དོན་ཡཱ་དང་ཨ༷་ཁ་ཡཱ་ཡུལ་གྱི་དད་པ་ཅན་ཐམས་ཅད་ཀྱི་ཕྱིར་མ་དཔེ་རུ་གྱུར་ཏོ།"

8 ༨་ །ཁྱེད་ཚོའི་ཁྲོད་ལས་ཀྱུ་རི་བོའི་བཀའ་མ༷་ཀེ་དོན་ཡཱ་དང་ཨ༷་ཁ་ཡཱ་རུ་གྲགས་པར་མ་ཟད་། ཁྱེད་ཚོས་ཨེ་ལོ་ཧིམ་ལ་དད་པ་བྱེད་པའི་ལོ་རྒྱུས་ཕྱོགས་ཀུན་ཏུ་དར་བས། ང་ཚོས་ཅིའང་ཟེར་མི་དགོས་སོ།"

9 ༩་ །ཁྱེད་ཚོས་ང་ཚོ་ཇི་ལྟར་ནང་དུ་བསུས་པ་དང་། བདེན་པ་དང་གསོན་པོ་ལགས་པའི་ཨེ་ལོ་ཧིམ་ལ་བསྙེན་བཀུར་ཞུ་བའི་དོན་དུ་སྐུ་འདྲ་ལས་ཨེ་ལོ་ཧིམ་ལ་ཡིད་ཕྱོགས་པ་དང་།"

10 ༡༠་ མ་འོངས་པའི་ཐུགས་ཁྲོ་ལས་ང་ཚོ་སྒྲོལ་བ་དང་། གཤིན་པོའི་ཁྲོད་ལས་སྐུ་གསོན་པོར་བསླངས་པའི་ཡེ་ཤུ། ནམ་མཁའ་ནས་ཕེབས་པའི་སྲས་ལ་སྒུག་པ། མི་རྣམས་ཁོང་རང་གིས་འཆད་དོ།། །།"

2

1 ༡་ །སྤུན་རྣམས། ཁྱེད་ཚོས་ང་ཚོ་ནང་དུ་བསུས་པ་དོན་མེད་དུ་མ་གྱུར་པ་ཁྱེད་ཚོས་ཤེས་སོ།"

2 ༢་ །ཕི༷་ལིབ་པི་རུ་ང་ཚོར་སྡུག་བསྔལ་དང་བརྙས་པ་བྱུང་བ་ཁྱེད་ལ་ཆ་རྒྱུད་ཡོད། དེའི་འོག་ཏུ་བཀག་སྡོམ་ཆེ་རུང་ཨེ་ལོ་ཧིམ་གྱི་འཕྲིན་བཟང་ཁྱེད་རྣམས་ལ་སྒྲོག་པར་ཨེ་ལོ་ཧིམ་གྱི་ངང་ན་སྙིང་སྟོབས་དང་ལྡན་པར་གྱུར་ཏོ།"

3 ༣་ །ང་ཚོའི་སྐུལ་མ་ནི་འཁྲུལ་པའམ་དྲི་མ་ཅན་དང་། གཡོ་སྒྱུའི་སྒོ་ནས་ཀྱང་མིན་ཏེ།"

4 ༤་ ཨེ་ལོ་ཧིམ་གྱིས་ང་ཚོའི་ཚོད་གཟིགས་ནས་འཕྲིན་བཟང་བཅོལ་བ་བཞིན་དུ། ང་ཚོས་མི་རྣམས་དགའ་ཕྱིར་མ་ཡིན་པར། སྙིང་གི་ཚོད་གཟིགས་པའི་ཨེ་ལོ་ཧིམ་དགྱེས་པའི་ཕྱིར་སྨྲའོ།"

5 ༥་ །ང་ཚོས་ངོ་སོའི་གཏམ་ནམ་ཡང་མ་ལབ་པ་ཁྱེད་ལ་ཆ་རྒྱུས་ཡོད། གཏམ་དེ་བརྣབ་སེམས་ཀྱི་ཡོལ་བ་ལྟར་མ་ཡིན་པ་ཨེ་ལོ་ཧིམ་གྱིས་མཁྱེན་ནོ།"

6 ༦་ མ་ཤི་ཀའི་ཨ༷་པོ་ཏོ་ལོ་པ་ཡིན་ཏེ་དབང་བྱེད་ཐུབ་ཀྱང་། ཁྱེད་ཚོའམ་གཞན་སུ་ལས་ཀྱང་སྟི་སྟང་མ་བཙལ་བར།"

7 ༧་ མས་རང་གི་ཕྲུ་གུ་སྐྱོང་བ་ལྟར། ཁྱེད་ཚོའི་ཁྲོད་དུ་ང་ཚོ་དུལ་བར་གནས་ཏེ།"

8 ༨་ ཁྱེད་ཚོ་གཅེས་པར་འཛིན་པས། ཁྱེད་ཚོར་ཨེ་ལོ་ཧིམ་གྱི་འཕྲིན་བཟང་མ་ཟད་ང་ཚོའི་སྲོག་ཀྱང་སྟེར་བར་འདོད་པ་ཙམ་དུ་ཁྱེད་ཚོར་ཆགས་སོ།"

9 ༩་ ཁྱེད་སྤུན་རྣམས་ལ་ཨེ་ལོ་ཧིམ་གྱི་འཕྲིན་བཟང་བཤད་པའི་རིང་ལ། ཁྱེད་ཚོ་སུ་ལའང་དཀའ་ཚེགས་མི་གཏོང་བའི་ཕྱིར། ཉིན་མཚན་མེད་པར་ལག་ལས་བྱས་པའི་ང་ཚོའི་འབད་རྩོལ་ཁྱེད་ཚོའི་ཡིད་ལ་ཡོད།"

10 ༡༠་ ཁྱེད་ཚོ་དད་ལྡན་རྣམས་ལ་ང་ཚོ་དམ་པ་དང་དྲང་པོ་དང་སྐྱོན་མེད་ཇི་ལྟར་བྱུང་བའི་དཔང་པོ་ཁྱེད་ཚོ་རང་དང་ཨེ་ལོ་ཧིམ་མོ།"

11 ༡༡་ །ཉིད་ཀྱི་རྒྱལ་སྲིད་དང་གཟི་བརྗིད་ལ་འགུག་པའི་ཨེ་ལོ་ཧིམ་ལ་འོས་པར་སྤྱོད་པའི་ཕྱིར། ཕས་རང་གི་ཕྲུ་གུར་གང་བྱེད་པ་ལྟར།"

12 ༡༢་ ཁྱེད་ཚོར་བསླབ་བྱ་དང་སེམས་གསོ་དང་གདམས་ངག་བཏང་བ་ཁྱེད་ཚོར་རྒྱུས་ཡོད།།"

13 ༡༣་ །ང་ཚོ་ལས་ཐོས་པའི་ཨེ་ལོ་ཧིམ་གྱི་བཀའ། ཁྱེད་ཚོས་མིའི་གཏམ་བཞིན་མ་བླངས་པར། ཁྱེད་ཚོ་དད་ལྡན་རྣམས་ཀྱི་ནང་ཕྲིན་ལས་མཛད་པའི་ཡང་དག་པའི་ཨེ་ལོ་ཧིམ་གྱི་བཀའ་ལྟར་བླངས་པས། ང་ཚོས་རྒྱུན་ཆད་མེད་པར་ཨེ་ལོ་ཧིམ་ལ་བསྟོད་བསྔགས་འབུལ་ལོ།"

14 ༡༤་ །ཡ༷་ཧུ་དཱ་རུ་ཡོད་པའི་མ་ཤི་ཀ་པའི་ཆོས་ཚོགས་ལ་ཡ༷་ཧུ་ཏཱ་པས་གཙེས་པ་བཞིན་དུ་ཁྱེད་ལའང་རང་གི་ཡུལ་མིས་གཙེས་པས་ཆོས་ཚོགས་དེ་ཁྱེད་ཚོས་དཔེ་རུ་བཟུང་ངོ་།"

15 ༡༥་ །ཡ༷་ཧུ་དཱ་པས་ཀྱུ་རི་བོ་ཡེ་ཤུ་དང་ཕ༷་རོ་པེ་ཏེ་པ་རྣམས་བཀྲོངས། ང་ཚོ་སྐྲད། ཨེ་ལོ་ཧིམ་མཉེས་པར་མི་བྱེད། ང་ཚོར་ཨེ་ལོ་ཧིམ་ངོ་ཤེས་པ་ལ་ཐར་པའི་འཕྲིན་བཟང་འཆད་པར་བཀག་ཅིང་མི་ཐམས་ཅད་ལ་དགྲ་བྱེད་པས།"

16 ༡༦་ དེ་དག་གི་སྡིག་པའི་ཚད་འགེངས་སོ། །འོན་ཀྱང་མཐར་དེ་ཚོའི་ཐོག་ཏུ་ཐུགས་ཁྲོ་བབས་སོ།།"

17 ༡༧་ །སྤུན་རྣམས་། ཡུན་འཐུང་ངུ་ཞིག་གི་ཕྱིར་ལུས་ཀྱི་ལུགས་སུ་ང་ཚོ་ཁྱེད་ཚོ་དང་བྲལ་ཀྱང་། སེམས་ཀྱི་ལུགས་སུ་མ་བྲལ་ཞིང་། ཁྱེད་ཚོའི་གདོང་མཐོང་ཕྱིར་དུང་བས་ལྷག་པར་བརྩོན་པ་ནི།"

18 ༡༨་ །ང་ཚོ་ཁྱད་པར་དུ་ང་པ༷འུ་ལུ་ཡང་ཡང་ཁྱེད་ཚོའི་རྩར་འོང་བར་འདོད་པས་ཡིན་ཏེ། འོན་ཀྱང་ས་ཏན་གྱིས་བཀག་བྱུང་།"

19 ༡༩་ ཀྱུ་རི་བོ་ཡེ་ཤུ་ཕེབས་པའི་དུས་སུ་ཁོང་གི་དྲུང་དུ་ང་ཚོའི་རེ་བ་དང་། དགའ་སྤྲོ་དང་། གཙུག་རྒྱན་ངོམ་རྒྱུ་དེ་ཁྱེད་ཚོ་མ་ཡིན་ནམ།"

20 ༢༠་ ཁྱེད་ཚོ་ནི་ང་ཚོའི་དཔལ་དང་དགའ་སྤྲོ་ཡིན་ནོ།། །།"

3

1 ༡་ །དེའི་ཕྱིར་ལྷག་པར་བཟོད་པར་མ་ནུས་པ་དང་། ང་ཚོ་ཨ༷་ཐེ་ནེ་རུ་གཅིག་པུར་ལུས་ཀྱང་ཆོག་བསམས་ཏེ།"

2 ༢་ མ་ཤི་ཀའི་འཕྲིན་བཟང་ཕྱིར་ཨེ་ལོ་ཧིམ་གྱི་ཞབས་ཏོག་པ་ཡིན་པའི་སྤུན་ཏི༷་མོ་ཐེའུ་ཁྱེད་ཀྱི་དད་པ་སྤེལ་བ་དང་།"

3 ༣་ སྡུག་བསྔལ་འདི་ཡིས་ཁྱེད་ཚོའི་དད་པ་མི་ཉམས་པའི་དོན་དུ་བསླབ་བྱ་སྟོན་པའི་ཕྱིར་བཏང་ངོ་། །སྡུག་བསྔལ་མྱོང་བ་ནི་ང་ཚོའི་སྐལ་བ་ཡིན་པ་ཁྱེད་ཚོས་ཤེས་སོ།"

4 ༤་ ཁྱེད་ཀྱི་རྩར་ཡོད་དུས་སུ། སྡུག་བསྔལ་འཁུར་དགོས་ཞེས་ཞུས་པ་དེ་ཁྱེད་ཚོས་ཤེས་པ་བཞིན་དུ་ད་བྱུང་ངོ་།"

5 ༥་ །ཉམས་སད་པ་པོས་ཁྱེད་ཚོར་སད་ཅིང་། ང་ཚོའི་འབད་རྩོལ་ཆུད་ཟོས་སུ་འགྲོ་བར་དོགས་པས། ཁྱེད་ཀྱི་དད་སེམས་ཤེས་པའི་ཕྱིར་སྒུག་མ་ཐུབ་པས་ཁོ་བཏང་བ་ཡིན།"

6 ༦་ ང་ཏེ༷་མོ་ཐེའུ་ཁྱེད་ཀྱི་དྲུང་ནས་ཕྱིར་ལོག་ནས། ཁྱེད་ཀྱི་དད་པ་དང་། བྱམས་པ་དང་། རྟག་ཏུ་ང་ཚོ་དྲན་པ་དང་། ང་ཚོས་ཁྱེད་ཕྲད་པ་ལ་གདུང་བ་ལྟར་ཁྱེད་ཚོའང་ང་ཚོ་ཕྲད་པ་ལ་གདུང་བའི་ལོན་བཟང་པོ་སྤྲད་པས།"

7 ༧་ ང་ཚོས་དཀའ་ལས་དང་སྡུག་བསྔལ་མྱང་ཡང་། ཁྱེད་སྤུན་རྣམས་ཀྱི་དད་པའི་རྐྱེན་གྱིས། ང་ཚོའི་སེམས་བདེ་བར་གྱུར་ཏོ།"

8 ༨་ ཀྱུ་རི་བོའི་ནང་ཁྱེད་བརྟན་པོར་གནས་ན་ང་ཚོ་གསོན་ནོ།"

9 ༩་ ཁྱེད་ཚོའི་སྐོར་དུ་ང་ཚོར་བྱུང་བའི་དགའ་སྤྲོ་ཐམས་ཅད་ཀྱི་ཕྱིར་ཨེ་ལོ་ཧིམ་ལ་སྐུ་དྲིན་ཇི་ལྟར་གསབ་པར་བྱ།"

10 ༡༠་ ཁྱེད་ཚོའི་གདོང་མཐོང་བ་དང་། ཁྱེད་ཚོའི་དད་པའི་ནང་མི་ཚང་བ་དེ་ཚང་བའི་ཕྱིར་ཉིན་མཚན་མེད་པར་སྨོན་ལམ་དྲག་ཏུ་འདེབས་སོ།"

11 ༡༡་ །ང་ཚོའི་ཡབ་ལགས་པའི་ཨེ་ལོ་ཧིམ་དང་། ང་ཚོའི་ཀྱུ་རི་བོ་ཡེ་ཤུས་ཁྱེད་ཀྱི་ཕྱོགས་སུ་ང་ཚོ་འཁྲིད་པར་ཤོག་ཅིག"

12 ༡༢་ །ང་ཚོས་ཁྱེད་ལ་བྱམས་པ་ལྟར་ཁྱེད་ཚོའི་ནང་ལ་ཕན་ཚུན་བྱམས་པ་དང་མི་ཐམས་ཅད་ལ་བྱམས་པ་འཕེལ་ཞིང་རྒྱས་པ་ཀྱུ་རི་བོས་མཛད་པར་ཤོག་ཅིག"

13 ༡༣་ །དེ་ནས་ང་ཚོའི་ཀྱུ་རི་བོ་ཡེ་ཤུ་ཉིད་ཀྱི་ཨ༷ན་ཇལ་རྣམས་དང་བཅས་སུ་ཕེབས་པའི་ཚེ། ང་ཚོའི་ཨེ་ལོ་ཧིམ་ཡབ་ཀྱི་སྤྱན་སྔར་ཁྱེད་ཚོ་སྐྱོན་མེད་དམ་པ་འབྱུང་བའི་ཕྱིར་བརྟན་པོ་མཛད་པར་འགྱུར་རོ།། །།"

4

1 ༡་ །མཐར་ཐུག་ཏུ་སྤུན་རྣམས། ཨེ་ལོ་ཧིམ་དགྱེས་པའི་སྤྱོད་ལམ་ཇི་ལྟར་བྱེད་དགོས་པ་ང་ཚོས་བསླབས་པ་བཞིན་དུ་ཁྱེད་ཚོས་བྱེད་ཅིང་། ད་དུང་ལྷག་པར་བྱོས་ཤིག་ཅེས་ཀྱུ་རི་བོ་ཡེ་ཤུའི་ཕྱོགས་ནས་ཞུ་ཞིང་གདམ་མོ།"

2 ༢་ །ཀྱུ་རི་བོ་ཡེ་ཤུའི་ཕྱོགས་ནས་ང་ཚོས་ཁྱེད་ཚོར་བཏང་བའི་བསླབ་བྱ་ཁྱེད་ཀྱིས་ཤེས་སོ།"

3 ༣་ ཁྱེད་ཚོས་འདོད་ཆགས་སྤངས་ཏེ་དམ་པར་འགྱུར་བ་ཨེ་ལོ་ཧིམ་གྱི་ཐུགས་དགོངས་ཡིན་པས།"

4 ༤་ རང་གི་ལུས་དམ་པ་དང་བཀུར་སྟི་དང་ལྡན་པར་འཇོག་མི་ཤེས་ཤིང་།"

5 ༥་ ཨེ་ལོ་ཧིམ་མི་ཤེས་པའི་ལྷ་ཆོས་པ་དང་འདྲ་བར་ཁྱེད་ཚོས་འདོད་ཆགས་ནང་དུ་འཇོག་པ་མི་རིགས་སོ།"

6 ༦་ །ང་ཚོས་ཁྱེད་ཚོར་སྔོན་དུ་བརྡ་སྐུལ་བྱས་པ་བཞིན་དུ། ཀྱུ་རི་བོ་ནི་ལས་དེ་ཐམས་ཅད་ཀྱི་གནོད་ལན་ལེན་མཁན་ཡིན་པས། སུས་ཀྱང་དེ་ལས་མི་འགལ་ཞིང་། སྤུན་ལ་ལོག་པར་མ་བྱེད་ཅིག"

7 ༧་ །ཨེ་ལོ་ཧིམ་གྱིས་ང་ཚོ་མི་གཙང་བར་འགྱུར་དུ་མ་བོས་ཀྱིས། དམ་པར་འགྱུར་དུ་བོས་པར་མཛད་དོ།"

8 ༨་ །དེའི་ཕྱིར་དེ་ལ་བརྙས་པ་དེས་མི་ལ་མི་བརྙས་ཀྱི། ཁྱེད་ལ་དམ་པའི་རུ་ཨག་གནང་བའི་ཨེ་ལོ་ཧིམ་ལ་བརྙས་སོ།"

9 ༩་ །ཕན་ཚུན་བྱམས་པར་བྱེད་པ་ཁྱེད་ལ་ཨེ་ལོ་ཧིམ་གྱིས་བསླབས་པས། སྤུན་ལ་བྱམས་པའི་སྐོར་དུ་སུས་ཀྱང་ཁྱེད་ཚོར་འབྲི་དགོས་མི་འདུག་སྟེ།"

10 ༡༠་ མ༷་ཀེ་དོན་ཡཱ་ཡོངས་སུ་སྤུན་རྣམས་ལ་ཁྱེད་ཀྱིས་བྱམས་པ་ཁོ་ན་བྱེད་དོ། །འོན་ཀྱང་ད་དུང་ལྷག་པར་བྱོས་ཤིག་ཅེས་སྐུལ་ལོ།"

11 ༡༡་ །ཨེ་ལོ་ཧིམ་ངོ་མ་ཤེས་པ་རྣམས་ཀྱི་མཐོང་ངོར་སྤྱོད་ལམ་མཛེས་པ་དང་། གཞན་ལ་རེ་ལྟོས་མི་དགོས་པའི་ཕྱིར། ཁ་རོག་སྡོད་པ་དང་། རང་གི་ལས་ལ་དོན་གཉེར་དང་། རང་གི་ལག་པས་འབད་པའི་ཕྱིར།"

12 ༡༢་ ང་ཚོས་བསྒོ་བ་བཞིན་བྱེད་པ་ལ་བརྩོན་ཞིག།"

13 ༡༣་ །སྤུན་རྣམས། རེ་བ་མེད་པའི་མི་གཞན་རྣམས་དང་འདྲ་བར་ཁྱེད་ཀྱིས་མྱང་ངན་མི་བྱེད་པའི་ཕྱིར། གྲོངས་པ་རྣམས་ཀྱི་སྐོར་དུ་ཁྱེད་ཚོས་ཤེས་པ་ལ་ང་ཚོ་དགའོ།"

14 ༡༤་ །ཡེ་ཤུ་གྲོངས་ནས་སྐུ་གསོན་པོར་བཞེངས་པ་ལ་ང་ཚོ་ཡིད་ཆེས་པ་བཞིན་དུ། ཨེ་ལོ་ཧིམ་གྱིས་གྲོངས་པ་རྣམས་ཡེ་ཤུའི་ངང་ན་ཁོང་དང་མཉམ་དུ་འཁྲིད་པར་འགྱུར་རོ།"

15 ༡༥་ །ང་ཚོས་ཀྱུ་རི་བོའི་བཀའ་ལས་འདི་ལྟར་འཆད་དེ། ཀྱུ་རི་བོ་མ་འབྱོན་པའི་བར་དུ་ལུས་ཤིང་ང་ཚོ་གསོན་པོ་རྣམས་གྲོངས་པ་རྣམས་ལས་སྔོན་མར་མི་འགྱུར་རོ།"

16 ༡༦་ །འུར་སྒྲ་དང་། ཨ༷ན་ཇལ་མཆོག་གི་སྐད་དང་། ཨེ་ལོ་ཧིམ་གི་དུང་སྐད་སྒྲ་དང་བཅས་སུ་ཀྱུ་རི་བོ་ཉིད་ནམ་མཁའ་ནས་འབྱོན་དུས། དང་པོར་མ་ཤི་ཀ་པ་གྲོངས་པ་རྣམས་ལང་བར་འགྱུར།"

17 ༡༧་ དེ་ནས་ང་ཚོ་གསོན་པོར་ལུས་པ་རྣམས་སྤྲིན་གྱི་ནང་དེ་ཚོ་དང་མཉམ་དུ་བར་སྣང་ལ་ཀྱུ་རི་བོ་མཇལ་ཕྱིར་འདྲེན་པར་འགྱུར་ཏེ། གཏན་དུ་ཀྱུ་རི་བོ་དང་ལྷན་ཅིག་གནས་པར་འགྱུར་རོ།"

18 ༡༨་ །ཕན་ཚུན་གཏམ་འདི་ཡིས་སེམས་གསོ་བར་གྱིས་ཤིག། །།"

5

1 ༡་ །དུས་དང་སྐབས་དེའི་སྐོར་ལ་སྤུན་ཁྱེད་རྣམས་ལ་འབྲི་དགོས་མི་འདུག"

2 ༢་ །མཚན་མོར་རྐུན་མ་འོང་བ་ལྟར་ཀྱུ་རི་བོའི་ཉིན་མོ་འོང་བ་ནི་ཁྱེད་ཚོས་ལེགས་པར་ཤེས་སོ།"

3 ༣་ །མི་རྣམས་ཀྱིས་དུས་བདེ་ཞི་འཇམ་ཡོད་དོ་ཟེར་བའི་དུས་སུ། སྦྲུམ་མ་བཙའ་མཁན་མར་སྐྱེ་གཟེར་གྱིས་འཐེབ་པ་ལྟར་འཇིགས་པ་གློ་བུར་དུ་འོང་ནས་དེ་རྣམས་ལ་ཐར་པ་མེད་དོ།"

4 ༤་ ཁྱེད་སྤུན་རྣམས་མུན་པའི་ནང་ན་མེད་པས། ཉིན་མོ་དེས་རྐུན་མ་ལྟར་འཛིན་མི་ཡོང་།"

5 ༥་ ཁྱེད་ཚོ་འོད་དང་ཉིན་མོའི་སྲས་ཡིན། ང་ཚོ་ནི་མཚན་དང་མུན་པའི་མ་ཡིན།"

6 ༦་ གཞན་རྣམས་དང་འདྲ་བར་གཉིད་མ་ལོག་པར་གཅང་བྱས་ཏེ། རན་པར་གནས་ཤིག"

7 ༧་ གཉིད་ལོག་པ་ཚོ་ནི་མཚན་ལ་ལོག་སྟེ། ར་བཟི་བ་ཚོ་ནི་མཚན་ལ་བཟིའོ།"

8 ༨་ །ང་ཚོ་ཉིན་མོའི་ཡིན་པ་རྣམས་ཀྱིས་ར་མ་བཟི་བར་དད་པ་དང་བྱམས་པའི་ཁྲབ་དང་། ཐར་པའི་རེ་བའི་རྨོག་གོན་དགོས།"

9 ༩་ ཨེ་ལོ་ཧིམ་གྱིས་ང་ཚོ་ལ་ཐུགས་ཁྲོ་བ་ཕོག་པའི་དོན་དུ་མ་བསྐོས་ཀྱིས།"

10 ༡༠་ ང་ཚོ་གསོན་རུང་ཤི་རུང་ཉིད་དང་ལྷན་ཅིག་ཏུ་གནས་པའི་ཕྱིར་དུ་གྲོངས་པའི་ང་ཚོའི་ཀྱུ་རི་བོ་ཡེ་ཤུ་མ་ཤི་ཀའི་ཐབས་ཀྱིས་ཐར་པ་ཐོབ་པའི་དོན་དུ་བསྐོས་སོ།"

11 ༡༡་ ཁྱེད་ཀྱིས་བྱེད་པ་བཞིན་དུ་ཕན་ཚུན་སྙིང་རུས་འཇུག་ཅིང་།ཡར་སྐྱེད་དུ་ཐོང་ཞིག། བསླབ་བྱ་སྣ་ཚོགས།"

12 ༡༢་ ཁྱེད་སྤུན་རྣམས་ཀྱི་ནང་ལ་ལས་བྱེད་ཅིང་། ཀྱུ་རི་བོའི་ཕྱིར་ཁྱེད་ཀྱི་འགོ་བྱེད་པ་དང་བསླབ་བྱ་སྟོན་པ་རྣམས་ལ་སྟི་སྟང་བྱེད་ཅིང་།"

13 ༡༣་ དེ་ཚོའི་ལས་ཀྱི་ཕྱིར་དེ་རྣམས་ལ་ཤིན་ཏུ་གཅེས་པར་འཛིན་ཅིང་མོས་གུས་བྱོས་ཤིག་ཅེས་ཞུའོ། །མཐུན་ནས་སྡོད་ཅིག"

14 ༡༤་ །སྤུན་རྣམས་། ལེ་ལོ་བྱེད་མཁན་ལ་བསླབ་བྱ་ཐོང་ཞིག །སྙིང་ཆུང་བ་ལ་སྙིང་རུས་ཆུག་ཅིག །ཞན་པ་ལ་རོགས་བྱོས་ཤིག །ཐམས་ཅད་ལ་མཟོད་པ་སྒོམ་ཞིག"

15 ༡༥་ །ངན་ལན་ངན་པས་མ་འཇལ་ཞིག་ ཁྱེད་རང་ཕན་ཚུན་མ་ཟད་གཞན་ཐམས་ཅད་ལའང་བཟང་པོ་བྱེད་པར་བརྩོན་ཞིག །ཅེས་སྐུལ་ལོ།"

16 ༡༦་ །རྟག་ཏུ་དགའ་བར་གྱུར་ཅིག"

17 ༡༧་ །རྒྱུན་ཆད་མེད་པར་སྨོན་ལམ་ཐོབ་ཅིག"

18 ༡༨་ །གནས་ལུགས་ཐམས་ཅད་དུ་བསྟོད་བསྔགས་ཕུལ་ཞིག །དེ་ནི་མ་ཤི་ཀ་ཡེ་ཤུ་རྒྱུད་ནས་ཁྱེད་ཚོའི་ཕྱིར་ཨེ་ལོ་ཧིམ་གྱི་ཐུགས་དགོངས་སོ།"

19 ༡༩་ །རུ་ཨག་གི་སྒྲོན་མེ་མ་གསད་ཅིག"

20 ༢༠་ །ལུང་བསྟན་རྣམས་ལ་མ་སྨད་ཅིག"

21 ༢༡་ ཐམས་ཅད་བརྟགས་ནས་བཟང་པོ་དེ་ཆོངས་ཤིག"

22 ༢༢་ །རྣམ་པ་ཐམས་ཅད་དུ་ངན་པ་སྤོངས་ཤིག"

23 ༢༣་ །ཞི་བདེའི་ཨེ་ལོ་ཧིམ་ཉིད་ཀྱིས་ཁྱེད་ཡོངས་སུ་དམ་པ་མཛད་པར་ཤོག་ཅིག །ང་ཚོའི་ཀྱུ་རི་བོ་ཡེ་ཤུ་མ་ཤི་ཀ་འབྱོན་པའི་ཚེ། ཁྱེད་ཀྱི་ལུས་དང་སྲོག་དང་མཉམ་དུ་ལུས་སྲོག་སེམས་གསུམ་སྐྱོན་མེད་སྲུང་བར་ཤོག་ཅིག"

24 ༢༤་ ཁྱེད་ལ་བོས་པ་ཁོང་ནི་བསླུ་མེད་ལགས་པས། སྒྲུབ་པར་འགྱུར་རོ།"

25 ༢༥་ །སྤུན་རྣམས། ང་ཚོའི་ཕྱིར་སྨོན་ལམ་ཞུས་ཤིག"

26 ༢༦་ དམ་པའི་འོ་བཅས་སྤུན་ཐམས་ཅད་ལ་ཕྱག་བྱོད་ཤིག"

27 ༢༧་ ཡི་གེ་འདི་སྤུན་ཐམས་ཅད་ལ་སྒྲོག་དགོས་ཞེས་ཁྱེད་ལ་ཀྱུ་རི་བོའི་མནའ་འགེལ་ལོ།"

28 ༢༨་ །ང་ཚོའི་ཀྱུ་རི་བོ་ཡེ་ཤུ་མ་ཤི་ཀའི་ཐུགས་རྗེ་ཁྱེད་ལ་འབབ་པར་ཤོག་ཅིག། །།"