1

1 ༡་ །ཨེ༷་ལོ་ཧིམ་གྱི་ཐུགས་དགོངས་བཞིན་དུ་མ་ཤི་ཀ་ཡེ་ཤུའི་ཨ༷པོ་ཏོ་ལོ་པ་ཡིན་པའི་པ༷འུ་ལུ་དང་། སྤུན་ཏི༷་མོ་ཐེའུས།"

2 ༢་ ཀོ༷་ལོ་ས་རུ་ཡོད་པའི་མ་ཤི་ཀ་པའི་སྤུན་དམ་པ་དང་དད་ལྡན་རྣམས་ཀྱི་དྲུང་དུ་ང་ཚོའི་ཡབ་ཨེ་ལོ་ཧིམ་ནས་ཐུགས་རྗེ་དང་ཞི་བདེ་འབབ་པར་ཤོག་ཅིག །"

3 ༣་ ཁྱེད་ཚོའི་དོན་དུ་ནམ་མཁར་བཞག་ཡོད་པའི་རེ་བ་དེའི་རྐྱེན་གྱིས། ཁྱེད་ཚོའི་མ་ཤི་ཀ་ཡེ་ཤུ་ལ་དད་པ་དང་། མ་ཤི་ཀ་པ་རྣམས་ལ་གཅེས་པ་ཐོས་ནས།"

4 ༤་ ཁྱེད་ཚོའི་དོན་དུ་སྨོན་ལམ་འདེབས་པའི་ཚེ། ཀྱུ་རི་བོ་ཡེ་ཤུ་མ་ཤི་ཀའི་ཡབ་ཨེ་ལོ་ཧིམ་ལ་རྒྱུན་དུ་བསྟོད་བསྔགས་འབུལ་ལོ"

5 ༥་ །རེ་བ་དེ་བདེན་པའི་འཕྲིན་བཟང་ཁྱེད་རྩར་ཕེབས་པ་ལས་ཁྱེད་ཀྱིས་ཐོས་ཏེ། འཇིག་རྟེན་ཐམས་ཅད་ལ་འཕྲིན་བཟང་དེ་འབྲས་བུ་དང་ལྡན་ཞིང་དར་བ་ལྟར།"

6 ༦་ ཁྱེད་ཚོས་ཨེ་ལོ་ཧིམ་གྱི་ཐུགས་རྗེ་བདེན་པར་ཐོས་ཤིང་རྟོགས་པའི་ཉིན་མོ་ནས་ཁྱེད་ཚོའི་ནང་དུའང་དེ་ལྟར་དར་རོ།།"

7 ༧་ དེ་རྣམས་ཁྱེད་ཚོས་ངའི་གཅེས་པའི་གཡོག་གྲོགས་ཨེ༷་པབ་ར་ནས་ཐོས་ཏེ། ཁོང་ནི་ང་ཚོའི་དོན་དུ་མ་ཤི་ཀའི་ཞབས་ཏོག་པ་དྲང་པོ་ཡིན་ཅིང་།"

8 ༨་ རུ་ཨག་ལས་བྱུང་བའི་ཁྱེད་ཀྱི་བྱམས་སེམས་ང་ཚོ་ལ་བཤད་དོ།"

9 ༩་ དེ་ལྟར་ང་ཚོས་དེ་ཐོས་པ་ནས་བཟུངས་ཏེ། ཁྱེད་རྣམས་ཡེ་ཤེས་དང་ཤེས་རབ་དང་ལྡན་ཏེ་ཀྱུ་རི་བོའི་ཐུགས་དགོངས་ཀྱི་རྟོགས་པས་གང་ནས།"

10 ༡༠་ ཁྱེད་ཚོའི་སྤྱོད་ལམ་ཀྱུ་རི་བོ་ལ་འོས་པ། ཁོང་ཡོངས་སུ་དགྱེས་པ་དང་། ཁྱེད་ཚོའི་ལས་བཟང་ཐམས་ཅད་འབྲས་བུ་དང་ལྡན་པ་དང་། ཨེ་ལོ་ཧིམ་གྱི་རྟོགས་པ་འཕེལ་བ་དང་།"

11 ༡༡་ དགའ་བས་ཀུན་ནས་བཟོད་པ་དང་སྲན་ཐུབ་པའི་ཕྱིར། ཁོང་གི་མཐུ་སྟོབས་བཞིན་སྟོབས་ཐམས་ཅད་དང་ལྡན་པར་མཛད་པ་དང་།"

12 ༡༢་ འོད་ཀྱི་སྐྱེས་བུ་དང་མཉམ་དུ་ནོར་སྐལ་ཐོབ་འོས་པར་མཛད་པའི་ཡབ་ལ་བསྟོད་བསྔགས་འབུལ་བའི་ཕྱིར། སྨོན་ལམ་ཆད་མེད་ཞུའོ།"

13 ༡༣་ །ཁོང་གིས་ང་ཚོ་མུན་པའི་དབང་ལས་བསྒྲལ་ཏེ།"

14 ༡༤་ སྡིག་པ་སེལ་བའི་ཐར་ལམ་གནང་བའི་ཉིད་ཀྱི་གཅེས་པའི་སྲས་ཀྱི་རྒྱལ་སྲིད་ནང་བཅུག་པར་མཛད་དོ།།"

15 ༡༥་ །མཐོང་དུ་མེད་པའི་ཨེ་ལོ་ཧིམ་གྱི །པར་ཡིན་པའི་མ་ཤི་ཀ །བཀོད་པ་ཡོངས་ཀྱི་སྔོན་འཁྲུངས་སོ།"

16 ༡༦་ །ཁོང་གི་སྒོ་ནས་ནམ་མཁའ་དང་། ས་ལ་ཡོད་པ་ཐམས་ཅད་དང་། །མིག་གིས་མཐོང་དང་མི་མཐོང་དང་། རྒྱལ་པོའི་ཁྲིའམ་སྲིད་ཡིན་རུང་། །དབང་དང་མངའ་ཐང་ཡོད་དོ་ཅོག ཁོང་རྒྱུད་ཁོང་ཕྱིར་བཀོད་པ་ཡིན། "

17 ༡༧་ །ཀུན་ལས་སྔ་མ་ཁོང་ལགས་ཏེ། །ཁོང་གི་ངང་ན་ཐམས་ཅད་གནས།"

18 ༡༨་ །སྐུ་ལུས་ཡིན་པའི་མ་ཤི་ཀ་པ་རྣམས་ཀྱི། །ཁོང་ནི་དབུ་དང་ཐོག་མ་ཡིན། གཤིན་པོའི་ཁྲོད་ལས་སྔོན་འཁྲུངས་ཏེ། །རྣམ་པ་ཀུན་ཏུ་མཆོག་ལགས་སོ།"

19 ༡༩་ །ཁོང་གི་ནང་དུ་ཨེ་ལོ་ཧིམ་ཉིད། རབ་ཏུ་ཚང་བར་བཞུགས་པ་དང་།"

20 ༢༠་ །བརྐྱངས་པའི་སྐུ་ཁྲག་གི་ཐབས་ཀྱིས། །ཁོང་རྒྱུད་གནམ་སར་ཡོད་ཐམས་ཅད། །ཉིད་དང་སྡུམ་པར་རབ་ཏུ་དགྱེས།"

21 ༢༡་ ཁྱེད་རྣམས་སྔར་སོ་སོར་འཁྱར་ནས། ལས་ངན་བྱེད་ཅིང་གདུག་རྩུབ་བྱས་ཀྱང་།"

22 ༢༢་ ད་ཁྱེད་ཚོ་དམ་པ་དང་སྐྱོན་མེད་པ་དང་སྨད་དུ་མི་རུང་བར་ཉིད་ཀྱི་དྲུང་དུ་བཞེས་ཕྱིར། ཡེ་ཤུ་གྲོངས་པའི་སྒོ་ནས་ཉིད་ཀྱི་ཤ་ཁྲག་གི་སྐུ་ལུས་ནང་སྡུམ་པ་ཡིན་ནོ།"

23 ༢༣་ །གལ་ཏེ་ཁྱེད་ཚོའི་དད་པའི་གཞི་མར་བརྟན་པོར་གནས་ཏེ། གནམ་འོག་གི་སེམས་ཅན་ཐམས་ཅད་ལ་བཤད་པ་དང་གང་གི་ཞབས་དོག་པ་པ༷འུ་ལུ་ང་ཡིན་པའི་འཕྲིན་བཟང་ཁྱེད་ཚོས་ཐོས་པ་དེའི་རེ་བ་ལས་མི་འདའ་ན་དེ་ལྟར་འགྱུར་རོ།།"

24 ༢༤་ ཁྱེད་ཚོའི་དོན་དུ་སྡུག་བསྔལ་མྱོང་བ་ལ་ང་དགའ་མགུ་རང་ངོ་། །མ་ཤི་ཀའི་སྡུག་བསྔལ་གྱི་ལྷག་མ་དེ། ཁོང་གི་སྐུ་ལུས་ལགས་པའི་མ་ཤི་ཀ་པ་རྣམས་ཀྱི་དོན་དུ། ངའི་ལུས་ཀྱི་ཟུག་རྔུས་རྫོགས་པར་བྱེད་དོ།"

25 ༢༥་ །ཨེ་ལོ་ཧིམ་གྱི་བཀའ་རབ་ཏུ་འཆད་པའི་ཕྱིར། ཨེ་ལོ་ཧིམ་གྱིས་བསྐོས་པ་བཞིན་དུ་ཁྱེད་ཚོའི་དོན་དུ་ང་མ་ཤི་ཀ་པ་རྣམས་ཀྱི་ཞབས་ཏོག་པར་གྱུར།"

26 ༢༦་ གཟི་བརྗིད་ཀྱི་རེ་བ་མ་ཤི་ཀ་ཁྱེད་ནང་བཞུགས་པའི་གསང་བའི་དཔལ་འབྱོར་ཨེ་ལོ་ཧིམ་ངོ་མ་ཤེས་པའི་ཁྲོད་དུ་ཇི་ལྟ་བུ་ཞིག་ཡིན་པ།"

27 ༢༧་ ཉིད་ཀྱི་དམ་པ་རྣམས་ལ་མངོན་པར་མཛད་པར་དགྱེས་པས། གསང་བ་དེ་བསྐལ་པ་ནས་བསྐལ་པ་དང་། མི་བརྒྱུད་ནས་མི་བརྒྱུད་ཐམས་ཅད་ལ་སྦས་ཀྱང་། དམ་པ་དེ་རྣམས་ལ་མངོན་པར་མཛད་དོ།"

28 ༢༨་ །མི་རེ་རེ་མ་ཤི་ཀ་པ་ཕུལ་ཏུ་འབྱུང་བ་འགྱུར་བའི་ཕྱིར། ང་ཚོས་མི་རེ་རེ་ལ་སྐུལ་ཞིང་ཤེས་བྱ་ཐམས་ཅད་ལ་སློབ་ཅིང་ཁོང་གི་མཚན་སྒྲོག་གོ"

29 ༢༩་ །དེས་ན་ངའི་ནང་ཕྲིན་ལས་མཛད་པའི་ཁོང་གི་མཐུ་སྟོབས་བཞིན་དུ། ངས་རྩོལ་བས་འབད་དོ།།"

2

1 ༡་ །ཁྱེད་ཚོ་དང་། ལ༷འོ་དི་ཀ་པ་དང་། ངའི་གདོང་མ་མཐོང་བ་ཐམས་ཅད་ཀྱི་དོན་དུ། ངས་ཇི་ཙམ་བརྩོན་པ་ཁྱེད་ཚོས་ཤེས་པར་ང་འདོད་དོ།"

2 ༢་ །དེ་ནི་ཁྱེད་ཚོར་སྙིང་རུས་སྐྱེད་འཇུག་པ་དང་། བྱམས་པའི་སེམས་ཀྱིས་གཅིག་ཏུ་འགྱུར་བ་དང་། ངེས་པར་རྟོགས་པའི་འབྱོར་པ་དང་ལྡན་ཞིང་།"

3 ༣་ ཨེ་ལོ་ཧིམ་གྱི་གསང་བའམ། ཤེས་རབ་དང་རིག་པའི་གཏེར་ཐམས་ཅད་སྦས་ཡོད་པའི་མ་ཤི་ཀ་རྟོགས་པའི་ཕྱིར་རོ།།"

4 ༤་ སུས་ཀྱང་ཁྱེད་ཚོ་སླུ་བའི་གཏམ་གྱིས་འཁྲུལ་བར་མི་བྱེད་པའི་ཕྱིར་འདི་ཞུ་ཞིང་།"

5 ༥་ ངའི་ལུས་ཁྱེད་ཚོ་མཉམ་མེད་རུང་། སེམས་ཁྱེད་ཚོ་མཉམ་ཡོད་དེ། །ཁྱེད་ཚོའི་ཚུལ་མཐུན་དང་མ་ཤི་ཀ་ལ་དད་པ་བརྟན་པོར་ཡོད་པ་ཤེས་ནས་དགའོ།"

6 ༦་ །ཁྱེད་ཚོས་ཀྱུ་རི་བོ་ཡེ་ཤུ་མ་ཤི་ཀ་བླངས་པས་མ་ཤི་ཀ་པ་ལྟར་སྤྱོད་ཅིག"

7 ༧་ །ཁོང་ནང་རྩ་བ་བརྐྱངས་ཏེ་ཡར་སྐྱེད་ལ། བསླབས་པ་བཞིན་དུ་བསྟོད་བསྔགས་མང་དུ་འབུལ་ཞིང་དད་པའི་ནང་བརྟན་པོར་སྡོད་ཅིག"

8 ༨་ །མ་ཤི་ཀ་དང་མི་མཐུན་པར། སྲིད་པའི་མུན་པ་དང་མིའི་གནའ་སྲོལ་དང་མཐུན་པའི་ལྟ་བ་དང་ཟོལ་ཟོག་གིས། སུས་ཀྱང་ཁྱེད་མི་འཛིན་པའི་ཕྱིར་གཅང་གྲུང་བྱོས་ཤིག"

9 ༩་ ཨེ་ལོ་ཧིམ་སྐུའི་རྣམ་པར་མ་ཤི་ཀའི་ནང་བཞུགས་སོ།"

10 ༡༠་ །དབང་དང་སྲིད་ཐམས་ཅད་ཀྱི་དབུ་ལགས་པའི་ཡེ་ཤུའི་ནང་ཁྱེད་ཚོའི་ཚེ་ཕུལ་དུ་བྱུང་ངོ་།"

11 ༡༡་ །ཁོང་གི་ངང་ན་ཁྱེད་ཚོར་ལག་པས་མ་རེག་པའི་རྟགས་དང་ལྡན་པ་དེ་བྱུང་། དེ་ནི་བདག་འཛིན་གྱི་གོས་ཕུད་པའི་མ་ཤི་ཀའི་ལུགས་ཀྱི་རྟགས་བླངས་པ་དེའོ།"

12 ༡༢་ །ཆུའི་བ༷བ་ཐི་སོའི་སྒོ་ནས་ཁྱེད་ཚོ་ཁོང་དང་མཉམ་དུ་ཤི་ནས་དུར་དུ་བཅུག་ཁོང་གཤིན་པོའི་ཁྲོད་ལས་སྐུ་གསོན་པོར་སླངས་པའི་ཨེ་ལོ་ཧིམ་གྱི་མཐུ་སྟོབས་ལ་དད་པས། ཁོང་དང་མཉམ་དུ་གསོན་པོར་ཡང་ལངས་པ་ཡིན།"

13 ༡༣་ རྟགས་དང་མི་ལྡན་པར་ཉེས་སྐྱོན་གྱིས་ཤི་བ་ཡིན་པ་ཁྱེད་ཚོར་ཉེས་སྐྱོན་ཐམས་ཅད་ལ་བཤགས་པ་གནང་སྟེ། ཉིད་དང་མཉམ་དུ་གསོན་པོར་མཛད་དོ།"

14 ༡༤་ བཀའ་རྒྱའི་བུན་ཡིག་ང་ཚོ་ལ་སྐྱོན་འགེལ་བ་དེ་ལ་སེལ་རྒྱབ་ནས། རྒྱང་ཤིང་ཁར་གཟེར་གྱིས་སྦྱར་ནས་མེད་པར་མཛད་དོ།"

15 ༡༥་ །དབང་དང་སྲིད་ཀྱི་མཚོན་ཆ་ཤུས་ནས་རྒྱང་ཤིང་གི་ཐབས་ཀྱིས་དེ་དག་ལས་རྣམ་པར་རྒྱལ་བའི་ཁྲོམ་སྟོན་མཛད་དོ།"

16 ༡༦་ །དེའི་ཕྱིར་བཟའ་བ་དང་བཏུང་བ་དང་དུས་བཟང་དང་ནམ་གང་དང་ཤ༷བ་བད་ལ་བལྟས་ཏེ་སུས་ཀྱང་ཁྱེད་ཚོར་མཚང་འབྲུ་རུ་མ་འཇུག་"

17 ༡༧་ །དེ་ནི་འོང་བར་འགྱུར་བ་རྣམས་ཀྱི་གྲིབ་མ་འབའ་ཞིག་ཡིན་ནོ། །ལུས་ནི་མ་ཤི་ཀའི་ཡིན་ནོ།"

18 ༡༨་ །རང་ལ་སྨད་པ་དང་། ཨ༷ན་ཇལ་ལ་བསྙེན་བཀུར་བྱེད་པ་དང་། མཐོང་སྣང་ལ་སྟེན་པ་དང་། འཇིག་རྟེན་གྱི་བློ་གྲོས་ཀྱིས་དོན་མེད་དུ་རང་མཐོང་སྐྱེད་ཅིང་། དབུ་ལགས་པ་ལ་དམ་དུ་མི་བཟུང་བར། ཁྱེད་ཚོའི་བྱ་དགའ་འཕྲོག་ཏུ་མ་འཇུག་ཅིག"

19 ༡༩་ །དབུ་ནས་སྐུ་ལུས་ཧྲིལ་པོ་ཚིགས་དང་རྒྱུས་པས་སྦྲེལ་ཏེ་འཚོ་ཞིང་ཨེ་ལོ་ཧིམ་གྱི་དབང་ལས་ཆེར་སྐྱེད་དོ།"

20 ༢༠་ །སྲིད་པའི་འཇིག་རྟེན་རྣམས་ལ་བལྟས་ཏེ་ཁྱེད་མ་ཤི་ཀ་དང་མཉམ་དུ་ཤི་བ་ཡིན་ན། འཇིག་རྟེན་པ་ལྟར་ཅི་ལ་འཚོ། འདི་ལ་མ་འཆང་། འདི་ལ་མ་མྱང་།"

21 ༢༡་ འདི་ལ་མ་རེག་ཟེར་བའི་བསྲུང་བྱ་ཅི་ལ་སྲུང་།"

22 ༢༢་ དེ་རྣམས་མི་ཡིས་བཟོས་པའི་བསྲུང་བྱ་དང་ལྟ་བ་ཡིན་པས། སྤྱད་ཀྱང་སྟོངས་འགྲོའོ།"

23 ༢༣་ །དེ་རྣམས་ཀྱིས་ཆོས་ལ་མོས་པ་དང་། རང་ལ་སྨད་པ་དང་། ལུས་ལ་དཀའ་བ་སྤྱོད་པར་བསྐུལ་བས། ཤེས་རབ་ལྟར་སྣང་ཡང་། མིའི་འདོད་པ་འགེགས་པའི་ཕྱིར་ཅིའང་མི་ཕན་ནོ།།"

3

1 ༡་ །ཁྱེད་ཚོ་མ་ཤི་ཀ་དང་མཉམ་གསོན་པོར་ལངས་པས། ཨེ་ལོ་ཧིམ་གྱི་ཕྱག་གཡས་སུ་མ་ཤི་ཀ་བཞུགས་སར་ཡོད་པའི་སྟེང་གི་བྱ་བ་རྣམས་ཚོལ་ཞིག"

2 ༢་ །འཇིག་རྟེན་གྱི་བྱ་བ་རྣམས་ལ་མ་སེམས་པར། སྟེང་གི་བྱ་བ་རྣམས་སོམས་ཤིག"

3 ༣་ ཁྱེད་ཚོ་ཤི་ཟིན་ནས། ཁྱེད་ཚོའི་མི་ཚེ་མ་ཤི་ཀ་དང་ལྷན་དུ་ཨེ་ལོ་ཧིམ་ནང་སྦས་ཡོད།"

4 ༤་ ང་ཚོའི་མི་ཚེ་ལགས་པའི་མ་ཤི་ཀ་མངོན་པའི་དུས་སུ། ཁྱེད་ཚོའང་ཁོང་དང་མཉམ་དུ་གཟི་བརྗིད་དང་ལྡན་ཞིང་མངོན་པར་འགྱུར་རོ།"

5 ༥་ །དེའི་ཕྱིར་ལོག་གཡེམ་དང་། མི་གཙང་བ་དང་། ཆགས་པ་དང་། འདོད་པ་ངན་པ་དང་། ནོར་མུན་པར་བསྟེན་པ་དང་འདྲ་བའི་བརྣབ་སེམས་ལ་སོགས་པའི་རང་ནང་གནས་པའི་འཇིག་རྟེན་པའི་གཤིས་ལུགས་སོད་ཅིག"

6 ༦་ །དེ་ཚོའི་རྐྱེན་གྱིས་ཨེ་ལོ་ཧིམ་གྱི་ཐུགས་ཁྲོ་འབབ་བོ།"

7 ༧་ །སྔར་དེ་རྣམས་ནང་འཚོ་བའི་ཚེ་ཁྱེད་ཚོས་དེ་ལྟར་སྤྱད་ཀྱང་།"

8 ༨་ ད་ལྟ་དེ་ཐམས་ཅད་དང་། ཁྲོ་བ་དང་། གཏུམ་པ་དང་། གནོད་སེམས་དང་། སྐྱོན་མཚང་འདྲུ་བ་དང་། ཁ་ནས་ཚིག་ངན་སྨྲ་བ་སྤོངས་ཤིག"

9 ༩་ །ཁྱེད་ཚོས་གཤིས་རྙིང་པ་དང་དེའི་ལས་རྣམས་ཕྱིར་ཕུད་ནས།"

10 ༡༠་ རྟོགས་པ་རྙེད་པའི་ཕྱིར་དུ་མཛད་པ་པོའི་སྐུ་དབྱིབས་དང་མཚུངས་པར་གསོ་བའི་གཤིས་གསར་པ་གྱོན་པས། ཕན་ཚུན་རྫུན་མ་སྨྲ་ཞིག"

11 ༡༡་ མ་ཤི་ཀ་ནི་ཐམས་ཅད་ལགས་ཤིང་། ཐམས་ཅད་ནང་ཡོད་དེ། འདིར་ཧེ༷་ལེན་པའམ་ཡ༷་ཧུ་ད༷་པ། གཙང་མའམ་གཙང་མ་མིན་པ། མཐའ་ཁོབ་བམ་ཡང་ཁོབ། ཚེ་གཡོག་གམ་རང་དབང་ལྡན་པའི་མི་ཞེས་དབྱེ་བ་མེད་དོ།"

12 ༡༢་ ཨེ་ལོ་ཧིམ་གྱི་འདམས་པའི་དམ་པ་དང་གཅེས་པའི་ཚུལ་དུ་། སྙིང་རྗེ་དང་། བཀའ་དྲིན་དང་། དམན་སེམས་དང་། སྙེམས་ཆུང་དང་། བཟོད་པའི་གོ་ཆ་གྱོན་ནས།"

13 ༡༣་ ཕན་ཚུན་ཐེག་ཅིང་། མི་མཐུན་པ་ཡོད་ན་བཟོད་པ་སྒོམས་ཤིག །ཀྱུ་རི་བོས་ཁྱེད་ཚོར་ཉེས་པ་སེལ་བལྟར་ཁྱེད་ཚོས་ཀྱང་ཉེས་པ་སོལ་ཤིག"

14 ༡༤་ ཚང་མའི་ཐོག་ཏུ་ཡང་དག་པར་མཐུན་པའི་བྱམས་པའི་སྐ་རགས་ཆིངས་ཤིག"

15 ༡༥་ །སྐུ་ལུས་གཅིག་གི་ཡན་ལག་འདྲར་བོས་པར་མཛད་པའི་དོན་མ་ཤི་ཀའི་ཞི་བདེས་ཁྱེད་ཀྱི་སྙིང་ལ་སྲིད་མཛད་པར་ཤོག །བཀའ་དྲིན་དྲན་ཅིག"

16 ༡༦་ །ཕན་ཚུན་ཤེས་རབ་ཐམས་ཅད་ལ་སླབ་ཅིང་སྟོན་པའི་ཚེ་དང་། གསུང་མགུར་དང་མགུར་མ་དང་ཨེ་ལོ་ཧིམ་ལ་སྙིང་ཐག་པ་ནས་བསྟོད་བསྔགས་ཀྱི་སེམས་ཉིད་ཀྱི་དབྱངས་འབུལ་བའི་ཚེ། མ་ཤི་ཀའི་བཀའ་ཁྱེད་ནང་དཔག་ཏུ་མེད་པར་བཞུགས་ཤིག"

17 ༡༧་ །ལུས་ངག་གི་སྒོ་ནས་ཅི་བྱེད་ཀྱང་། ཀྱུ་རི་བོ་ཡེ་ཤུའི་མཚན་རྗོད་ཅིང་། ཁོང་བརྒྱུད་ཨེ་ལོ་ཧིམ་ཡབ་ལ་བསྟོད་བསྔགས་ཕུལ་ཞིག།"

18 ༡༨་ །ཆུང་མ་རྣམས། མ་ཤི་ཀ་མ་ལྟར་ཁྱོ་བོའི་འབངས་བྱོས་ཤིག"

19 ༡༩་ །ཁྱོ་བོ་རྣམས་། ཆུང་མ་ལ་མི་རྩུབ་པར་གཅེས་ཤིག"

20 ༢༠་ །བུ་རྣམས་། ཅི་ས་ནས་ཕ་མའི་བཀའ་ལ་ཉོན། དེ་ལ་ཀྱུ་རི་བོ་དགྱེས་སོ།"

21 ༢༡་ ཕ་རྣམས་བུ་རྣམས་ཡིད་མི་མུག་པའི་ཕྱིར་ཁྲོར་མ་ཆུག་ཅིག"

22 ༢༢་ །གཡོག་པོ་རྣམས། འཇིག་རྟེན་གྱི་ལུགས་སུ་དཔོན་པོ་ཡིན་པ་ལ། ངོ་སོ་བྱེད་མཁན་ལྟར་མིག་མཐོང་གི་གཡོག་མི་བྱེད་པར། ཀྱུ་རི་བོ་ལ་འཇིགས་ཤིང་བློ་དྲང་པོས་ཅི་ས་ནས་ཁ་ལ་ཉོན་ཅིག"

23 ༢༣་ །བྱ་བ་ཅི་བྱེད་ཀྱང་མིའི་ཕྱིར་མི་བྱེད་པར་ཀྱུ་རི་བོའི་ཕྱིར་བྱེད་པ་ལྟར་བརྩོན་འགྲུས་ཀྱིས་བྱོས་ཤིག"

24 ༢༤་ ཀྱུ་རི་བོའི་འབངས་བྱེད་པས། ཀྱུ་རི་བོ་ནས་གནང་སྦྱིན་གྱི་ནོར་སྐལ་ཐོབ་འོང་བ་ཤེས་སོ།"

25 ༢༥་ །ངན་པ་བྱེད་མཁན་ལ་ངན་པ་བྱས་པའི་ལན་ཐོབ་པར་འགྱུར། དེར་ཕྱོགས་རིས་མེད་དོ།། །།"

4

1 ༡་ །དཔོན་པོ་རྣམས། ཁྱེད་ལའང་ནམ་མཁར་དཔོན་པོ་ཞིག་བཞུགས་པར་ཤེས་ཏེ། གཡོག་པོ་ལ་དྲང་པོ་དང་འོས་པར་སྤྱོད་ཅིག"

2 ༢་ །བསྟོད་བསྔགས་དང་བཅས་དྲན་ཤེས་ཀྱིས་རྒྱུན་ཆད་མེད་པར་སྨོན་ལམ་ཐོབ་ཅིག"

3 ༣་ །གང་གི་དོན་དུ་ང་བཙོན་པ་ཡིན་པའི་མ་ཤི་ཀའི་གསང་བ་ངས་འཆད་འོས་པ་ལྟར་གསལ་པོར་འཆད་པར།"

4 ༤་ གཏམ་གྱི་སྒོ་མོ་འབྱེད་ཕྱིར། ཨེ་ལོ་ཧིམ་ལ་སྨོན་ལམ་ཐོབ་ཅིག"

5 ༥་ །དུས་སྐབས་ཀྱི་ཁེ་བཟང་ལེན་ཞིང་། ཨེ་ལོ་ཧིམ་ངོ་མ་ཤེས་པ་མཉམ་དུ་མཁས་པར་སྤྱོད་ཅིག"

6 ༦་ །ཐམས་ཅད་ལ་ལན་རིགས་པར་འདེབས་པ་ཤེས་པའི་ཕྱིར། དུས་རྒྱུན་དུ་ཁྱེད་ཚོའི་གཏམ་སྙན་པོ་ཚྭའི་བྲོ་བ་ལྟར་ལྡན་པར་དགོས།"

7 ༧་ །ངའི་གནས་ཚུལ་རྣམས་ཏི༷་ཁི་ཀུས་འཆད་པར་འགྱུར། ཁོང་སྤུན་གཅེས་པ་དང་། ཞབས་ཏོག་པ་དྲང་པོ་དང་། ཀྱུ་རི་བོའི་ཕྱིར་གཡོག་གྲོགས་ཡིན་ཏེ།"

8 ༨་ ང་ཚོའི་གནས་ཚུལ་ཤེས་པ་དང་། ཁྱེད་ཚོའི་སེམས་གསོ་བ་ཁོ་ནའི་དོན་དུ་ངས་གཏོང་ངོ་།"

9 ༩་ །ཁོང་དང་མཉམ་དུ་ཁྱེད་ཚོའི་སྤུན་གཅེས་པ་དང་དྲང་པོ་ཡིན་པ་ཨོ༷་ནེ་སི་མུ་གཏོང་ཞིང་། དེ་དག་གིས་འདི་རུ་བྱུང་བ་ཐམས་ཅད་འཆད་པར་འགྱུར་རོ།"

10 ༡༠་ །ངའི་བཙོན་གྲོགས་ཨ༷་རིས་ཏར་ཀུ་དང་། གཞན་ཡང་ཡུ༷ས་ཏུ་བྱ་བའི་ཡེ༷་ཤུ་དང་བ༷ར་ན་བའི་གཉེན་མ༷ར་ཀུས་ཀྱང་ཕྱག་བྱེད་དོ། །མ༷ར་ཀུའི་སྐོར་ཁྱེད་ཚོར་བསླབ་བྱ་བཏང་ཡོད། ཁོང་སླེབ་ན་ནང་ལ་བསུས་ཤིག"

11 ༡༡་ །ཡ༷་ཧུ་དཱ་པའི་ཁྲོད་ནས་འདི་གསུམ་འབའ་ཞིག་ཨེ་ལོ་ཧིམ་གྱི་རྒྱལ་སྲིད་ཀྱི་ཕྱིར་ངའི་ལས་རོགས་ཡིན་ཏེ། དེ་ཚོས་ངའི་སེམས་གསོའོ།"

12 ༡༢་ །ཁྱེད་ཚོའི་ཡིན་པའི་ཡེ་ཤུ་མ་ཤི་ཀའི་ཞབས་ཕྱི་ཨེ༷་པབ་ར་ཡིས། ཁྱེད་ཚོ་ཨེ་ལོ་ཧིམ་གྱི་ཐུགས་དགོངས་རྣམས་ལ་བློ་གདེང་དང་མཐར་ཕྱིན་པའི་ཕྱིར་རྟག་ཏུ་སྨོན་ལམ་འདེབས་པ་ལ་བརྩོན་ཞིང་ཁྱེད་ཚོ་ལ་ཕྱག་བྱེད་དོ།"

13 ༡༣་ །ཁོང་གིས་ཁྱེད་ཚོ་དང་ལ༷འོ་དི་ཀ་པ་དང་ཧི༷་ར་པོ་ལི་པ་རྣམས་ཀྱི་དོན་དུ་འབད་རྩོལ་ཆེན་པོ་བྱེད་པ་ལ་ངས་དཔང་པོ་བྱེད་དོ།"

14 ༡༤་ དེ༷་མ་དང་གཅེས་པའི་ཨམ་ཆི་ལུ༷་ཀས་ཕྱག་བྱེད་དོ།"

15 ༡༥་ །ལ༷འོ་དི་ཀ་རུ་ཡོད་པའི་སྤུན་རྣམས་དང་། ནི༷མ་ཕ་དང་དེའི་ཁྱིམ་དུ་འདུ་བའི་མ་ཤི་ཀ་པ་རྣམས་ལ་ཕྱག་འབུལ་ལོ་ཞུས་ཤིག"

16 ༡༦་ །ཡི་གེ་འདི་ཁྱེད་ཚོས་བཀླག་ནས། ལ༷འོ་དི་ཀའི་མ་ཤི་ཀ་པ་རྣམས་ལའང་ཀློག་ཏུ་ཆུག་ཅིག །ལ༷འོ་དི་ཀ་ནས་བསླེབ་འོང་བའི་ཡི་གེ་ཁྱེད་ཚོས་ཀྱང་ཀློག་ཅིག"

17 ༡༧་ །ཨ༷ར་ཁི་པུ་ལ། ཀྱུ་རི་བོའི་སྒོ་ནས་ཞབས་ཏོག་གི་ལས་བཏད་པ་དེ་སྒྲུབས་ཤིག་ཅེས་སྨྲོས་ཤིག"

18 ༡༨་ །ཕྱག་བྱེད་པ་འདི་ང་པ༷འུ་ལུ་རང་གི་ལག་པས་འབྲིའོ། །ངའི་ལྕགས་སྒྲོག་དྲན་པར་གྱིས་ཤིག །ཁྱེད་ཚོར་ཐུགས་རྗེ་འབབ་པར་ཤོག་ཅིག། །།"