1

1 ༡་ །ཨེ་ལོ་ཧིམ་གྱི་ཐུགས་དགོངས་བཞིན་དུ་མ་ཤི་ཀ་ཡེ་ཤུའི་ཨ༷་པོ་ཏོ་ལོ་ཡིན་པའི་པ༷འུ་ལུས། ཨེ༷་ཕེ་སུ་རུ་ཡོད་པའི་མ་ཤི་ཀ་པ་དམ་པ་རྣམས་དང་། མ་ཤི་ཀ་ཡེ་ཤུ་ལ་དད་པ་རྣམས་ཀྱི་དྲུང་དུ།"

2 ༢་ །ང་ཚོའི་ཡབ་ཨེ་ལོ་ཧིམ་དང་ཀྱུ་རི་བོ་ཡེ་ཤུ་མ་ཤི་ཀ་ནས་ཁྱེད་ལ་ཐུགས་རྗེ་དང་ཞི་བདེ་འབབ་པར་ཤོག་ཅིག"

3 ༣་ །ངེད་ཀྱུ་རི་བོ་ཡེ་ཤུ་མ་ཤི་ཀའི། །ཨེ་ལོ་ཧིམ་ཡབ་ལ་བསྟོད་བསྔགས་ཤོག །ནམ་མཁའི་ཐུགས་ཉིད་ཀྱིས་བརླབས་པའི། ང་ཚོར་མ་ཤི་ཀའི་ངང་ནས།"

4 ༤་ །ཨེ་ལོ་ཧིམ་དྲུང་དུ་ང་ཚོ་རྣམས། །དམ་པ་སྐྱོན་མེད་འགྱུར་བའི་ཕྱིར། །འཇིག་རྟེན་མ་བཀོད་སྔོན་རོལ་དུ། །མ་ཤི་ཀའི་ནང་ངེད་འདམས་སོ།"

5 ༥་ །ཐུགས་སུ་བྱོན་པ་ཁོང་རྒྱུད་ནས། །བླུ་རིན་མེད་པའི་གསོལ་རས་སུ། །གནང་བའི་ཐུགས་རྗེའི་དཔལ་བསྟོད་ཕྱིར། །ཉིད་ཀྱི་ཐུགས་ཀྱི་དགོངས་པ་བཞིན།"

6 ༦་ །ཡེ་ཤུ་མ་ཤི་ཀའི་ཐབས་ཀྱིས། །ཁོང་གི་སྲས་སུ་ངེད་འགྱུར་བར། །བརྩེ་བས་གདོད་ནས་ཐུགས་ཐག་བཅད།"

7 ༧་ །ཁོང་གི་ཡེ་ཤེས་དང་རྟོགས་པས། །ང་ཚོར་ལན་མང་གནང་བ་ཡི། །དཔག་ཏུ་མེད་པའི་ཐུགས་རྗེ་ཡི།"

8 ༨་ །ཡེ་ཤུའི་སྐུ་ཁྲག་གི་སྒོ་ནས། །ཁོང་རྒྱུད་ངེད་ལ་ཐར་པ་དང་། །ཉེས་སྐྱོན་རྣམས་ཀྱི་སྡིག་སེལ་ཐོབ།"

9 ༩་ །བསྐལ་པ་ཡོངས་སུ་རྫོགས་འགྱུར་ཏེ། །གནམ་དང་ས་ལ་གནས་པ་ཀུན། །མ་ཤི་ཀ་འོག་བསྡུ་བའི་གྲལ།"

10 ༡༠་ །ཉིད་ཀྱི་དགོངས་པའི་གསང་བ་དེ། །ངེད་ལ་མངོན་པར་མཛད་པ་ཡིན།"

11 ༡༡་ །ཐམས་ཅད་ཉིད་ཀྱི་བྱུས་བཞིན་དུ། །མཛད་པ་ཁོང་གི་དགོངས་པ་སྟར། །ང་ཚོ་མ་ཤི་ཀར་རེ་རྣམས།"

12 ༡༢་ །ཁོང་གི་དཔལ་ལ་བསྟོད་ཕྱིར་བསྐོས།"

13 ༡༣་ །ཐར་པའི་འཕྲིན་བཟང་བདེན་པའི་བཀའ། །ཐོས་ནས་དད་པ་ཁྱེད་རྣམས་ལའང་། །ཞལ་གྱིས་བཞེས་པའི་དམ་པའི་རུ་ཨག་གི། །ཕྱག་རྒྱ་བཏབ་པར་མཛད་པའོ།"

14 ༡༤་ །དེ་ནི་ཐར་པའི་ནོར་སྐལ་དེ། །ངེད་ལ་ཐོབ་རིང་གཏའ་མ་འོ། །ཨེ་ལོ་ཧིམ་དཔལ་ལ་བསྟོད་བསྔགས་སོ།།"

15 ༡༥་ །ཁྱེད་ཚོས་ཀྱུ་རི་བོ་ཡེ་ཤུ་ལ་དད་པ་དང་། མ་ཤི་ཀ་པ་ཐམས་ཅད་ལ་གཅེས་པར་ཐོས་པས། ངས་ཁྱེད་ཚོའི་ཕྱིར་རྒྱུན་ཆད་མེད་པར་ཐུགས་རྗེ་ཆེ་འབུལ་ཞིང་། སྨོན་ལམ་ནང་འདི་ལྟར་དྲན་ནོ།"

17 ༡༧་ །དཔལ་དང་ལྡན་པའི་ཡབ་ལགས་པ། ང་ཚོའི་ཀྱུ་རི་བོ་ཡེ་ཤུ་མ་ཤི་ཀའི་ཨེ་ལོ་ཧིམ་གྱིས།"

16 ༡༦་ ཁྱེད་ཚོར་ཁོང་ཉིད་རིག་པའི་ཕྱིར། ཤེས་རབ་དང་རྟོགས་པའི་སེམས་གནང་བར་ཤོག་ཅིག"

18 ༡༨་ །དེ་ནས་ཁྱེད་ཚོའི་སྙིང་གི་མིག་འོད་དང་ལྡན་ཞིང་། རེ་བ་གང་ལ་ཁྱེད་ཚོ་བོས་པ་དང་གཅིག །མ་ཤི་ཀ་པའི་ནང་དུ་ནོར་སྐལ་གྱི་དཔལ་འབྱོར་དང་གཉིས།"

19 ༡༩་ ང་ཚོ་དད་ལྡན་རྣམས་ཀྱི་ཕྱིར་ཁོང་གི་མཐུ་སྟོབས་དང་གསུམ་གྱི་ལོངས་སྤྱོད་དེ། ཇི་ལྟ་བུའི་དཔག་མེད་ཡིན་པ་ཤེས་པར་འགྱུར་རོ།"

20 ༢༠་ མཐུ་སྟོབས་ཀྱི་ནུས་པ་མ་ཤི་ཀའི་ངང་ནས་བསྟན་ཏེ། ཁོང་གཤིན་པོའི་ཁྲོད་ནས་སྐུ་གསོན་པོར་བསླངས་ནས། ནམ་མཁའི་ཞིང་ཁམས་ནང་། ཉིད་ཀྱི་ཕྱག་གཡས་སུ་བཞག་སྟེ།"

21 ༢༡་ ད་ལྟ་དང་མ་འོངས་པའི་དབང་དང་། སྲིད་དང་མངའ་ཐང་དང་། རྒྱལ་སྲིད་དང་། བརྗོད་པའི་མཚན་ང་ཐམས་ཅད་ལས་རབ་ཏུ་མཐོ་བ་ཁོང་ལ་གནང་ངོ་།"

22 ༢༢་ །ཐམས་ཅད་ཁོང་གི་ཞབས་འོག་ཏུ་བཅུག་སྟེ། ཁོང་ཐམས་ཅད་ཀྱི་དབུ་རུ་བསྐོས་ཏེ། མ་ཤི་ཀ་པ་རྣམས་ལ་གནང་ངོ་།"

23 ༢༣་ མ་ཤི་ཀ་པ་རྣམས་ནི་ཚང་མ་གང་བའི་གང་བ་ཉིད་ཀྱི་སྐུ་ལུས་ཡིན་ནོ།། །།"

2

1 ༡་ །ཉེས་སྐྱོན་དང་སྡིག་པའི་རྐྱེན་གྱིས་ཤི་བ་ཁྱེད་ཚོའང་ཁོང་གིས་གསོན་པོར་མཛད།"

2 ༢་ །སྔར་ཁྱེད་སྤྱོད་ལམ་དེ་ནང་འཇིག་རྟེན་གྱི་ལུགས་ལྟར་འགྲུལ་ནས། བཀའ་ལ་མི་ཉན་པའི་མི་བརྒྱུད་ན་ང་རྒྱུ་བའི་འབྱུང་པོའམ། བར་སྣང་གི་དབང་པོའི་རྗེས་སུ་འབྲངས་སོ།"

3 ༣་ །མི་བརྒྱུད་དེའི་ཁྲོད་དུ། སྔར་ང་ཚོ་ཐམས་ཅད་ཀྱང་། རང་གི་འདོད་ཆགས་ལ་ལོངས་སྤྱད་དེ། ལུས་དང་ཡིད་ཀྱི་འདོད་པའི་དབང་དུ་སོང་ནས།"

4 ༤་ གཞན་རྣམས་དང་འདྲ་བར་ཆད་པ་རང་བཞིན་གྱིས་ཕོག་འོས་པ་ཡིན་ནོ།"

5 ༥་ །འོན་ཀྱང་སྙིང་རྗེ་དཔག་ཏུ་མེད་པའི་ཨེ་ལོ་ཧིམ་གྱིས།"

6 ༦་ ང་ཚོ་ཉེས་པའི་རྐྱེན་གྱིས་ཤི་བ་རྣམས་ལ་ཁོང་གི་བྱམས་པ་ཆེན་པོའི་སྒོ་ནས་། མ་ཤི་ཀ་དང་མཉམ་དུ་གསོན་པོར་མཛད་དོ། །དོན་དམ་ཐུགས་རྗེའི་ཐབས་ཀྱིས་ཁྱེད་ཚོ་ཐར་རོ།"

7 ༧་ །མ་འོངས་པ་ན་མ་ཤི་ཀ་ཡེ་ཤུའི་སྒོ་ནས་ང་ཚོ་ལ་བཀའ་དྲིན་མཛད་པའི་བསམ་གྱིས་མི་ཁྱབ་པའི་ཐུགས་རྗེ་སྟོན་པའི་ཕྱིར། ཁོང་མཉམ་ང་ཚོའང་གསོན་པོར་བསླངས་ནས། ནམ་མཁའི་ཞིང་ཁམས་ནང་ཁོང་མཉམ་སྡོད་པར་གནང་ངོ་།"

8 ༨་ །དད་པའི་སྒོ་ནས་ཁྱེད་ཚོ་ཐུགས་རྗེ་ཡིས་ཐར་ཏེ། ཁྱེད་ཚོ་རང་ལས་མ་ཡིན་གྱི། ཨེ་ལོ་ཧིམ་གྱི་གནང་སྦྱིན་ནོ།"

9 ༩་ །སུས་ཀྱང་ངོམ་པ་མི་བྱེད་ཕྱིར་ལས་ཀྱི་སྒོ་ནས་ཀྱང་མིན་ནོ།"

10 ༡༠་ །ང་ཚོ་ནི་ཨེ་ལོ་ཧིམ་གྱི་ཕྱག་བཟོ་ཡིན་ཏེ། མ་ཤི་ཀ་ཡེ་ཤུའི་ངང་ན་ཨེ་ལོ་ཧིམ་གྱིས་སྔར་བཤམས་པའི་ལས་བཟང་པོ་བྱེད་པའི་ཕྱིར་བཀོད་པ་ཡིན་ནོ།།"

11 ༡༡་ །མིའི་ལག་པས་བཅད་པའི་རྐྱེན་གྱིས་ཡ༷་ཧུ་ཏཱ་པའི་རྟགས་དང་ལྡན་ཞེས་འབོད་པ་དེ་ཚོས། ལུས་ལ་བལྟས་ཏེ་ཡ༷་ཧུ་ཏཱ་མིན་པ་ཁྱེད་ཚོར་རྟགས་མེད་ཅེས་ཟེར་བ་ཡིད་ལ་བཟུང་ཞིག"

12 ༡༢་ དེའི་དུས་སུ་ཁྱེད་མ་ཤི་ཀ་དང་བྲལ་ཏེ། ཡི༷ས་ར་ཨེལ་གྱི་རྒྱལ་སྲིད་ལ་མི་གཏོགས་ཤིང་། ཞལ་ཆད་ལ་རྒྱུས་མེད་དང་། འཇིག་རྟེན་དུ་རེ་བ་མེད་པ་དང་། ཨེ་ལོ་ཧིམ་དང་བྲལ་བ་ཡིན་ནོ།"

13 ༡༣་ །སྔར་ཐག་རིང་དུ་ཡོད་པ་ཁྱེད་ཚོ་ད་ལྟ་མ་ཤི་ཀ་ཡེ་ཤུའི་ངང་ན། མ་ཤི་ཀའི་སྐུ་ཁྲག་གི་སྒོ་ནས་ཁྱེད་ཚོ་ཐག་ཉེ་བར་གྱུར་ཏོ།"

14 ༡༤་ ཁོང་ང་ཚོའི་སྡུམ་མཛད་མཁན་ཡིན་ཏེ་། སྡང་སེམས་ཀྱི་བར་བཅད་བཤིག་ནས་གཉིས་པོ་གཅིག་ཏུ་མཛད་དོ།"

15 ༡༥་ །དེ་ལྟར་སྡུམ་སྟེ། ཉིད་ཀྱི་ངང་ན་དེ་གཉིས་གསར་པ་གཅིག་ཏུ་མཛད་པའི་ཕྱིར། ལུང་གི་བཀའ་ཁྲིམས་རྣམས་ཉིད་ཀྱི་སྐུ་ལུས་ཀྱི་སྒོ་ནས་མེད་པར་མཛད་དོ།"

16 ༡༦་ །རྒྱང་ཤིང་གི་ཐབས་ཀྱིས་སྡང་སེམས་བསད་ནས། གཉིས་པོ་སྐུ་ལུས་གཅིག་ནང་ཨེ་ལོ་ཧིམ་དང་སྡུམ་པར་མཛད་དོ།"

17 ༡༧་ ཁོང་འདིར་ཕེབས་ནས་ཁྱེད་ཚོ་ཐག་རིང་པོ་ཡོད་པ་དང་ཐག་ཉེ་བར་ཡོད་པ་ལ་ཞི་བདེའི་འཕྲིན་བཟང་བསྒྲགས་སོ།"

18 ༡༨་ ཁོང་རྒྱུད་ནས་ང་ཚོ་གཉིས་པོ་རུ་ཨག་གཅིག་གི་ནང་ཡབ་ཀྱི་དྲུང་དུ་སླེབ་བོ།"

19 ༡༩་ ཕྱིན་ཆད་ཁྱེད་ཚོ་ཡུལ་གཅིག་པ་མ་ཡིན་པའམ་འགྲུལ་པ་མ་ཡིན་གྱི། མ་ཤི་ཀ་པ་རྣམས་དང་ཡུལ་གཅིག་པ་དང་། ཨེ་ལོ་ཧིམ་གྱི་ནང་མིར་གཏོགས་པའོ།"

20 ༢༠་ །ཟུར་རྡོ་ཡེ་ཤུ་མ་ཤི་ཀ་ཡིན་ཅིང་། རྩིག་རྨང་ཨ༷་པོ་ཏོ་ལོ་དང་ཕ༷་རོ་པེ་ཏེ་པ་རྣམས་ཀྱི་སྟེང་དུ་ཁྱེད་ཚོ་བརྩིགས་སོ།"

21 ༢༡་ །ཁོང་ལ་རྟེན་ཏེ་རྩིག་པའི་བཀོད་པ་གཅིག་ཏུ་འཛོམ་ནས། སྨོན་ལམ་ཁང་དམ་པ་ཞིག་བཞེང་ངོ་།"

22 ༢༢་ །རུ་ཨག་གི་རྣམ་པར་བཞུགས་པའི་གནས་སུ། ཁྱེད་ཚོའང་ཁོང་ལ་རྟེན་ཏེ་བརྩིགས་པ་ཡིན་ནོ།། །།"

3

1 ༡་ །ཁྱེད་ཨེ་ལོ་ཧིམ་ངོ་མ་ཤེས་པ་རྣམས་ཀྱི་དོན་དུ་མ་ཤི་ཀ་ཡེ་ཤུའི་བཙོན་པ་ཡིན་པའི་པ༷འུ་ལུ་ང་།"

2 ༢་ ཁྱེད་ཚོའི་དོན་དུ་ང་ལ་ཨེ་ལོ་ཧིམ་ཀྱི་ཐུགས་རྗེའི་གཉེར་པའི་ལས་འགན་གནང་བའི།"

3 ༣་ །གསང་བ་དེ་ང་ལ་ཇི་ལྟར་མངོན་དུ་གྱུར་བའི་སྒོ་ནས་རྟོགས་པར་མཛད་པ་ཐོས་ཡོད་ན། ངས་མདོར་བསྡུས་བྲིས་པ་ལྟར།"

4 ༤་ །ཁྱེད་ཚོས་དེ་ཀློག་ཚེ་ངས་མ་ཤི་ཀའི་གསང་བའི་གཏིང་རྟོགས་པ་མཐོང་ཐུབ་བོ།"

5 ༥་ །དེ་སྔོན་གྱི་མི་རབས་ལ་མངོན་པ་མ་མཛད་པར། ད་ལྟ་དམ་པའི་རུ་ཨག་ཉིད་ཀྱིས་ཨ༷་པོ་ཏོ་ལོ་པ་དམ་པ་དང་ཕ༷་རོ་པེ་ཏེ་པ་རྣམས་ལ་མངོན་པར་མཛད།"

6 ༦་ དེ་ནི་འཕྲིན་བཟང་གི་སྒོ་ནས་ལྷ་ཆོས་པ་རྣམས་མ་ཤི་ཀ་ཡེ་ཤུའི་ངང་ན་ཞལ་བཞེས་ལ་མཉམ་དུ་སྤྱོད་མཁན་དང་། ལུས་གཅིག་གི་ཡན་ལག་དང་། ཐོབ་ཐང་མཉམ་པ་ཡིན་པ་དེའོ།"

7 ༧་ །ཨེ་ལོ་ཧིམ་གྱི་དབང་གིས། ང་ལ་གནང་བའི་ཁོང་གི་ཐུགས་རྗེ་དང་བསྟུན་ཏེ་ང་འཕྲིན་བཟང་འདིའི་ཞབས་ཏོག་པར་གྱུར་པ་ཡིན།"

8 ༨་ མ་ཤི་ཀ་པ་ཐམས་ཅད་ལས་ཆུང་ཤོས་ཡིན་པ་ང་ལ། མ་ཤི་ཀའི་བསམ་གྱིས་མི་ཁྱབ་པའི་དཔལ་འབྱོར་ཨེ་ལོ་ཧིམ་ངོ་མ་ཤེས་པ་ལ་འཆད་པ་དང་།"

9 ༩་ ཅི་ཡོད་ཚད་བཀོད་པའི་ཨེ་ལོ་ཧིམ་གྱི་ནང་ན་གདོད་མ་ནས་སྦས་ཡོད་པའི་གསང་བའི་གྲལ་རིམ་མི་ཐམས་ཅད་ལ་སྣང་བར་བྱེད་པའི་ཐུགས་རྗེ་ང་ལ་གནང་བྱུང་།"

10 ༡༠་ དེ་ནི་ཨེ་ལོ་ཧིམ་གྱི་ཡེ་ཤེས་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་ནམ་མཁའི་ཞིང་ཁམས་ན་ཡོད་པའི་དབང་དང་སྲིད་རྣམས་ལ་སྟོན་པའི་ཕྱིར་རོ།"

11 ༡༡་ །གང་ལ་དད་པའི་སྒོ་ནས་ཡབ་ཀྱི་ཞལ་ངོར་སླེབ་པའི་སྦོབས་པ་དང་བློ་གདེང་ཡོད་པའི།"

12 ༡༢་ ང་ཚོའི་ཀྱུ་རི་བོ་ཡེ་ཤུ་མ་ཤི་ཀའི་ནང་དུ་གྲུབ་པ་ནི་ཨེ་ལོ་ཧིམ་གྱི་ཐོག་མ་མེད་པའི་དགོངས་པ་བཞིན་དུའོ།"

13 ༡༣་ །ངས་ཁྱེད་ཚོའི་དོན་དུ་མྱོང་བའི་སྡུག་བསྔལ་དེ་ཁྱེད་ཚོའི་ངོམ་རྒྱུ་དེ་ཡིན་པས། སེམས་འཕམ་མ་བྱེད་ཅིག་ཅེས་ཞུའོ།།"

14 ༡༤་ །གང་ལས་གནམ་ས་གཉིས་ནང་ཡོད་པའི་ནང་ཚང་རེ་རེ་ལ་མིང་ཐོགས་པའི་ཡབ་ཀྱི་དྲུང་དུ།"

15 ༡༥་ པུས་མོ་ས་ལ་བཙུགས་ཏེ།"

16 ༡༦་ །འདི་སྐད་སྨོན་ལམ་འདེབས་སོ། ཁོང་གི་དཔལ་འབྱོར་དང་བསྟུན་ཏེ། དམ་པའི་རུ་ཨག་གིས་ཁྱེད་ཚོའི་སེམས་ཀྱི་སྟོབས་རྒྱས་ཤིང་།"

17 ༡༧་ དད་པའི་སྒོ་ནས་མ་ཤི་ཀ་ཁྱེད་ཀྱི་ནང་དུ་བཞུགས་པར་ཤོག་ཅིག"

18 ༡༨་ །མ་ཤི་ཀ་པ་ཐམས་ཅད་དང་མཉམ་དུ། བྱམས་པའི་ནང་ན་རྩ་བ་རྒྱས་ཤིང་བརྟན་པོར་འགྱུར་ཏེ། དེའི་ཞེང་ཁྱད་དང་། རིང་ཁྱད་དང་། མཐོ་ཁྱད་དང་། ཟབ་ཁྱད་རྣམས་རྟོགས་པའི་སྟོབས་དང་ལྡན་ཅིག"

19 ༡༩་ ཨེ་ལོ་ཧིམ་གྱི་གང་བ་ཉིད་ཀྱིས་ཁྱེད་ཚོ་གང་བའི་ཕྱིར། རྟོགས་པ་ལས་འདས་པའི་མ་ཤི་ཀའི་བྱམས་པ་རྟོགས་པར་གྱུར་ཅིག"

20 ༢༠་ ང་ཚོའི་ནང་ཕྲིན་ལས་མཛད་པའི་མཐུ་སྟོབས་ཀྱིས་ཞུ་བ་དང་བསམ་པ་ཐམས་ཅད་ལས་ལྷག་པར་མཛད་ཐུབ་པ་ཁོང་ལ།"

21 ༢༡་ རྒྱུན་ནས་རྒྱུན་དུ་མི་རབས་ནས་མི་རབས་སུ་མ་ཤི་ཀ་པ་རྣམས་དང་མ་ཤི་ཀ་ཡེ་ཤུའི་སྒོ་ནས་བསྟོད་བསྔགས་པར་ཤོག་ཅིག །ཨ་མེན།། །།"

4

1 ༡་ །དོན་གང་ལ་བོས་པར་མཛད་པ་དང་འོས་པར་སྤྱོད་ཅིག །ཅེས་ཀྱུ་རི་བོའི་བཙོན་པ་ཡིན་པ་ངས་ཞུ་བ་འབུལ་ལོ།"

2 ༢་ །སྙེམས་ཆུང་དང་། དུལ་བ་དང་། ཐེག་པ་དང་། བྱམས་པས་གཅིག་གིས་གཅིག་ལ་བཟོད་པ་བྱེད་ཅིང་།"

3 ༣་ །དམ་པའི་རུ་ཨག་ལས་བྱུང་བའི་མཐུན་པ་དེ་སྡུམ་པའི་འཆིང་བས་ཡུན་རིང་དུ་གནས་པ་ལ་བརྩོན་ཞིག"

4 ༤་ ཁྱེད་བོས་པར་མཛད་པའི་དོན། རེ་བ་གཅིག་ཡིན་པ་ལྟར་སྐུ་ལུས་གཅིག །དམ་པའི་རུ་ཨག་གཅིག"

5 ༥་ ཀྱུ་རི་བོ་གཅིག །དད་པ་གཅིག བ༷བ་ཐི་སོ་གཅིག"

6 ༦་ ཐམས་ཅད་ཀྱི་སྟེང་དང་། ཐམས་ཅད་ཀྱི་བར་དང་། ཐམས་ཅད་ཀྱི་ནང་ན་བཞུགས་པའི་ཐམས་ཅད་ཀྱི་ཨེ་ལོ་ཧིམ་དང་ཡབ་གཅིག་ལགས་སོ།"

7 ༧་ །ང་ཚོ་རེ་རེ་ལ་མ་ཤི་ཀའི་གནང་སྦྱིན་དང་དཔག་ནས་ཐུགས་རྗེ་གནང་བ་ཡིན།"

8 ༨་ འདི་སྐད་དུ། །སྟེང་དུ་ཡར་འདེགས་དུས་བཙོན་པའི་ཚོགས་འཁྲིད་ནས། ཁོང་གིས་མི་ལ་གནང་སྦྱིན་སྣ་ཚོགས་གནང་། ཞེས་ཏེ།"

9 ༩་ ཁོང་ཡར་འདེགས་སོ་ཞེ་ན། འོག་ཏུ་དམའ་མོའི་ས་ལའང་བབས་པའི་དོན་ཡང་ཡིན་ཏེ།"

10 ༡༠་ འོག་ཏུ་བབས་པ་ཁོང་ནི། ཐམས་ཅད་བཀང་བའི་དོན་དུ། ནམ་མཁའ་ལས་ཀྱང་ཡར་འདེགས་པ་ཉིད་ལགས་སོ།"

11 ༡༡་ གནང་ཞེས་ན། ཁོང་གིས་ལ་ལར་ཨ༷་པོ་ཏོ་ལོ་པ། ལ་ལར་ཕ༷་རོ་པེ་ཏེ་པ། ལ་ལར་འཕྲིན་བཟང་འཆད་པ། ལ་ལར་རྫི་བོའམ་སློབ་དཔོན་གྱི་གནང་སྣིན་གནང་བ་ཡིན་ཏེ།"

12 ༡༢་ མ་ཤི་ཀའི་སྐུ་ཚད་དང་ལོངས་པར་ང་ཚོ་ནར་སོན་པའི་བར་དུ། ང་ཚོ་ཐམས་ཅད་ཀྱིས་ཨེ་ལོ་ཧིམ་གྱི་སྲས་ངོ་རྟོགས་ནས་དད་པའི་ནང་གཅིག་ཏུ་འགྱུར་ཞིང་།"

13 ༡༣་ མ་ཤི་ཀ་པ་རྣམས་ཕུན་སུམ་ཚོགས་པར་ཞབས་ཏོག་བྱེད་ཅིང། མ་ཤི་ཀའི་སྐུ་ལུས་ཡར་བཞེང་བར་འགྱུར་རོ།"

14 ༡༤་ །དེ་ལྟར་ཕྱིན་ཆད་ང་ཚོ་གཡོ་ཁྲམ་དང་ཟོལ་ཟོག་གིས་ལོག་ལྟ་སྐྱེད་པའི་ལྟ་བ་སྣ་ཚོགས་ཀྱི་རླུང་གིས་སྐྱོད་པའི་བྱིས་པར་མ་འགྱུར་བར།"

15 ༡༥་ བྱམས་སེམས་ཀྱིས་བདེན་པ་སྨྲ་ཞིང་མ་ཤི་ཀའི་ནང་དུ་ཅིས་ནས་སྐྱེད་ལ་འོང་བར་དགོས།"

16 ༡༦་ མ་ཤི་ཀ་ནི་དབུ་ལགས་ཏེ། ལུས་ཧྲིལ་པོ་ནི། དེའི་ཚིགས་རྣམས་ཀྱིས་བསྒྲིགས་ནས་འབྲེལ་ཏེ། ཡན་ལག་རེ་ལ་ཡོད་པའི་ནུས་ཚད་བཞིན་དུ་བྱམས་པའི་སྒོ་ནས་ལུས་བཞེང་ཞིང་ཡར་སྐྱེད་དོ།།"

17 ༡༧་ །ངས་མ་ཤི་ཀ་པ་བཞིན་དཔང་པོ་བྱེད་ཅིང་འདི་ལྟར་ཞུའོ། །ཇི་ལྟར་ཨེ་ལོ་ཧིམ་གྱི་ངོ་མ་ཤེས་པ་རྣམས་སྙིང་པོ་མེད་པའི་བསམ་པ་ལ་སྤྱོད་ཅིང་།"

18 ༡༨་ གཏི་མུག་གིས་བློ་གྲོས་མུན་པར་གྱུར་ཏེ། སྙིང་གྱོང་པའི་རྐྱེན་གྱིས་ཨེ་ལོ་ཧིམ་གྱིས་གནང་བའི་ཚེ་དང་བྲལ་ཞིང་།"

19 ༡༩་ དྲེད་པོར་གྱུར་ནས་མི་གཙང་བ་ཐམས་ཅད་ལ་སྲེད་པ་དང་འདོད་ལོག་ལ་སྤྱོད་པ། དེ་ལྟར་ཁྱེད་ཚོས་མ་སྤྱོད་ཅིག"

20 ༢༠་ །མ་ཤི་ཀ་ནས་དེ་ལྟར་བསློབ་པ་མིན།"

21 ༢༡་ །ཡེ་ཤུའི་ནང་བདེན་པ་ཡོད་དེ་། ཁྱེད་ཚོས་དེ་བཞིན་དུ་ཐོས་ཤིང་བསླབས་པར་ངས་བསམ་མོ།"

22 ༢༢་ །སླུ་བའི་འདོད་ཆགས་ཀྱིས་རུལ་བའི་སྔོན་གྱི་སྤྱོད་ལམ་གྱི་གཤིས་རྙིང་པའི་གོས་དེ་ཕུད་ཅིག"

23 ༢༣་ །དམ་པའི་རུ་ཨག་གིས་ཡིད་གསར་པར་གྱུར་ཅིག"

24 ༢༤་ །ཡང་དག་པའི་དྲང་བ་དང་དམ་པ་ལ་བལྟ་སྟེ། ཨེ་ལོ་ཧིམ་དང་མཚུངས་པའི་གཤིས་གསར་པའི་གོས་དེ་གྱོན་ཞིག།"

25 ༢༥་ །ང་ཚོ་ཕན་ཚུན་ཡན་ལག་ཡིན་པས། རྫུན་སྤང་ཏེ། རེ་རེས་ཁྱིམ་མཚེས་ལ་དྲང་པོ་སྨྲོས་ཤིག"

26 ༢༦་ །ཁྲོ་རུང་སྡིག་པ་མ་བྱེད་ཅིག །ཉི་མ་ནུབ་པའི་བར་དུ་ཁྲོ་བ་ཞི་ཞིག"

27 ༢༧་ །ས༷་ཏན་ལ་སྐབས་མ་ཐོངས་ཤིག"

28 ༢༨་ །རྐུན་མས་ཕྱིན་ཆད་མི་རྐུ་ཞིང་། དབུལ་པོ་ལའང་སྦྱིན་ནུས་པའི་ཕྱིར། ལས་དྲང་པོ་བྱེད་ཅིང་རང་གི་ལག་པས་འབད་པར་གྱིས་ཤིག"

29 ༢༩་ །ཚིག་ངན་པ་ཁྱེད་ཀྱི་ཁ་ནས་འཐོན་མི་འཇུག་པར། ཉན་མཁན་ལ་ཕན་འདོགས་པའི་ཕྱིར། གོ་སྐབས་བཞིན་དུ་ཡར་སྐྱེད་ལ་ཕན་པའི་གཏམ་སྨྲོས་ཤིག"

30 ༣༠་ །སྒྲོལ་བའི་ཉིན་མོའི་ཕྱིར་ཁྱེད་ཨེ་ལོ་ཧིམ་གྱི་དམ་པའི་རུ་ཨག་ཀྱི་ཕྱག་རྒྱས་བཏབ་ཡོད་པས། དམ་པའི་རུ་ཨག་སྐྱོ་བར་མ་བྱེད་ཅིག"

31 ༣༡་ །འཁོན་དང་། གཏུམ་པ་དང་། ཁྲོ་བ་དང་། ཀུ་སྒྲ་དང་། གཏམ་ངན་ཀུན་དང་། བྱ་བ་ངན་པ་ཐམས་ཅད་བཅས་སྤོངས་ཤིག"

32 ༣༢་ །གཅིག་གིས་གཅིག་ལ་ཕན་སེམས་གྱིས་ཤིག །ཨེ་ལོ་ཧིམ་གྱིས་མ་ཤི་ཀའི་སྒོ་ནས་ཁྱེད་ཚོའི་སྡིག་པ་བསལ་བ་ལྟར། ཁྱེད་ཚོས་ཀྱང་ཕན་ཚུན་བྱམས་ཤིང་བཟོད་པར་གྱིས་ཤིག། །།"

5

1 ༡་ ཨེ་ལོ་ཧིམ་གྱི་གཅེས་ཕྲུག་ལྟར་ཨེ་ལོ་ཧིམ་དཔེ་རུ་ལོང་ཞིག"

2 ༢་ །ཇི་ལྟར་མ་ཤི་ཀས་ང་ཚོར་བྱམས་པ་མཛད་དེ། ང་ཚོའི་དོན་དུ་རང་ཉིད་ཨེ་ལོ་ཧིམ་ལ་དྲི་ཞིམ་གྱི་མཆོད་པ་དང་འབུལ་བ་ཕུལ་བ་ལྟར། བྱམས་པའི་སྤྱོད་པ་ལ་འཇུག་ཅིག"

3 ༣་ །མ་ཤི་ཀ་པས་སྤྱོད་འོས་པ་ལྟར་སྤྱོད་ཅིང་། ཁྱེད་ཚོའི་ཁྲོད་ན་འདོད་ལོག་དང་། མི་གཙང་བའམ་བརྣབ་སེམས་ཐམས་ཅད་མིང་ཙམ་ཡང་མེད་པར་བྱེད་དགོས།"

4 ༤་ འཆལ་གཏམ་མམ། ངག་ཀྱལ་ལམ། ངོ་ཚ་མེད་པའི་གཏམ་མི་བྱེད་པར། དེའི་ཚབ་ཏུ་ཨེ་ལོ་ཧིམ་ལ་བསྟོད་བསྔགས་འབུལ་ཞིག"

5 ༥་ །གཡེམ་པོ་དང་། ཚུལ་མེད་དང་། ནོར་ལྷ་བསྟེན་པའི་འདོད་སྲེད་ཅན་ལ། མ་ཤི་ཀ་དང་ཨེ་ལོ་ཧིམ་གྱི་རྒྱལ་སྲིད་ཀྱི་སྐལ་བ་མེད་པ་ཁྱེད་ཚོས་ལེགས་པར་ཤེས་ཤིག"

6 ༦་ །བཀའ་ལ་མི་ཉན་པ་རྣམས་ལ་དེ་རྣམས་ཀྱི་རྐྱེན་གྱེན་ཨེ་ལོ་ཧིམ་གྱི་ཐུགས་ཁྲོ་འཕོག་པས། སུས་ཀྱང་སྙིང་པོ་མེད་པའི་གཏམ་གྱིས་ཁྱེད་སླུ་རུ་མ་འཇུག་ཅིག"

7 ༧་ །དེ་བས་ན་དེ་རྣམས་དང་མ་འགྲོགས་ཤིག"

8 ༨་ །སྔར་ཁྱེད་མུན་པ་ཡིན་ཀྱང་། ད་ཀྱུ་རི་བོའི་རྐྱེན་གྱིས་འོད་ཡིན་པས། འོད་ཀྱི་བུ་ལྟར་སྤྱོད་ཅིག"

9 ༩་ །བཟང་པོ་དང་དྲང་པོ་དང་བདེན་པ་ཡིན་པ་ཐམས་ཅད་ཀྱི་ནང་ན། འོད་ཀྱི་འབྲས་བུ་རྙེད་དོ།"

10 ༡༠་ །ཀྱུ་རི་བོ་ཅི་ལ་དགྱེས་པ་འཚོལ་ཞིག"

11 ༡༡་ །ཕན་མེད་ཀྱི་མུན་པའི་བྱ་བའི་ནང་མ་འདྲེ་བར། དེ་རྣམས་རྗེན་པར་དངོས་སུ་སྟོན་ཞིག"

12 ༡༢་ །དེ་ཚོས་གསང་སྟེ་བྱེད་པའི་བྱ་བ་རྣམས་ནི་བརྗོད་པ་ལའང་ངོ་ཚའོ།"

13 ༡༣་ །མཐོང་ཐུབ་པ་རྣམས་འོད་ཡིན་པས། འོད་ཀྱིས་རྗེན་པར་དངོས་སུ་སྟོན་པ་ཐམས་ཅད་མཐོང་ཐུབ་བོ།"

14 ༡༤་ །དེའི་ཕྱིར་འདི་སྐད་དོ།། །གཉིད་ལོག་མཁན་ཁྱེད་རྣམས་གཉིད་སོད་ཅིག །ཤི་མཁན་གྱི་ཁྲོད་ལས་ལོངས་ཤིག་དང་། །མ་ཤི་ཀ་ཁྱེད་ཐོག་ཤར་བར་འགྱུར། ཞེས་ཟེར་རོ།"

15 ༡༥་ །དེ་བས་ན་ཇི་ལྟར་སྤྱོད་པ་ལ་ཞིབ་པར་ལྟོས་ཤིག །བླུན་པོ་ལྟར་མི་སྤྱོད་པར་མཁས་པ་ལྟར་སྤྱོད་ཅིག"

16 ༡༦་ །དུས་འདི་ངན་པ་ཡིན་པས། དུས་སྐབས་ཀྱི་ཁེ་བཟང་ལེན་ཞིག"

17 ༡༧་ །དེའི་ཕྱིར་བླུན་པོར་མི་འགྱུར་བར། ཀྱུ་རི་བོའི་ཐུགས་དགོངས་ཅི་ཡིན་པ་གོ་ཞིག"

18 ༡༨་ །སྤྱོད་པ་ངན་པའི་རྒྱུ་ཡིན་པའི་ཆང་གིས་བཟི་བར་མ་འགྱུར་བར་དམ་པའི་རུ་ཨག་གིས་བཟི་བར་གྱུར་ཅིག"

19 ༡༩་ །གསུང་བགུར་དང་། མགུར་མ་དང་། བསྟོད་དབྱངས་ལེན་ཞིང་། ཕན་ཚུན་འབེལ་གཏམ་བྱོས་ཤིག །སྙིང་ཐག་པ་ནས་ཀྱུ་རི་བོ་ལ་དབྱངས་དང་རོལ་མོ་ཕུལ་ཞིག"

20 ༢༠་ །ང་ཚའི་ཀྱུ་རི་བོ་ཡེ་ཤུ་མ་ཤི་ཀའི་མཚན་བརྗོད་ཅིང་རྒྱུན་དུ་ཐམས་ཅད་ཀྱི་ཕྱིར། ཡབ་ཨེ་ལོ་ཧིམ་ལ་བསྟོད་བསྔགས་ཕུལ་ཞིག"

21 ༢༡་ །མ་ཤི་ཀ་ལ་གུས་ཤིང་གཅིག་གིས་གཅིག་ལ་འབངས་བྱོས་ཤིག"

22 ༢༢་ །ཆུང་མ་རྣམས། ཀྱུ་རི་བོའི་འབངས་བྱེད་པ་ལྟར་ཁྱོའི་འབངས་བྱོས་ཤིག"

23 ༢༣་ །མ་ཤི་ཀ་ནི་ཉིད་ཀྱི་སྐུ་ལུས་ཡིན་པའི་མ་ཤི་ཀ་པ་རྣམས་ཀྱི་དབུ་དང་སྐྱབས་མགོན་ཡིན་པ་ལྟར། ཁྱོ་ནི་ཆུང་མའི་མགོ་ཡིན་པས།"

24 ༢༤་ མ་ཤི་ཀ་པ་རྣམས་ནི་མ་ཤི་ཀའི་འབངས་ཡིན་པ་ལྟར། ཆུང་མའང་དུས་ཀུན་དུ་ཁྱོའི་འབངས་བྱེད་པར་རིགས་སོ།"

25 ༢༥་ ཁྱོ་བོ་རྣམས། མ་ཤི་ཀས་མ་ཤི་ཀ་པ་རྣམས་ཀྱི་དོན་དུ་ཉིད་ཀྱི་སྐུ་སྲོག་གནང་བ་ཙམ་གྱིས་བྱམས་པ་མཛད་པ་ལྟར། ཆུང་མ་ལ་བྱམས་པ་བྱོས་ཤིག"

26 ༢༦་ །མ་ཤི་ཀ་པ་རྣམས་དེ་རྨེ་བ་དང་གཉེར་མ་ལ་སོགས་པ་མེད་པར། དམ་པ་དང་སྐྱོན་མེད་ཅིང་ཟིལ་དང་བཅས་སུ་བཞེས་པའི་ཕྱིར།"

27 ༢༧་ མ་ཤི་ཀའི་བཀའ་དང་ཆུའི་བ༷བ་ཐི་སོ་ཡིས་མ་ཤི་ཀ་པ་རྣམས་གཙང་བར་མཛད་དོ།"

28 ༢༨་ །དེ་བཞིན་དུ་ཁྱོ་བོས་ཆུང་མ་ལ་རང་གི་ལུས་ཡིན་པ་ལྟར་བྱམས་པ་ཡིན།"

29 ༢༩་ །མ་ཤི་ཀས་ཉིད་ཀྱི་སྐུའི་ཡན་ལག་ཡིན་པའི་མ་ཤི་ཀ་པ་རྣམས་གསོ་བ་ལྟར།"

30 ༣༠་སུས་ཀྱང་རང་གི་ལུས་ལ་ནམ་ཡང་མ་སྡང་བར་ཟས་སྟེར་ཞིང་གསོའོ།"

31 ༣༡་ །སྐྱེས་པས་ཕ་མ་སྤངས་ནས། ཆུང་མ་དང་འགྲོགས་ཤིང་དེ་གཉིས་གཅིག་ཏུ་འགྱུར་འོང་།"

32 ༣༢་ མ་ཤི་ཀ་དང་མ་ཤི་ཀ་པ་རྣམས་ལ་དམིགས་ནས་འདི་ནི་གསང་བ་ཆེན་པོའོ།"

33 ༣༣་ །ཅི་ཡིན་ཀྱང་ཁྱེད་རེ་རེས་ཆུང་མ་ལ་རང་་ལྟར་བྱམས་ཤིག །ཆུང་མས་ཀྱང་ཁྱོ་ལ་གུས་པར་གྱིས་ཤིག །།"