1

1 ༡་ །།ཨེ་ལོ་ཧིམ་གྱི་ཐུགས་དགོངས་ཀྱིས་ཡེ་ཤུ་མ་ཤི་ཀའི་ཨ༷་པོ་ཏོ་ལོ་པས་ཡིན་པ་པ༷འུ་ལུ་དང་སྤུན་ཏི༷་མོ་ཐེའུས། ཀོ༷་རིན་ཐུ་རུ་ཡོད་པའི་ཨེ་ལོ་ཧིམ་གྱི་མ་ཤི་ཀ་པ་རྣམས་དང་། ཨ༷་ཁ་ཡ་རུ་ཡོད་པའི་མ་ཤི་ཀ་པ་ཐམས་ཅད་ཀྱི་དྲུང་དུ།"

2 ༢་ ང་ཚོའི་ཡབ་ཨེ་ལོ་ཧིམ་དང་ཀྱུ་རི་བ་ཡེ་ཤུ་མ་ཤི་ཀ་ནས་ཁྱེད་ཚོ་ལ་ཐུགས་རྗེ་དང་ཞི་བདེ་འབབ་པར་ཤོག་ཅིག།"

3 ༣་ །ང་ཚོའི་ཀྱུ་རི་བོ་ཡེ་ཤུ་མ་ཤི་ཀའི་ཡབ་ལགས་པའི་ཨེ་ལོ་ཧིམ་ཐུགས་རྗེ་ཅན་གྱི་ཡབ་དང་ང་ཚོ་སྡུག་བསྔལ་བའི་ཚེ་སེམས་གསོ་གནང་བའི་ཨེ་ལོ་ཧིམ་ལ་བསྟོད་པ་འབུལ་ལོ།"

4 ༤་ །ཨེ་ལོ་ཧིམ་གྱིས་ང་ཚོ་ལ་གནང་བའི་སེམས་གསོ་དེས། སྡུག་བསྔལ་བ་རྣམས་ཀྱི་སེམས་གསོ་ནུས་པའི་ཕྱིར། ང་ཚོའི་སྡུག་བསྔལ་ཚང་མར་སེམས་གསོ་གནང་ངོ་།"

5 ༥་ །མ་ཤི་ཀའི་སྡུག་བསྔལ་ང་ཚོས་ཇི་ཙམ་མྱོང་བ། དེ་ཙམ་མ་ཤི་ཀ་ནས་སེམས་གསོའང་མྱོང་ངོ་།"

6 ༦་ །ང་ཚོ་སྡུག་བསྔལ་ན། ཁྱེད་ཚོའི་སེམས་གསོ་དང་ཐར་པའི་དོན་དུ་ཡིན། སེམས་བདེ་ན། དེའང་ཁྱེད་ཚོའི་སེམས་བདེ་བའི་དོན་དུ་ཡིན། གང་གིས་ང་ཚོས་ཐེག་པ་ལྟར་ཁྱེད་ཚོས་ཀྱང་བཟོད་པས་སྡུག་བསྔལ་ཐེག་ཐུབ་བོ།"

7 ༧་ །ཁྱེད་ཚོ་ང་ཚོ་དང་སྐྱིད་སྡུག་གཅིག་པ་ཡིན་པས། ཁྱེད་ཚོའི་ཕྱིར་ང་ཚོའི་རེ་བ་མི་གཡོའོ།"

8 ༨་ །ང་ཚོ་ལ་ཨ༷་སི་ཨཱ་རུ་བྱུང་བའི་སྡུག་བསྔལ་ཁྱེད་སྤུན་རྣམས་ཀྱིས་ཤེས་པར་ང་ཚོས་འདོད་དེ། ང་ཚོ་ཤིན་ཏུ་བཟོད་གླག་མེད་པར་མནན་ནས། གསོན་པོར་ལུས་པའི་རེ་བ་ཟད་དེ།"

9 ༩་ འཆི་བར་ངེས་བསམས་སོ། །འོན་ཀྱང་དེ་ནི་རང་ལ་བློ་མི་གཏོད་པར་གཤིན་པོ་གསོན་པོར་སློང་བའི་ཨེ་ལོ་ཧིམ་ལ་བློ་གཏད་ཕྱིར་ཡིན་པར་འདུག་གོ"

10 ༡༠་ །ཁོང་གིས་ང་ཚོ་དེ་ལྟ་བུའི་འཆི་བའི་ཉེན་ཁ་ལས་སྐྱབས་ནས། ད་ལྟའང་སྐྱོབ་ཅིང་། སླར་ཡང་བསྐྱབ་པར་མཛད་པ་ལ་རེ་བ་བྱེད་དོ།"

11 ༡༡་ །སྨོན་ལམ་མང་པོའི་སྒོ་ནས་ང་ཚོ་ལ་བྱུང་བའི་བྱིན་བརླབས་ཀྱི་ཆེད་དུ། མང་པོས་བསྟོད་བསྔགས་འབུལ་བའི་ཕྱིར། ཁྱེད་ཚོས་ཀྱང་སྨོན་ལམ་གྱི་སྒོ་ནས་ང་ཚོ་ལ་རོགས་བྱེད་དགོས་སོ།"

12 ༡༢་ །ང་ཚོས་འཇིག་རྟེན་པ་དང་ལྷག་པར་དུ་ཁྱེད་ཀྱི་དཀྱིལ་དུ་འཇིག་རྟེན་གྱི་ཤེས་རབ་ཀྱི་སྒོ་ནས་མ་ཡིན་པར་ཨེ་ལོ་ཧིམ་གྱི་ཐུགས་རྗེ་ཡིས། སྤྱོད་ལམ་དམ་པ་དང་། གཙང་མ་ཆོས་དང་མཐུན་པ་སྤྱད་པ་ལ་ང་ཚོའི་ཤེས་བཟང་གིས་དཔང་པོ་བྱེད་པ་དེ་ནི་ང་ཚོའི་ངོམ་རྒྱུ་དེའོ།"

13 ༡༣་ །ཁྱེད་ཚོས་ཀློག་པ་དང་གོ་ཐུབ་པ་ལས་གཞན་མི་འབྲི་ཞིང་། ཁྱེད་ཚོས་ཟུར་ཙམ་གོ་བ་ལྟར་ཚང་པོར་གོ་བའི་རེ་བ་བྱེད་དོ།"

14 ༡༤་ །དེ་ནས་ཀྱུ་རི་བོ་ཡེ་ཤུའི་ཉིན་མོར་ང་ཚོས་ཁྱེད་ངོམ་པ་ལྟར་ང་ཚོ་ངོམ་པར་འགྱུར་རོ།།"

15 ༡༥་ །དེ་ལ་རྟེན་ནས། ཁྱེད་ལ་དགའ་སྤྲོ་ཉིས་ལྡབ་འབྱུང་བའི་ཕྱིར་སྔོན་དུ་ང་ཁྱེད་ཚོའི་རྩར་འོངས་ནས།"

16 ༡༦་ ཁྱེད་ཚོའི་དྲུང་ནས་མ༷་ཀེ་དོན་ཡུལ་དུ་སོང་སྟེ། མ༷་ཀེ་དོན་ནས་སླར་ཁྱེད་ཚོའི་རྩར་འོངས་ནས། ཁྱེད་ཚོས་ཡ༷་ཧུ་དཱ་ཡུལ་ལ་ལམ་དུ་གཞུག་གོ་བསམ།"

17 ༡༧་ དེ་ལྟར་བྱས་པས་ང་གཏད་མེད་ཡིན་ནམ། དུས་གཅིག་ཏུ་ཡིན་མིན་ཟེར་བའི་འཇིག་རྟེན་གྱི་ལུགས་སུ་གྲལ་བྱུས་བྱེད་དམ།"

18 ༡༨་ ཨེ་ལོ་ཧིམ་བསླུ་མེད་ལགས་པ་ལྟར། ང་ཚོར་ཡིན་མིན་གྱི་གཏམ་སྣ་གཉིས་མེད་དོ།"

19 ༡༩་ །ང་དང་སི༷་ལ་དང་ཏི༷་མོ་ཐེའུ་གསུམ་གྱིས་ཁྱེད་ལ་བསྒྲགས་པའི་ཨེ་ལོ་ཧིམ་གྱི་སྲས་ཡེ་ཤུ་མ་ཤི་ཀ་རྫུན་མིན་ཅིང་རྟག་ཏུ་བདེན་པའོ།"

20 ༢༠་ །ཨེ་ལོ་ཧིམ་གྱི་ཞལ་ཆད་ཐམས་ཅད་བདེན་པ་ལགས་པ་ཁོང་ནས་མངོན་པས། ཨེ་ལོ་ཧིམ་གྱི་དཔལ་གྱི་ཕྱིར་ང་ཚོས་ཁོང་རྒྱུད་ནས་ཨ༷་མེན་བོད་སྐད་དུ། བདེན་པར་གྲུབ་ཅིག་ཅེས་བརྗོད་དོ།"

21 ༢༡་ །ཁྱེད་དང་མཉམ་དུ་ང་ཚོ་མ་ཤི་ཀའི་ནང་བརྟན་པོ་མཛད་མཁན་དང་། ང་ཚོ་བསྐོ་མཁན་དང་།"

22 ༢༢་ ཕྱག་རྒྱ་འདེབས་མཁན་དང་། སྙིང་ནང་རུ་ཨག་གི་གཏའ་མ་གནང་མཁན་ཨེ་ལོ་ཧིམ་ལགས་སོ།"

23 ༢༣་ །ང་ཀོ༷་རིན་ཐུ་རུ་ད་ཐུག་མ་འོངས་པ་དེ་ཁྱེད་ཚོ་ལ་སྙིང་རྗེ་ནས་ཡིན་པར་ངས་ཨེ་ལོ་ཧིམ་དཔང་དུ་འཛུག་གོ"

24 ༢༤་ །ཁྱེད་ཚོ་དད་པ་ལ་བརྟན་པས། ཁྱེད་ཚོའི་སྐྱིད་རོགས་བྱེད་པའི་ཕྱིར་མ་གཏོགས་ཁྱེད་ཚོའི་དད་པ་ལ་དབང་སྒྱུར་བའི་བསམ་པ་མེད།། །།"

10

1 ༡་ །ཁྱེད་ཚོའི་མདུན་དུ་ཡོད་ཙ་ན་སྙེམས་ཆུང་དང་། མེད་དུས་སུ་སྤོས་པ་ཅན་ཡིན་པའི་པ༷འུ་ལུ་ངས། མ་ཤི་ཀའི་ཐུགས་དུལ་བ་དང་འཇམ་པོའི་ངང་ནས་སྐུལ་མ་འདེབས་སོ།"

2 ༢་ །ང་ཚོས་འཇིག་རྟེན་གྱི་ལུགས་སུ་སྤྱོད་དོ་ཞེས་དོགས་པ་བྱེད་པ་རེ་ལ་སྤོབས་པས་རྗོད་པར་སེམས་པ་ལྟར། ང་དེར་འོང་དུས་སུ་ཁྱེད་ཚོ་ལའང་རྩོད་མ་ཆུག་ཅེས་ཞུ་བ་འབུལ་ལོ།"

3 ༣་ །འཇིག་རྟེན་ན་གནས་ཀྱང་འཇིག་རྟེན་པ་ལྟར་མི་འཐབ་སྟེ།"

4 ༤་ ང་ཚོས་འཐབ་པའི་མཚོན་ཆ་ནི་འཇིག་རྟེན་པའི་མཚོན་ཆ་མ་ཡིན་པར། རྫོང་རྣམས་ཀྱང་རློག་ཐུབ་པའི་ཨེ་ལོ་ཧིམ་གྱི་དབང་དང་ལྡན་པའོ།"

5 ༥་ །རྩོད་པ་ངན་པ་དང་། ཨེ་ལོ་ཧིམ་རྟོགས་ཐུབ་པ་ལ་གནོད་པའི་རྒོལ་བ་ཐམས་ཅད་འཇོམ་ཞིང་། བསམ་པ་ཐམས་ཅད་མ་ཤི་ཀའི་བཀའ་ལ་ཉན་པའི་དབང་དུ་བསྡུས་ནས།"

6 ༦་ ཁྱེད་བཀའ་ལ་ཉན་ཟིན་པ་དང་བཀའ་ལ་མ་ཉན་པ་རྣམས་ལ་ཆད་པ་གཅོད་ཕྱིར་ང་ཚོ་གྲལ་འགྲིག་ཡོད།"

7 ༧་ ཁྱེད་ཚོས་མིག་གི་མདུན་དུ་ཡོད་པ་ལ་ལྟོས་ཤིག །ཁོ་རང་མ་ཤི་ཀའི་པར་ཡིད་ཆེས་པ་དེས། ཁོ་རང་མ་ཤི་ཀའི་ཡིན་པ་ལྔར་ང་ཚོའང་ཡིན་པར་དྲན་དགོས།"

8 ༨་ ཁྱེད་ཚོ་མི་ཤིག་པར་བརྩིག་པའི་ཕྱིར་ཀྱུ་རི་བོས་ང་ཚོར་གནང་བའི་དབང་ཅུང་ཟད་ངོམ་དྲགས་ན་ང་ངོ་མི་ཚའོ།"

9 ༩་ །ངས་ཡི་གེའི་སྒོ་ནས་ཁྱེད་ཚོ་འཇིགས་འཇུག་མཁན་འདྲ་བར་མཐོང་བར་མི་འདོད་དོ།"

10 ༡༠་ །ལ་ལས་ངའི་ཡི་གེ་དྲག་པོ་དང་ཤུགས་ལྡན་ཡིན་ཀྱང་། ང་རང་དངོས་སུ་ནི་ཤེད་མེད་པ་དང་གཏམ་ལ་ཤུགས་མེད་ཡིན་ཞེས་ཟེར་རོ།"

11 ༡༡་ །དེ་ལྟར་ཟེར་བ་རྣམས་ཀྱིས་འདིའང་ཤེས་དགོས་ཏེ། ང་ཚོ་དེར་མེད་དུས་སུ་ཡི་གེའི་སྒོ་ནས་གང་ཟེར་བ་ལྟར། དེར་ཡོད་དུས་སུ་བྱེད་མཁན་ཡང་ཡིན།"

12 ༡༢་ རང་བསྟོད་བྱེད་པའི་མི་རྣམས་ཀྱི་གྲས་སུ་རྩི་བའམ་སྟུར་བ་ང་ཚོས་མི་སྤོབས། དེ་རྣམས་ཀྱིས་རང་ལ་ཚོང་བྱེད་པ་དང་རང་ལ་སྡུར་བ་ནི་བླུན་ནོ།"

13 ༡༣་ །ང་ཚོ་ནི་ཚད་ལས་འདས་པར་མི་ངོམ་ཞིང་། ཁྱེད་ཚོ་བར་ཐུག་བསླེབ་པའི། ཨེ་ལོ་ཧིམ་གྱིས་ང་ཚོ་ལ་གནང་བའི་རྒྱ་ཁྱོན་གྱི་ཚད་ལ་གནས་སོ།"

14 ༡༤་ །ང་ཚོ་མ་ཤི་ཀའི་འཕྲིན་བཟང་འཁྱེར་ནས་ཁྱེད་ཚོའི་རྩར་བསླེབས་པ་དང་པོ་ཡིན་པས། དེ་བར་དུ་མ་བསླེབས་པ་ལྟར་ཚད་ལས་མི་འདའོ།"

15 ༡༥་ །ང་ཚོ་ཚད་ལས་འདས་ཤིང་གཞན་གྱི་རྩོལ་བ་ལ་མི་ངོམ་ཡང་། ཁྱེད་ཚོའི་དད་པ་ཇེ་ཆེར་རྒྱས་བཞིན་ཁྱེད་ཚོའི་དཀྱིལ་དུ་ང་ཚོའི་ལས་ཀྱི་རྒྱ་ཁྱོན་ཡང་ཆེར་རྒྱས་པའི་རེ་བ་བྱེད་དོ།"

16 ༡༦་ །དེ་ནས་གཞན་གྱི་ས་ཆར་ལས་བསྒྲུབས་ཟིན་པ་མ་ངོམ་པར་ཁྱེད་ཚོའི་ས་མཚམས་ལས་པ་རོལ་དུའང་འཕྲིན་བཟང་འཆད་པར་འགྱུར་རོ།"

17 ༡༧་ །སུས་ངོམ་ན་ཀྱུ་རི་བོ་ངོམ་ཞིག"

18 ༡༨་ །ཡིད་དུ་འོང་བའི་མི་ནི། རང་ལ་བསྟོད་པ་དེ་མིན་པར། ཀྱུ་རི་བོས་བསྟོད་པ་དེའོ།། །།"

11

1 ༡་ །ངའི་འཆོལ་གཏམ་ཨེན་ཙམ་ལ་ཁྱེད་ཚོས་བཟོད་པ་བཞེས་ན་ཅི་མ་རུང་། འོ་ན་བཟོད་པ་བཞེས་ཤིག"

2 ༢་ །ཁྱེད་ཚོའི་ཕྱིར་དུ་ང་ལ་ཨེ་ལོ་ཧིམ་གྱི་ལུགས་སུ་ཕྲག་དོག་སྐྱེའོ། །ཁྱེད་ཚོ་ན་ཆུང་གཙང་མ་ལྟར་གནས་པའི་ཕྱིར་ངས་མ་ཤི་ཀ་ཡིན་པའི་ཁྱོ་བོ་གཅིག་ལ་བག་མར་བཏང་བ་ཡིན།"

3 ༣་ ས༷་ཏན་གྱིས་གཡོ་ཐབས་ཀྱིས་ཧ༷་ཝར་བསླུས་པ་ལྟར། ཁྱེད་ཚོ་མ་ཤི་ཀ་ལ་གཞུང་རིང་བ་དང་། ཆགས་སེམས་རྣམ་དག་ལས་བློ་ལྡོག་གིས་དོགས་སོ།"

4 ༤་ །སུ་ཞིག་འོངས་ནས་ང་ཚོས་མ་བཤད་པའི་ཡེ་ཤུ་གཞན་ཞིག་འཆད་ན། སྔར་མ་ཐོབ་ཅིང་མ་བླངས་པའི་ཐུགས་ཉིད་དམ་འཕྲིན་བཟང་གཞན་ཞིག་ཐོབ་ཅིང་བླང་ན། ཁྱེད་ཚོ་དགའ་ཞིང་དེའི་དབང་དུ་འགྲོའོ།"

5 ༥་ །ཨ༷་པོ་ཏོ་ལོ་པ་རྩ་བ་ཆེ་བ་རྣམས་ལས་ང་ཅི་ས་ནས་རྩ་བ་ཆུང་བ་མིན་སེམས་སོ།"

6 ༦་ །ང་ངག་དབང་དང་མི་ལྡན་ཀྱང་། རྟོགས་པ་དང་ལྡན་པས། ཅི་ས་ནས་ཁྱེད་ཙོར་རྣམ་པ་ཀུན་ཏུ་དེ་གསལ་བར་བྱས་པ་ཡིན།"

7 ༧་ ཁྱེད་ཚོ་ཡར་འདེགས་པའི་དོན་དུ་ང་རང་མར་ཕབ་ནས། ཡོན་མེད་པར་ཨེ་ལོ་ཧིམ་གྱི་འཕྲིན་བཟང་བཤད་པ་ཡིན་པས་ངས་སྡིག་པ་བྱས་སམ།"

8 ༨་ ཁྱེད་ཚོར་ཞབས་ཏོག་བྱེད་དུ་མ་ཤི་ཀ་པ་རྣམས་གཞན་པ་ལས་མཐུན་རྐྱེན་བླངས་ནས་དེ་ཚོ་ཕྲོགས་པ་ཡིན།"

9 ༩་ ང་ཁྱེད་ཚོའི་རྩར་ཡོད་དུས་ངའི་དགོས་པ་རྣམས། མ༷་ཀེ་དོན་ནས་འོངས་པའི་སྤུན་རྣམས་ཀྱིས་བསྐང་བས། ཁྱེད་ཚོ་སུ་ལའང་དཀའ་ཚེགས་མ་བཏང་བ་ཡིན། དེ་ལྟར་ཁྱེད་ཚོར་ཅིས་ནས་དཀའ་ཚེགས་བཏོང་བ་ལས་ཟོན་བྱས་དང་བྱེད་པར་འགྱུར།"

10 ༡༠་ ངའི་ནང་ཡོད་པའི་མ་ཤི་ཀའི་བདེན་པ་དཔང་དུ་བཙུགས་ནས། ཨ༷་ཁ་ཡཱའི་ཡུལ་ལྗོང་སུ།"

11 ༡༡་ ངས་ཁྱེད་ཚོར་མི་གཅེས་པས་ཡིན་ནམ། ངས་གཅེས་པ་བྱེད་པ་ནི་ཨེ་ལོ་ཧིམ་གྱིས་མཁྱེན་ནོ།"

12 ༡༢་ ང་ཚོ་ལྟར་ངོམ་བཟོ་སྟོན་ཕྱིར་གླགས་འཚོལ་མཁན་ལ་གླགས་མི་བརྙེད་པའི་ཕྱིར། ངས་ཅི་བྱེད་པ་ད་དུང་ཡང་བྱའོ།"

13 ༡༣་ །དེ་ལྟ་བུའི་ཨ༷་པོ་ཏོ་ལོ་པ་རྣམས་ནི་རྫུན་མའི་ཨ༷་པོ་ཏོ་ལོ་པ་དང་། གཡོ་སྒྱུ་ཅན་གྱི་ལས་བྱེད་པ་ཡིན་ཏེ། མ་ཤི་ཀའི་ཨ༷་པོ་ཏོ་ལོ་པ་ཏུ་རྫུའོ།"

14 ༡༤་ །ས༷་ཏན་ཀྱང་འོད་ཀྱི་ཨ༷ན་ཇལ་ན་རྫུ་བས་ངོ་མཚར་མི་ཆེའོ།"

15 ༡༥་ །དེའི་ཕྱིར་དེའི་གཡོག་པོ་རྣམས་ཀྱང་དྲང་བ་ཉིད་ཀྱི་གཡོག་པོར་རྫུན་ཧ་ལས་གང་ཡང་མ་ཡིན་ཅིང་། དེ་རྣམས་རང་གི་ལས་དང་བསྟུན་ཏེ་མཐར་འཆི་བར་འགྱུར་རོ།།"

16 ༡༦་ །མི་སུས་ཀྱང་ང་གླེན་པ་ཡིན་མ་སེམས་ཤིག་ཞེས་ངས་ཡང་སྐྱར་ཟེར་རོ། །གལ་ཏེ་བསམ་ན་བསམ་ཀྱང་ཆོག །ངས་ཅུང་ཟད་ཅིག་ངོམ་བཟོ་སྟོན་པར་བྱ།"

17 ༡༧་ ངས་ཅི་ཟེར་བ་འདི་ཀྱུ་རི་བོའི་གནང་བའི་སྒོ་ནས་མི་ཟེར་གྱི། །གླེན་པ་ལྟར་ངོམ་བཟོ་བྱེད་པའི་བློ་གདེང་གིས་ཟེར།"

18 ༡༨་ མི་མང་པོས་རང་ངོམ་པས། ངས་ཀྱང་ངོམ་མོ།"

19 ༡༩་ །ཁྱེད་ཚོ་མཁས་པ་ཡིན་པས་གླེན་པ་ལ་བཟོད་པར་དགའ།"

20 ༢༠་ །སུ་ཞིག་གིས་ཁྱེད་ཚོར་བྲན་དུ་འཁོལ་བའམ། ནོར་ཟ་བའམ། འཛིན་པའམ་། རང་མཐོང་སྐྱེད་པའམ། འགྲམ་ལྕག་རྒྱབ་པར་བྱེད་ན་ཁྱེད་མཟོད་དོ།"

21 ༢༡་ །ང་ཚོ་སྟོབས་ཞན་ཅིང་དེ་ལྟར་མ་བྱས་པས་ངོ་ཚའོ།།
།ངའི་གླེན་གཏམ་ནི། གཞན་གྱིས་ངོམ་པར་སྤོབས་པ་དེ། ངས་ཀྱང་ངོམ་པར་སྤོབས་སོ།"

22 ༢༢་ །དེ་རྣམས་ཨི༷བ་རི་པ་ཡིན་ནམ། ངའང་ཡིན། ཡི༷ས་ར་ཨེལ་པ་ཡིན་ནམ། ངའང་ཡིན།"

23 ༢༣་ མ་ཤི་ཀའི་ཞབས་ཕྱི་ཡིན་ནམ། ང་ལྷག་པར་ཡིན། ཞེས་ངས་སྨྱོན་པ་ལྟར་ཟེར་རོ། །ངས་ལྷག་པར་དཀའ་ལས་ཆེན་པོ་དང་། བཙོན་དུ་ལན་མང་དང་། བརྡུང་ཕོག་གྲངས་མེད་དང་། ལན་མང་འཆི་བ་ལ་ཐུག་པ་བྱས།"

24 ༢༤་ །ཡ༷་ཧུ་དཱ་པས་རྟ་ལྕག་གཅིག་གིས་མ་ཚང་བར་བཞི་བཅུ་ལན་ལྔ་བརྒྱབས།"

25 ༢༥་ དབྱུག་པས་ལན་གསུམ་བརྡུངས། རྡོ་རུབ་ལ་ལན་གཅིག་བཏང་། ལན་གསུམ་གྲུ་གཟིངས་བཞིག །ཉིན་མཚན་གཉིས་རྒྱ་མཚོའི་དཀྱིལ་དུ་ལུས།"

26 ༢༦་ ལན་མང་པོ་འགྲུལ་གྱི་སྐབས་སུ་ལམ་ལ་ཆུའི་འཇིགས་པ་དང་། ཇག་པའི་འཇིགས་པ་དང་། རང་མིའི་འཇིགས་པ་དང་། གཞན་མིའི་འཇིགས་པ་དང་། གྲོང་ཁྱེར་འཇིགས་པ་དང་། འབྲོག་སྟོང་གི་འཇིགས་པ་དང་། རྒྱ་མཚོའི་འཇིགས་པ་དང་། སྤུན་ཛུན་མ་རྣམས་ཀྱི་འཇིགས་པ་དང་།"

27 ༢༧་ འབད་རྩོལ་དང་དཀའ་ལས་དང་། གཉིད་མེད་པ་ལན་མང་པོ་དང་། ལྟོགས་རིད་དང་སྐོམ་རིད་དང་། ལན་མང་ཟ་རྒྱུ་ཅིའང་མེད་པ་དང་། གྲང་མོ་དང་གཅེར་བུའི་སྡུག་བསྔལ་མྱང་བ་ཡིན།"

28 ༢༨་ དེར་མ་ཟད་མ་ཤི་ཀ་པ་ཚོགས་ཐམས་ཅད་ཀྱི་སེམས་ཁྲལ་གྱིས་ཉིན་རེ་བཞིན་ང་ནོན་ནོ།"

29 ༢༩་ །ཁྱེད་གཅིག་རྒུད་ན་ངའང་མི་རྒུད་དམ། ཁྱེད་གཅིག་འགྱེལ་ན་ང་མི་སྐྱོ་འམ།"

30 ༣༠་ ངས་ངོམ་དགོས་ན་ངའི་སྟོབས་ཞན་པར་སྟོན་པ་དེ་ངོམ་མོ།"

31 ༣༡་ །ངས་རྫུན་མི་ཟེར་བ་ནི། རྟག་ཏུ་བསྟོད་འོས་པའི་ཀྱུ་རི་བོ་ཡེ་ཤུ་མ་ཤི་ཀའི་ཡབ་ཨེ་ལོ་ཧིམ་གྱིས་མཁྱེན་ནོ།"

32 ༣༢་ །ད༷མ་མེ་སེག་ཏུ་རྒྱལ་པོ་ཨ༷་རེ་ཏའི་བློན་པོས་ང་འཛིན་པའི་ཕྱིར། ད༷མ་མེ་སེག་གི་གྲོང་ཁྱེར་བསྲུངས་ཀྱང་། ང་ཙེ་པོའི་ནང་ལྕགས་རིའི་དཀར་ཁུང་ཞིག་ནས་མར་ཕབ་ནས། དེའི་ལག་པ་ལས་ཐར་ཏོ།། །།"

12

1 ༡་ །ཕན་ཐོགས་མེད་ཀྱང་ངོམ་དགོས་བྱུང་། ཀྱུ་རི་བོའི་ཞལ་གཟིགས་དང་མངོན་དུ་བྱུང་བ་རྣམས་འཆད་དོ།"

2 ༢་ །ལོ་བཅུ་བཞིའི་སྔོན་དུ་ངས་ཤེས་པའི་མ་ཤི་ཀ་པ་ཞིག་ནམ་མཁའ་གསུམ་པའི་བར་དུ་ཡར་དྲངས་སོ། །ཁོ་ལུས་དང་བཅས་པར་དྲངས་སམ་ལུས་མེད་པར་དྲངས་པ་ངས་མི་ཤེས་ཏེ། ཨེ་ལོ་ཧིམ་གྱིས་མཁྱེན་ནོ།"

3 ༣་ །མི་དེ་པ༷་ར་ཐི་ཟོ་རུ་དྲངས་ནས་བརྗོད་དུ་མེད་པ་དང་སྨྲ་མི་ཆོག་པའི་གསུང་ཐོས་པས་ངས་ཤེས་སོ། ལུས་དང་བཅས་པར་དྲངས་སམ་ལུས་མེད་པར་དྲངས་ངས་མི་ཤེས་ཏེ།"

4 ༤་ ཨེ༷་ལོ་ཧིམ་གྱིས་མཁྱེན་ནོ།"

5 ༥་ །མི་དེའི་ཆེད་དུ་ངོམ་ཡང་ང་རང་གི་ཆེད་དུ་ངའི་སྟོབས་ཞན་པ་མ་གཏོགས་མི་ངོམ།"

6 ༦་ གལ་ཏེ་ངོམ་པར་འདོད་ནའང་ངས་བདེན་པར་སྨྲ་བས་གླེན་པར་མི་འཛིན། འོན་ཀྱང་ཁྱེད་ཚོས་ང་ཇི་ལྟར་མཐོང་བ་དང་ཐོས་པ་ལས་ལྷག་པར་མི་རྩི་བའི་ཕྱིར་ངོམ་པ་སྤོང་ངོ་།"

7 ༧་ །མངོན་པར་འགྱུར་བ་མང་བའི་རྐྱེན་གྱིས་ང་རྒྱལ་མི་སྐྱེད་ཕྱིར། ང་ལ་རྡེག་པའི་ས༷་ཏན་ཀྱི་བང་ཆེན་འདྲ་བའི། ཚེར་མ་ཞིག་ངའི་ལུས་ཀྱི་ནང་དུ་སྦྱིན་ནོ།"

8 ༨་ །དེ་ལས་འབྲལ་བའི་ཕྱིར་ངས་ལན་གསུམ་ཀྱུ་རི་བོ་ལ་ཞུས་ཀྱང་ཁོང་གིས་ང་ལ།"

9 ༩་ སྟོབས་མེད་ལ་ངའི་མཐུ་སྟོབས་རྒྱས་པས། ཁྱོད་ལ་ངའི་ཐུགས་རྗེ་ཡོད་པས་ཆོག་ཅེས་གསུངས་བྱུང་། ང་ལ་མ་ཤི་ཀའི་དབང་གནས་པའི་ཕྱིར། ངའི་སྟོབས་མེད་རྣམས་དགའ་བཞིན་དུ་ལྷག་པར་ངོམ་མོ།"

10 ༡༠་ །ང་མ་ཤི་ཀའི་ཕྱིར་དུ་སྟོབས་མེད་པ་དང་། སྙས་པ་དང་། དཀའ་ལས་དང་། འཚེ་བ་དང་། རྐྱེན་ངན་རྣམས་ལ་ཆོག་ཤེས་ཡོད་དོ། །ཅི་ཕྱིར་ཞེ་ན། ང་སྟོབས་ཞན་པའི་ཚེ་སྟོབས་དང་ལྡན་ནོ།།"

11 ༡༡་ །ང་གླེན་པར་གྱུར། ཁྱེད་ཚོས་མི་གྱུར་ཀ་མེད་བྱས། ཅིའི་ཕྱིར་ཞེ་ན། ཁྱེད་ཚོས་ང་བསྟོད་དགོས་པ་ཡིན་ཏེ། ང་ཅིའང་མིན་ཀྱང་། ཨ༷་པོ་ཏོ་ལོ་པ་རྩ་བ་ཆེ་བ་དེ་རྣམས་ལས་ང་ཅི་ས་ནས་རྩ་བ་ཆུང་བ་མིན་ནོ།"

12 ༡༢་ །ལྟས་དང་ངོ་མཚར་དང་མཐུ་ཡིས་བཟོད་པ་ཆེན་པོས་ཨ༷་པོ་ཏོ་ལོ་པ་དངོས་མའི་རྟགས་ཁྱེད་ཚོའི་དཀྱིལ་དུ་བསྟན་པ་ཡིན།"

13 ༡༣་ ཁྱེད་ཚོར་དཀའ་ཚེགས་མ་བཏང་བ་དེ་མ་གཏོགས་པར། མ་ཤི་ཀ་པ་ཚོགས་གཞན་ལས་སྣང་ཆུང་མ་བྱས། འགལ་བ་དེ་བཟོད་པར་གསོལ།"

14 ༡༤་ །ང་ཁྱེད་ཚོའི་རྩར་འོང་རེས་འདིས་ལན་གསུམ་པ་ཡིན། དའང་ཁྱེད་ཚོར་དཀའ་ཚེགས་མི་གཏང་། ཕྲུ་གུས་ཕ་མའི་དོན་དུ་ནོར་སོག་མི་དགོས་ཤིང་། ཕ་མས་ཕྲུ་གུའི་དོན་དུ་སོག་དགོས་པས། ང་ལ་ཁྱེད་ཚོའི་ནོར་མི་དགོས་ཁྱེད་ཚོ་དགོས་སོ།"

15 ༡༥་ །ཁྱེད་ཚོའི་ཐར་པའི་ཕྱིར་ནོར་མ་ཟད་ང་རང་ཡང་སྦྱིན་པར་ཤིན་ཏུ་དགའོ། །ང་ཁྱེད་ཚོར་ཇི་ཙམ་མང་དུ་བྱམས་ན། ཁྱེད་ཚོས་ང་ལ་དེ་ཙམ་ཉུང་དུ་བྱམས་སམ།"

16 ༡༦་ ང་རང་གིས་དཀའ་ཚེགས་མ་བཏང་ཡང་། ང་གཡོ་ཁྲམ་ཆེ་བས་ཁྱེད་ཚོ་གཡོ་སྒྱུས་འཛིན་ཏོ་ཞེས་མི་ལ་ལས་ཟེར་རོ།"

17 ༡༧་ །ངས་བཏང་བའི་མི་སུ་ཞིག་རྒྱུད་ནས་ཁྱེད་ཚོ་ལས་ཁེ་བླངས་སམ།"

18 ༡༨་ ངས་ཏི༷་ཏུ་ལ་སྨྲས་ནས་སྤུན་དེ་དང་མཉམ་དུ་བཏང་བ་ཡིན། ཏི༷་ཏུས་ཁྱེད་ཚོ་ལས་ཁེ་བླངས་སམ། ང་གཉིས་ཐུགས་ཉིད་གཅིག་གིས་མ་བཀོལ་ཏམ། ཞབས་རྗེས་གཅིག་ནས་མ་འབྲངས་སམ།"

19 ༡༩་ ད་བར་དུ་ང་ཚོས་ཁྱེད་ལ་བཤགས་པ་ཞུའོ་སེམས་སམ། ང་ཚོས་ཨེ་ལོ་ཧིམ་གྱི་སྤྱན་སྔར་མ་ཤི་ཀ་པ་བཞིན་སྨྲས་ཏེ། དེ་ཐམས་ཅད་གཅེས་པ་ཁྱེད་རྣམས་ཡར་སྐྱེད་པའི་ཕྱིར་ཡིན།"

20 ༢༠་ ང་བསླེབ་དུས་སུ་ངས་འདོད་པ་བཞིན་ཁྱེད་ཚོ་མེད་པ་དང་། ཁྱེད་ཚོའི་འདོད་པ་བཞིན་ང་མེད་པར་མཐོང་གིས་དོགས་སོ། །ཁྱེད་ཚོའི་ནང་ན་འཛིང་བ་དང་། ཕྲག་དོག་དང་། ཁོང་ཁྲོ་དང་། རང་འདོད་དང་། སྨད་པ་དང་། ངག་ཀྱལ་དང་། ང་རྒྱལ་དང་། འགྲིག་ལམ་མེད་པ་ཡོད་ལས་ཆེ།"

21 ༢༡་ སླར་ང་བསླེབ་དུས་སུ་ཨེ་ལོ་ཧིམ་གྱིས་ཁྱེད་ཚོའི་མདུན་དུ་ངའི་ང་རྒྱལ་གཅོག་པ་དང་། སྔར་སྡིག་པ་བྱས་ནས། མི་གཙང་བ་དང་། ལོག་གཡེམ་དང་། འདོད་ཆགས་ལ་འགྱོད་ཚངས་མ་བྱས་པ་མང་པོའི་དོན་དུ་མྱ་ངན་བྱེད་དགོས་ཀྱིས་དོགས་སོ།། །།"

13

1 ༡་ །ང་ཁྱེད་ཚོའི་རྩར་འོང་བའི་ལན་འདི་གསུམ་པ་ཡིན། སྐྱོན་འགེལ་བ་ཅི་ལའང་དཔང་པོ་གཉིས་སམ་གསུམ་དགོས།"

2 ༢་ སྡིག་པ་བྱས་པའི་མི་དང་གཞན་ཚང་མར། ང་སླར་འོང་ན་དེ་ཚོར་བཟོད་པར་མི་བྱ་ཞེས། ང་དེར་ལན་གཉིས་པར་ཡོད་སྐབས་སྨྲས་པ་བཞིན་ད་ལན་མ་སླེབ་གོང་དུ་ངས་སྨྲའོ།"

3 ༣་ །ཁྱེད་ཚོས་མ་ཤི་ཀས་ང་རྒྱུད་ནས་གསུང་བའི་བདེན་རྟགས་འཚོལ་ལོ། །ཁོང་ནི་ཁྱོད་ཚོའི་ཕྱིར་སྟོབས་མེད་མ་ལགས་པས་སྟོབས་ལྡན་ལགས་སོ།"

4 ༤་ །སྟོབས་མེད་ནང་ཁོང་རྒྱང་ཤིང་ལ་བརྐྱངས་ཀྱང་ཨེ་ལོ་ཧིམ་གྱི་དབང་གིས་སྐུ་གསོན་པོར་བཞུགས་སོ། །ཁོང་ནང་ང་ཚོའང་སྟོབས་མེད་ཡིན་རུང་། ཁྱེད་ཚོའི་ཐོག་ཏུ་ཨེ་ལོ་ཧིམ་གྱི་དབང་གིས་ཁོང་དང་མཉམ་ང་ཚོ་གསོན་ནོ།"

5 ༥་ །དད་པ་ལ་བློ་བརྟན་ནམ་མི་བརྟན་རང་ལ་ལྟོས་ཤིག །རང་གི་ཚོད་བརྟག་པར་གྱིས་ཤིག །ཚད་དང་མི་ལྡན་ན་མ་གཏོགས་ཡེ་ཤུ་མ་ཤི་ཀ་ཁྱེད་ནང་བཞུགས་པ་རྟོགས་པར་འགྱུར།"

6 ༦་ ང་ཚོ་ནི་ཚད་དང་ལྡན་པ་ཡིན་པ་ཁྱེད་ཚོས་ཤེས་པའི་རེ་བ་བྱེད་དོ།"

7 ༧་ །ཁྱེད་ཚོས་ལོག་པར་མི་བྱ་བའི་ཕྱིར་ཨེ་ལོ་ཧིམ་ལ་སྨོན་ལམ་འདེབས་སོ། །ང་ཚོ་ཚད་དང་ལྡན་པར་མཐོང་བའི་ཕྱིར་མ་ཡིན་པར། ང་ཚོ་ཚད་དང་ལྡན་པར་མི་མཐོང་བར། ཁྱེད་ཚོས་དྲང་པོ་བྱེད་པའི་ཕྱིར་ཡིན།"

8 ༨་ ང་ཚོ་བདེན་པ་མ་གཏོགས་པར་བདེན་པ་དང་མི་མཐུན་པར་ཅིའང་བྱེད་མི་ཆོག"

9 ༩་ །ང་ཚོ་སྟོབས་མེད་ཅིང་ཁྱེད་ཚོ་སྟོབས་དང་ལྡན་ན་ང་ཚོ་དགའོ། ང་ཚོའི་སྨོན་ལམ་ནི་ཁྱེད་ཚོའི་ཡར་རྒྱས་ཕྱིར་རོ།"

10 ༡༠་ །མི་བཤིག་པར་བརྩིག་པའི་ཕྱིར་ཀྱུ་རི་བོས་ང་ལ་གནང་བའི་དབང་དང་བསྟུན་ཏེ་དེར་ཡོད་རིང་ཁྱེད་ཚོ་ལ་དྲག་པོ་བྱེད་མི་དགོས་པའི་ཕྱིར་དུ། ང་དེར་མེད་རིང་ཡི་གེ་འདི་འབྲིའོ།"

11 ༡༡་ །མཐར་སྤུན་རྣམས། བཀྲ་ཤིས་པ་དང་། ཕུན་སུམ་ཚོགས་ཤིག །ཕན་ཚུན་བསླབ་བྱ་ཐོང་ཞིག །སེམས་གཅིག་ལྟར་སྡོད་ཅིག མཐུན་ནས་སྡོད་ཅིག །དེ་ནས་བྱམས་པ་དང་ཞི་བདེ་གནང་བའི་ཨེ་ལོ་ཧིམ་ཁྱེད་ཚོ་དང་མཉམ་དུ་བཞུགས་པར་འགྱུར་རོ།"

12 ༡༢་ །དམ་པའི་འོ་བཅས་ཕན་ཚུན་ཕྱག་བྱོས་ཤིག །མ་ཤི་ཀ་བརྟེན་པ་ཐམས་ཅད་ཀྱིས་ཁྱེད་ཚོར་ཕྱག་ཕུལ་ལོ།"

13 ༡༣་ །ཀྱུ་རི་བོ་ཡེ་ཤུ་མ་ཤི་ཀའི་ཐུགས་རྗེ་དང་། ཨེ་ལོ་ཧིམ་གྱི་བྱམས་ཐུགས་དང་། དམ་པའི་རུ་ཨག་གི་འགྲོགས་ལུགས་ནི། ཁྱེད་ཚོ་ཐམས་ཅད་ལ་ཡོད་པར་གྱུར་ཅིག། །།"

2

1 ༡་ །སླར་ཁྱེད་ཚོ་སྐྱོ་བའི་མཇལ་ཕྲད་ངས་མི་བྱེད་པར་ཐག་བཅད་པ་ཡིན།"

2 ༢་ ངས་ཁྱེད་ཚོ་སྐྱོ་རུ་འཇུག་ན། ཁྱེད་ཚོ་སྐྱོ་བ་རྣམས་ཀྱིས་མིན་པ་སུས་ངའི་སེམས་སྐྱིད་བར་བྱ།"

3 ༣་ ང་འོང་བའི་ཚེ་ང་ལ་དགའ་སྤྲོ་སྦྱིན་དགོས་པ་རྣམས་ཀྱིས་སེམས་སྐྱོ་མི་སྦྱིན་པའི་ཕྱིར་ངས་དེ་ལྟར་བྲིས་པ་ཡིན། ངའི་དགའ་སྤྲོ་ནི་ཁྱེད་ཚོ་ཐམས་ཅད་ཀྱི་དགའ་སྤྲོ་ཡིན་པར་ང་ཡིད་ཆེས་སོ།"

4 ༤་ །ངས་སེམས་སྐྱོ་དང་ཁོང་འཁྲུགས་ཆེན་པོ་དང་མཆི་མ་མང་པོ་གཏོང་བཞིན་དུ་བྲིས་པ་ཡིན་དེ། ཁྱེད་ཚོ་སེམས་སྐྱོ་འཇུག་པའི་ཕྱིར་མ་ཡིན་གྱི། །ངས་ཁྱེད་ཚོར་ཇི་ཙམ་གཅེས་པ་སྟོན་པའི་ཕྱིར་ཡིན་ནོ།།"

5 ༥་ །སུ་ཞིག་སེམས་སྐྱོའི་རྒྱུར་གྱུར་ཡོད་ན། སྒྲོ་མ་བཏག་པར་སྨྲ་བས། ང་རང་ལ་མ་ཟད་ཁྱེད་ཚོ་ཐམས་ཅད་ལའང་སེམས་སྐྱོ་བའི་རྒྱུར་ཅུང་ཟད་གྱུར་ཏོ།"

6 ༦་ །དེ་འདྲ་ཞིག་ལ་མི་མང་ཕྱོགས་ནས་ཕོག་པའི་ཆད་པ་དེ་ཀས་ཆོག་གོ"

7 ༧་ །ད་ཁོ་ལ་སེམས་གསོ་ཐོང་ཞིག །དེ་མིན་སེམས་སྐྱོ་ཆེ་སྟབས་ཀྱིས་མི་དེ་སྡུག་བསྔལ་གྱིས་གནོན་པར་འགྱུར་རོ།"

8 ༨་ །དེ་བས་ན་མི་དེ་ལ་བྱམས་པར་གྱིས་ཤིག་ཅེས་ངས་བསྐུལ་ལོ།"

9 ༩་ །གང་ས་ནས་བཀའ་ལ་ཉན་ནམ་མི་ཉན་ཚོད་བལྟ་བའི་ཕྱིར་ངས་བྲིས་པ་ཡིན།"

10 ༡༠་ ཁྱེད་ཚོས་སུ་ལ་བཟོད་པ་བཞེས་ན་ངས་ཀྱང་བཟོད་པར་བྱའོ། ངས་བཟོད་པར་བྱས་ཡོད་ན།"

11 ༡༡་ ངས་ས༷་ཏན་གྱི་བྱུས་ངན་ཤེས་པས། ས༷་ཏན་ལ་གླགས་མི་རྙེད་པའི་ཕྱིར་ཁྱེད་ཚོའི་དོན་དུ་མ་ཤི་ཀའི་སྐུ་དྲུང་དུ་བཟོད་པ་བྱས་པ་ཡིན་ནོ།། འཕྲིན་བཟང་ལ་འཕེལ་སྐྲིབ།"

12 ༡༢་ །མ་ཤི་ཀའི་འཕྲིན་བཟང་འཆད་པའི་ཕྱིར་ང་ཏྲོ༷་ཡཱ་རུ་བསླེབས་པ་དང་། ཀྱུ་རི་བོས་ང་ལ་སྒོ་ཞིག་ཕྱེས་པར་མཛད་ཀྱང་།"

13 ༡༣་ ངའི་སྤུན་ཏི༷་ཏུ་དེར་མེད་པས་ངའི་སེམས་མ་བདེ་བའི་རྐྱེན་གྱིས་དེ་རྣམས་ལ་ཕྱི་ཕྱག་བྱས་ནས་མ༷་ཀེ་དོན་དུ་སོང་བ་ཡིན།"

14 ༡༤་ མ་ཤི་ཀའི་རྐྱན་གྱིས་ང་ཚོ་དུས་རྒྱུན་དུ་རྒྱལ་བར་འཇུག་ཅིང་། ང་ཚོའི་སྒོ་ནས་ཁོང་ངོ་འཕྲོད་པའི་དྲི་བཟང་ཕྱོགས་ཀུན་ཏུ་རྒྱས་པར་མཛད་པའི་ཨེ་ལོ་ཧིམ་ལ་བསྟོད་བསྔགས་འབུལ་ལོ།"

15 ༡༥་ །ང་ཚོ་ནི་ཨེ་ལོ་ཧིམ་གི་དྲུང་དུ་ཐར་པ་དང་། འཆི་བའི་ལམ་ལ་བགྲོད་པ་རྣམས་ལ་མ་ཤི་ཀའི་དྲི་ཡིན་ཏེ།"

16 ༡༦་ གཅིག་ལ་འཆི་བར་འཁྲིད་པའི་འཆི་བའི་དྲི་དང་། གཅིག་ལ་གསོན་པར་འཁྲིད་པའི་གསོན་པའི་དྲི་ཡིན། དེ་ལྟར་བྱེད་འོས་པ་སུ་ཡིན།"

17 ༡༧་ ཨེ་ལོ་ཧིམ་གྱི་བཀའ་ལ་རིན་མེད་རྩི་བའི་མི་གཞན་མང་པོ་དང་ང་ཚོ་མི་འདྲ་སྟེ། ང་ཚོས་ནི་སེམས་གཙང་ཞིང་། ཨེ་ལོ་ཧིམ་གྱིས་བསྐོས་ནས། ཨེ་ལོ་ཧིམ་གྱི་སྤྱན་སྔར། མ་ཤི་ཀ་པ་བཞིན་དུ་གཏམ་བྱེད་དོ།། །།"

3

1 ༡་ །ང་ཚོས་ཡང་སྐྱར་རང་བསྟོད་བྱེད་པར་འགོ་འཛུག་གམ། གཞན་ཁ་ཅིག་ལྟར་ང་ཚོར་ཁྱེད་ཚོའི་ཕྱིར་རམ་ཁྱེད་ཚོ་ལས་ལག་ཁྱེར་ཡོད་དགོས་སམ།"

2 ༢་ མི་ཀུན་གྱིས་ཀློག་ཅིང་ཤེས་པའི་ཕྱིར་སྙིང་ལ་བྲིས་པ་ཁྱེད་རྣམས། ང་ཚོའི་ལག་ཁྱེར་ཡིན།"

3 ༣་ ཁྱེད་ཚོ་ནི་ང་ཚོས་བྲིས་པའི་མ་ཤི་ཀའི་ཡི་གེ་ཡིན་པར་གསལ་ཏེ། སྣག་ཚ་མ་ཡིན་པར་གསོན་པོའི་ཨེ་ལོ་ཧིམ་གྱི་རུ་ཨག་དང་། རྡོ་ལེབ་ཀྱི་བྱང་བུའི་ཁྲ་མ་ཡིན་པར་མིའི་སྙིང་གི་བྱང་བུའི་ཁར་བྲིས་པར་ངས་སོ།"

4 ༤་ །ང་ཚོས་མ་ཤི་ཀའི་ངང་ནས་ཨེ་ལོ་ཧིམ་ལ་དེ་ལྟ་བུའི་བློ་གདེང་བྱེད་དོ།"

5 ༥་ །ང་ཚོའི་ནུས་པ་ནི་རང་གི་ཕྱོགས་ནས་མིན་ཏེ་ཨེ་ལོ་ཧིམ་གྱི་ཕྱོགས་ནས་ཡིན་པས།"

6 ༦་ ཁོང་གིས་ང་ཚོ་བཀའ་ཁྲིམས་ཀྱི་མ་ཡིན་པར་རུ་ཨག་གི་ཡིན་པའི་ཞལ་ཆད་གསར་པ་ཞིག་གི་ཞབས་རྟོག་བྱེད་ནུས་པར་མཛད་དོ། །བཀའ་ཁྲིམས་ཀྱི་ཡི་གེས་ནི་གསོད་ཅིང་། རུ་ཨག་གྱིས་ནི་གསོན་པར་མཛད་དོ།།"

7 ༧་ །མོ༷་ཤེའི་ཞལ་གྱི་གཟི་བརྗིད་མི་རྟག་པ་ཡིན་ཀྱང་ཡི༷ས་ར་ཨེལ་པ་རྣམས་ཀྱིས་བལྟ་མ་ཕོད། དེ་ལྟར་རྡོ་ལ་ཡི་གེར་བརྐོས་པ་འཆི་བར་འདྲེན་པའི་ཆོས་ཀྱི་ཞགས་ཏོག་ལ་གཟི་བརྗིད་དེ་ཙམ་ལྡན་ན།"

8 ༨་ རུ་ཨག་གི་ཞབས་ཏོག་ལ་གཟི་བརྗིད་ཅི་ཙམ་ལྷག་པར་མི་ལྡན།"

9 ༩་ ཉེས་ཆད་གཏོང་བའི་ཞབས་ཏོག་ལ་གཟི་བརྗིད་ལྡན་ན། དྲང་བ་ཉིད་ཀྱི་ཞབས་ཏོག་ལ་ལྷག་པར་ལྡན་དགོས།"

10 ༡༠་ དེ་ལྟར་གཟི་བརྗིད་དཔང་མེད་ལྡན་པ་དེའི་རྐྱེན་གྱིས་སྔར་གཟི་བརྗིད་ལྡན་པ་དེ་གཟི་བརྗིད་མེད་པར་གྱུར་ཏོ།"

11 ༡༡་ མི་རྟག་པ་དེ་གཟི་བརྗིད་དད་ལྡན་ན། རྟག་པ་དེ་ལྷག་པར་གཟི་བརྗིད་དང་ལྡན་དགོས།"

12 ༡༢་ ང་ཚོར་དེ་ལྟ་བུའི་རེ་བ་ཡོད་པས། སྙིང་སྟོབས་ཆེན་པོས་གཏམ་གླེང་བྱེད་དེ།"

13 ༡༣་ ཡི༷ས་ར་ཨེལ་པ་ལ་མི་རྟག་པའི་གཟི་བརྗིད་ཀྱི་མཐར་ཐུག་མི་ལྟོན་པའི་ཕྱིར་རང་གི་གདོང་ལ་ཁེབས་བཀབ་པའི་མོ༷་ཤེ་ལྟར་མིན་ནོ།"

14 ༡༤་ །འོན་ཀྱང་དེ་རྣམས་ཀྱི་ཤེས་པ་འཐུག་པོར་གྱུར་ཏོ། །དེའི་ཕྱིར་དེ་རིང་གི་བར་དུ་ཞལ་ཆད་རྙིང་པ་ཀློག་དུས་ཁེབས་དེ་བཀབས་ནས་ལུས་སོ། །མ་ཤི་ཀ་འབའ་ཞིག་གི་སྒོ་ནས་ཁེབས་དེ་ཤུ་ནུས་སོ།"

15 ༡༥་ །དེ་རིང་གི་བར་དུ་མོ༷་ཤེའི་མདོ་ཀློག་དུས་སུ་དེ་རྣམས་ཀྱི་སྙིང་ཁེབས་ཀྱིས་བཀབ་ཀྱང་།"

16 ༡༦་ ཀྱུ་རི་བོའི་ཕྱོགས་སུ་སེམས་སྒྱུར་ན། ཁེབས་དེ་མེད་པར་འགྱུར་རོ།"

17 ༡༧་ །ཀྱུ་རི་བོ་ནི་རུ་ཨག་ལགས་ཏེ། ཀྱུ་རི་བོའི་རུ་ཨག་ཡོད་སར་ཐར་པ་ཡོད།"

18 ༡༨་ གདོང་ཁེབས་མེད་པ་ང་ཚོ་ཐམས་ཅད་ཀྱུ་རི་བོའི་གཟི་བརྗིད་ཀྱི་མེ་ལོང་ཡིན་པས། རུ་ཨག་ལགས་པའི་ཀྱུ་རི་བོའི་མཐུས། ཁོང་དང་མཚུངས་པར་འགྱུར་ཕྱིར་ང་ཚོའི་གཟི་བརྗིད་རིམ་པ་ནས་རིམ་པར་འགྱུར་རོ།། །།"

4

1 ༡་ །ཐུགས་རྗེའི་སྒོ་ནས་ང་ཚོ་ཞབས་ཏོག་འདི་ལ་བསྐོས་པས། སྙིང་ཆུང་མི་བྱེད་དོ།"

2 ༢་ །ང་ཚོས་མི་མཛེས་ཤིང་ལྐོག་གི་བྱ་བ་སྤངས་ནས། གཡོ་ཁྲམ་མི་བྱེད་ཅིང་ཨེ་ལོ་ཧིམ་གྱི་བཀར་ལྷད་ཀྱིས་མི་སླད་པར། བདེན་པ་མངོན་སུམ་དུ་སྟོན་ཞིང་། ཨེ་ལོ་ཧིམ་གྱི་སྤྱན་སྔར་མི་ཐམས་ཅད་ཀྱི་ཤེས་བཟང་ལ་ཡིད་དུ་འོང་བར་འགྱུར་བར་བརྩོན་ནོ།"

3 ༣་ །ང་ཚོས་འཆད་པའི་འཕྲིན་བཟང་ལ་ཁེབས་ཀྱིས་སྒྲིབ་པ་ལྟར་སྣང་ན་འཆི་བར་བགྲོད་པའི་དད་མེད་འབའ་ཞིག་གི་ཕྱིར་ཡིན་གྱི།"

4 ༤་ དེ་རྣམས་ཀྱིས་ཨེ་ལོ་ཧིམ་དང་མཚུངས་པའི་མ་ཤི་ཀའི་གཟི་བརྗིད་ཀྱི་འཕྲིན་བཟང་གི་འོད་མི་མཐོང་བའི་ཕྱིར་དུ། འཇིན་རྟེན་འདིའི་ལྷས་སེམས་ལྡོངས་སུ་བཅུག་པ་ཡིན།"

5 ༥་ ང་ཚོས་རང་མི་སྒྲོག་གི། །མ་ཤི་ཀ་ཡེ་ཤུ་ཀྱུ་རི་བོ་ལགས་པ་སྒྲོག་གོ །ང་ཚོ་ནི་ཡེ་ཤུའི་དོན་དུ་ཁྱེད་ཚོའི་ཞབས་ཏོག་པ་ཡིན་ནོ།"

6 ༦་ །ཨེ་ལོ་ཧིམ་གྱི་གཟི་བརྗིད་ཀྱི་རྟོགས་པའི་འོད་མ་ཤི་ཀའི་ཞལ་གདོང་ལས་སྤྲོ་བའི་ཕྱིར། ཨེ་ལོ་ཧིམ་གྱིས་མུན་པའི་ནང་དུ་འོད་ཤར་ཞིག་གསུངས་པས། ང་ཚོའི་སྙིང་གི་ནང་དུ་ཤར་ཏོ།།"

7 ༧་ །དཔག་ཏུ་མེད་པའི་སྟོབས་ང་ཚོའི་མ་ཡིན་པར་ཨེ་ལོ་ཧིམ་གྱི་ཡིན་པར་སྟོན་པའི་ཕྱིར་དུ། གཏེར་འདི་ང་ཚོའི་རྩར་རྫ་བུམ་གྱི་ནང་དུ་ཡོད།"

8 ༨་ ཕྱོགས་ཀུན་ནས་ནོན་ཀྱང་ང་ཚོ་མི་ཆག །མགོ་འཐོམས་ཀྱང་ཡིད་མི་མུག"

9 ༩་ །འཚེ་ཡང་དོར་བ་མིན། སྒྱེལ་ཡང་མི་འཆི། ང་ཚོའི་ལུས་ནང་ཡེ་ཤུའི་གསོན་པ་ཉིད་མངོན་པའི་ཕྱིར་དུ།"

10 ༡༠་ ཡེ་ཤུའི་གྲོངས་པ་དེའང་རྟག་ཏུ་རང་གི་ལུས་ནང་འཁུར་རོ།"

11 ༡༡་ །ང་ཚོའི་མི་རྟག་པའི་ལུས་ཀྱི་ནང་ནའང་ཡེ་ཤུའི་གསོན་པ་ཉིད་མངོན་པའི་ཕྱིར་དུ། ང་ཚོ་གསོན་པོར་ཡོད་རིང་ཡེ་ཤུའི་དོན་དུ་འཆི་བའི་ལག་ཏུ་བཏད་པ་ཡིན་པས།"

12 ༡༢་ ང་ཚོའི་ནང་འཆི་བས་ལས་བྱེད་ཅིང་། ཁྱེད་ཚོའི་ནང་གསོན་པ་ཉིད་ཀྱིས་ཕྲིན་ལས་མཛད་དོ།"

13 ༡༣་ །མདོ་ན། ངས་དད་པ་བྱས་པས་གཏམ་ཡང་བྱས། ཞེས་བྲིས་པ་དང་འདྲ་བའི་དད་པ་གནང་བའི་ཐུགས་ཉིད་ང་ཚོ་ལ་ཡོད་དེ།"

14 ༡༤་ ཀྱུ་རི་བོ་ཡེ་ཤུ་གཤིན་པོའི་དཀྱིལ་ནས་སྐུ་གསོན་པོར་བསླངས་པ་ཁོང་གིས་ང་ཚོའང་ཡེ་ཤུ་དང་མཉམ་དུ་བསླངས་ནས། ཁྱེད་ཚོ་དང་ལྷན་ཅིག་ཏུ་ཉིད་ཀྱི་སྤྱན་སྔར་འཇོག་པར་འགྱུར་བ་ཤེས་ཏེ། ང་ཚོས་ཀྱང་དད་པ་བྱེད་པས་གཏམ་བྱེད་དོ།"

15 ༡༥་ །དེ་ཐམས་ཅད་ཁྱེད་ཚོའི་དོན་དུ་བྱུང་བས། ཇི་ཙམ་མི་མང་པོ་ལ་ཐུགས་རྗེས་རྒྱས་པ་དེ་ཙམ་ཨེ་ལོ་ཧིམ་གྱི་དཔལ་ལ་བསྟོད་བསྔགས་འབུལ་བར་འགྱུར་རོ།།"

16 ༡༦་ །དེའི་ཕྱིར་ང་ཚོས་སྙིང་ཆུང་མི་བྱེད་པར་ལུས་ནི་རྒུད་ཀྱིས་འགྲོ་ཡང་། སེམས་ནི་ཞག་པས་ཞག་གསར་དུ་འགྲོའོ།"

17 ༡༧་ །ཡུད་ཙམ་གྱི་སྡུག་བསྔལ་ཡང་བ་འདིས། ངེད་ཀྱི་དོན་དུ་རྟག་པའི་དཔལ་ལྷུན་འགྲན་ཟླ་བྲལ་བ་ཞིག་ཤོམ་མོ།"

18 ༡༨་ །མཐོང་བ་རྣམས་མི་རྟག་པ་ཡིན་ཅིང་། མི་མཐོང་བ་རྣམས་རྟག་པ་ཡིན་པས། ང་ཚོས་མཐོང་བ་རྣམས་ལ་མི་ལྟ་བར། མི་མཐོང་བ་རྣམས་ལ་ལྟའོ།། །།"

5

1 ༡་ །ང་ཚོའི་མི་རྟག་པའི་གུར་ཁང་ཞིག་ན། ནམ་མཁའ་རུ་མིའི་ལག་པས་མ་བཟོས་པའི་རྟག་པའི་ཁང་པ་ཞིག་ཨེ་ལོ་ཧིམ་ནས་ང་ཚོར་ཐོབ་འོང་བ་ཤེས་པས།"

2 ༢་ ང་ཚོ་ནམ་མཁའི་ཁང་པའི་གོས་གོན་པའི་ཕྱིར་གདུང་ཞིང་འཁུན་ནོ།"

3 ༣་ །དེ་གོན་པས་ང་ཚོ་གཅེར་བུར་མི་མཐོང་།"

4 ༤་ ད་དུང་གུར་འདིའི་ནང་ཡོད་པའི་རིང་གདུང་པས་ནོན་ཅིང་ཤུགས་ནར་བྱེད་པ་ནི། གོས་འདི་འབུད་པའི་ཕྱིར་མ་ཡིན་པར། མི་རྟག་པ་དེ་གསོན་པ་ཉིད་ནང་འཐིམ་པའི་ཕྱིར་བརྩེགས་ནས་གོན་པས་འདོད་པས་སོ།"

5 ༥་ །དོན་དེའི་ཕྱིར་ང་ཚོ་བཟོ་བར་མཛད་མཁན་ནི། རུ་ཨག་གཏའ་མར་གནང་བའི་ཨེ་ལོ་ཧིམ་ལགས་སོ།"

6 ༦་ ལུས་ཀྱི་ཁང་པའི་ནང་ཡོད་རིང་དུ་ཀྱུ་རི་བོའི་དྲུང་དུ་མེད་པར་ཤེས་ཀྱང་།"

7 ༧་ མིག་གིས་མཐོང་བ་ལྟར་མི་སྤྱོད་པར་དད་པ་ལྟར་སྤྱོད་པས། ང་ཚོ་རྒྱུན་དུ་སྙིང་སྟོབས་ལྡན་ཞིང་།"

8 ༨་ ལུས་དང་བྲལ་ཏེ་ཀྱུ་རི་བོ་དང་མཉམ་དུ་གནས་པར་འདོད་དོ།"

9 ༩་ །དེའི་ཕྱིར་ང་ཚོ་ཁང་པའི་ནང་ཡོད་རུང་མེད་རུང་། ཁོང་མཉེས་སུ་འཇུག་པ་ལ་བརྩོན་ནོ།"

10 ༡༠་ །ང་ཚོ་རེ་རེས་ལུས་ནང་ཡོད་དུས་སུ་བྱས་པའི་ལས་བཟང་ངན་ཐོབ་པའི་ཕྱིར། མ་ཤི་ཀའི་ཞལ་ཆེའི་ཁྲིའི་དྲུང་དུ་ལང་བར་དགོས་སོ།།"

11 ༡༡་ །ང་ཚོས་ཀྱུ་རི་བོ་ལ་འཇིགས་པར་ཤེས་ནས། མི་རྣམས་ལ་ནན་གྱིས་སྐུལ་ཏེ། ང་ཚོ་གང་ཡིན་པ་དེ་ཨེ་ལོ་ཧིམ་གྱིས་མཁྱེན་ཏེ། ཁྱེད་ཚོའི་ཤེས་བཟང་གིས་ཀྱང་ཤེས་པའི་རེ་བ་བྱེད་དོ།"

12 ༡༢་ །ང་ཚོས་ཡང་སྐྱར་རང་བསྟོད་མི་བྱེད་དེ། ཕྱིའི་སྣང་ཚུལ་ངོམ་ཞིང་སྙིང་ངོམ་རྒྱུ་མེད་པ་རྣམས་ལ་ཁྱེད་ཀྱིས་ལན་འདེབས་ནུས་པའི་ཕྱིར། ང་ཚོ་ཁྱེད་ཚོའི་ཕྱིར་ངོམ་པའི་རྒྱུ་ཞིག་ཡིན་ནོ།"

13 ༡༣་ །གལ་ཏེ་ང་ཚོས་དྲན་པ་མི་ཟིན་ན་ཨེ་ལོ་ཧིམ་གྱི་ཕྱིར་དུ་མི་ཟིན་ཞིང་། ཟིན་ན་ཁྱེད་ཚོའི་དོན་དུ་ཟིན་ཏེ།"

14 ༡༤་ མ་ཤི་ཀའི་བྱམས་པས་ང་ཚོ་ལ་དབང་ངོ་། །ང་ཚོས་ཡིད་ཆེས་པ་ལྟར། གཅིག་ནི་ཐམས་ཅད་ཀྱི་དོན་དུ་གྲོངས་པའི་རྐྱེན་གྱིས་ཐམས་ཅད་ཤིའོ།"

15 ༡༥་ །ཐམས་ཀྱི་དོན་དུ་ཁོང་གྲོངས་པ་ནི་གསོན་པོ་རྣམས་ད་རང་གི་དོན་དུ་མི་གསོན་པར། དེ་ཚོའི་དོན་དུ་གྲོངས་ནས་བཞེངས་པ་ཁོང་གི་ཕྱིར་གསོན་པའི་ཕྱིར་རོ།།"

16 ༡༦་ །ཕྱིན་ཆད་ང་ཚོས་མིའི་སྣང་ཚུལ་གྱིས་མི་བལྟའི། མ་ཤི་ཀ་ལ་ཡང་སྔར་མིའི་སྣང་ཚུལ་གྱིས་བལྟས་ཀྱང་ད་དེ་ལྟ་བུར་མི་བལྟའོ།"

17 ༡༧་ །མ་ཤི་ཀའི་ནང་ཡོད་པ་ཐམས་ཅད་གསར་དུ་གྱུར་པ་ཡིན་ནོ། །རྙིང་པ་རྣམས་མེད་པར་གྱུར་ཏེ། གསར་པ་རྣམས་བྱུང་ངོ།"

18 ༡༨་ །ཐམས་ཅད་ཨེ་ལོ་ཧིམ་ནས་བྱུང་། མ་ཤི་ཀ་རྒྱུད་ནས་ཁོང་གིས་ང་ཚོ་ཁོང་རང་དང་བསྡུམས་ནས། སྡུམ་པ་འདིའི་ཞབས་ཏོག་ང་ཚོ་ལ་བཏད་བྱུང་།"

19 ༡༩་ ཨེ་ལོ་ཧིམ་ནི་མ་ཤི་ཀའི་ནང་བཞུགས་ཤིང་། འཇིག་རྟེན་པ་རང་ཉིད་དང་བསྡུམས་ནས། དེ་རྣམས་ཀྱི་ཉེས་སྐྱོན་རྩིས་པར་མ་མཛད་དོ། །སྡུམ་པའི་བཀའ་སྒྲོག་པ་ནི་ང་ཚོར་བཏད་དོ།"

20 ༢༠་ །དེ་ལྟར་ང་ཚོ་མ་ཤི་ཀའི་ཨ༷་པོ་ཏོ་ལོ་པ་ཡིན་ཅིང་། ཨེ་ལོ་ཧིམ་དང་སྡུམས་ཤིག་ཅེས་མ་ཤི་ཀའི་ཕྱོགས་ནས་ཁྱེད་ཚོར་ནན་གྱིས་ཞུའོ།"

21 ༢༡་ །ཁོང་གི་སྒོ་ནས་ང་ཚོ་ཨེ་ལོ་ཧིམ་གྱིས་དྲང་པོ་རྩི་བའི་ཕྱིར། སྡིག་པ་མི་མཁྱེན་པ་ཁོང་ང་ཚོའི་དོན་དུ་སྡིག་པ་ལྟར་མཛད་དོ།། །།"

6

1 ༡་ །ཁོང་དང་མཉམ་དུ་ལས་བྱེད་མཁན་ཡིན་པས། ང་ཚོས་ཁྱེད་ལ་ཨེ་ལོ་ཧིམ་གྱི་ཐུགས་རྗེ་དོན་མེད་ལ་མ་ལེན་ཞིག་ཅེས་ཞུའོ།"

2 ༢་ །ཁོང་གིས་འདི་སྐད་དུ། །དུས་ལ་བབས་པས་ཁྱེད་ཀྱི་སྨོན་ལམ་བསྐང་། །ཐར་པའི་ཉིན་མོར་ཁྱོད་ལ་གྲོགས་ཀྱང་བྱས། ཞེས་གསུངས་པས། ལྟོས་ཤིག །དུས་ལ་འབབ་པ་ནི་ད་ལྟ་ཡིན། ཐར་པའི་ཉིན་མོ་ནི་ད་ལྟ་ཡིན།"

3 ༣་ ང་ཚོའི་ལས་ཚན་ལ་ཞབས་མི་འདྲེན་པའི་ཕྱིར་གཞན་གྱི་ལམ་ལ་བར་ཆད་མི་གཏོང་།"

4 ༤་ རྣམ་པ་ཐམས་ཅད་དུ་ཨེ་ལོ་ཧིམ་གྱི་ཞབས་ཏོག་པའི་ཚུལ་བཞིན་བཟོད་པ་ཆེན་པོས། སྡུག་བསྔལ་དང་། དཀའ་ལས་དང་། རྐྱེན་ངན་དང་།"

5 ༥་ བརྡུང་འཕོག་དང་། བཙོན་དང་། འཁྲུགས་པ་དང་། ངལ་རྩོལ་དང་། གཉིད་མི་ལོག་པ་དང་། ལྟོགས་པ་ཐེག་ཅིང་།"

6 ༦་ གཙང་མ་དང་། ཤེས་རབ་དང་། ངང་རིང་བ་དང་། སྙིང་རྗེ་དང་། དམ་པའི་རུ་ཨག་དང་། བཅོས་མ་ཡིན་པའི་བྱམས་པ་དང་།"

7 ༧་ བདེན་པའི་ཚིག་དང་། ཨེ་ལོ་ཧིམ་གྱི་ནུས་མཐུ་དང་། ལག་པ་གཡས་གཡོན་ལ་དྲང་བ་ཉིད་ཀྱི་མཚོན་ཆ་དང་ལྡན་ཏེ།"

8 ༨་ བསྟོད་རུང་སྨད་རུང་། སྙན་པ་བརྗོད་རུང་མི་སྙན་པ་བརྗོད་རུང་། རང་གི་ཡོན་ཏན་སྟོན་པར་བྱེད་དོ། །རྫུས་མར་རྩི་ཡང་དྲང་པོ་ཡིན།"

9 ༩་ གྲགས་མེད་རྩི་ཡང་གྲགས་ཅན་ཡིན། འཆི་ལ་ཁད་དུ་རྩི་ཡང་གསོན་པོ་ཡིན། གསོད་འོས་པར་རྩི་ཡང་མ་བསད་པར་བཞག་པ་ཡིན།"

10 ༡༠་ སྡུག་བསྔལ་བར་རྩི་ཡང་རྟག་ཏུ་སྐྱིད། དབུལ་པོར་རྩི་ཡང་གཞན་ལ་ནོར་མང་སྦྱིན། ཅིའང་མེད་པར་རྩི་ཡང་ཐམས་ཅད་དང་ལྡན་ནོ།།"

11 ༡༡་ །ཀོ༷་རིན་ཐུ་པ་རྣམས། ང་ཚོས་ཁྱེད་ཚོས་དྲང་པོར་སྨྲ་སྟེ། ང་ཚོའི་བརྩེ་བའི་སྙིང་འབྱེད་དོ།"

12 ༡༢་ །ང་ཚོའི་ཕྱོགས་ནས་ཁྱེད་ཚོར་སྙིང་གུ་དོག་མི་བྱེད་ཀྱང་། ཁྱེད་ཚོའི་སྙིང་གུ་དོག་དང་ལྡན་ནོ།"

13 ༡༣་ །དེའི་ལན་དུ་རང་གི་སྙིང་ཡངས་པར་བྱོས་ཤིག་ཅེས་བུ་ལ་སྨྲས་པ་ལྟར་ཟེར་རོ།།"

14 ༡༤་ དད་མེད་ཡ་མི་མཚུངས་དང་མཉམ་གཉའ་ཤིང་མ་ཁུར་ཞིག །དྲང་བ་ཉིད་དང་དད་མེད་པ་ལ་འབྲེལ་ཅི་ཡོད། འོད་དང་མུན་པ་ལ་འབྲེལ་ཅི་ཡོད།"

15 ༡༥་ མ་ཤི་ཀ་དང་ས༷་ཏན་ལ་མཐུན་པ་ཅི་ཡོད། དད་ལྡན་དང་དད་མེད་ལ་མཚུངས་པ་ཅི་ཡོད།"

16 ༡༦་ ཨེ་ལོ་ཧིམ་གྱི་སྨོན་ལམ་ཁང་དང་སྐུ་འདྲ་ལ་ཁ་འཆམ་པ་ཅི་ཡོད། ང་ཚོ་གསོན་པོའི་ཨེ་ལོ་ཧིམ་གྱི་སྨོན་ལམ་ཁང་ཡིན་ཏེ། ཇི་སྐད་དུ་ཨེ་ལོ་ཧིམ་གྱིས། །ང་ནི་དེ་ཚོའི་དཀྱིལ་དུ་བཞུགས། །དེ་ཚོའི་ནང་དུ་རྒྱུ་བར་བྱ། །ང་ནི་དེ་ཚོའི་ཨེ་ལོ་ཧིམ་དང་། །དེ་རྣམས་ང་ཡི་འབངས་སུ་འགྱུར།"

17 ༡༧་ །གསུངས་ཤིང་ཡང་སྐྱར་འདི་སྐད་དུ། །དེ་ཚོའི་དཀྱིལ་ནས་ཕྱིར་ཐོན་ཏེ། །ཁྱེད་ཅག་སོ་སོར་སྡོད་ཅིག་དང་། །མི་གཙང་གང་ལའང་མ་རེག་ཅིག །དེ་ནས་ང་ཡིས་ཁྱོད་བསུ་ཞིང་།"

18 ༡༨་ །ང་ནི་ཁྱོད་ཀྱི་ཡབ་ཏུ་གྱུར། ཞེས་ཀུན་དབང་གི་ཨ་ཧོ་ཝས་བཀའ་གནང་ངོ།། །།"

7

1 ༡་ །གཅེས་པ་རྣམས། དེ་ལྟ་བུའི་ཞལ་ཆད་ཡོད་པས། རང་གི་ལུས་དང་སེམས་ཀྱི་མི་གཙང་བ་ཐམས་ཅད་འདག་སྟེ། ཨེ་ལོ་ཧིམ་ལ་འཇིགས་ཤིང་དམ་པ་ཕུལ་དུ་བྱུང་བར་ཤོག།"

2 ༢་ །ང་ཚོའི་ཕྱིར་ཁྱེད་ཀྱི་སྙིང་སྒོ་ཕྱེས་ཤིག །ང་ཚོས་སུ་ལའང་མི་རིགས་པའམ་མ་རུང་བའམ་ཟོལ་ཟོག་མ་བྱས།"

3 ༣་ ཁྱེད་ཅག་ང་ཚོའི་སྙིང་ནང་ཡོད་ཅིང་མཉམ་ཤི་མཉམ་གསོན་ཡིན་ཞེས་སྔོན་དུ་ངས་སྨྲས་ཏེ། ཁྱེད་ཚོར་སྐྱོན་འགེལ་དུ་དེ་ལྟར་མི་ཟེར།"

4 ༤་ ང་ལ་ཁྱེད་ཚོའི་བློ་གདེང་ཆེན་པོ་ཡོད། ངོམ་རྒྱུ་ཆེན་པོ་ཡོད། བློ་བདེ་ཆེན་པོ་ཡོད། སྡུག་བསྔལ་མང་རུང་ང་དགའ་སྤྲོས་འཁྱབ་བོ།"

5 ༥་ །ང་ཚོ་མ༷་ཀེ་དོན་དུ་བསླེབས་པའི་དུས་སུའང་། ང་ཚོར་སྐྱིད་པོ་མ་བྱུང་ཞིང་། ཕྱི་ན་འཁྲུག་པ་དང་ནང་ན་འཇིགས་པས་ཕྱོགས་ཀུན་ནས་སྡུག་བསྔལ་མང་པོ་བྱུང་ཡང་།"

6 ༦་ དམན་པ་རྣམས་ལ་སེམས་གསོ་གནང་བའི་ཨེ་ལོ་ཧིམ་གྱིས་ཏི༷་ཏུ་སྩལ་ཏེ། ང་ཚོར་སེམས་གསོ་གནང་བྱུང་།"

7 ༧་ ཁོ་འོངས་པ་མ་ཟད། ཁོ་ལ་ཁྱེད་ཚོ་ལས་བྱུང་བའི་སེམས་གསོ་དང་། ངའི་ཕྱིར་ཁྱེད་ཚོའི་གདུང་སེམས་དང་། སེམས་སྐྱོ་དང་། འདུན་པ་རྣམས་བཤད་པས་ལྷག་པར་དགའ་བར་གྱུར་ཏོ།"

8 ༨་ །སྔར་གྱི་ཡི་གེའི་སྒོ་ནས་ཁྱེད་ཚོ་སྐྱོ་བར་བྱས་པས་རེ་ཞིག་འགྱོད་ཀྱང་ད་མི་འགྱོད་དོ། །ཡི་གེ་དེས་ཁྱེད་ཚོ་རེ་ཞིག་སྐྱོ་བར་བྱས་པ་མཐོང་ངོ་།"

9 ༩་ །ད་ཁྱེད་ཚོ་སྐྱོ་བས་ང་མི་དགའི་འགྱོད་ཚངས་སྐྱེད་པའི་སྐྱོ་བ་སྐྱེས་པས་ང་དགའ་འོ། །ཁྱེད་ཚོར་འགྱོད་པ་སྐྱེས་པས་ང་ཚོ་ལ་གནོད་པ་ཅིའང་མ་བྱུང་།"

10 ༡༠་ འགྱོད་པས་ཕྱིས་མི་འཚར་བའི་ཐར་ལམ་ལ་བཀོད་ཀྱང་། མྱ་ངན་གྱིས་འཆི་བར་འདྲེན་ནོ།"

11 ༡༡་ །འགྱོད་པ་འདིས་ཁྱེད་ཇི་ལྟ་བུའི་བརྩོན་འགྲུས་དང་། རྒྱུ་རྐྱེན་བརྗོད་པ་དང་། ཁྲོ་བ་དང་། འཇིགས་པ་དང་། གདུང་སེམས་དང་། འདུན་པ་དང་། གཤགས་འབྱེད་པ་བསྐྱེད། དེའི་ནང་ཁྱེད་ཚོ་རྣམ་པ་ཀུན་ཏུ་མནོངས་མེད་པ་མངོན་ཏོ།"

12 ༡༢་ །ངས་ཁྱེད་ལ་ཡི་གེ་བྲིས་རུང་། ཉེས་ཅན་དེའི་སྒོ་ནས་ཀྱང་མ་ཡིན། གང་ལ་ཉེས་པ་དེའི་སྒོ་ནས་ཀྱང་མ་ཡིན། ཁྱེད་ཚོས་ང་ཚོའི་ཕྱིར་ཤ་ཚ་བྱེད་པ་དེ་ཨེ་ལོ་ཧིམ་གྱི་དྲུང་དུ་ཁྱེད་ལ་མངོན་པའི་སྒོ་ནས་ཡིན་པས།"

13 ༡༣་ ང་ཚོར་སེམས་གསོ་བྱུང་ངོ་། །ང་ཚོའི་བློ་བདེ་བ་མ་ཟད། ཁྱེད་རྣམས་ཀྱིས་ཏི༷་ཏུའི་བློ་བདེ་རུ་བཅུག་པས། ཁོའི་དགའ་བ་ཡིས་ང་ཚོ་ལྷག་པར་དུ་དགའོ།"

14 ༡༤་ །ཁོའི་མདུན་ཁྱེད་ཚོ་ངོམ་པ་ལས་ང་ངོ་ཚ་བའི་རྒྱུར་མ་གྱུར། ཁྱེད་ཚོར་སྨྲས་པ་ཐམས་ཅད་བདེན་པ་ཡིན་པ་ལྟར། ཏི༷་ཏུའི་མདུན་དུ་ངོས་པའང་བདེན་པར་བྱུང་ངོ་།"

15 ༡༥་ །ཁྱེད་ཚོས་ཇི་ལྟར་འཇིགས་ཤིང་འདར་བས་ཁོ་བསུ་ཞིང་ཁ་ལ་ཉན་པ་དྲན་པའི་ཚེ། ཁོའི་སྙིང་གི་བྱམས་པ་ཁྱོད་ཚོའི་ཕྱོགས་སུ་ལྷག་པར་འཕེལ་ལོ། །ང་ལ་རྟག་ཏུ་ཁྱེད་ཚོའི་ནང་བློ་གདེང་ཡོད་པས་ང་དགའོ།། །།"

8

1 ༡་ །སྤུན་རྣམས། ཨེ་ལོ་ཧིམ་གྱིས་མ༷་ཀེ་དོན་གྱི་མ་ཤི་ཀ་པ་རྣམས་ལ་གནང་བའི་ཐུགས་རྗེ་ཁྱེད་ཚོར་ལ་འཆད་པར་འདོད་དོ།"

2 ༢་ །དེ་རྣམས་ཤིན་ཏུ་སྡུག་བསྔལ་རུང་དགའ་སྤྲོ་ཆེན་པོ་དང་། ཤིན་ཏུ་དབུལ་རུང་གཏོང་ཕོད་ཆེན་པོའི་འབྱོར་པ་དང་ལྡན་ཏེ།"

3 ༣་ མ་ཤི་ཀ་པ་རྣམས་ལ་རོགས་བྱེད་པའི་ནང་འགན་འཁུར་བའི་ཕྱིར་ང་ཚོར་བཅོལ་ཞིང་།"

4 ༤་ ཐུབ་པ་བཞིན་མ་ཟད། ཐུབ་པ་ལས་ལྷག་དགའ་བཞིན་བཏང་བ་ཡིན་པ་ལ་ངས་དཔང་པོ་བྱེད་དོ།"

5 ༥་ །ང་ཚོའི་རེ་བ་ལས་ལྷག་པ་དེ་ཚོས་སྔར་རང་ཀྱུ་རི་བོ་ལ་ཕུལ་ནས། དེ་ནས་ཨེ་ལོ་ཧིམ་གྱི་ཐུགས་དགོངས་བཞིན་ང་ཚོ་ལ་བཏད་དོ།"

6 ༦་ །དེ་བཞིན་དུ་ང་ཚོས་ཏི༷་ཏུ་ལ། སྦྱིན་པའི་ལས་འདི་ཁོས་ཁྱེད་ཚོའི་དཀྱིལ་དུ་འགོ་བརྩམས་པ་ལྟར། མཐར་སྐྱེལ་བའི་ཕྱིར་བསྐུལ་ཏོ།"

7 ༧་ །ཁྱེད་ཚོ་དད་པ་དང་། ངག་དང་། རྟོགས་པ་དང་། བརྩོན་འགྲུས་དང་། ང་ཚོ་ལ་བརྙེས་པའི་བྱམས་པའི་ནང་ཁྱད་པར་འཕགས་པ་ལྟར། སྦྱིན་པའི་ནང་དུའང་འཕགས་པར་གྱུར་ཅིག"

8 ༨་ །འདི་ངས་བཀའ་བཀོད་པ་ལྟར་མི་ཟེར་གྱི་གཞན་པའི་འབད་རྩོལ་དང་ཁྱེད་ཚོའི་བྱམས་པ་དངོས་མ་ཡིན་མིན་ཚོད་ལྟ་བའི་ཕྱིར་དུ་ཟེར་རོ།"

9 ༩་ །ཁྱེད་ཚོས་ཀྱུ་རི་བོ་ཡེ་ཤུ་མ་ཤི་ཀའི་ཐུགས་རྗེ་ཤེས་ཤིང་། ཁོང་དབུལ་བའི་སྒོ་ནས་ཁྱེད་ཚོ་ཕྱུག་པོར་གྱུར་བའི་ཕྱིར། ཁོང་ཕྱུག་པོ་ཡིན་ཀྱང་ཁྱེད་ཀྱི་དོན་དུ་དབུལ་པོར་གྱུར་ཏོ།"

10 ༡༠་ །དེའི་སྐོར་ལ་ངས་འདི་ལྟར་གྲོས་འདེབས་ཏེ། ན་ནིང་ཁྱེད་ཚོས་བྱ་བ་དེ་འགོ་བཙུགས་པ་མ་ཟད། དམིགས་ཡུལ་བཞིན་དུ་ད་མཐར་སྐྱེལ་བ་ལེགས་སོ།"

11 ༡༡་ །ཇི་ལྟར་དམིགས་པ་དེ་གང་ཐུབ་སྒྲུབ་པར་རིགས་སོ།"

12 ༡༢་ །མི་ཞིག་ལ་སྦྱིན་པ་གཏོང་སེམས་ཡོད་ན་མེད་པ་ཞིག་མ་ཡིན་པར་གང་ཡོད་པ་ཞིག་སྦྱིན་ན་དེ་ལ་ཨེ་ལོ་ཧིམ་ཐུགས་དགྱེས་སོ།"

13 ༡༣་ །གཞན་ལ་སྐྱིད་པོ་དང་ཁྱེད་ཚོར་སྡུག་པོ་གཏང་བའི་དོན་དུ་མིན། ཐམས་ཅད་ཆ་མཉམ་པའི་ཕྱིར་དུ་ཡིན།"

14 ༡༤་ དེ་དག་གི་འབྱོར་པས་ཁྱེད་ཚོའི་དགོས་དོན་བསྐང་ནས་མཉམ་པར་འགྱུར་བའི་ཕྱིར། ད་ལམ་ཁྱེད་ཚོའི་འབྱོར་པས་དེ་ཚོའི་དགོས་དོན་སྐོངས་ཤིག"

15 ༡༥་ །སྔར་འདི་སྐད་དུ། མང་པོ་བསྡུས་ཀྱང་ལྷག་མ་གྱུར། ཉུང་ངུ་བསྡུས་ཀྱང་ཆད་མ་གྱུར། ཞེས་བྲིས་པ་ལྟར་རོ།།"

16 ༡༦་ །ཏི༷་ཏུའི་སྙིང་ལའང་ཁྱེད་ཀྱི་ཕྱིར་དེ་ལྟ་བུའི་ཤ་ཚ་གནང་བའི་ཨེ་ལོ་ཧིམ་ལ་བསྟོད་བསྔགས་འབུལ་ལོ།"

17 ༡༧་ །དེས་ང་ཚོས་བཅོལ་བ་ལ་ཉན་པ་མ་ཟད། ཁོ་རང་དགའ་ཞིང་གདུང་ཤུགས་ཆེན་པོས་ཁྱེད་ཀྱི་རྩར་འགྲོའོ།"

18 ༡༨་ །འཕྲིན་བཟང་སྒྲོག་པ་ལ་མ་ཤི་ཀ་པ་རྣམས་ཐམས་ཅད་ཀྱིས་བསྟོད་པའི་སྤུན་ཁོང་དང་མཉམ་དུ་གཏོང་ངོ་།"

19 ༡༩་ །དེ་ལྟར་ཡིན་པར་མ་ཟད། སྦྱིན་པའི་ལས་འདིའི་ཕྱིར་ང་ཚོ་མཉམ་དུ་འགྲོ་ཕྱིར་མ་ཤི་ཀ་པ་རྣམས་ཀྱིས་ཁོང་བསྐོས་པ་ཡིན། ལས་འདི་ནི་ཨེ་ལོ་ཧིམ་གྱི་དཔལ་དང་ང་ཚོའི་བསམ་པ་བཟང་པོ་སྟོན་ཕྱིར་སྒྲུབ་བོ།"

20 ༢༠་ །ང་ཚོས་བྱེད་པའི་སྦྱིན་པའི་ཞབས་ཏོག་འདི་ལ་མི་སུས་ཀྱང་གཏམ་ངན་མི་གཏོང་བའི་ཕྱིར་བག་བྱེད་དོ།"

21 ༢༡་ །ཀྱུ་རི་བོའི་གཟིགས་ངོར་འབའ་ཞིག་མ་ཟད་མིའི་མཐོང་ངོར་ཡང་གང་ལེགས་པ་དེ་བྱེད་པར་དམིགས་སོ།"

22 ༢༢་ །བྱ་བ་མང་པོའི་ནང་ཚོད་ལྟས་པས། གདུང་ཤུགས་ཅན་དང་། ཁྱེད་ཀྱིས་བློས་འཁེལ་བའི་རྐྱེན་གྱིས་ད་ལྟ་ལྷག་པར་གདུང་ཤུགས་ཆེ་བའི་ང་ཚོའི་སྤུན་དེ་དག་དང་མཉམ་གཏོང་ངོ་།"

23 ༢༣་ །ཏི༷་ཏུ་ནི་ངའི་རོགས་པ་དང་། ཁྱེད་ཀྱི་དོན་དུ་ངའི་ལས་རོགས་ཡིན། སྤུན་གཞན་གཉིས་པོ་མ་ཤི་ཀ་པ་རྣམས་ཀྱི་ཕོ་ཉ་དང་མ་ཤི་ཀའི་རྒྱན་ཡིན།"

24 ༢༤་ དེ་བས་ན་མ་ཤི་ཀ་པ་རྣམས་ཀྱི་མདུན་དུ་ཁྱེད་ཚོའི་བྱམས་པ་དང་། ང་ཚོས་ཁྱེད་ཚོས་ངོས་པ་དེ་མདེན་པ་ཡིན་པར་ཕོ་ཉ་དེ་རྣམས་ལ་སྟོན་ཞིག། །།"

9

1 ༡་ །མ་ཤི་ཀ་པ་རྣམས་ཀྱི་ཕྱིར་འབུལ་སྡུད་ཀྱི་སྐོར་དུ། ངས་ལྷག་པ་འབྲི་དགོས་མི་འདུག"

2 ༢་ །ངས་ཁྱོད་ཚོའི་གཏོང་སེམ་ཤེས་ནས། ཁྱེད་ཚོ་ཨ༷་ཁ་ཡཱ་པ་རྣམས་ན་ནིང་ནས་གྲལ་འགྲིག་འདུག་ཟེར་ཞིང་། མ༷་ཀེ་དོན་པ་རྣམས་ལ་ངོམ་པ་ཡིན། ཁྱེད་ཚོའི་འདུན་པས་མི་མང་པོའི་སེམས་ལ་ངར་ཤུགས་བསྐྱེད་དོ།"

3 ༣་ །བྱ་བ་འདི་ནང་ངས་ཁྱེད་ཚོ་ངོམ་པ་དོན་མེད་མི་འགྱུར་བར། ངས་ཁྱེད་ཚོ་གྲལ་འགྲིག་འདུག་ཅེས་སྨྲས་པ་ལྟར་ཡོད་ཕྱིར་སྤུན་དེ་རྣམས་བཏང་ངོ་།"

4 ༤་ །གལ་སྲིད་མ༷་ཀེ་དོན་པ་རེ་ང་དང་མཉམ་དུ་འོངས་ནས། ཁྱེད་ཚོ་གྲལ་འགྲིག་མེད་པར་མཐོང་ན། ཁྱེད་ཚོ་ལྟ་ཞོག་ང་ཚོ་ལའང་བློས་འཁེལ་དྲགས་པས་ངོ་ཚ་འབྱུང་སྲིད།"

5 ༥་ དེའི་ཕྱིར་ཁ་ཆད་བྱས་པའི་འབུལ་སྡུད་རྣམས་སྔོན་ལ་གྲལ་འགྲིག་བྱེད་པའི་ཕྱིར། སྤུན་དེ་རྣམས་ང་ལས་སྔོན་དུ་གཏོང་བ་གལ་ཆེ་བསམས་སོ། །དེ་ནས་སེར་སྣ་མེད་པར་གཏོང་ཕོད་ཀྱི་འབུལ་བར་འགྱུར་རོ།"

6 ༦་ །དོན་ནི་འདི་ཡིན། ས་བོན་ཉུང་ངུར་བཏབ་ན། ལོ་ཐོག་ཀྱང་ཉུང་ངུར་སྡུའོ། །ས་བོན་མང་བར་བཏབ་ན། ལོ་ཐོག་ཀྱང་མང་བར་སྡུའོ།"

7 ༧་ །རེ་རེས་སེམས་ཕངས་བཞིན་དུ་མི་གཏོང་ཀ་མེད་ཀྱིས་མ་ཡིན་པར་རང་སེམས་དགའ་བཞིན་དུ་ཐོང་ཞིག །སེམས་དགའ་བཞིན་སྦྱིན་པ་ལ་ཨེ་ལོ་ཧིམ་ཐུགས་མཉེས་སོ།"

8 ༨་ །མདོ་ན། །ཡོངས་སུ་བཀྲམ་ཞིང་དབུལ་པོར་གནང་། །ཁོང་གི་གཏོང་སེམས་རྟག་ཏུ་གནས། ཞེས་བྲིས་པ་བཞིན་དུ།"

9 ༩་ ཁྱེད་ཚོ་རྒྱུན་དུ་ལོངས་སྤྱོད་ཕུན་སུམ་ཚོགས་ཤིང་། ལས་བཟང་པོ་ཀུན་གྱི་ཕྱིར་མང་དུ་གཏོང་བར། ཨེ་ལོ་ཧིམ་གྱིས་ཁྱེད་ཚོའི་ལོངས་སྤྱོད་རྒྱས་པར་མཛད་ནུས་སོ།"

10 ༡༠་ །ཞིང་པར་ས་བོན་དང་ཟ་རུ་བག་ལེབ་གནང་མཁན་ཁོང་གིས་ཁྱེད་ཚོར་གཏེར་ཁ་ཡང་སྦྱོར་ཞིང་སྤེལ་ཏེ། ཁྱེད་ཀྱི་གཏོང་སེམས་ཀྱི་ལོ་ཐོག་རྒྱས་པར་མཛད་པར་འགྱུར།"

11 ༡༡་ ཁྱེད་རྣམ་པ་ཀུན་ཏུ་གཏོང་ཕོད་ཀྱི་འབྱོར་པ་དང་ལྡན་ཏེ། ང་ཚོས་ཨེ་ལོ་ཧིམ་ལ་བསྟོད་བསྔགས་འབུལ་བའི་རྒྱུ་རུ་འགྱུར་རོ།"

12 ༡༢་ །ཞབས་ཏོག་འདི་ཡིས་མ་ཤི་ཀ་པ་རྣམས་ཀྱི་དགོས་འདོད་བསྐང་བ་མ་ཟད། ཨེ་ལོ་ཧིམ་ལ་བསྟོད་བསྔགས་མང་པོ་འབྱུང་ངོ་།"

13 ༡༣་ །ཞབས་གཏོག་གི་མངོན་རྟགས་འདིའི་སྒོ་ནས། མ་ཤི་ཀའི་འཕྲིན་བཟང་བླང་བའི་བཀའ་ལ་ཉན་པ་དང་། དེ་རྣམས་དང་གཞན་རྣམས་ལ་གཏོང་ཕོད་ཀྱི་འབུལ་བ་ཕུལ་བས། དེ་རྣམས་ཀྱིས་ཨེ་ལོ་ཧིམ་ལ་བསྟོད་པ་འབུལ་ལོ།"

14 ༡༤་ །ཁྱེད་ཚོ་ཨེ་ལོ་ཧིམ་གྱི་ཐུགས་རྗེ་དཔང་ཏུ་མེད་པ་དང་ལྡན་པས། དེ་རྣམས་ཀྱིས་ཁྱེད་ཚོ་དྲན་ཞིང་སྨོན་ལམ་འདེབས་པར་འགྱུར།"

15 ༡༥་ རྗོད་དུ་མེད་པའི་བཀའ་དྲིན་གྱི་ཕྱིར་ཨེ་ལོ་ཧིམ་ལ་བསྟོད་བསྔགས་འབུལ་ལོ།། །།"