1

1 ༡་ ཨེ་ལོ་ཧིམ་གྱི་ཐུགས་དགོངས་ཀྱིས་ཡེ་ཤུ་མ་ཤི་ཀའི་ཨ༷་པོ་ཐོ་ལོ་པ་ལ་འདམས་པའི་པ༷འུ་ལུ་དང་སྤུན་སོ༷ས་ཐེ་ནེ་ཡིས།"

2 ༢་ ཀོ༷་རིན་ཐུ་རུ་ཡོད་པའི་ཨེ་ལོ་ཧིམ་གྱི་མ་ཤི་ཀ་པ་རྣམས། མ་ཤི་ཀ་ཡེ་ཤུའི་ནང་དུ་དག་པ་དང་དམ་པར་འགྱུར་ཕྱིར་བོས་པ་རྣམས་དང་། ང་ཚོའི་ཀྱུ་རི་བོ་ཡེ་ཤུ་མ་ཤི་ཀའི་མཚན་བརྗོད་པ་གང་དུ་གནས་པ་ཐམས་ཅད་ཀྱི་དྲུང་དུ།"

3 ༣་ ང་ཚོའི་ཡབ་ཨེ་ལོ་ཧིམ་དང་ཀྱུ་རི་བོ་ཡེ་ཤུ་མ་ཤི་ཀ་ནས་ཁྱེད་ལ་ཐུགས་རྗེ་དང་ཞི་བདེ་འབབ་པར་ཤོག་ཅིག།"

4 ༤་ །མ་ཤི་ཀ་ཡེ་ཤུའི་ནང་ཁྱེད་ལ་ཨེ་ལོ་ཧིམ་གྱི་ཐུགས་རྗེ་ཐོབ་ནས།"

5 ༥་ འཆད་པ་དང་རྟོགས་པའི་ནང་ཁྱེད་ཕྱུག་པོར་གྱུར་ བས། ངས་ཨེ་ལོ་ཧིམ་ལ་རྒྱུན་དུ་བསྟོད་བསྔགས་འབུལ་ལོ།"

6 ༦་ །ཁྱེད་ནང་མ་ཤི་ཀའི་བསྟན་པ་བརྟན་པོར་ཚུགས་པས།"

7 ༧་ ང་ཚོའི་ཀྱུ་རི་བོ་ཡེ་ཤུ་མ་ཤི་ཀ་མངོན་སུམ་སྟོན་པར་སྒུག་པ་ཁྱེད་ལ། གནང་སྦྱིན་གང་གིའང་དགོས་པ་མེད་དོ།"

8 ༨་ །ཁོང་གིས་ཁྱེད་ཚོ་མཐའ་མའི་བར་དུ་བརྟན་པོ་དང་། ང་ཚོའི་ཀྱུ་རི་བོ་ཡེ་ཤུའི་ཉིན་མོར་དག་པར་མཛད་འོང་།"

9 ༩་ ཉིད་ཀྱི་སྲས་ང་ཚོའི་ཀྱུ་རི་བོ་ཡེ་ཤུ་མ་ཤི་ཀ་དང་འགྲོགས་ཕྱིར་ཁྱེད་ཚོ་བོས་པར་མཛད་པའི་ཨེ་ལོ་ཧིམ་ནི་བསླུ་མེད་ལགས་སོ།།"

10 ༡༠་ །ང་ཚོའི་ཀྱུ་རི་བོ་ཡེ་ཤུ་མ་ཤི་ཀའི་མཚན་ནང་། དབྱེན་པ་མི་བྱེད་པར་གཏམ་གཅིག་དང་བློ་སྙིང་གཅིག་དུ་མཐུན་ཕྱིར་ངས་ཁྱེད་སྤུན་ཚོར་སྐུལ་ལོ།"

11 ༡༡་ །ཁྱེད་སྤུན་རྣམས་ཀྱི་ཁྲོ་དུ་རྩོད་གླེང་ཡོད་པ་ཁ༷་ལོ་པ་དག་གིས་ང་ལ་བཤད།"

12 ༡༢་ ཁྱེད་ལས་སུས་ང་པ༷འུ་ལུ་ཕྱོགས་པ་ཡང་ན། ང་ཨ༷་པོལ་ལོ་ཡང་ན། ང་པེ༷་ཏྲོ་ཡང་ན། ང་མ་ཤི་ཀའི་ཕྱོགས་པ་ཡིན་ཟེར་རོ།"

13 ༡༣་ །མ་ཤི་ཀ་གྱེས་པ་ཡིན་ནམ། པ༷འུ་ལུ་ཁྱེད་ཀྱི་དོན་དུ་རྒྱང་ཤིང་ལ་བརྒྱངས་སམ། པ༷འུ་ལུའི་མིང་ནང་བ༷བ་ཐི་སོ་ཐོབ་བམ།"

14 ༡༤་ ངའི་མིང་ནང་བ༷བ་ཐི་སོ་ཐོབ་ཅེས་ཁྱེད་སུས་ཀྱང་མི་ཟེར་བའི་ཕྱིར།"

15 ༡༥་ཁྱེད་ལས་ཀྲི༷ས་པུ་དང་ག༷་ཡུ་གཉིས་མ་གཏོགས་གཞན་སུ་ལའང་བ༷བ་ཐི་སོ་མ་བཏང་བས། ངས་བསྟོད་བསྔགས་འབུལ་ལོ།"

16 ༡༦་ །ངས་སྟེ༷་ཕ་ནཱའི་ནང་ཚང་ལའང་བ༷བ་ཐི་སོ་བཏང་བ་ཡིན། དེ་མིན་གཞན་ལ་ངས་བ༷བ་ཐི་སོ་བཏང་བ་མི་དྲན་ནོ།"

17 ༡༧་ །མ་ཤི་ཀས་ང་བ༷བ་ཐི་སོ་དུ་མ་མངགས་ཀྱིས། འཕྲིན་བཟང་འཆད་དུ་མངགས་སོ། །དེའང་མ་ཤི་ཀའི་རྒྱང་ཤིང་དོན་མེད་མི་འགྱུར་ཕྱིར་ངག་དབང་གི་ཤེས་རབ་ཀྱིས་མིན།།"

18 ༡༨་ །རྒྱང་ཤིང་གི་བསྟན་པ་ནི་འཇིག་རྟེན་པ་ཚོས་བླུན་གཏམ་དུ་རྩི་ཞིང་། ང་ཚོ་ཐར་བ་རྣམས་ཀྱིས་ནི་ཨེ་ལོ་ཧིམ་གྱི་དབང་ལ་རྩིའོ།།"

19 ༡༩་ མཁས་པའི་ཤེས་རབ་ངས་བརླག་འོང་།། བློ་ལྡན་བློ་གྲོས་མེད་པར་བྱ།། ཞེས་བྲིས་པ་བཞིན་ནོ།"

20 ༢༠་ །ད་མཁས་ག་རེ། མཁན་པོ་ག་རེ། རྩོད་གླེང་པ་ག་རེ། འཇིག་རྟེན་འདིའི་ཤེས་རབ་ཨེ་ལོ་ཧིམ་གྱིས་བླུན་པར་མཛད་དམ།"

21 ༢༡་ །ཨེ་ལོ་ཧིམ་གྱི་མཁྱེན་རབ་བཞིན། འཇིག་རྟེན་གྱིས་རིག་པ་འབའ་ཞིག་གི་སྒོ་ནས་ཨེ་ལོ་ཧིམ་ངོ་མ་ཤེས་པས། བསྟན་པ་བླུན་པ་འདིའི་སྒོ་ནས་ཨེ་ལོ་ཧིམ་ལ་དད་པ་རྣམས་ཐར་འཇུག་ཏུ་དགྱེས་སོ།"

22 ༢༢་ ཡ༷་ཧུ་དཱ་པས་རྟགས་འདོད། ཧེ༷་ལེན་པས་རིག་པ་འདོད།"

23 ༢༣་ ང་ཚོས་འཆད་པའི་མ་ཤི་ཀ་བརྐྱངས་པ་དེ། །ཡ༷་ཧུ་དཱ་པའི་ཕྱིར་བསྐུར་པ་དང་ཨེ་ལོ་ཧིམ་ངོ་མ་ཤེས་པའི་ཕྱིར་བླུན་པ་ཡིན་ཀྱང་།"

24 ༢༤་ །ཡ༷་ཧུ་དཱ་པའམ་ཧེ༷ལ་ལེན་པ་འདམས་པ་རྣམས་ཀྱི་ཕྱིར། ཨེ་ལོ་ཧིམ་གྱི་དབང་དང་ཡེ༷་ཤེས་ཡིན་ནོ།"

25 ༢༥་ །ཨེ་ལོ་ཧིམ་གྱི་བླུན་པ་ནི་མིའི་ཤེས་རབ་ལས་མཁས། ཨེ་ལོ་ཧིམ་གྱི་ཤེད་མེད་ནི་མིའི་སྟོབས་ལས་ཤུགས་ཆེ།"

26 ༢༦ །སྤུན་རྣམས། ཁྱེད་བོས་པ་ལ་ལྟོས། ཁྱེད་ཁྲོད་འཇིག་རྟེན་གྱི་ལུགས་ལ་མཁས་པ་མང་པོ་མེད། དབང་ལྡན་མང་པོ་མེད། སྐུ་དྲག་མང་པོ་མེད་དོ།"

27 ༢༧་ །ལུས་ཅན་གང་གིས་ཀྱང་ཨེ་ལོ་ཧིམ་གྱི་དྲུང་དུ་མི་རློམ་ཕྱིར།"

28 ༢༨་ ཨེ་ལོ་ཧིམ་གྱིས་མཁས་པ་སྐྱེང་དུ་འཇིག་རྟེན་གྱི་བླུན་པོ་འདམས། སྟོབས་ཅན་ངོ་ཚ་བའི་ཕྱིར་འཇིག་རྟེན་གྱི་རྒུད་པོ་འདམས།"

29 ༢༩་ འཇིག་རྟེན་གྱི་དམན་པ་དང་རྩིས་མེད་འདམས། ཡོད་མཁན་སྟོངས་ཕྱིར་མེད་མཁན་འདམས་པར་མཛད་དོ།"

30 ༣༠་ །ཁོང་གི་སྒོ་ནས་ཁྱེད་མ་ཤི་ཀ་ཡེ་ཤུའི་ནང་ཡོད་དོ། །སུས་རློམ་ན་ཀྱུ་རི་བོ་རློམ་ཞིག་ཅེས་བྲིས་པ་འགྲུབ་ཕྱིར།"

31 ༣༡་ ང་ཚོའི་དོན་དུ་ཡེ་ཤུ་ནི། ཨེ་ལོ་ཧིམ་གྱི་དྲང་བ་ཉིད་དང་། དམ་པ་དང་། ཐར་ལམ་ཡིན་པའི་ཡེ་ཤེས་སུ་གྱུར་ཏོ།། །།"

10

1 ༡་ །ང་ཚོའི་ཕ་མེས་རྣམས་སྤྲིན་གྱི་འོག་ཏུ་བསྡད་དེ། རྒྱ་མཚོ་རྒལ་བས།"

2 ༢་ ཐམས་ཅད་ཀྱིས་སྤྲིན་དང་མཚོའི་ནང་མོ༷་ཤེའི་བ༷བ་ཐི་སོ་བླངས་པ་ནི། ཁྱེད་སྤུན་རྣམས་ཀྱིས་ཤེས་པར་ང་འདོད་དོ།"

3 ༣་ །ཐམས་ཅད་ཀྱིས་རུ་ཨག་གི་ཁ་ཟས་གསིག་པ་ཟོས།"

4 ༤་ རུ་ཨག་གི་བཏུང་བ་གཅིག་པ་བཏུངས་། དེ་རྣམས་དང་མཉམ་དུ་བྱོན་པའི་རུ་ཨག་གི་བྲག་ལས་བཏུངས་པས་སོ། བྲག་དེ་ནི་མ་ཤི་ཀའོ།"

5 ༥་ །འོན་ཀྱང་དེ་རྣམས་མང་ཤོས་ཨེ་ལོ་ཧིམ་གྱིས་སྤངས་པས། དེ་ཚོའི་རོ་འབྲོག་སྟོང་ནང་དབྱུགས་སོ།"

6 ༦་ །ཕ་མེས་ཀྱིས་ངན་པ་འདོད་པ་ལྟར་ང་ཚོས་ཀྱང་མི་འདོད་པའི་ཕྱིར། བྱ་བ་དེ་དག་ང་ཚོའི་ཕྱིར་སྐུལ་མའོ།"

7 ༧་ །མདོ་ན། མི་སྡེ་ཚོ་ཟ་འཐུང་ཕྱིར་བསྡད་ནས། གར་འཆས་ཕྱིར་ལངས་སོ། ཞེས་བྲིས་པ་བཞིན། མི་ལ་ལས་སྐུ་འདྲར་ཕྱག་ཕུལ་བ་ལྟར་ཁྱེད་ཀྱིས་མ་འབུལ་ཞིག"

8 ༨་ །ཡང་ལ་ལས་ལོག་གཡེམ་བྱས་པས་ཉིན་གཅིག་ནང་མི་སྟོང་ཉེར་གསུམ་ཤི་བ་ལྟར། ང་ཚོས་ཀྱང་མ་བྱེད་ཅིག"

9 ༩་ །ལ་ལས་ཀྱུ་རི་བའི་ཐུགས་སད་པས་སྦྲུལ་གྱིས་བསད་པ་ལྟར། ང་ཚོས་ཐུགས་མ་སད་ཅིག"

10 ༡༠་ །ལ་ལས་མ་རངས་པའི་ཚིག་སྨྲས་ནས་གཤེད་མས་བསད་པ་ལྟར། ཁྱེད་ཚོས་མ་རངས་པའི་ཚིག་མ་སྨྲ་ཞིག"

11 ༡༡་ །གནས་ཚུལ་དེ་ནི་དེ་ཚོར་བརྡའི་ལུགས་སུ་བྱུང་ནས། ང་ཚོ་དུས་ཀྱི་མཐའ་མར་བསླེབས་ཡོད་པ་རྣམས་ལ་བསླབ་བྱའི་ཕྱིར་བྲིས་པ་ཡིན།"

12 ༡༢་ དེ་བས་ན་བརྟན་པོར་ལངས་ཡོད་སྙམ་པ་དེས་འགྱེལ་བ་ལས་ཟོན་བྱོས་ཤིག"

13 ༡༣་ །བཟོད་མི་ཐུབ་པའི་དཀའ་བ་ཁྱེད་ཚོར་མ་བྱུང་། ཨེ་ལོ་ཧིམ་ནི་བསླུ་མེད་ལགས་པས། ཁྱེད་ཚོར་བཟོད་མི་ཐུབ་པའི་དཀའ་བ་མྱོང་མི་འཇུག་པར། བཟོད་པའི་སྟོབས་གནང་ཞིང་། དཀའ་བ་ལས་ཐར་བའི་ཐབས་ཀྱང་གནང་འོང་ངོ་།།"

14 ༡༤་ །དེའི་ཕྱིར་གཅེས་པ་རྣམས། ལྷ་ཆོས་ལ་འཛེམས་ཤིག"

15 ༡༥་ །ངས་མཁས་པ་ལ་གཏམ་བྱེད་པས། ཁྱེད་ཚོ་རང་གིས་ངའི་གཏམ་ལ་བཟང་ངན་ཕྱེས་ཤིག"

16 ༡༦་ །ང་ཚོའི་འབུལ་བ་ཞལ་བྱིན་ཅན་བྱིན་གྱིས་བརླབས་པ་དེ་ནི་མ་ཤི་ཀའི་སྐུ་ཁྲག་དང་འབྲེལ་བ་མ་ཡིན་ནམ། ང་ཚོས་གཅོག་པའི་བག་ལེབ་དེ་མ་ཤི་ཀའི་སྐུ་ལུས་དང་འབྲེལ་བ་མ་ཡིན་ནམ།"

17 ༡༧་ བག་ལེབ་གཅིག་ཡོད་དེ། ང་ཚོས་མཉམ་དུ་ཟ་བས། ང་ཚོ་མང་པོ་ཡིན་ཀྱང་ལུས་གཅིག་ཡིན་ནོ།"

18 ༡༨་ །ཡི༷ས་ར་ཨེལ་པ་རྣམས་ལ་ལྟོས་ཤིག །འབུལ་བའི་ཞལ་ཟས་ཟ་མཁན་འབུལ་ཁྲི་དང་འབྲེལ་བ་མ་ཡིན་ནམ།"

19 ༡༩་ ངས་མཆོད་པ་རྩ་ཆེ་བ་ཇི་ཞིག་ཡིན། ཡང་ན་སྐུ་འདྲ་རྩ་ཆེ་བ་ཇི་ཞིག་ཡིན་ཟེར་རམ། མ་ཡིན།"

20 ༢༠་ མཆོད་པ་ནི་དེ་དག་གིས་ཨེ་ལོ་ཧིམ་ལ་མི་འབུལ་བར་ས༷་ཏན་ལ་འབུལ་ལོ་ངས་ཟེར། ཁྱེད་ཚོ་དང་ས༷་ཏན་འགྲོགས་པ་ལ་ང་མི་དགའོ།"

21 ༢༡་ །ཁྱེད་ཚོས་ཀྱུ་རི་བོའི་འབུལ་ཞལ་དང་ས་༷ཏན་གྱི་ཕོར་པ་གཉིས་ཀར་འཐུང་མི་ཐུབ། ཀྱུ་རི་བོའི་གསོལ་ལྕོག་དང་ས༷་ཏན་གྱི་ལྕོག་རྩེ་གཉིས་ཀར་ཟ་མི་ཐུབ།"

22 ༢༢་ ཀྱུ་རི་བོའི་ཐུགས་ཁྲོ་སློང་ངམ། ཁོང་ལས་ང་ཚོ་ལྟོབས་ཆེའམ།"

23 ༢༣་ །ངས་ཐམས་ཅད་བྱེད་ཆོག་ཀྱང་དེ་ཐམས་ཅད་ང་ལ་མི་ཕན། ངས་ཐམས་ཅད་བྱེད་ཆོག་ཀྱང་དེ་ཐམས་ཅད་ཀྱིས་ཡར་སྐྱེད་མི་གཏང་།"

24 ༢༤་ རང་དོན་མི་འཚོལ་བར་གཞན་དོན་ཚོལ་ཞིག"

25 ༢༥་ །འཇིག་རྟེན་དང་དེའི་ནང་ཡོད་པ་ཐམས་ཅད་ཀྱུ་རི་བོའི་ཡིན་པས།"

26 ༢༦་ རྣམ་རྟོག་མི་བྱེད་པར་ཁྲོམ་དུ་འཚོང་བ་ཐམས་ཅད་ཟ་རུང་ངོ་།"

27 ༢༧་ །ཨེ་ལོ་ཧིམ་ངོ་མ་ཤེས་པ་ཞིག་གིས་ཁྱེད་ཚོ་མགྲོན་ལ་འབོད་ནས་འགྲོ་ན། རྣམ་རྟོག་མི་བྱེད་པར་མདུན་དུ་དྲངས་པ་ཐམས་ཅད་ཟོ།"

28 ༢༨་ ཇི་ལྟེ་སུས་ཁྱེད་ཚོར་འདི་འབུལ་བར་ཕུལ་བ་ཡིན་ཟེར་ན། ཟེར་མཁན་དེ་དག་དང་ཤེས་བཟང་གི་ཕྱིར་མ་ཟ།"

29 ༢༩་ དེ་ནི་ཁྱེད་ཚོའི་ཤེས་བཟང་གི་ཕྱིར་མ་ཡིན་གྱི། །གཞན་དེའི་ཤེས་བཟང་གི་ཕྱིར་ཟེར་རོ། །གཞན་གྱི་རྣམ་རྟོག་གིས་ངའི་རང་དབང་ལ་ཇི་ལྟར་དབང་ཐུབ།"

30 ༣༠་ ངས་བསྟོད་བསྔགས་ཞུས་ཤིང་ཟོས་པར་སྐྱོན་བརྫོད་ཅི་ཕྱིར་བྱེད། ཁྱེད་ཚོས་ཟེར་ན།"

31 ༣༡་ ཁྱེད་ཚོས་དེ་ཟའམ་འཐུང་ངམ་ཇི་བྱེད་ནའང་ཨེ་ལོ་ཧིམ་གྱི་དཔལ་སྟོན་པའི་ཕྱིར་ཐམས་ཅད་བྱོས་ཤིག"

32 ༣༢་ །ངས་རྒྱུན་དུ་གཞན་ཐམས་ཅད་དགའ་བར་བྱེད་ཅིང་། ཐར་བའི་ཕྱིར་རང་དོན་མི་འཚོལ་བར་གཞན་དོན་འཚོལ་བ་ལྟར།"

33 ༣༣་ ཁྱེད་ཚོས་ཀྱང་ཡ༷་ཧུ་དཱ་པ་དང་། ཨེ་ལོ་ཧིམ་ངོ་མ་ཤེས་པ་དང་། ཨེ་ལོ་ཧིམ་གྱི་མ་ཤི་ཀ་པ་རྣམས་ཀྱི་སྣ་ཐོགས་པའི་རྡོར་མ་འགྱུར་ཞིག། །།"

11

1 ༡་ །ངས་མ་ཤི་ཀའི་ལད་མོ་བྱེད་པ་ལྟར། ཁྱེད་ཚོས་ཀྱང་ངའི་ལད་མོ་བྱོས་ཞིག།"

2 ༢་།ཁྱེད་ཚོས་ང་ཀུན་ནས་དྲན་ཞིང་། གཏམ་རྒྱུད་རྣམས་ངས་ཇི་ལྟར་བཏད་པ་བཞིན་སྲུང་བས། ཁྱེད་ཚོར་བསྟོད་དོ།"

3 ༣་ །ཁྱེད་ཚོས་འདི་ཤེས་པར་གྱིས་ཤིག །སྐྱེས་པ་རེ་རེའི་མགོ་མ་ཤི་ཀ་དང་། བུད་མེད་རྣམས་ཀྱི་མགོ་སྐྱེས་པ་དང་། མ་ཤི་ཀའི་དབུ་ཨེ་ལོ་ཧིམ་ལགས་པས།"

4 ༤་ སྐྱེས་པས་མགོ་བཏུམས་ནས་སྨོན་ལམ་འདེབས་སམ། ལུང་སྟོན་ན་དེ་རང་གི་མགོ་ལ་སྨད་དོ།"

5 ༥་ །བུད་མེད་ཀྱི་མགོ་མ་བཏུམ་པར་སྨོན་ལམ་འདེབས་སམ། ལུང་སྟོན་ན་དེ་སྐྲ་བྲེགས་མཁན་ལྟར་ཡིན་པས་རང་གི་མགོ་ལ་སྨད་དོ།"

6 ༦་ །མགོ་མི་བཏུམ་པའི་བུ་མེད་དེས་སྐྲའང་བྲེགས་ཤིག །འབྲེག་པའམ་བཞར་བར་ངོ་ཚ་ན་མགོ་བཏུམ་ཞིག"

7 ༧་ །སྐྱེས་པ་ནི་ཨེ་ལོ་ཧིམ་གྱི་དབྱིབས་དང་གཟུགས་བརྙན་ཡིན་པས། མགོ་བཏུམ་མི་ཆོག །བུད་མེད་ནི་སྐྱེས་པའི་གཟུགས་བརྙན་ནོ།"

8 ༨་ །སྐྱེས་པ་བུད་མེད་ནས་མ་བྱུང་གི །བུད་མེད་སྐྱེས་པ་ནས་བྱུང་།"

9 ༩་ སྐྱེས་པ་བུད་མེད་ཀྱི་དོན་དུ་མ་བཀོད་ཀྱི། བུད་མེད་སྐྱེས་པའི་དོན་དུ་བཀོད་དོ།"

10 ༡༠་ །དེ་བས་ན་ཨ༷ན་ཇལ་གྱི་ཕྱིར་བུད་མེད་ཀྱི་མགོ་ཁེབས་ཡོད་པར་དགོས་སོ།"

11 ༡༡་ །འོན་ཀྱང་ཀྱུ་རི་བོའི་ནང་སྐྱེས་པ་མེད་པར་བུད་མེད་ཀྱང་མེད། བུད་མེད་མེད་པར་སྐྱེས་པའང་མེད་དོ།"

12 ༡༢་ །ཇི་ལྟར་བུད་མེད་སྐྱེས་པ་ནས་ཡིན། དེ་ལྟར་སྐྱེས་པ་བུད་མེད་ལས་ཡིན་མོད། འོན་ཀྱང་ཐམས་ཅད་ཨེ་ལོ་ཧིམ་ནས་ཡིན།"

13 ༡༣་ ཁྱེད་ཚོ་རང་གིས་བཟང་ངན་ཕྱེས་ཤིག །བུད་མེད་ཀྱིས་མགོ་མ་བཏུམ་པར་སྨོན་ལམ་འདེབས་པར་རིགས་སམ།"

14 ༡༤་ སྐྱེས་པའི་སྐྲ་རིང་པོ་ཡོད་ན་ངོ་ཚ་ཡིན་པ་དང་།"

15 ༡༥་ བུད་མེད་ལ་སྐྲ་ནི་མགོ་ཁེབས་ཕྱིར་གནང་བ་ཡིན་པས། བུད་མེད་ཀྱི་སྐྲ་རིང་པོ་མོའི་རྒྱན་ཡིན་པར། རང་བཞིན་ནས་མི་ཤེས་སམ།"

16 ༡༦་ ད་རྩོད་པ་ལ་དགའ་མཁན་གྱི་མི་ཡོད་ན། ཨེ་ལོ་ཧིམ་གྱི་མ་ཤི་ཀ་པ་རྣམས་དང་ང་ཚོར་ཁྲིམས་དེ་མེད་དོ།།"

17 ༡༧་ །བསླབ་བྱ་འདི་དག་གི་འཕྲོ་ལ། ཁྱེད་ཚོ་ལེགས་པར་མི་འཛོམ་པར་ཉེས་པར་འཛོམ་པས། ངས་ཁྱེད་ཚོར་མི་བསྟོད་དོ།"

18 ༡༨་ །དང་པོ་ནི་ཚོགས་སུ་འཛོམ་པའི་ཚེ་ཁྱེད་ཚོའི་ནང་མི་མཐུན་པ་ཡོད་པ་ཐོས་ཤིང་། ཕལ་ཆར་ང་ཡིད་ཆེས་སོ།"

19 ༡༩་ །ཁྱེད་ནང་ནས་མཆོག་ཏུ་འགྱུར་བ་རྣམས་མངོན་པའི་ཕྱིར་སྡེ་ཚན་ཐ་དད་ཡོད་དགོས་སོ།"

20 ༢༠་ །ཁྱེད་ཚོ་འཚོགས་པ་དེ་ནི་ཀྱུ་རི་བོས་བཙུག་པར་མཛད་པའི་དགོས་ཟས་ཟ་ཕྱིར་མ་ཡིན་པར།"

21 ༢༡་ རང་གི་ཟས་ཟ་བར་རིངས་ཤིང་། ལ་ལ་ལྟོགས་ལ་ལ་བཟི།"

22 ༢༢་ ཟ་འཐུང་བྱེད་ཕྱིར་ཁང་པ་མེད་དམ། ཨེ་ལོ་ཧིམ་གྱི་མ་ཤི་ཀ་པ་ལ་མི་རྩི་བར། དབུལ་པོ་རྣམས་ངོ་ཚ་བར་འཇུག་པར་འདོད་དམ། ངས་ཅི་ཞུ། ཁྱེད་ལ་བསྟོད་དམ། འདིའི་ཕྱིར་ངས་མི་བསྟོད།"

23 ༢༣་ ང་ལ་ཀྱུ་རི་བོ་རང་ནས་ཐོབ་ཅིང་ཁྱེད་ལའང་བཏད་པ་འདི་ལྟ་སྟེ། དགྲའི་ལག་ཏུ་བཏད་པའི་མཚན་མོར་ཀྱུ་རི་བོ་ཡེ་ཤུས་བཞེས་བག་ཕྱག་ཏུ་བསྣམས་ཤིང་།"

24 ༢༤་ ཐུགས་རྗེ་ཆེ་ཕུལ་ནས་བཞེས་བག་བཅག་སྟེ། འདི་ནི་ཁྱེད་ཀྱི་དོན་དུ་ཡིན་པའི་ངའི་ལུས་ཡིན། ང་དྲན་པའི་ཕྱིར་འདི་ལྟར་གྱིས་ཤིག་གསུངས་སོ།"

25 ༢༥་ །དེ་བཞིན་དུ་གསོལ་བ་བཞེས་པའི་རྗེས་སུ་མཆོད་ཞལ་ཕྱག་ཏུ་བསྣམས་ནས། འདི་ནི་ངའི་ཁྲག་གི་ཐབས་ཀྱིས་ཞལ་ཆད་གསར་པ་དེ་ཡིན། དེ་ནམ་འཐུང་ནའང་ང་དྲན་པའི་ཕྱིར་འདི་ལྟར་གྱིས་ཤིག་གསུངས་སོ།"

26 ༢༦་ །དེའི་ཕྱིར་ཀྱུ་རི་བོ་མ་ཕེབས་པའི་བར་དུ་ནམ་བཞེས་བག་འདི་ལས་ཟ་ཞིང་། མཆོད་ཞལ་འདི་ལས་འཐུང་ན། ཀྱུ་རི་བོ་གྲོངས་པ་དེ་ཁྱེད་ཀྱིས་སྟོན་ནོ།"

27 ༢༧་ །དེ་བས་ན་མི་འོས་པའི་ལུགས་སུ་ཀྱུ་རི་བོའི་བཞེས་བག་ཟ་བའམ་མཆོད་ཞལ་ལས་འཐུང་བ་དེ་ཀྱུ་རིའི་སྐུ་ལུས་དང་སྐུ་ཁྲག་ལ་བརྟེན་ནས་ཉེས་བ་བྱེད་དོ།"

28 ༢༨་ །མི་ཞིག་གིས་རང་རྒྱུད་རྟོགས་ཤིང་། དེ་ནས་བཞེས་བག་ཟ་ཞིང་མཆོད་ཞལ་ལས་འཐུང་བར་རིགས་སོ།"

29 ༢༩་ །ཀྱུ་རི་བོའི་སྐུ་ལུས་མ་རྟོགས་པར་ཟ་བ་དང་འཐུང་བ་དེས། རང་གི་ཆད་པ་ཟ་ཞིང་འཐུང་ངོ་།"

30 ༣༠་ །ཁྱེད་ཀྱི་ནང་ནས་མང་པོ་རྒུད་པ་དང་། ན་ཞིང་ཕལ་ཆེར་ཤི་བ་ནི་དེའི་རྐྱེན་གྱིས་སོ།"

31 ༣༡་ །རང་རྒྱུད་བརྟགས་པ་ཡིན་ན། ཆད་པ་མ་ཕོག་པ་ཡིན།"

32 ༣༢་ འཇིག་རྟེན་པ་དང་མཉམ་ཆད་པ་མ་ཕོག་པའི་ཕྱིར་དུ་ཀྱུ་རི་བོས་ང་ཚོའི་ཞལ་ཆེ་མཛད་པ་ནི་ང་ཚོར་གཅུན་ཕྱིར་ཡིན་ནོ།"

33 ༣༣་ །དེ་བས་ན་ངའི་སྤུན་རྣམས། ཟ་ཕྱིར་འདུ་བའི་དུས་སུ་གཞན་རྣམས་ལ་སྒུགས་ཤིག"

34 ༣༤་ །འདུ་བ་དེ་ཆད་པའི་རྒྱུར་མི་འགྱུར་ཕྱིར། ལྟོགས་པ་དེས་ཁྱིམ་དུ་ཟོ་ཞིག །བྱ་བ་ལྷག་མ་རྣམས་ང་འོང་དུས་སུ་ཐག་གཅད་དོ།། །།"

12

1 ༡་ །སྤུན་རྣམས། རུ་ཨག་གི་གནང་སྦྱིན་གྱི་སྐོར་ཁྱེད་ཚོས་རྟོགས་པར་ང་དགའོ།"

2 ༢་ ཁྱེད་ཚོ་ཨེ་ལོ་ཧིམ་ངོ་མ་ཤེས་པ་ཡིན་པའི་དུས་སུ་ལམ་ནོར་ཞིང་སྐུ་འདྲ་སྨྲ་མི་ནུས་པའི་ཕྱོགས་སུ་སོང་བ་ཁྱེད་ཚོས་ཤེས་སོ།"

3 ༣་ །དེའི་ཕྱིར་ཨེ་ལོ་ཧིམ་གྱི་རུ་ཨག་ལྡན་པ་སུས་ཀྱང་ཡེ་ཤུ་ལ་དམོད་མི་ནུས། རུ་ཨག་དང་མི་ལྡན་པ་སུས་ཀྱང་ཡེ་ཤུ་ཀྱུ་རི་བོ་ཟེར་མི་ནས་ཞེས་ངས་འཆད་དོ།"

4 ༤་ །གནང་སྦྱིན་སོ་སོ་ཡོད་ཀྱང་། རུ་ཨག་གཅིག་གོ།"

5 ༥་ །ཞབས་ཏོག་སོ་སོ་ཡོད་ཀྱང་། ཀྱུ་རི་བོ་གཅིག་གོ།"

6 ༦་ །ཕྲིན་ལས་སོ་སོ་ཡོད་ཀྱང་། ཐམས་ཅད་ནང་དེ་སྐུལ་བར་མཛད་པའི་ཨེ་ལོ་ཧིམ་གཅིག་གོ"

7 ༧་ སྤྱི་དོན་དུ་མི་རེ་རེ་ལ་རུ་ཨག་མངོན་པས།"

8 ༨་ །གཅིག་ལ་རུ་ཨག་གྱི་རིག་པའི་ངག་གནང་། གཅིག་ལ་རུ་ཨག་དེ་རང་གིས་རྟོགས་པའི་ངག་དང་།"

9 ༩་ གཅིག་ལ་རུ་ཨག་དེ་རང་གིས་གསོ་བྱེད་ཀྱི་གནང་སྦྱིན་དང་།"

10 ༡༠་ གཅིག་ལ་ལྟས་སྟོན་པའི་དབང་དང་། གཅིག་ལ་ལུང་དུ་སྟོན་པ་དང་། གཅིག་ལ་སེམས་ཉིད་འབྱེད་པ་དང་། གཅིག་ལ་སྐད་རིགས་དང་། གཅིག་ལ་སྐད་སྒྱུར་བ་གནང་།"

11 ༡༡་ དེ་ཐམས་ཅད་རུ་ཨག་གཅིག་འབའ་ཞིག་གིས་མཛད་ཅིང་། དགྱེས་པ་བཞིན་དུ་རེ་རེ་ལ་བགོད་དོ།།"

12 ༡༢་ །ལུས་གཅིག་ཡིན། དེ་ལ་ཡན་ལག་མང་པོ་ཡོད། ཡན་ལག་མང་པོ་ཡོད་ཀྱང་ལུས་དེ་རང་གི་ཡིན། དེ་ལྟར་མ་ཤི་ཀའང་ལགས་པས།"

13 ༡༣་ ཡ༷་ཧུ་དཱ་པ་ཡིན་རུང་ཨེ་ལོ་ཧིམ་ངོ་མ་ཤེས་པ་ཡིན་རུང་། ཚེ་གཡོག་པ་ཡིན་རུང་། རང་དབང་ཅན་ཡིན་རུང་། ང་ཚོ་ཐམས་ཅད་ལུས་གཅིག་ཏུ་འགྱུར་ཕྱིར་རུ་ཨག་གཅིག་གི་བ༷བ་ཐི་སོ་བླངས། རུ་ཨག་གྱི་སྐྱེམས་ཀྱང་བཏུང་ངོ་།"

14 ༡༤་ །ལུས་ལ་ཡན་ལག་གཅིག་མིན་པར་མང་པོ་ཡོད།"

15 ༡༥་ གལ་ཏེ་རྐང་པས་ང་ལག་པ་མིན་པས་ལུས་ཀྱི་ཡན་ལག་མིན་ཟེར་ཡང་དེ་ལུས་ཀྱི་ཡན་ལག་མ་ཡིན་ནམ།"

16 ༡༦་ གལ་ཏེ་རྣ་བས་ང་མིག་མིན་པས་ལུས་ཀྱི་ཡན་ལག་མིན་ཟེར་ཡང་དེ་ལུས་ཀྱི་ཡན་ལག་མ་ཡིན་ནམ།"

17 ༡༧་ ལུས་ཧྲིལ་པོ་མིག་ཡིན་ན་ཚོར་བའི་དབང་པོ་དེ་གང་དུ་ཡོད། ལུས་ཧྲིལ་པོ་རྣ་བ་ཡིན་ན་སྣོམ་པའི་དབང་པོ་གང་དུ་ཡོད།"

18 ༡༨་ ཨེ་ལོ་ཧིམ་གྱི་ཐུགས་དགོངས་བཞིན་དུ་ཡན་ལག་རེ་རེ་ལུས་ཀྱི་གནས་སོ་སོར་བཞག་པར་མཛད་དོ།"

19 ༡༩་ །དེ་ཐམས་ཅད་ཡན་ལག་གཅིག་རང་ཡིན་ན་ལུས་གང་དུ་སོང་།"

20 ༢༠་ ད་ཡན་ལག་མང་པོ་ཡོད་ཀྱང་ལུས་གཅིག་གོ"

21 ༢༡་ །མིག་གིས་ལག་པ་ལ་ཡང་ན་མགོས་རྐང་པར་ང་ལ་ཁྱོད་མི་དགོས་ཟེར་མི་ནུས།"

22 ༢༢་ ད་དུང་གཞན་ལས་མཉེན་པར་མཐོང་བའི་ཡན་ལག་གལ་ཆེ་སྟེ།"

23 ༢༣་ ང་ཚོས་སྣང་ཆུང་རྩི་བའི་ཡན་ལག་ལ་ལྷག་པར་རྩི་སྟེ། ཡན་ལག་མི་མཛེས་པ་རྣམས་ལ་ལྷག་པར་ཅག་ག་བྱེད་དེ།"

24 ༢༤་ ཡན་ལག་མཛེས་པོ་རྣམས་ལ་དེ་མི་དགོས་སོ།"

25 ༢༥་ །ལུས་ཀྱི་ནང་དུ་མི་མཐུན་པ་མི་འབྱུང་བར། ཡན་ལག་གཅིག་གིས་གཅིག་ལ་ཤ་ཚ་བྱེད་ཕྱིར། ཨེ་ལོ་ཧིམ་གྱིས་ཡན་ལག་ཞན་པ་ལ་རྩིས་ལྷག་པར་གནང་ཞིང་ལུས་གྲུབ་བོ།"

26 ༢༦་ །ཡན་ལག་གཅིག་ན་བར་འགྱུར་ན་ཡན་ལག་ཐམས་ཅད་མཉམ་དུ་ནའོ། །ཡན་ལག་གཅིག་ལ་བཀུར་ན། ཡན་ལག་ཐམས་ཅད་མཉམ་དུ་དགའ་འོ།"

27 ༢༧་ །ཁྱེད་ཚོ་ཐམས་ཅད་མ་ཤི་ཀའི་སྐུ་ལུས་ཡིན་ཏེ། རེ་རེ་ཡན་ལག་ཡིན་ནོ།"

28 ༢༨་ །ཡང་ཨེ་ལོ་ཧིམ་གྱིས་བསྐོས་པ་བཞིན་མ་ཤི་ཀ་པ་རྣམས་ཀྱི་ནང་དུ་དང་པོར་ཨ༷་པོ་ཏོ་ལོ་པ། གཉིས་པར་ཕ༷་རོ་པེ་ཏེ་པ། གསུམ་པར་སློབ་འཁྲིད་པ། དེ་ནས་ལྟས་སྟོན་པ། ནད་གསོ་བའི་གནང་སྦྱིན། རོགས་རམ། མགོ་སྐྱོང་། སྐད་རིགས་སོ་སོ་འབྱུང་ངོ་།"

29 ༢༩་ །ཐམས་ཅད་ཨ༷་པོ་ཏོ་ལོ་པ། ཐམས་ཅད་ཕ༷་རོ་པེ་ཏེ་པ། ཐམས་ཅད་སློབ་འཁྲིད་པ། ཐམས་ཅད་ལྟས་སྟོན་མཁན་ཡིན་ནམ།"

30 ༣༠་ ཐམས་ཅད་ལ་གསོ་བའི་གནང་སྦྱིན་ཡོད་དམ། ཐམས་ཅད་སྐད་རིགས་སྨྲ་མཁན་དང་། ཐམས་ཅད་ལོ་ཙ་བ་ཡིན་ནམ།"

31 ༣༡་ ཁྱེད་ཚོ་གནང་སྦྱིན་མཐོ་བ་རྣམས་ལ་སྙེགས་ཤིག །དེས་མ་ཟད་ཀུན་ལས་ལྷག་པའི་ལས་ངས་ཁྱེད་ཚོར་སྟོན་ནོ།། །།"

13

1 ༡་ །མི་དང་པོ་ཉའི་སྐད་ནང་གླེང་རུང་། བྱམས་སེམས་མེད་ན། ང་སྒྲ་སྐད་ཆེ་བའི་འཁར་རྔ་དང་། ཆིམ་ཆིམ་ཟེར་བའི་སྦུག་ཆོལ་ཡིན།"

2 ༢་ ལུང་སྟོན་ནུས་ཤིང་། གསྔ་བ་དང་ཤེས་རབ་ཐམས་ཅད་ཤེས་ནས། རི་སྤོ་ནུས་པའི་དད་པ་ཚང་བ་ཡོད་རུང་། བྱམས་སེམས་མེད། ང་གང་ཡང་མིན།"

3 ༣་ དབུལ་པོར་ནོར་རྫས་ཐམས་ཅད་བགོད་ཅིང་། ངའི་ལུས་ཀྱང་གཏོང་རུང་། དེ་ལ་རློམ་ཞིང་བྱམས་སེམས་མེད་ན། གང་ཡང་མི་ཕན་ནོ།"

4 ༤་ །བྱམས་སེམས་ལ་བཟོད་པ་དང་སྙིང་རྗེ་ཡོད། ཕྲག་དོག་དང་རང་སྟོད་ང་རྒྱལ་མེད།"

5 ༥་ བྱམས་སེམས་ཀྱིས་མི་འོས་པར་མི་སྤྱོད། རང་དོན་མི་འཚོལ། ཁྲོ་བར་མི་འགྱུར། །འཁོན་དུ་མི་འཛིན།"

6 ༦་ ངན་པ་ལ་མི་དགའ། བདེན་པ་ལ་དགའ་འོ།"

7 ༧་ །རྒྱུན་དུ་ཐེག། །རྒྱུན་དུ་དད། རྒྱུན་དུ་རེ། རྒྱུན་དུ་བཟོད།"

8 ༨་ བྱམས་སེམས་ནམ་ཡང་མི་ཡལ། ལུང་དུ་སྟོན་པ་མེད་པར་འགྱུར། སྐད་རྣམས་འདའ་བར་འགྱུར། རིག་པ་ནུབ་པར་འགྱུར།"

9 ༩་ ང་ཚོས་ཟུར་ཙམ་ཤེས་ཤིང་ལུང་དུའང་སྟོན་གྱི།"

10 ༡༠་ །ཕུན་སུམ་ཚོགས་པ་འགྲུབ་པའི་ཚེ། མ་ཚང་བ་ཐམས་ཅད་མེད་པར་འགྱུར་རོ།"

11 ༡༡་ །ང་བྱིས་པ་ཡོད་དུས་སུ། བྱིས་པའི་གཏམ་དང་། བློ་གྲོས་དང་། བསམ་པ་ཡོད་པ་ཡིན། ད་ནར་སོན་ནས་བྱིས་པའི་ཚུལ་སྤངས་པ་ཡིན།"

12 ༡༢་ དེ་ལྟར་ང་ཚོས་ད་ལྟ་མེ་ལོང་ནང་རབ་རིབ་མཐོང་ཡང་། དེའི་ཚེ་དངོས་སུ་མཐོང་འོང་། ད་ལྟ་ཆ་ཙམ་ཤེས་ཀྱི། དེའི་ཚེ་ཨེ་ལོ་ཧིམ་གྱིས་ང་མཁྱེན་པ་ལྟར། ངས་ཀྱང་ཡོངས་སུ་ཤེས་འོང་།"

13 ༡༣་ དོན་དུ་དད་པ། རེ་བ། བྱམས་པ་གསུམ་གནས་པ་ལས། མཆོག་ནི་བྱམས་པའོ།། །།"

14

1 ༡་ །བྱམས་སེམས་ལ་སྙེགས་ཤིག །རུ་ཨག་གྱི་གནང་སྦྱིན་རྣམས་དང་། ཁྱད་པར་དུ་ལུང་སྟོན་པ་ལ་བརྩོན་ཞིག"

2 ༢་ །མིས་མི་སྨྲ་བའི་སྐད་རིགས་གཞན་པའི་ནང་སྨྲ་བ་དེས་རུ་ཨག་གྱི་དབང་གིས་གསང་བ་གླེང་བས་སུས་ཀྱང་མི་གོ་བས། མི་ལ་མི་སྨྲ་བར་ཨེ་ལོ་ཧིམ་ལ་ཞུའོ།"

3 ༣་ ། ཆོས་འཆད་པ་དེས་མིའི་རྒྱུད་ལ་ཡར་སྐྱེད་དང་སྐུལ་མ་དང་སེམས་གསོའི་གཏམ་བྱེད་དོ།"

4 ༤་ །སྐད་གཞན་རྣམས་ནང་སྨྲ་བ་དེས་རང་ལ་ཡར་སྐྱེད་དང་། ཆོས་འཆད་པ་དེས་མ་ཤི་ཀ་པ་རྣམས་ལ་ཡར་སྐྱེད་བྱེད་དོ།"

5 ༥་ །ཁྱེད་ཐམས་ཅད་ཀྱིས་སྐད་གཞན་རྣམས་ནང་སྨྲ་བར་ང་དགའ་ཡང་། དེ་བས་ཁྱེད་ཚོས་ཆོས་འཆད་པར་ང་ལྷག་པར་དགའོ། །སྐད་གཞན་ནང་སྨྲ་མཁན་དེས་རང་གི་སྨྲས་པའི་ཚིག་དོན་མི་འགྲོལ་ན། མ་ཤི་ཀ་པ་རྣམས་ཀྱི་ཡར་སྐྱེད་ལ་མི་ཕན་པས། དེ་བས་སྐད་གཞན་སྨྲ་མཁན་ལས་ཆོས་འཆད་མཁན་མཆོག་གོ"

6 ༦་ །ཁྱེད་སྤུན་རྣམས་ཀྱི་རྩར་ང་འོངས་ཏེ་ངས་ཁྱེད་ཚོར་གསང་བ་འམ། ཤེས་རབ་བམ། ལུང་བསྟན་ནམ། ཆོས་མི་སྟོན་པར། སྐད་གཞན་རྣམས་ནང་སྨྲ་ན་དེས་ཁྱེད་ཚོར་ཅི་ཕན།"

7 ༧་ དཔེར་ན་གླིང་བུ་དང་པི་ཝང་ལ་སོགས་པའི་སེམས་མེད་རོལ་མོའི་སྨྲ་ལའང་དབྱེ་བའི་བྱེ་བྲག་མེད་ན། གླིང་བུའམ་པི་ཝང་གང་ཡིན་པ་དེ་ཅི་ལྟར་ཤེས།"

8 ༨་ དམག་དུང་གིས་སྐད་མི་གསལ་བ་ཞིག་གཏོང་ན། སུས་དམག་གྲབས་ཤོམ།"

9 ༩་ དེ་ལྟར་ཁྱེད་ཚོའི་ལྕེས་གཏམ་གསལ་བར་མི་གཏོང་ན། ཁྱེད་ཚོ་རླུང་ལ་སྨྲ་མཁན་ཡིན་པས་ཁྱེད་ཚོའི་གཏམ་སུས་གོ"

10 ༡༠་ །འཇིག་རྟེན་ན་ཚིག་ཤིན་ཏུ་མང་པོ་ཡོད་རུང་། རེ་རེ་ལ་དོན་ཞིག་ཡོད།"

11 ༡༡་ ངས་ཚིག་གི་དོན་མི་ཤེས་ན། གཏམ་བྱེད་མཁན་དེའི་མདུན་དུ་ང་མཐའ་འཁོབ་པ་དང་། ངའི་མདུན་དུ་ཁོ་མཐའ་འཁོབ་པ་ཡིན་ནོ།"

12 ༡༢་ །དེ་ལྟར་ཁྱེད་ཚོས་རུ་ཨག་གི་གནང་སྦྱིན་ལ་བརྩོན་པས། མ་ཤི་ཀ་པ་རྣམས་་ཀྱི་ཡར་སྐྱེད་ཕྱིར་ལྷག་པར་བརྩོན་ཞིག"

13 ༡༣་ །དེའི་ཕྱིར་སྐད་གཞན་རྣམས་ནང་སྨྲ་བ་དེས་དོན་འགྲོལ་ཐུབ་ཕྱིར་གསོལ་བ་ཐོབ་ཅིག"

14 ༡༤་ །ངས་སྐད་གཞན་རྣམས་ནང་སྨོན་ལམ་ཞུ་ན་ངའི་སེམས་ཀྱིས་ཞུ་ཡང། ངའི་བློ་གྲོས་ལ་འབྲས་བུ་མེད་དོ།"

15 ༡༥་ །ངས་གང་བྱེད་དགོས། སེམས་དང་བློ་གྲོས་གཉིས་པོས་སྨོན་ལམ་འདེབས་པ་དང་། སེམས་དང་བློ་གྲོས་གཉིས་པོས་མགུར་མ་བླང་དགོས་པ་ཡིན་ནོ།"

16 ༡༦་ །ཁྱེད་ཚོའི་སེམས་འབའ་ཞིག་ནས་བསྟོད་བསྔགས་འབུལ་ན། དོན་མི་ཤེས་པ་དག་གིས་ཧ་མི་གོ་བས། ལན་དུ་ཨ་མེན། བོད་སྐད་དུ། བདེན་པར་གྲུབ་ཅིག །ཅེས་ཅི་ལྟར་ཞུ་བར་ནུས།"

17 ༡༧་ ཁྱེད་ཚོས་བསྟོད་བསྔགས་འབུལ་བ་གདོན་མི་ཟ་ཡང་། གཞན་དེ་ལ་མི་ཕན་ནོ།"

18 ༡༨་ །ཨེ་ལོ་ཧིམ་གྱི་བཀའ་དྲིན་གྱིས་སྐད་རྣམས་ཁྱེད་ཐམས་ཅད་ལས་ངས་ལྷག་པར་སྨྲ་ཡང་།"

19 ༡༩་ མ་ཤི་ཀ་པ་རྣམས་ཀྱི་ཁྲོད་དུ་སྐད་རྣམས་ནང་ཚིག་ཁྲི་གཅིག་སྨྲ་བ་ལས། གཞན་གྱི་དོན་དུ་བློ་གྲོས་ཀྱི་ཚིག་ལྔ་སྨྲ་བར་ང་དགའ་འོ།"

20 ༢༠་ །སྤུན་རྣམས། བློ་གྲོས་ནང་བྱིས་པ་མ་ཡིན་པར། ངན་པ་ལ་ལྟ་སྟེ་འོ་འཐུང་ལྟར་གྱུར་ནའང་། བློ་གྲོས་ལ་ལྟ་ལྟེ་ན་ལོན་པའི་མིར་གྱུར་ཞིག"

21 ༢༡་ །བཀའ་ཁྲིམས་ཀྱི་མདོ་ན་ཀྱུ་རི་བོས། སྐད་གཞན་རྣམས་ནང་མཐའ་འཁོབ་པའི་ཁ་རྒྱུད་ནས་ངས་སྡེ་འདི་ལ་སྨྲ་ཡང་། དེ་ཚོས་ང་ལ་ཉན་པར་མི་འགྱུར་གསུང་བས།"

22 ༢༢་ སྐད་གཞན་རྣམས་དད་པ་ཅན་གྱི་ཕྱིར་མིན་པར་དད་མེད་རྣམས་ཀྱི་ཕྱིར་རྟགས་སུ་ཡིན། ཆོས་བཤད་ནི་མི་དད་མེད་ཀྱི་ཕྱིར་མིན་པར་དད་པ་ཅན་གྱི་ཕྱིར་ཡིན་ནོ།"

23 ༢༣་ །མ་ཤི་ཀ་པ་རྣམས་འདུས་ཏེ་མི་ཐམས་ཅད་ཀྱིས་སྐད་གཞན་རྣམས་ནང་སྨྲ་བའི་ཚེ། དོན་མི་ཤེས་པའམ་དད་མེད་སླེབ་ན། ཁྱེད་ཚོ་སྨྱོན་པར་མི་རྩིའམ།"

24 ༢༤་ ཐམས་ཅད་ཀྱིས་ཆོས་བཤད་པའི་ཚེ་དད་མེད་དམ་དོན་མི་ཤེས་པ་སླེབ་ན། ཐམས་ཅད་ཀྱིས་ཁོ་ལ་དོ་སྤྲོད་པས་ཁོས་རང་རྒྱུད་རྟོགས་ཏེ།"

25 ༢༥་ རང་གི་སྙིང་གི་གསང་བ་མངོན་པས། མི་དེ་ཁ་འབུབ་ལོག་ནས། ཨེ་ལོ་ཧིམ་ལ་པུས་སུམ་འཛུགས་ཞིང་། ཁྱེད་ཀྱི་ཁྲོད་དུ་ཨེ་ལོ་ཧིམ་བདེན་པར་བཞུགས་ཞེས་འཆད་འོང་།"

26 ༢༦་ །ཀྱེ་སྤུན་རྣམས་ཅི་ཞུ། ཁྱེད་འཚོག་དུས་སུ། ལ་ལས་མགུར་མ། ལ་ལས་བསླབ་བྱ། ལ་ལས་གསང་བ་མངོན་པར་གསལ་བ། ལ་ལས་སྐད་གཞན་དང་། ཡང་ན་དེའི་དོན་འགྲེལ་འཆད་པར་འདོད་པས། དེ་ཐམས་ཅད་སེམས་ཉིད་ཡར་སྐྱེད་ཀྱི་ཕྱིར་འབྱུང་དགོས།"

27 ༢༧་ སྐད་གཞན་རྣམས་ནང་སྨྲ་ན། གཉིས་སམ། མང་ཤོག་གསུམ་གྱིས་རིམ་པར་སྨྲས་ནས། གཅིག་གིས་དེའི་དོན་འགྲེལ་བྱེད་དགོས།"

28 ༢༨་ དོན་འགྲེལ་བྱེད་མཁན་མེད་ན་སྐད་གཞན་སྨྲ་བ་དེ་ཚོགས་པའི་ནང་ཁ་རོག་ཅིང་རང་དང་ཨེ་ལོ་ཧིམ་ལ་སྨྲོས་ཅིག"

29 ༢༩་ །ཆོས་འཆད་པ་གཉིས་སམ་གསུམ་གྱིས་ཤོད་ཅིག །གཞན་ཚོས་སྨྲས་པ་དེར་རྟགས་དགོས།"

30 ༣༠་ དེར་བསྡད་ཡོད་པ་ཞིག་ལ་རུ་ཨག་གི་སྐུལ་མ་འབྱུང་ན། སྔ་མ་དེ་ཁ་རོག་སྡོད་ཅིག"

31 ༣༡་ །ཐམས་ཅད་ལ་བསླབ་བྱ་དང་སྐུལ་མ་ཐོབ་ཕྱིར། ཁྱེད་ཐམས་ཅད་ཀྱིས་རེ་རེ་བཞིན་ཆོས་འཆད་པར་རིགས་སོ།"

32 ༣༢་ །ཨེ་ལོ་ཧིམ་ནི་གྲ་མི་འགྲིགས་བཟོ་བར་མི་དགྱེས་ཀྱི། ཞི་བདེར་དགྱེས་པས།"

33 ༣༣་ ཆོས་འཆད་པ་པོའི་སེམས་དེའི་དབང་དུ་འདུ་དགོས།"

34 ༣༤་ མ་ཤི་ཀ་པའི་ཚོགས་ཐམས་ཅད་ནང་ཁྲིམས་ཡོད་པ་ལྟར། བུད་མེད་ཀྱིས་ཆོས་ཚོགས་ནང་སྨྲ་བར་མི་ཆོག་པས་ཁ་རོག་སྡོད་དགོས། བཀའ་ཁྲིམས་ནང་གསུངས་པ་བཞིན་དུ་རང་ས་འཛིན་དགོས།"

35 ༣༥་ །ཆོས་ཚོགས་ནང་བུད་མེད་ཀྱིས་སྨྲ་བར་མི་རུང་བས། ཇི་ཞིག་ཤེས་པར་འདོད་ན། ཁྱིམ་དུ་ཁྱོ་ལ་འདྲི་བར་རིགས་སོ།"

36 ༣༦་ །ཨེ་ལོ་ཧིམ་གྱི་བཀའ་ཁྱེད་ཚོའི་ཁྲོད་ནས་བྱུང་ངམ། ཁྱེད་ཚོ་འབའ་ཞིག་ལ་མངོན་ནམ།"

37 ༣༧་ སུས་རང་ལུང་སྟོན་པའམ་རུ་ཨག་དང་ལྡན་པ་ཡིན་སེམས་ན། ངས་ཁྱེད་ཚོར་བྲིས་པ་རྣམས་ཀྱུ་རི་བོའི་བཀའ་གནང་ཡིན་པར་རྩིས་ཤིག །སུས་མི་རྩི་ན་མི་དེ་ཡང་རྩི་བར་མི་འགྱུར།"

38 ༣༨་ མདོན་ན་སྤུན་རྣམས་ཚོས་འཆད་པ་ལ་བརྩོན་ཞིག"

39 ༣༩་ །སྐད་གཞན་རྣམས་ནང་སྨྲ་བ་མ་འགེགས་ཤིག"

40 ༤༠་ །ཐམས་ཅད་ལེགས་ཤིང་ཚུལ་དང་མཐུན་པར་གྱིས་ཤིག། །།"

15

1 ༡་ །སྤུན་རྣམས་ངས་སྔོན་བཤད་པའི་འཕྲིན་བཟང་ཁྱེད་ཚོར་དྲན་སྐུལ་བྱེད་དོ། །དེ་ནི་ཁྱེད་ཚོས་བླངས་ཤིང་། དེ་ལ་བརྟན་པོར་ཡང་གནས་སོ།"

2 ༢་ །ངས་བཤད་པ་ཡིན་ལ་བཟུང་ན། དེའི་སྒོ་ནས་ཐར་ལམ་ཐོབ་བོ། །དེ་མིན་ཁྱེད་ཚོས་དད་པ་བྱས་པ་དོན་མེད་དོ།"

3 ༣་ །ངས་ཐོས་པ་ཁྱེད་ཚོར་སྔོན་དུ་བཤད་པ་འདི་ལྟ་སྟེ། བི༷་བལ་ན་གསུངས་པ་བཞིན་ང་ཚོའི་སྡིག་པའི་ཕྱིར་མ་ཤི་ཀ་གྲོངས།"

4 ༤་ དུར་དུ་བཅུག །ཡང་བི༷་བལ་ན་གསུངས་པ་བཞིན་ཁོང་ཞག་གསུམ་པར་བཞེངས།"

5 ༥་ པེ༷་ཏྲོས་མཇལ། དེ་ནས་བཅུ་གཉིས་པོས་ཀྱང་མཇལ།"

6 ༦་ དེ་ནས་དུས་གཅིག་ཏུ་སྤུན་ལྔ་བརྒྱ་ལས་ལྷག་པས་མཇལ། དེ་དག་ལས་ཁ་ཅིག་གྲོངས་ཀྱང་མང་པོ་དེ་ལྟའི་བར་དུ་ཡོད།"

7 ༧་ དེ་ནས་ཡ༷་ཀོབ། དེའི་རྗེས་སུ་ཨ༷་པོ་ཏོ་ལོ་པ་ཐམས་ཅད་ཀྱིས་མཇལ། "

8 ༨་ མཇུག་ཤོག་སུ་དུས་མིན་སྐྱེས་པ་ལྟ་བུ་ངས་ཀྱང་མཇལ།"

9 ༩་ ང་ཨ༷་པོ་ཏོ་ལོ་པ་ཐམས་ཅད་ལས་དམན་པ་དེ་ཡིན། ཨེ་ལོ་ཧིམ་གྱི་མ་ཤི་ཀ་པ་རྣམས་ལ་ངས་གཅེས་པས། ང་ཨ༷་པོ་ཏོ་ལོ་པའི་མིང་འཛིན་པར་མི་འོས།"

10 ༡༠་ ང་ཇི་ཡིན་པ་ཨེ་ལོ་ཧིམ་གྱི་ཐུགས་རྗེས་ཡིན། ཁོང་གིས་ང་ལ་མཛད་པའི་ཐུགས་རྗེ་མ་སྟོང་སོ། །གཞན་ཀུན་ལས་ངས་ལྷག་པར་དཀའ་ལས་རྒྱབ་པ་ཡིན། ང་རང་གིས་མ་བྱས་ཀྱི། ང་དང་འགྲོགས་པའི་ཨེ་ལོ་ཧིམ་གྱི་ཐུགས་རྗེས་མཛད་དོ།"

11 ༡༡་ །བཤད་མཁན་ང་ཡིན་རུང་ཨ༷་པོ་ཏོ་ལོ་པ་དེ་དག་ཡིན་རུང་། ང་ཚོས་བཤད་པ་དེ་ཀར་ཁྱེད་ཚོས་དད་དོ།"

12 ༡༢་ །མ་ཤི་ཀ་གཤིན་པོའི་ཁྲོད་ནས་བཞེངས་པ་འཆད་ན། ཁྱེད་ཁ་ཅིག་གིས་གཤིན་པོ་མི་ལང་ཞེས་ཅི་ལྟར་སྨྲ།"

13 ༡༣་ གཤིན་པོ་མི་ལང་ན། མ་ཤི་ཀའང་མ་བཞེངས།"

14 ༡༤་ མ་ཤི་ཀ་མ་བཞེངས་ན། ང་ཚོས་བསྟན་པ་དང་ཁྱེད་ཚོའི་དད་པའང་དོན་མེད་དོ།"

15 ༡༥་ །གཤིན་པོ་མི་ལང་ན། ཨེ་ལོ་ཧིམ་གྱིས་མ་ཤི་ཀ་མ་བསླངས་ཤིང་ང་ཚོས་བསླངས་སོ་ཞེས་ཟེར་བ་དེ་ང་ཚོས་ཨེ་ལོ་ཧིམ་ལ་རྫུན་གྱི་དབང་པོ་བྱེད་དོ།"

16 ༡༦་ །མདོར་ན་གཤིན་པོ་མི་ལང་ན། མ་ཤི་ཀ་འང་མ་བཞེངས། "

17 ༡༧་ མ་ཤི་ཀ་མ་བཞེངས་ན། ཁྱེད་ཚོའི་དད་པའང་དོན་མེད་ཡིན་པས། ད་དུང་སྡིག་པའི་ནང་དུ་ཡོད་དེ།"

18 ༡༨་ མ་ཤི་ཀ་པ་གྲོངས་པ་རྣམས་ཀྱང་མེད་པར་གྱུར་ཏོ།"

19 ༡༩་ །ཚེ་འདི་འབའ་ཞིག་གི་ཕྱིར་མ་ཤི་ཀ་ལ་རེ་བ་བྱེད་ན། མི་ཐམས་ཅད་ལས་ང་ཚོ་སྡུག་གོ"

20 ༢༠་ །འོན་ཀྱང་མ་ཤི་ཀ་ནི་གཤིན་པོ་ལས་བདེན་པར་བཞེངས་ཏེ་བཞེངས་པའི་དང་པོ་འོ།"

21 ༢༡་ །མི་གཅིག་གི་རྐྱེན་གྱིས་འཆི་བ་བྱུང་བས། མི་གཅིག་གི་རྐྱེན་གྱིས་གཤིན་པོ་ལས་ལང་བའང་བྱུང་ངོ་།"

22 ༢༢་ །ཨ༷་དམ་ལ་བརྟེན་པ་ཐམས་ཅད་འཆི་བ་ལྟར། མ་ཤི་ཀ་ལ་བརྟེན་པ་ཐམས་ཅད་གསོན་འོང་།"

23 ༢༣་ །ཐམས་ཅད་རིམ་པར་ལང་། དང་པོར་མ་ཤི་ཀ་དང་། དེ་ནས་ཁོང་འབྱོན་དུས་སུ་མ་ཤི་ཀ་པ་རྣམས་ལང་འོང་།"

24 ༢༤་ དེ་ནས་ཁོང་གིས་མངའ་ཐང་དང་དབང་དང་སྟོབས་གང་ཡོད་པ་ཐམས་ཅད་འཇིག་པར་མཛད་ནས་ཡབ་ཨེ་ལོ་ཧིམ་ལ་སྲིད་འབུལ་དུས་སུ་དུས་ཀྱི་ཐ་མ་འབྱུང་འོང་།"

25 ༢༥་ དགྲ་ཐམས་ཅད་ཞབས་འོང་ཏུ་འཇུག་པའི་བར་དུ་སྲིད་མཛད་དགོས་པས་སོ།"

26 ༢༦་ །དགྲ་ཐམས་ཅད་ཀྱི་མཇུག་ཏུ་འཆི་བ་འཇོམ་པར་མཛད་དོ།"

27 ༢༧་ །ཁོང་གི་ཞབས་འོག་ཏུ་ཐམས་ཅད་ཐུལ། ཐམས་ཅད་ཐུལ་གསུང་ན། ཐུལ་བཅུག་མཁན་དེ་དེར་མ་གཏོགས་པར་གསལ་ལོ།"

28 ༢༨་ །ཐམས་ཅད་ལ་ཨེ་ལོ་ཧིམ་གཅིག་ཆོག་ཏུ་འགྱུར་བའི་དོན་དུ། སྲས་ཀྱིས་ཐམས་ཅད་གཞོམ་པའི་རྗེས་སུ། ཁོང་རང་ཡང་དབང་གནང་མཁན་དེའི་འོག་ཏུ་འགྱུར་འོང་།"

29 ༢༩་ གཤིན་པོ་རྩད་ནས་མི་ལང་ན། གཤིན་པོའི་ཕྱིར་བ༷བ་ཐི་སོ་བླངས་པ་དེ་ཚོས་ཅི་ཐོབ། དེ་དག་གི་དོན་དུ་བ༷བ་ཐི་སོ་ཅིའི་ཕྱིར་ལེན།"

30 ༣༠་ ང་ཚོས་ཀྱང་ཆུ་ཚོད་རེ་བཞིན་རང་སྲོག་ཅིའི་ཕྱིར་སྡོ།"

31 ༣༡་ ཀྱུ་རི་བོ་ཡེ་ཤུ་མ་ཤི་ཀའི་ནང་ཁྱེད་ཚོ་ངའི་དཔལ་ཡིན་པ་ལྟར། ང་ལ་ཞག་རེ་བཞིན་འཆི་ཉེན་ཡོད།"

32 ༣༢་ ཨེ༷་ཕེ་སུ་རུ་འཇིག་རྟེན་པ་ལྟར་ངས་གཅན་ཟན་དང་རྒོལ་བ་ཡིན་ན་ཅི་ཕན། གཤིན་པོ་མི་ལང་ན་སང་ཉིན་འཆི་བས། ཟོ་ཞིག །ཐུངས་ཤིག"

33 ༣༣་ །གྲོགས་ངན་པས་སྤྱོད་ལམ་བཟང་པོ་རློག་པས་མ་ནོར་ཞིག"

34 ༣༤་ །ཁ་ཅིག་གིས་ཨེ་ལོ་ཧིམ་མི་ཤེས་པས། ཁྱེད་ཚོས་སྡིག་པ་མི་བྱེད་པར་དྲང་པོར་སྤྱོད་ཕྱིར་གཉིད་སོང་། དེ་ནི་ཁྱེད་ཚོ་ངོ་ཚ་བའི་ཕྱིར་ངས་ཟེར་རོ།།"

35 ༣༥་ །གཤིན་པོ་ཅི་ལྟར་ལང་། ཅི་ལྟ་བུའི་ལུས་དང་ལྡན་ཏེ་འོང་ཞེས་སུས་འདྲི་ན།"

36 ༣༦་ ཀྱེ་བླུན་པོ། ཁྱེད་ཀྱིས་འདེབས་པའི་ས་བོན་ཤི་ནས་མ་གཏོགས་གསོན་པོར་མི་འགྱུར།"

37 ༣༧་ ཁྱོད་ཀྱིས་འདེབས་པ་དེ་སྐྱེ་རྒྱུ་ཡིན་པའི་གཟུགས་མ་ཡིན་གྱི། །གྲོ་ལ་སོགས་པའི་འབྲུ་འབའ་ཞིག་ཡིན་ཏེ།"

38 ༣༨་ ཨེ་ལོ་ཧིམ་གྱི་ཐུགས་དགོངས་ནང་བཞིན་ས་བོན་རེ་རེ་ལ་རང་གི་གཤིས་བཞིན་གཟུགས་རེ་གནང་ངོ་།"

39 ༣༩་ གཟུགས་ཐམས་ཅད་གཅིག་པ་མིན་གྱི་མི། དུད་འགྲོ། འདབ་ཆགས། ཉའི་གཟུགས་སོ་སོ་ཡིན་ནོ།"

40 ༤༠་ །དེ་ལྟར་ནམ་མཁའི་གཟུགས་དང་སའི་གཟུགས་ཀྱང་ཡོད་དེ། དེ་རེ་རེ་ལའང་གཟི་བརྗིད་སོ་སོ་ཡོད།"

41 ༤༡་ དེར་མ་ཟད་ཉི་མ། ཟླ་བ། སྐར་མའི་གཟི་བརྗིད་ཀྱང་སོ་སོ་ཡིན་ཏེ། སྐར་མ་སོ་སོར་གཟི་བརྗིད་སོ་སོ་ཡོད།"

42 ༤༢་ གཤིན་པོ་རྣམས་ལང་བའང་དེ་ལྟར་ཡིན། འཇིག་རྒྱུའི་གཟུགས་ཤིག་ས་ལ་འདེབས་ནས་མི་འཇིགས་པའི་གཟུགས་ཤིག་ལང་ངོ་།"

43 ༤༣་ སྨད་པར་འགྱུར་བ་ཞིག་འདེབས་ནས་གཟི་བརྗིད་དང་ལྡན་པ་ཞིག་ལང་། སྟོབས་མེད་ཅིག་འདེབས་ནས་སྟོབས་ལྡན་ཞིག་ལང་།"

44 ༤༤་ སའི་ལུས་ཤིག་འདེབས་ནས་སེམས་ཉིད་ཀྱི་ལུས་ཤིག་ལང་ངོ་། །སའི་ལུས་ཤིག་ཡོད་ན། སེམས་ཉིད་ཀྱི་ལུས་ཀྱང་ཡོད།"

45 ༤༥་ མདོ་ན་ཨ༷་དམ་དང་པོ་སྲོག་དང་ལྡན་ཞེས་བྲིས་པ་བཞིན་དུ། ཨ༷་དམ་ཕྱི་མ་གསོན་པ་ཉིད་གནང་བའི་ཐུགས་ཉིད་དུ་གྱུར།"

46 ༤༦་ འོན་ཀྱང་སེམས་ཉིད་ཀྱི་ལུས་དེ་སྔོན་དུ་མ་བྱུང་གི །ས་དང་ལྡན་པའི་ལུས་དེ་བྱུང་བའི་འོག་ཏུ་སེམས་ཉིད་ཀྱི་ལུས་བྱུང་།"

47 ༤༧་ མི་སྔ་མ་དེ་ས་ལས་ཡིན། མི་ཕྱི་མ་དེ་ནམ་མཁའ་ལས་ཡིན།"

48 ༤༨་ སའི་མི་ཡིན་པ་ཐམས་ཅད། སྔ་མའི་སའི་མི་ལྟ་བུ་ཡིན། ནམ་མཁའི་མི་ཡིན་པ་ཐམས་ཅད། ཕྱི་མའི་ནམ་མཁའི་མི་ལྟ་བུ་ཡིན་ནོ།"

49 ༤༩་ །ང་ཚོས་སའི་མིའི་དབྱིབས་བླངས་པ་ལྟར། ནམ་མཁའི་དབྱིབས་ཀྱང་བླང་བར་འགྱུར་རོ།།"

50 ༥༠་ །ཤ་ཁྲག་དང་ལྡན་པ་ལ་ཨེ་ལོ་ཧིམ་གྱི་རྒྱལ་སྲིད་ཀྱི་ཐོབ་སྐལ་མེད། འཇིག་པ་ལ་མི་འཇིག་པའི་ཐོབ་སྐལ་མེད་ཅེས་ངས་ཁྱེད་སྤུན་རྣམས་ལ་ཟེར།"

51 ༥༡་ ངས་ཁྱེད་ཚོར་གསང་བ་ཞིག་སྨྲ་སྟེ། ང་ཚོ་ལས་ཐམས་ཅད་མི་འཆི་འོ། དུང་སྐད་མཐའ་མར་མིག་བཙུམ་ཅིག་གམ་ཡུད་ཅིག་ནང་ཐམས་ཅད་འཕོ་བར་འགྱུར་རོ།"

52 ༥༢་ །དུང་འུ་བུད་པ་དང་གཤིན་པོ་རྣམས་མི་འཇིག་པར་ལང་ཞིང་། ང་ཚོ་ནི་འཕོ་བར་འགྱུར།"

53 ༥༣་ འཇིག་པས་མི་འཇིག་པ་དང་། འཆི་བས་མི་འཆི་བ་བགོ་དགོས།"

54 ༥༤་ བགོ་བའི་ཚེ་ན། མདོ་ན། འཆི་བ་ཕམ་ནས་མེད་པར་གྱུར།"

55 ༥༥་ ཀྱེ། འཆི་བ་ཁྱོད་ཀྱི་རྒྱལ་བ་གང་། ཀྱེ། འཆི་བ་ཁྱོད་ཀྱི་མདུང་ནི་གང་། ཞེས་བྲིས་པ་དེ་འགྲུབ་འོང་།"

56 ༥༦་ འཆི་བའི་མདུང་ནི་སྡིག་པ་དང་། སྡིག་པའི་དབང་ནི་བཀའ་ཁྲིམས་ཡིན།"

57 ༥༧་ འོན་ཀྱང་ཀྱུ་རི་བོ་ཡེ་ཤུ་མ་ཤི་ཀ་རྒྱུད་ནས་ང་ཚོར་རྒྱལ་ཁ་གནང་བའི་ཨེ་ལོ་ཧིམ་ལ་བསྟོད་བསྔགས་འབུལ་ལོ།"

58 ༥༨་ །སྤུན་གཅེས་པ་རྣམས། འགྱུར་མེད་བརྟན་པོར་སྡོད་ཅིག །ཁྱེད་ཚོའི་ལས་ཀྱུ་རི་བའི་དྲུང་དུ་དོན་མེད་མིན་པར་ཤེས་བཞིན། རྒྱུན་དུ་ཀྱུ་རི་བོའི་ལས་ནང་ལྷག་པར་བརྩོན་ཞིག། །།"

16

1 ༡་ །མ་ཤི་ཀ་པ་རྣམས་ཀྱི་ཕྱིར་འབུལ་སྡུད་ཀྱི་སྐོར། །ག༷་ལད་ཡའི་མ་ཤི་ཀ་པ་རྣམས་ལ་ངས་བསྒོས་པ་ལྟར་ཁྱེད་ཚོས་ཀྱང་བྱོས་ཤིག"

2 ༢་ །ང་བསླེབ་དུས་ཁོ་ནར་འབུལ་སྡུད་མི་བསྡུ་བར། མི་རེ་རེ་མདུན་ཕྲག་གི་ཞག་དང་པོར་གང་ཐུབ་བས་གས་ནས་ཟུར་དུ་འཇོག་ཅིག"

3 ༣་ །ང་བསླེབ་དུས་སུ་ཁྱེད་ཚོས་མི་སུ་འདམས་པ་རྣམས་ཡི་གེ་དང་བཅས་ཁྱེད་ཚོའི་འབུལ་སྡུད་ཡེ༷་རུ་ཤ་ལེམ་དུ་སྐྱེལ་དུ་གཏོང་ངོ་།"

4 ༤་ །ངའང་འགྲོ་དགོས་ན། དེ་ཚོ་མཉམ་འགྲོའོ།"

5 ༥་ །ང་མ༷་ཀེ་དོན་རྒྱུད་ནས་འགྲོ་རྒྱུ་ཡིན་པས། དེ་རྒྱུད་ཁྱེད་ཚོའི་རྩར་འོང་ངོ་།"

6 ༦་ །ང་ཁྱེད་ཚོའི་རྩར་དུས་རེ་ཞིག་གམ། ཡང་ན་དགུན་ཀའང་བསྡད་སྲིད། དེ་ནས་ང་གར་འགྲོ་ནའང་ཁྱེད་ཚོས་སྐྱེལ་ཐུང་བྱེད་ཐུབ།"

7 ༧་ ཀྱུ་རི་བོ་མཉེམ་ན་ལམ་ཐོག་ཏུ་ཕྲད་པ་ཙམ་མ་ཡིན་པར་ཡུན་རིང་ཞིག་ཁྱེད་ཚོ་དང་མཉམ་སྡོད་པར་རེའོ།"

8 ༨་ །དགྲ་བོ་མང་པོ་ཡོད་ཀྱང་།"

9 ༩་ དེའི་ཕྱིར་འབྲས་བུ་དང་ལྡན་པའི་ལས་ཀྱི་སྒོ་རྒྱ་ཆེ་བ་ཞིག་ཕྱེས་ཡོད་པས། ཉི་མ་ལྔ་བཅུ་པའི་དུས་ཆེན་གྱི་བར་དུ་ང་ཨེ༷་ཕེ་ཨུ་རུ་བསྡད་འོང་།"

10 ༡༠་ ཏི༷་མོ་ཐེའུས་ང་དང་འདྲ་བར་ཀྱུ་རི་བོའི་ལས་བྱེད་པས། དེར་བསླེབ་ན་ཁོ་ཁྱེད་མཉམ་འཇིགས་པ་མེད་པར་སྡོད་ཆུག་ཅིག"

11 ༡༡་ །དེ་ལ་མི་བརྙམ་ཤིང་། ཉེ་ཞོ་མེད་པར་ངའི་རྩར་ཐོང་ཞིག །ཁོ་བསླེབ་ཕྱིར་ང་དང་སྤུན་རྣམས་སྒུག་གིན་བསྡད་ཡོད།"

12 ༡༢་ སྤུན་ཨ༷་པོལ་ལོ་ལ་གཞན་རྣམས་དང་མཉམ་ཁྱེད་ཚོའི་རྩར་འགྲོ་བར་ཨུ་ཚུགས་བྱས་པ་ཡིན། ད་ལྟ་དེར་འགྲོ་བར་དུས་སུ་མ་བབས་ཀྱང་། དུས་སུ་འབབ་ན་ཁོ་འོང་ངོ་།"

13 ༡༣་ །བྱ་ར་བྱོས་ཤིག །དད་པ་བརྟན་པོར་གནས་ཤིག །དཔའ་ཞིང་རེས་ཞིག"

14 ༡༤་ །ཇི་བྱེད་ནའང་བྱམས་པས་བྱོས་ཤིག"

15 ༡༥་ །སྟེ༷་ཕ་ནའི་ནང་ཚང་ནི་ཨ༷་ཁ་ཡཱའི་ནང་ནས་མ་ཤི་ཀ་ལ་དད་པ་ཞུ་མཁན་དང་པོ་ཡིན་པ་དང་། མ་ཤི་ཀ་པའི་ཞབས་ཏོག་ལ་འབུངས་པ་ཁྱེད་སྤུན་རྣམས་ཀྱིས་ཤེས་པས།"

16 ༡༦་ དེ་ལྟ་བུ་རྣམས་དང་དེ་དག་ལ་གཏོགས་པ་ཐམས་ཅད་ཀྱི་ཁ་ལ་ཉོན་ཞིག་ཅེས་ཞུའོ།"

17 ༡༧་ སྟ༷་ཕ་ནཱ་དང་ཕོ༷ར་ཏུ་ན་ཏུ་དང་ཨ༷་ཁ་ཡི་ཀུ་འོངས་ནས། ཁྱེད་ཚོ་དང་འཕྲད་པ་ལྟ་བུའི་དགའ་བ་འབྱུང་།"

18 ༡༨་ དེ་དག་གིས་ང་དང་ཁྱེད་ཚོའི་སེམས་གསོས། དེ་འདྲའི་མི་ལ་སྟི་སྟང་བྱོས་ཤིག"

19 ༡༩་ །ཨ༷་སི་ཨའི་མ་ཤི་ཀ་པ་རྣམས་ཀྱིས་ཁྱེད་ཚོར་ཕྱག་འབུལ་ལོ། །ཨ༷་ཀུ་ལཱ་དང་པྲིས་ཀིལ་ལ་དང་། དེ་དག་གི་ཁྱིམ་དུ་ཚོགས་པ་རྣམས་ཀྱིས་ཀྱུ་རི་བོའི་ནང་ན་ཁྱེད་ཚོར་ཕྱག་མང་འབུལ་ལོ།"

20 ༢༠་ །སྤུན་ཐམས་ཅད་ཀྱིས་ཁྱེད་ཚོར་ཕྱག་འབུལ་ལོ། །དམ་པའི་འོ་བཅས་ཕན་ཚུན་ཕྱག་བྱོས་ཤིག"

21 ༢༡་ །ཕྱག་འབུལ་འདི་ནི་ང་རང་པ༷འུ་ལུའི་ལག་པས་འབྲིའོ།"

22 ༢༢་ །ཀྱུ་རི་བོ་ལ་མི་བྱམས་པ་དེ་དམོད་པར་ཕོག་ག"

23 ༢༣་ ཁྱེད་ཚོར་ཀྱུ་རི་བོ་ཡེ་ཤུའི་ཐུགས་རྗེ་འབབ་པར་ཤོག"

24 ༢༤་ ཁྱེད་ཐམས་ཅད་ལ་མ་ཤི་ཀ་ཡེ་ཤུའི་ནང་ངའི་བྱམས་པ་གནས་སོ།། ཨ་མེན།། །།"

2

1 ༡་ །སྤུན་རྣམས། ང་ཁྱེད་ཀྱི་རྩར་འོང་དུས་སུ་ཨེ་ལོ་ཧིམ་གྱི་གསང་བ་འཆད་པར། ངག་དབང་དང་ཤེས་རབ་བཅས་མ་འོངས།"

2 ༢་ །ཡེ་ཤུ་མ་ཤི་ཀ་དང་། ཁོང་རྒྱང་ཤིང་ལ་བརྒྱངས་པ་མ་གཏོགས་གཞན་ཅིའང་ཁྱེད་ཀྱི་ཁྲོད་དུ་མི་འཆད་པར་ངས་ཐག་བཅད་པ་ཡིན།"

3 ༣་ ང་ཁྱེད་ཚོའི་རྩར་ཤིན་ཏུ་ཉམས་ཆུང་བས་འཇིགས་ཤིང་འདར་བས་གནས་ཏེ།"

4 ༤་ ཁྱེད་ཀྱི་དད་པ་མིའི་ཤེས་རབ་ལ་མི་རྟེན་པར། ཨེ་ལོ་ཧིམ་གྱི་དབང་ལ་རྟེན་ཕྱིར།"

5 ༥་ ངས་ཚད་མའི་ཤེས་རབ་མཉམ་མ་བཤད་པར། རུ་ཨག་གྱི་དབང་མཉམ་གླེང་སྟེ་འཕྲིན་བཟང་བཤད་དོ།"

6 ༦་ །ཤེས་རབ་ཕུལ་དུ་ཨེ་ལོ་ཧིམ་ངོ་མ་ཤེས་པ་རྣམས་ལ་འཇིག་རྟེན་དང་འཇིག་རྟེན་གྱི་དབང་པོ་མི་རྟག་པ་རྣམས་ཀྱི་ཤེས་རབ་མི་སྟོན་གྱི།"

7 ༧་ ཐོག་མ་ལས་སྔོན་དུ་ང་ཚོའི་དཔལ་ཕྱིར་ཨེ་ལོ་ཧིམ་གྱིས་གསང་བས་དམིགས་པའི་ཡེ་ཤེས་དེ་ང་ཚོས་སྟོན་ནོ།"

8 ༨་ ཡེ་ཤེས་འདི་འཇིག་རྟེན་གྱི་དབང་པོ་སུས་ཀྱང་མ་ཤེས། ཤེས་པ་ཡིན་ན་གཟི་བརྗིད་ཀྱི་ཀྱུ་རི་བོ་རྒྱང་ལ་མ་བརྐྱངས་པ་ཡིན།"

9 ༩་ འོན་ཀྱང་མདོ་བཞིན། མིག་གིས་མ་མཐོང་རྣ་བས་མ་ཚོར་ཞིང་།། འཇིག་རྟེན་པ་ཡི་སྙིང་ནང་མ་ཤེས་པ།། ཨེ་ལོ་ཧིམ་ལ་གཅེས་རྣམས་ཕྱིར་བཤམས་པ་སྟེ།"

10 ༡༠་ །དེ་ནི་རུ་ཨག་གིས་སྒོ་ནས་ཨེ་ལོ་ཧིམ་གྱིས་ང་ཚོར་མངོན་པར་མཛད་དོ། །རུ་ཨག་གིས་དངོས་པོ་ཐམས་ཅད་དང་། ཨེ་ལོ་ཧིམ་གྱི་གཏིང་ཡང་དཔོག་གོ།"

11 ༡༡་ །མི་དེའི་སེམས་ཀྱིས་མ་གཏོགས་པར། མི་དེའི་བསམ་པ་སུས་ཤེས། དེ་ལྟར་ཨེ་ལོ་ཧིམ་གྱི་རུ་ཨག་གིས་མ་གཏོགས་པར། ཨེ་ལོ་ཧིམ་གྱི་ཐུགས་དགོངས་སུས་ཀྱང་མི་ཤེས་སོ།"

12 ༡༢་ །ཨེ་ལོ་ཧིམ་གྱིས་ང་ཚོར་གནང་བ་རྣམས་རྟོགས་ཕྱིར། ང་ཚོར་འཇིག་རྟེན་གྱི་སེམས་མ་ཐོབ་ཀྱི། ཨེ་ལོ་ཧིམ་གྱི་རུ་ཨག་ཐོབ་བོ།"

13 ༡༣་ །ང་ཚོས་རུ་ཨག་དང་ལྡན་པ་རྣམས་ལ་རུ་ཨག་གི་བདེན་པ་སྟོན་ཞིང་། དེ་ནི་མིའི་ཤེས་རབ་ཀྱི་སྒོ་ནས་མ་ཡིན་པར་རུ་ཨག་གིས་སྒོ་ནས་རྟོགས་པའི་ཚིག་གིས་འཆད་དོ།"

14 ༡༤་ །འཇིག་རྟེན་པའི་མདུན་དུ་རུ་ཨག་གི་བསྟན་པ་ནི་བླུན་པ་ཡིན་ཏེ། དེས་མི་བླང་ངོ་། རུ་ཨག་གི་ལུགས་སུ་རྟོགས་དགོས་པས་དེས་གོ་བར་མི་ནུས་སོ།"

15 ༡༥་ རུ་ཨག་དང་ལྡན་པའི་མིའི་ཚོད་སུས་ཀྱང་མི་འཛིན་ཡང་། དེས་ཐམས་ཅད་ཀྱི་ཚོད་འཛིན་ནོ།"

16 ༡༦་ །ཀྱུ་རི་བོའི་ཐུགས་དགོངས་སུ་ཡིས་ཤེས། ཀྱུ་རི་བོར་བསླབ་བྱ་སུ་ཡིས་གཏོང་། ང་ཚོར་མ་ཤི་ཀའི་རུ་ཨག་ཡོད་དོ།། །།"

3

1 ༡་ །ཁྱེད་སྤུན་རྣམས་རུ་ཨག་དང་ལྡན་པ་འདྲ་བར་ངས་སྨྲ་བར་མ་ནུས། འཇིག་རྟེན་པ་དང་ཆོས་ཚོགས་ཀྱི་བྱིས་པ་འདྲ་བར་སྨྲས་སོ།"

2 ༢་ །ངས་ཁྱེད་ལ་ཟན་མ་བསྟེར་བར་འོ་མ་བསྟེར། ཟན་ནི་མ་འཇུ་བས། ད་དུང་འང་ཁྱེད་འཇིག་རྟེན་པ་ཡིན་པས་འཇུ་མི་ནུས་སོ།"

3 ༣་ །ཁྱེད་ཚོའི་ནང་ཕྲག་དོག་དང་རྩོད་པ་ཡོད་རིང་། འཇིག་རྟེན་པ་མ་ཡིན་ནམ། མི་ཕལ་པ་ལྟར་མི་སྤྱོད་དམ།"

4 ༤་ གཅིག་གིས་ང་པ༷འུ་ལུའི་ཕྱོགས་པ་དང་། གཅིག་གིས་ང་ཨ༷་པོལ་ལོའི་ཕྱོགས་པ་ཡིན་ཟེར་རིང་། ཁྱེད་ཚོ་འཇིག་རྟེན་གྱི་མི་མ་ཡིན་ནམ།"

5 ༥་ ཨ༷་པོལ་ལོ་སུ་ཡིན། པ༷འུ་ལུ་སུ་ཡིན། ཀྱུ་རི་བོས་རེ་རེ་ལ་སྐལ་བ་གནང་བ་བཞིན་དུ་ཁྱེད་དད་པར་གཀོད་པའི་ཞབས་ཕྱི་ཡིན།"

6 ༦་ ངས་བཙུགས་ཤིང་། ཨ༷་པོལ་ལོས་ཆུ་བཏང་ཡང་། ཨེ་ལོ་ཧིམ་གྱིས་བསྐྱེད་བཅུག་པས།"

7 ༧་ སྐྱེད་མཁན་ཨེ་ལོ་ཨིམ་དེ་འབའ་ཞིག་ལས་འཛུག་མཁན་དང་ཆུ་གཏོང་མཁན་གཉིས་གང་ཡང་མ་ཡིན།"

8 ༨་ འཛུག་མཁན་དང་ཆུ་གཏོང་མཁན་འདྲ་བ་ན་ཡིན་ཏེ། རེ་རེའི་ལས་བཞིན་རྔན་པ་ཐོབ་འོང་།"

9 ༩་ ང་ཚོ་ཨེ་ལོ་ཧིམ་གྱི་ལས་གྲོགས་ཡིན་ཏེ། ཁྱེད་ཨེ་ལོ་ཧིམ་གྱི་ཞིང་དང་མཁར་ཡིན་ནོ།།"

10 ༡༠་ །ང་ལ་གནང་བའི་ཨེ་ལོ་ཧིམ་གྱི་ཐུགས་རྗེ་བཞིན། རྩིག་དཔོན་མཁས་པ་དང་འདྲ་བར། ངས་རྨང་བཏིང་ ཞིང་། གཞན་གྱིས་དེའི་ཁར་རྩིག་པས། རེ་རེས་རང་གི་མཁར་ལས་ལ་བྱ་ར་བྱོས་ཤིག"

11 ༡༡་ །ཡེ་ཤུ་མ་ཤི་ཀ་ཡིན་པའི་རྨང་བཏིང་ཟིན་པ་མ་གཏོགས། རྨང་གཞན་སུས་ཀྱང་འདིང་བར་མི་ནུས།"

12 ༡༢་ རྨང་དེའི་ཁར་གསེར་རམ། དངུལ་ལམ། རིན་པོ་ཆེ་འམ། ཤིང་ངམ། རྩྭའམ། འཇག་མ་སོགས་དངོས་པོ་གང་ཞིག་གིས་རྩིག་ན།"

13 ༡༣་ རེ་རེའི་ལས་མངོན་འོང་། དེའི་ཉིན་མོར་མི་རེ་རེའི་ལས་མེས་སད་པས་མངོན་འོང་།"

14 ༡༤་ སུ་ཞིག་གི་རྨང་དེ་ལ་རྩིགས་པའི་མཁར་གནས་ན། རྔན་པ་ཐོབ་འོང་།"

15 ༡༥་ འཚིག་ན་ལས་སྟོང་སྟེ། མི་དེ་མེ་ལྟ་བུ་ལས་ཚེ་ཐར་འོང་།"

16 ༡༦་ ཁྱེད་ཨེ་ལོ་ཧིམ་གྱི་གཟིམ་ཁང་ཡིན་ཏེ། ཨེ་ལོ་ཧིམ་གྱི་རུ་ཨག་ཁྱེད་ནང་བཞུགས་པ་མི་ཤེས་སམ།"

17 ༡༧་ ཨེ་ལོ་ཧིམ་གྱི་གཟིམ་ཁང་དམ་པ་ཡིན་པས། གཟིམ་ཁང་བཤིག་པ་དེ། ཨེ་ལོ་ཧིམ་གྱིས་མེད་པར་མཛད་འོང་། གཟིམ་ཁང་དེ་ཁྱེད་ཡིན་ནོ།"

18 ༡༨་ །རང་མགོ་མ་སྐོར་ཞིག ཁྱེད་ཁྲོད་འཇིག་རྟེན་འདི་ནང་རང་མཁན་པ་ཡིན་སེམས་པ་དེ། མཁས་པར་འགྱུར་ཕྱིར་བླུན་པོར་འགྱུར་དགོས།"

19 ༡༩་ ཨེ་ལོ་ཧིམ་གྱི་ཐུགས་དགོངས་ནང་འཇིག་རྟེན་གྱི་ཤེས་རབ་བླུན་པ་ཡིན་ནོ། །མདོ་ན། མཁན་པ་རང་གི་ཁྲམ་ནང་ཁོང་གིས་འཛིན། ཞེས་དང་།"

20 ༢༠་ །མཁས་པའི་བསམ་པ་དོན་མེད་ཡིན་པར་ཀྱུ་རི་བོས་མཁྱེན། བྲིས་པ་བཞིན་ནོ།"

21 ༢༡་ །མི་མ་ངོམ་ཞིག །དངོས་པོ་ཐམས་ཅད་ཁྱེད་ཀྱི་ཡིན་པ་ལ།"

22 ༢༢་ པ༷འུ་ལུ་པེ༷་ཏྲོ་ཨ༷་པོལ་ལོ།། འཇིག་རྟེན་གསོན་པ་འཆི་བ་དང་།། ད་ལྟ་དང་ནི་མ་འོངས་པ།། ལ་སོགས་ཐམས་ཅད་ཁྱེད་ཀྱི་ཡིན།།"

23 ༢༣་ ཁྱེད་ནི་མ་ཤི་ཀ་ཡི་ཡིན།། ཁོང་ནི་ཨེ་ལོ་ཧིམ་གྱི་ཡིན་ནོ།། །།"

4

1 ༡་ །ང་ཚོ་མ་ཤི་ཀའི་ཞབས་ཕྱི་དང་། ཨེ་ལོ་ཧིམ་གྱི་གསང་བ་རྣམས་ཀྱི་གཉེར་པར་རྩིས་ཤིག"

2 ༢་ །གཉེར་པ་དྲང་པོ་ཡིན་དགོས།"

3 ༣་ ཁྱེད་ཚོའམ་མིའི་ཁྲིམས་རས་ང་ལ་གཤགས་བྱེད་ན་ང་ལ་མི་སྟོ། ངས་ཀྱང་རང་ལ་གཤགས་མི་བྱེད།"

4 ༤་ ང་འགལ་བ་མི་དྲན། དེས་ང་དྲང་པོ་མི་འགྱུར། ངའི་གཤགས་བྱེད་མཁན་ནི་ཀྱུ་རི་བོ་ལགས་སོ།"

5 ༥་ །མུན་པའི་ནང་སྦས་པ་དང་སྙིང་གི་བྱུས་རྣམས་མངོན་པར་མཛད་པའི་ཀྱུ་རི་བོ་མ་ཕེབས་པའི་བར་དུ། དུས་མ་རན་པར་གཤགས་མ་བྱེད། དེའི་ཚེ་རེ་རེའི་བསྟོད་པ་ཨེ་ལོ་ཧིམ་ནས་འོང་།"

6 ༦་ ཁྱེད་སྤུན་ཚོས་ང་ཚོའི་དཔེ་སློབ་ཅིང་ཕྱོགས་རིས་ཀྱིས་མི་རློམ་ཕྱིར། གཏམ་དེ་ནི་ང་དང་ཨ༷་པོལ་ལོའི་དཔེའི་ནང་བཤད་དོ།"

7 ༧་ །ཁྱོད་སུས་གལ་ཆེ་བར་བྱས། གཞན་གྱིས་མ་བཏང་བ་ཁྱོད་ལ་ཅི་ཡོད། བཏང་བ་ཡིན་ན། མ་ཐོབ་པ་ལྟར་བྱེད་ཅིང་ཅིའི་ཕྱིར་རློམ།"

8 ༨་ ཁྱོད་ཚིམ་མམ། ཕྱུག་པོར་གྱུར་རམ། ང་ཚོ་མེད་པར་སྲིད་ཐོབ་བམ། ང་ཚོས་ཀྱང་ཁྱེད་མཉམ་སྲིད་བྱེད་ཕྱིར། ཁྱེད་ལ་སྲིད་ཐོབ་ན་ཅི་མ་རུང་།"

9 ༩་ ང་ཚོ་ཨ༷་པོ་ཏོ་ལོ་པ་རྣམས་ནི། འཇིག་རྟེན་དང་། ཨ༷ན་ཇལ་དང་། མིའི་ལྟད་མོར་འགྱུར་དུ། ཨེ་ལོ་ཧིམ་གྱིས་གསོད་རྒྱུའི་མི་དང་འདྲ་བར་ཀུན་ལས་ཐ་མར་བཏོན་པར་མཛད་དོ་ངས་སེམས་སོ།"

10 ༡༠་ ང་ཚོ་མ་ཤི་ཀའི་ཕྱིར་བླུན་པོ་དང་། ཁྱེད་ཚོ་མ་ཤི་ཀའི་ནང་མཁས་པ་ཡིན། ང་ཚོ་ཤེད་མེད་དང་། ཁྱེད་ཚོ་སྟོབས་ཅན་ཡིན། ཁྱེད་ཚོ་ལ་བཀུར་སྟི་དང་། ང་ཚོར་སྨད་པ་ཐོབ་བོ།"

11 ༡༡་ །དེ་ལྟའི་བར་དུ་ང་ཚོ་ལྟོགས། སྐོམ་དང་། གཅེར་བུ་ཡིན། རྡུང་བ་མྱོང་ཞིང་། ཁྱིམ་མེད་ཡིན།"

12 ༡༢་ ལག་པའི་ལས་ཀྱིས་དཀའ་ཚེགས་བྱེད་དོ། །གཞན་གྱིས་སྨད་ན་ང་ཚོས་བྱིན་རླབས་གཏོང་། འཚེ་ན་བཟོད་དོ།"

13 ༡༣་ །ཁ་ངན་ལབ་ན་གཏམ་སྙན་སྨྲའོ། འཇིག་རྟེན་གྱི་ཕྱག་དར་དང་སྙིགས་མ་དང་འདྲ་བར་གྱུར་ཏེ། ད་དུང་འང་ཡིན་ནོ།།"

14 ༡༤་ །དེ་ནི་ངས་ཁྱེད་ཚོ་ངོ་ཚ་བའི་ཕྱིར་མི་འབྲི་ཡི། གཅེས་ཕྲུག་ལ་སྐུལ་བ་ལྟར་སྐུལ་ལོ"

15 ༡༥་ །ཁྱེད་ཚོ་ལ་མ་ཤི་ཀའི་ངང་ན་མ་མ་ཁྲི་ཁྲག་ཡོད་རུང་། ཕ་མང་པོ་མེད་པས། མ་ཤི་ཀ་ཡེ་ཤུའི་ནང་འཕྲིན་བཟང་གི་སྒོ་ནས། ང་ཁྱེད་ཚོའི་ཕར་གྱུར་ཏོ།"

16 ༡༦་ །དེའི་ཕྱིར་ངའི་ལད་མོ་གྱིས་ཞེས་ངས་སྐུལ་ལོ།"

17 ༡༧་ །དེའི་ཕྱིར་དུ་ཀྱུ་རི་བོའི་ནང་ངའི་གཅེས་ཕྲུག་དྲང་པོ་ཏི༷་མོ་ཐེའུ་ཁྱེད་ཚོའི་རྩར་བཏང་བ་ཡིན། ངས་ཡུལ་ཀུན་ཏུ་མ་ཤི་ཀ་པ་ཚོགས་ཐམས་ཅད་ལ་སྟོན་པའི་མ་ཤི་ཀ་པའི་སྤྱོད་ལམ་དེ། ཁྱེད་ལ་དེས་དྲན་སྐུལ་བྱ་འོང་།"

18 ༡༨་ ང་ཁྱེད་ཀྱི་རྩར་མི་འང་བསམ་ཞིང་། མི་ཁ་ཅིག་རློམས་ཀྱང་།"

19 ༡༩་ ཀྱུ་རི་བོ་དགྱེས་ན་མགྱོགས་པར་འོང་སྟེ། རློམ་མཁན་དག་གི་གཏམ་ལ་མི་ལྟ་བར་སྟོབས་ཅི་ཡོད་བརྟག་འོང་།"

20 ༢༠་ ཨེ་ལོ་ཧིམ་གྱི་རྒྱལ་སྲིད་ནང་ངག་དབང་མེད་ཀྱི། མཐུ་སྟོབས་ཡོད་པས་སོ།"

21 ༢༡་ །ཁྱེད་ཅི་འདོད། ང་ཁྱེད་རྩར་དབྱུག་པ་འཁུར་ནས་འོང་ངམ། བྱམས་པ་དང་ཞི་བས་འོང་།། །།"

5

1 ༡་ །ཨེ་ལོ་ཧིམ་ངོ་མ་ཤེས་པའི་ཁྲོད་དུའང་མི་འབྱུང་བའི་འདོད་ལོག་ཁྱེད་ཁྲོད་བྱུང་སྟེ། གཅིག་གིས་རང་གི་ཕའི་ཆུང་མ་དང་འབྲེལ་བའི་སྐད་ཆ་ཐོས་སོ།"

2 ༢་ །དེ་ལྟར་སྤྱོད་མཁན་ནི་ཁྱེད་ཚོའི་ཁྲོད་ནས་འདོན་པའི་ཕྱིར་མྱ་ངན་བྱེད་པའི་ཚབ་ལ། ཁྱེད་ཚོ་རློམ་མམ།"

3 ༣་ ངའི་ལུས་དེར་མེད་ཀྱང་ངའི་སེམས་ཁྱེད་ཚོའི་རྩར་ཡོད་པས། ང་རང་དངོས་སུ་ཁྱེད་ཚོ་མཉམ་ཡོད་པ་ལྟར། འདི་ལྟར་ཐག་བཅད་དོ།"

4 ༤་ ཀྱུ་རི་བོ་ཡེ་ཤུའི་མཚན་ནང་། ཁྱེད་ཚོ་དང་ངའི་སེམས་ཉིད་འཛོམས་པའི་དུས་སུ།"

5 ༥་ སྡིག་ཅན་དེ་ཀྱུ་རི་བོ་ཡེ་ཤུའི་ཉིན་མོར་རུ་ཨག་གི་ལུགས་སུ་ཐར་བའི་ཕྱིར། དེའི་ཟག་ཕུང་པའི་དོན་དུ་ཁོ་ས༷་ཏན་ལ་གཏོད་དགོས།"

6 ༦་ ཁྱེད་ཚོའི་རློམ་སེམས་དེ་མི་ལེགས། སྐྱུར་རྩི་ཕྲན་བུས་བག་ཟན་གང་པོར་སྐྱུར་ལང་བ་མི་ཤེས་སམ།"

7 ༧་ བག་ཟན་གསར་པར་འགྱུར་ཕྱིར་སྐྱུར་རྩི་སྙིང་པ་དེ་སྤོངས། མ་ཤི་ཀ་ང་ཚོའི་པེ༷་སག་ཏུ་འབུལ་བ་པར་གྱུར་བས། ཁྱེད་ཚོ་སྐྱུར་རྩི་མེད་པ་ཡིན།"

8 ༨་ ད་ངན་སེམས་དང་གནོད་སེམས་ཀྱི་སྐྱུར་རྩི་ཡིན་པའི་སྐྱུར་རྩི་ངན་པའི་དུས་ཆེན་མི་བྱ་བར། སྐྱུར་རྩི་མེད་པའི་དྲང་བ་དང་བདེན་པའི་བག་ལེབ་ཀྱི་དུས་ཆེན་བྱའོ།"

9 ༩་ །མི་ཚངས་པར་སྤྱོད་པ་དང་མ་འགྲོགས་ཞེས། ངས་ཁྱེད་ལ་ཡི་གེ་བྲིས་པ་དེ་ནི།"

10 ༡༠་ །འཇིག་རྟེན་འདིའི་མི་ཚངས་པར་སྤྱོད་པ་པོ་འམ། སྲེད་ལྡན་ནམ། ཆོས་པོའམ། ལྷ་ཆོས་པ་དང་ཡོངས་སུ་མི་འགྲོགས་པའི་དོན་མ་ཡིན། ཡིན་ན་ཁྱེད་ཚོ་འཇིག་རྟེན་འདི་ནས་ཕྱིར་ཐོན་དགོས་པ་ཡིན་ནོ།"

11 ༡༡་ །འོན་ཀྱང་སྤུན་གྱི་མིང་ཡོད་པ་ཞིག་མི་ཚངས་སྤྱོད་དམ། སྲེད་འདན་ནམ། ལྷ་ཆོས་པའམ། ཚིག་ངན་སྨྲ་མཁན་ནམ། ར་རོས་སམ། ཆོས་པོ་ཡིན་ན། དེ་དང་མི་འགྲོགས་པར་དེ་དང་མཉམ་དུ་ཁ་ཟས་ཀྱང་མ་ཟ་ཞེས་འབྲིའོ།"

12 ༡༢་ །ཨེ་ལོ་ཧིམ་ངོ་མ་ཤེས་པ་ལ་ངས་ཁྲིམས་ཅིའི་ཕྱིར་གཅོད། མ་ཤི་ཀ་པ་རྣམས་ལ་ཁྲིམས་ཁྱེད་ཀྱིས་མི་གཅོད་དམ།"

13 ༡༣་ །ཨེ་ལོ་ཧིམ་ངོ་མ་ཤེས་པ་ལ་ཞལ་ཆེ་ཨེ་ལོ་ཧིམ་གྱིས་གཅོད་འོང་ངོ་། ངན་པ་དེ་ཁྱེད་ཀྱི་ཁྲོད་ནས་སྐྲོད་ཅིག། །།"

6

1 ༡་ །ཁྱེད་ཚོའི་ཁྲོད་དུ་འཐབ་རྩོད་འབྱུང་ན། མ་ཤི་ཀ་པའི་དྲུང་དུ་མི་འགྲོ་བར། ཆོས་མེད་ཀྱི་ཁྲིམས་རར་འགྲོ་རུ་ཅི་ལྟར་སྤོབས།"

2 ༢་ མ་ཤི་ཀ་པས་འཇིག་རྟེན་ལ་ཁྲིམས་གཅོད་འོང་བ་ཁྱེད་ཚོས་མི་ཤེས་སམ། ཁྱེད་ཚོས་འཇིག་རྟེན་ལ་ཁྲིམས་གཅད་ན། གཤགས་ཕྲན་ཚེགས་བྱེད་མི་འོས་སམ།"

3 ༣་ ང་ཚོས་ཨ༷ན་ཇལ་ལ་ཁྲིམས་གཅད་ན། འཇིག་རྟེན་གྱི་བྱ་བ་ལ་ལྷག་པར་བཅད་པ་ཁྱེད་ཚོས་མི་ཤེས་སམ།"

4 ༤་ དེ་ལྟའི་འཐབ་རྩོད་འབྱུང་ཚེ། མ་ཤི་ཀ་པ་ཚོགས་ཀྱི་མི་རྩི་བའི་མི་ཚོའི་དྲུང་དུ་འཇོག་གམ།"

5 ༥་ ཁྱེད་ཚོ་ངོ་ཚ་ཕྱིར་འདི་ལྟར་ཟེར་རོ།"

6 ༦་ །སྤུན་གྱི་བར་དུ་གཤགས་བྱེད་ཐུབ་པའི་མཁས་པ་གཅིག་ཀྱང་ཁྱེད་ཚོའི་ཁྲོད་མེད་དམ། དེའི་ཚབ་ཁྱེད་ཚོ་སྤུན་གྱིས་སྤུན་ལ་རྩོད་ཅིང་། དེའང་ཨེ་ལོ་ཧིམ་ངོ་མ་ཤེས་པའི་མདུན་དུ་རྩོད་དོ།"

7 ༧་ །སྤྱིར་ཕན་ཚུན་རྩོད་པ་ནི་ཕམ་པའོ། །མི་རིགས་པ་ཅིའི་ཕྱིར་མི་བཟོད། འཕྲོག་པ་ཅིའི་ཕྱིར་མི་བཟོད།"

8 ༨་ །འོན་ཀྱང་ཁྱེད་ཚོས་མི་རིགས་པ་བྱེད། འཕྲོག་པར་བྱེད། དེའང་སྤུན་ལ་བྱེད་དོ།"

9 ༩་ །མི་རིགས་པ་བྱེད་པ་ལ་ཨེ་ལི་ཧིམ་གྱི་རྒྱལ་སྲིད་ཀྱི་སྐལ་བ་མི་ཐོབ་པ་མི་ཤེས་སམ། མ་བསླུ་ཞིག །མི་ཚངས་སྤྱོད་དང་། ལྷ་ཆོས་ པ་དང་། ལོག་གཡེམ་པ་དང་། ཕོ་ལ་སྤྱོད་པ་དང་།"

10 ༡༠་ རྐུན་མ་དང་། སྲེད་ལྡན་དང་། ར་རོས་དང་། སྐུར་བ་འདེབས་མཁན་དང་། ཚོམ་པོ་རྣམས་ལ་ཨེ་ལོ་ཧིམ་གྱི་རྒྱལ་སྲིད་གྱི་སྐལ་བ་མི་ཐོབ།"

11 ༡༡་ ཁྱེད་ཚོ་ཁ་ཅིག་སྔར་དེ་ལྟར་ཡིན་ཀྱང་། ཀྱུ་རི་བོ་ཡེ་ཤུ་མ་ཤི་ཀའི་མཚན་དང་། ཨེ་ལོ་ཧིམ་གྱི་རུ་ཨག་གིས་ཁྱེད་ཚོ་གཙང་བར་ཡང་གྱུར། དམ་པར་ཡང་གྱུར། དྲང་པོར་ཡང་གྱུར་ཏོ།།"

12 ༡༢་ །ངས་ཐམས་ཅད་བྱེད་ཆོག་ཀྱང་། དེ་ཐམས་ཅད་ང་ལ་མི་ཕན། ངས་ཐམས་ཅད་བྱེད་ཆོག་ཀྱང་། ང་དེའི་དབང་དུ་མི་འགྲོའོ།"

13 ༡༣་ །ཟས་གྲོད་པའི་ཕྱིར་དང་། གྲོད་པ་ཟས་ཀྱི་ཕྱིར་ཡིན་ཏེ། ཨེ་ལོ་ཧིམ་གྱིས་གཉིས་ཀ་མེད་པར་མཛད་འོང་། འོན་ཀྱང་ལུས་འདོད་ཆགས་ཀྱི་ཕྱིར་མ་ཡིན་གྱི། ཀྱུ་རི་བོའི་ཕྱིར་ཡིན་ཏེ། ཀྱུ་རི་བོ་ལུས་ཀྱི་ཕྱིར་ཡིན་ནོ།"

14 ༡༤་ །ཨེ་ལོ་ཧིམ་གྱིས་ཉིད་ཀྱི་མཐུས། ཀྱུ་རི་བོ་ཡང་སྐུ་གསོན་པོར་བཞེངས། ང་ཚོའང་གསོན་པོར་སློང་བར་འགྱུར་རོ།"

15 ༡༥་ །ཁྱེད་ཀྱི་ལུས་མ་ཤི་ཀའི་སྐུའི་ཡན་ལག་ཡིན་པར་མི་ཤེས་སམ། མ་ཤི་ཀའི་སྐུའི་ཡན་ལག་སྨད་ཚོང་མའི་ཡན་ལག་ཏུ་སྒྱུར་རམ། དེ་མི་སྲིད།"

16 ༡༦་ མདོ་ན། གཉིས་པོ་གཅིག་ཏུ་འགྱུར་འོང་། གསུངས་པས། སྨད་ཚོང་མ་དང་འགྲོགས་པ་དེ་ཁོ་དང་གཅིག་ཏུ་འགྱུར་བར་མི་ཤེས་སམ།"

17 ༡༧་ ཀྱུ་རི་བོ་དང་འགྲོགས་པ་དེ་ནི་ཁོང་དང་ཐུགས་གཅིག་ཏུ་འགྱུར་རོ།"

18 ༡༨་ །གཡེམ་པ་སྤོངས། མིས་བྱེད་པའི་ཉེས་པ་གཞན་ཐམས་ཅད་ལུས་ཀྱི་ཕྱི་རོལ་དུ་ཡིན་གྱི། གཡེམ་པོས་རང་གི་ལུས་ལ་གནོད་ཅིང་ཉེས་སོ།"

19 ༡༩་ །ཁྱེད་ཀྱི་ལུས་ནི་ཁྱེད་ཀྱི་མ་ཡིན་པར། ཨེ་ལོ་ཧིམ་ནས་ཐོབ་པ་དེ་ཁྱེད་ནང་བཞུགས་པ་དམ་པའི་རུ་ཨག་གི་གཟིམ་ཁང་ཡིན་པར་མི་ཤེས་སམ།"

20 ༢༠་ ཁྱེད་བླུ་རིན་གྱིས་ཉོས་པས། ལུས་ཀྱི་སྒོ་ནས་ཨེ་ལོ་ཧིམ་གྱི་དཔལ་སྟོན་ཞིག། །།"

7

1 ༡་ །ཁྱེད་ཀྱིས་བྲིས་པའི་སྐོར་ལ། ཆུང་མ་མ་བླང་ན་ལེགས་སོ།"

2 ༢་ །འོན་ཀྱང་གཡེམ་པའི་འཇིགས་པས། ཕོ་རེ་ལ་ཆུང་མ་རེ་དང་མོ་རེ་ལ་ཁྱོ་རེ་ཡོད་པར་རིགས་སོ།"

3 ༣་ །ཁྱོས་རང་གི་ཆུང་མ་དང་ཆུང་མས་རང་གི་ཁྱོ་ལ་འོས་པར་ཆགས་དགོས་སོ།"

4 ༤་ །ཆུང་མའི་ལུས་ནི་རང་གི་དབང་ལ་མེད་ཀྱི་ཁྱོའི་དབང་ལ་ཡོད། དེ་བཞིན་ཁྱོའི་ལུས་ནི་རང་གི་དབང་ལ་མེད་ཀྱི་ཆུང་མའི་དབང་ལ་ཡོད་དོ།"

5 ༥་ །དེ་གཉིས་སོ་སོར་མ་སྡོད་ཅིག །གཉིས་པོས་གྲོས་མཐུན་ཐོག་སྨོན་ལམ་འདེབས་པའི་དོན་དུ་རེ་ཞིག་སོ་སོར་གྱེས་ན། དེའི་རྗེས་སུ་ཁྱེད་ཚོའི་འདོད་ཆགས་ཀྱི་རྐྱེན་གྱིས་ས༷་ཏན་གྱིས་མི་བསླུ་ཕྱིར་ཡང་འཛོམ་དགོས།"

6 ༦་ དེ་ངའི་གནང་བ་ཞིག་མ་གཏོགས་བཀའ་མ་ཡིན།"

7 ༧་ མི་ཐམས་ཅད་ང་དང་འདྲ་བ་ཡིན་པར་ངས་འདོད་ཀྱང་། མི་སོ་སོར་ཨེ་ལོ་ཧིམ་ནས་གནང་སྦྱིན་གཅིག་ལ་འདི་ལྟར་གཅིག་ལ་དེ་ལྟར་ཐོབ་ཡོད་དོ།"

8 ༨་ ཕོ་རེང་བ་མོ་རེང་མ་དག་ང་དང་འདྲ་བར་གཅིག་པུར་གནས་ན་ལེགས།"

9 ༩་ དེ་མ་ཐུབ་ན། འདོད་ཆགས་ཀྱིས་སྨྱོ་བ་བས་བཟའ་མི་བྱེད་པར་རིགས་སོ།"

10 ༡༠་ །བཟའ་མི་བྱས་ཡོད་པ་ཚོར། ཆུང་མ་ཁྱོ་དང་མི་བྲལ་བའི་བཀའ་ངས་མི་གཏོང་ཀྱུ་རི་བོས་གནང་ངོ་།"

11 ༡༡་ །གལ་ཏེ་ཁ་བྲལ་ཡོད་ན་མོ་རང་དུ་སྡོད་ཅིག །ཡང་ན་ཁྱོ་དང་སྡུམ། ཁྱོས་ཀྱང་ཆུང་མ་མ་སྤོངས་ཤིག།"

12 ༡༢་ །གཞན་དག་ལ། སྤུན་ཞིག་གི་ཆུང་མ་ཨེ་ལོ་ཧིམ་ངོ་མ་ཤེས་པ་ཡིན་ཏེ། ཁྱོ་མཉམ་སྡོད་པར་དགའ་ན་ཁ་མི་འཕྲལ་བའི་བཀའ་ཀྱུ་རི་བོས་མི་གནང་ཡང་ངས་གཏོང་ངོ་།"

13 ༡༣་ །སྤུན་མོ་ཞིག་གི་ཁྱོ་ཨེ་ལོ་ཧིམ་ངོ་མ་ཤེས་པ་ཡིན་ཏེ་མོ་མཉམ་སྡོད་པར་དགའ་ན་དེའང་ཁ་མ་འཕྲལ་ཞིག"

14 ༡༤་ །ཅིའི་ཕྱིར་ཞེ་ན། ཁྱོ་ཨེ་ལོ་ཧིམ་ངོ་མ་ཤེས་པ་དེ་ཆུང་མའི་རྐྱེན་གྱིས་དམ་པར་འགྱུར། ཆུང་མ་ཨེ་ལོ་ཧིམ་ངོ་མ་ཤེས་པ་དེ་སྤུན་དེའི་རྐྱེན་གྱིས་དམ་པར་འགྱུར་རོ། །དེ་མིན་ཁྱེད་ཀྱི་བུ་ཕྲུག་དམ་པ་ཡིན་ཀྱང་དམ་པ་མིན་པ་ལྟར་འགྱུར་རོ།"

15 ༡༥་ །ཨེ་ལོ་ཧིམ་ངོ་མ་ཤེས་པ་དེས་ཁ་འབྲལ་འདོད་ན་འབྲལ་དུ་ཆུག །དེ་འདྲའི་སྐབས་སུ་སྤུན་ནམ་སྤུན་མོ་རྣམས་ཁྲིམས་ཀྱིས་བཅིངས་མེད་དོ། །ཨེ་ལོ་ཧིམ་གྱིས་ང་ཚོ་ཞི་བདེའི་ཕྱིར་བོས་པ་ཡིན།"

16 ༡༦་ །ཆུང་མ། ཁྱོད་ཀྱི་ཁྱོ་ཐར་དུ་འཇུག་པར་ཅི་ལྟར་ཤེས། ཁྱོ་བོ། ཁྱོད་ཀྱི་ཆུང་མ་ཐར་དུ་འཇུག་པར་ཅི་ལྟར་ཤེས།"

17 ༡༧་ ཨེ་ལོ་ཧིམ་གྱིས་བོས་པའི་ཚེ་ཇི་ལྟ་བུའི་སྐལ་བ་ཀྱུ་རི་བོས་རེ་རེ་ལ་གནང་ཡོད་པ་ལྟར་སྤྱོད་ཅིག །དེ་ནི་མ་ཤི་ཀ་པ་རྣམས་ཐམས་ཅད་ལ་ངའི་ཁྲིམས་སོ།"

18 ༡༨་ །ཡ༷་ཧུ་དཱ་པ་ཞིག་བོས་ཡོད་ན། ཡ༷་ཧུ་དཱ་པའི་རྟགས་མ་སྤོངས། ལྷ་ཆོས་པ་ཞིག་བོས་ཡོད་ན། ཡ༷་ཧུ་དཱ་པའི་རྟགས་མ་ལེན།"

19 ༡༩་ ཨེ་ལོ་ཧིམ་གྱི་བཀའ་སྲུང་བ་འབའ་ཞིག་མ་གཏོགས་རྟགས་ལྡན་པ་དང་རྟགས་མི་ལྡན་པ་གང་ཡང་མ་ཡིན།"

20 ༢༠་ བོས་པའི་ཚེ་ན་ཇི་ལྟར་ཡོད་པ་དེ་ལྟར་གནས་ཤིག"

21 ༢༡་ །བོས་དུས་སུ་ཚེ་གཡོག་ཡིན་ན་མ་ཚེར་ཞིག །གལ་ཏེ་ཐར་ཐུབ་པའི་སྐབས་ཡོད་ན་སྐབས་དེ་ལོངས་ཤིག"

22 ༢༢་ །ཀྱུ་རི་བོས་བོས་པའི་ཚེ་ཚེ་གཡོག་དེ། ཀྱུ་རི་བོས་བཀྲོལ་བའི་གྲོགས་པོ་ཡིན།"

23 ༢༣་ བོས་པའི་བདག་པོ་དེ་མ་ཤི་ཀའི་ཡིན། ཁྱེད་བླུ་རིན་གྱིས་ཉོས་པས། མིའི་ཚེ་གཡོག་ཏུ་མ་འགྱུར་ཞིག"

24 ༢༤་ །ཀྱེ་སྤུན་རྣམས། བོས་པའི་ཚེ་ཇི་ལྟར་ཡོད་པ་བཞིན། ཨེ་ལོ་ཧིམ་གྱི་དྲུང་དུ་གནས་ཤིག"

25 ༢༥་ །གཞོན་ནུ་མའི་སྐོར་ང་ལ་ཀྱུ་རི་བོའི་བཀའ་མེད་ཀྱང་། །ཐུགས་རྗེའི་སྒོ་ནས་ཀྱུ་རི་བོས་བློ་གདེང་མཛད་པའི་མི་ཡིན་པ་བཞིན་དུ་ངས་གདམ་མོ།"

26 ༢༦་ །འོང་རྒྱུའི་སྡུག་བསྔལ་ལ་ལྟ་སྟེ། ཇི་ལྟར་ཡོད་པ་དེ་ལྟར་སྡོད་ན་ལེགས་སེམས་སོ།"

27 ༢༧་ །ཆུང་མ་ཡོད་ན་ཁ་འབྲལ་ཐབས་མ་འཚོལ། མེད་ན་ཆུང་མ་མ་འཚོལ།"

28 ༢༨་ འོན་ཀྱང་ཆུང་མ་བླང་ན་མི་ཉེས། གཞོན་ནུ་མ་ཚོ་བག་མར་འགྲོ་ན་མི་ཉེས་ཀྱང་། ཁྱིམ་ཐབས་བྱེད་ན་ཉོན་མོངས་པའི་རྒྱུ་ཡིན་པས། ངས་ཁྱེད་དེ་ལས་སྐྱོབ་པར་འདོད་དོ།"

29 ༢༩་ །སྤུན་རྣམས། ང་ཚོའི་ཚེ་ལ་ངེས་པ་མེད་ཅིང་། །འཇིག་རྟེན་གྱི་རྣམ་པ་འགྱུར་འགྲོ་བས། ཕྱིན་ཆད་ཆུང་མ་ཡོད་པ་ཚོས་མེད་པ་ལྟར་སྤྱོད་ཅིག"

30 ༣༠་ །ངུ་མཁན་དེས་མི་ངུ་བ་ལྟར་དང་། སྐྱིད་པོ་དེས་སྐྱིད་མེད་ལྟར་དང་། ཉོ་མཁན་གྱིས་ཟོང་མེད་ལྟར་དང་།"

31 ༣༡་ འཇིག་རྟེན་ལ་སྤྱོད་པས་མི་སྤྱོད་པ་ལྟར་སྤྱོད་ཅིག"

32 ༣༢་ །ཁྱེད་སེམས་ཁྲལ་ལས་ཐར་བར་ང་དགའ་འོ། །ཆུང་མ་མེད་པ་དེས་ཀྱུ་རི་བོ་དགྱེས་པའི་ཕྱིར་དུ་ཀྱུ་རི་བོའི་ཕྱག་ལས་ལ་སེམས་ཁྲལ་བྱེད་དོ།"

33 ༣༣་ །ཆུང་མ་ཅན་དེས་ཆུང་མ་དགའ་བའི་ཕྱིར་འཇིག་རྟེན་གྱི་བྱ་བར་སེམས་ཁྲལ་བྱེད་དེ།"

34 ༣༤་ ཁོའི་སེམས་ཀྱི་དོན་གཉེར་ཕྱོགས་གཉིས་སུ་གྱེས་སོ། །མོ་རང་མ་དང་གཞོན་ནུ་མས་ལུས་སེམས་གཉིས་གཙང་བའི་དོན་དུ་ཀྱུ་རི་བོའི་ཕྱིར་སེམས་ཁྲལ་བྱེད། ཆུང་མ་དེས་ཁྱོ་དགའ་བའི་དོན་དུ་འཇིག་རྟེན་གྱི་བྱ་བར་སེམས་ཁྲལ་བྱེད་དོ།"

35 ༣༥་ །དེ་ནི་ཁྱེད་ཚོ་འཆིང་བའི་ཕྱིར་མི་ཟེར་ཏེ། ཁྱེད་ལ་ཕན་འདོགས་ཤིང་སྤྱོད་ལམ་ལེགས་པ་དང་ཚེ་གང་ཀྱུ་རི་བོའི་ཞབས་ཕྱི་ཞུ་ཕྱིར་ངས་ཟེར་རོ།"

36 ༣༦་ །གལ་ཏེ་མི་ཞིག་ལ་ཆུང་མར་བླང་རྒྱུའི་བུད་མེད་ན་ཆུང་མ་གྲོང་ཆོས་ཀྱིས་མ་གོས་པ་ཞིག་ཡོད་དེ། དེ་རང་གར་བཞག་པར་མི་འོས་བསམ་ན། དགོས་ཚེ་ཇི་ལྟར་དགའ་བ་བཞིན་བྱེད་ཆོག །སྡིག་པ་མེད་པས་དེ་དག་ཁྱོ་ཤུག་ཏུ་འདུན་པར་རུང་ངོ་།"

37 ༣༧་ །འོན་ཀྱང་སྙིང་བརྟན་ཞིང་། མི་དགོས་ན། རང་གི་བསམ་པར་རང་དབང་ལྡན་ན་རང་གི་བུད་མེད་གཞོན་ནུ་མ་གྲོས་ཆོས་ཀྱིས་མ་གོས་པར་བཞག་པ་ལེགས་སོ།"

38 ༣༨་ དེའི་ཕྱིར་རང་གི་བུད་མེད་གཞོན་ནུ་མ་དང་བཟའ་མི་བྱེད་པ་ལེགས། མི་བྱེད་པ་ལྷག་པར་ལེགས་སོ།།"

39 ༣༩་ །ཁྱོ་གསོན་པོར་ཡོད་རིང་ཆུང་མ་ཁྲིམས་ཀྱིས་བསྡམས་ཡོད། ཁྱོ་འཆི་ན་གྲོལ་ནས་མ་ཤི་ཀ་པ་རྣམས་ཀྱི་ནང་ནས་སུ་ཞིག་ལ་བག་མར་འགྲོ་ཆོག"

40 ༤༠་ །འོན་ཀྱང་སྔོན་ཇི་ལྟར་ཡོད་པ་ལྟར་གནས་ནའང་ལྷག་པར་སྐྱིད་དོ། །དེ་ནི་ངའི་གདམས་པ་ཡིན་ཏེ་ང་ལ་ཨེ་ལོ་ཧིམ་གྱི་རུ་ཨག་ཡོད་སེམས་སོ།། །།"

8

1 ༡་ །སྐུ་འདྲ་ལ་ཕུལ་བའི་ཞལ་ཟས་ཀྱི་སྐོར། ང་ཚོ་ཐམས་ཅད་ལ་རིག་པ་ཡོད་པར་ཤེས་སོ། །རིག་པས་ང་རྒྱལ་སྐྱེད། བྱམས་པས་ཡར་སྐྱེད་སྐྱེད་དོ།"

2 ༢་ ངས་ཇི་ཞིག་ཤེས་སེམས་པ་དེས། ཇི་འདྲ་ཤེས་དགོས་པ་ད་དུང་མི་ཤེས་སོ།"

3 ༣་ །ཨེ་ལོ་ཧིམ་ལ་གཅེས་པར་འཛིན་མཁན་དེ། ཨེ་ལོ་ཧིམ་གྱིས་ཁོ་མཁྱེན་ནོ།"

4 ༤་ །སྐུ་འདྲ་ལ་ཕུལ་བའི་ཞལ་ཟས་སྐོར། ཨེ་ལོ་ཧིམ་གཅིག་མ་གཏོགས་པར། འཇིག་རྟེན་ནང་ལྷ་དང་སྐུ་འདྲ་མེད་པར་ང་ཚོས་ཤེས་སོ།"

5 ༥་ །གནས་ས་གཉིས་ནང་ལྷ་ཞེས་བྱ་བ་ཡོད་དེ། ལྷ་དང་ཇོ་བོ་མང་པོ་ཡོད་རུང་།"

6 ༦་ ང་ཚོར་འཇིག་རྟེན་ཧྲིལ་པོའི་འབྱུང་གནས་དང་། ང་ཚོའི་འགྲོ་ས་འབའ་ཞིག་ལགས་པའི་ཨེ་ལོ་ཧིམ་ཡབ་གཅིག་རང་ཡོད། འཇིག་རྟེན་ཡོངས་ཀྱི་མཛད་པོ་དང་། ང་ཚོའི་མཛད་པོ་འབའ་ཞིག་ལགས་པའི་ཀྱུ་རི་བོ་ཡེ་ཤུ་མ་ཤི་ཀ་ཡོད།"

7 ༧་ འོན་ཀྱང་ཁོང་ཐམས་ཅད་ཀྱིས་མི་ཤེས་ཤིང་། ཁ་ཅིག་ད་ལྟའི་བར་དུ་སྐུ་འདྲ་ལ་གོམས་པས། ཟས་དེ་མཆོད་པར་ཕུལ་བར་རྩི་བས་ཟ་ཞིང་། དེ་དག་གི་བསམ་པ་ཞན་པས། རྨེ་འབག་པར་འགྱུར་རོ།"

8 ༨་ །ཁ་ཟས་ཀྱིས་ང་ཚོ་ཨེ་ལོ་ཧིམ་གྱི་ཐུགས་སུ་མི་འགྲོ། མ་ཟ་ན་མཐའ་མར་མི་ལུས། ཟ་ན་ཐོག་མར་མི་འགྱུར།"

9 ༩་ ཁྱེད་ཚོའི་རང་དབང་དེ་སེམས་ཞན་པའི་སྤུན་ཚོགས་ལྟུང་བའི་རྒྱུར་མི་འགྱུར་ཕྱིར་ཟོན་བྱོས་ཤིག"

10 ༡༠་ །ཁྱོད་རྟོགས་པ་ལྡན་པས་ལྷ་ཁང་ནང་ཟས་ཟ་བར་རྟོགས་པ་ཞན་པ་ཞིག་གིས་མཐོང་ན། དེའི་སེམས་སྐུ་འདྲ་ལ་ཕུལ་བའི་ཟས་ཟ་བའི་སྐུལ་མ་མ་ཡིན་ནམ།"

11 ༡༡་ དེ་ལྟར་གང་གི་དོན་དུ་མ་ཤི་ཀ་གྲོངས་པའི་སྤུན་སྟོབས་མེད་དེ་ཁྱེད་ཀྱི་རྟོགས་པའི་རྐེན་གྱིས་ལྟུང་ངོ་།"

12 ༡༢་ །དེ་ལྟར་སྤུན་ལ་ཉེས་ཤིང་། དེའི་སེམས་ཞན་པ་ལ་གནོད་པས། ཁྱེད་ཚོས་མ་ཤི་ཀའི་དྲུང་དུ་སྡིག་པ་བྱེད་དོ།"

13 ༡༣་ །དེའི་ཕྱིར་ཟས་ངའི་སྤུན་གྱི་སྣ་ཐོགས་པའི་རྡོར་འགྱུར་ན། ངའི་སྤུན་ལྟུང་དུ་མི་འཇུག་ཕྱིར་ངས་ནམ་ཡང་ཞལ་ཟས་མི་ཟའོ།། །།"

9

1 ༡་ །ང་ལ་རང་དབང་མེད་དམ། ཨ༷་པོ་ཏོ་ལོ་པ་མ་ཡིན་ནམ། ཀྱུ་རི་བོ་ཡེ་ཤུ་མ་མཇལ་ལམ། ཀྱུ་རི་བོའི་ནང་ངས་དཀའ་ལས་རྒྱབ་པའི་ལག་རྗེས་ཁྱེད་མ་ཡིན་ནམ།"

2 ༢་ ང་མ་ཤི་ཀའི་ཨ༷་པོ་ཏོ་ལོ་པ་ཡིན་པའི་མངོན་རྟགས་ཁྱེད་ཡིན་པས། གཞན་ལ་ང་ཨ༷་པོ་ཏོ་ལོ་པ་མ་ཡིན་ནའང་། ཁྱེད་ལ་ཡིན་ནོ།"

3 ༣་ །ང་ལ་ཚང་བྲུ་མཁན་ལ་ངའི་ལན་འདི་ལྟ་སྟེ།"

4 ༤་ ང་ཚོས་ཟ་བ་དང་འཐུང་བ་མི་ཆོག་གམ།"

5 ༥་ ཀྱུ་རི་བོའི་གཅུང་པོ་དག་དང་། པེ༷་ཏྲོ་དང་། ཨ༷་པོ་ཏོ་ལོ་པ་གཞན་དང་འདྲ་བར་ང་ཚོས་སྤུན་མ་ཞིག་ཆུང་མར་བླང་སྟེ་བྱེས་སུ་འཁྲིད་མི་ཆོག་གམ།"

6 ༦་ ང་དང་བ༷ར་ན་བཱ་འབའ་ཞིག་གིས་ལས་བྱེད་དགོས་སམ།"

7 ༧་ རང་གི་འགྲོ་སྒོ་བཏང་ནས་དམག་ལ་སུ་འགྲོ། རྒུན་ཚལ་བཙུགས་མཁན་དེས་རྒུན་འབྲུམ་མི་ཟའམ། ཁྱུ་འཚོ་ཞིང་དེའི་འོ་མ་སུས་མི་འཐུང་།"

8 ༨་ འདི་དག་ངས་མིའི་ལུགས་ལ་མི་ཟེར་གྱི། བཀའ་ཁྲིམས་ཀྱིས་ཀྱང་འདི་ལྟར་གསུང་ངོ་།"

9 ༩་ །མོ༷་ཤེའི་བཀའ་ཁྲིམས་ན། ཁོ་གཡུའི་གླང་གི་ཁ་མ་འཆིང་ཞེས་བྲིས་ཡོད། གླང་གི་ཕྱིར་ཨེ་ལོ་ཧིམ་ཐུགས་འཚེར་རམ། ཡང་ན།"

10 ༡༠་ ང་ཚོར་དམིགས་ནས་གསུང་ངོ་། །དེ་ནི་ང་ཚོ་ལ་དམིགས་ནས་བྲིས་པ་ཡིན། སྐལ་བ་ཐོབ་པའི་རེ་བ་བྱེད་ཅིང་། རྨོ་མཁན་གྱིས་ཀྱང་རྨོ། ཁོ་གཡུ་སྐོར་མཁན་གྱིས་ཀྱང་སྐོར་དགོས།"

11 ༡༡་ ང་ཚོས་ཁྱེད་ཚོའི་ཕྱིར་རུ་ཨག་གྱི་ས་བོན་བཏབ་ནས། འཇིག་རྟེན་གྱི་ལོ་ཐོག་ཁྱེད་ཚོ་ནས་སྡུ་མི་འོས་སམ།"

12 ༡༢་ གཞན་ལ་དེའི་དབང་ཡོད་ན། ང་ཚོར་ལྷག་པར་མེད་དམ། འོན་ཀྱང་ང་ཚོས་དབང་དེ་བཞིན་མི་བྱེད་ཅིང་། མ་ཤི་ཀའི་འཕྲིན་བཟང་ལ་གེགས་སུ་མི་འགྱུར་ཕྱིར་འགྲོ་སྒོ་ཐམས་ཅད་འཁུར་རོ།"

13 ༡༣་ སྨོན་ལམ་ཁང་གི་གཉེར་ཁ་བྱེད་པོས་སྨོན་ལམ་ཁང་པའི་འབུལ་བའི་སྐལ་བ་ཟ་བ་ཁྱེད་ཚོས་མི་ཤེས་སམ།"

14 ༡༤་ དེ་བཞིན་དུ་འཕྲིན་བཟང་སྒྲོག་པ་འཕྲིན་བཟང་ནས་འཚོ་བར་ཀྱུ་རི་བོས་བསྐོས་པ་ཡིན།"

15 ༡༥་ ངས་དེ་འདྲ་གང་ཡང་མ་བྱས་པ་ཡིན། ང་ལ་དེ་འདྲ་ཐོབ་ཕྱིར་བྲིས་པའང་མིན། དེ་ལས་འཆི་བ་ལེགས། ངའི་ངོམ་རྒྱུ་སུས་ཀྱང་མི་འཕྲོག"

16 ༡༦་ །ངས་འཕྲིན་བཟང་སྒྲོག་ན་ངོམ་རྒྱུ་མེད། སྒྲོག་དགོས་པས། མི་སྒྲོག་ན་བཀྲ་མི་ཤིས།"

17 ༡༧་ འཐད་ཅིང་བྱེད་ན་རྔན་པ་ཐོབ། མི་འཐད་པར་བྱེད་ནའང་གཉེར་ཁག་ཕོག་ཡོད།"

18 ༡༨་ འཕྲིན་བཟང་ལས་ཐོབ་པའི་དབང་མི་འཁོལ་བར། ཡོན་མེད་པར་འཕྲིན་བཟང་སྒྲོག་པ་ངའི་རྔན་པ་ཡིན།།"

19 ༡༩་ །ང་གཞན་གྱི་འོག་ཏུ་མེད་ཀྱང་། མི་མང་པོ་འགུག་པའི་ཕྱིར་ཐམས་ཅད་ཀྱི་གཡོག་པོར་གྱུར།"

20 ༢༠་ ཡ༷་ཧུ་དཱ་པ་འགུག་པའི་ཕྱིར་དེ་དག་ལ་ང་ཡ་རྒུ་དྲ་པ་ལྟར་གྱུར། ང་བཀའ་ཁྲིམས་ཀྱི་འོག་ན་མིན་ཀྱང་། ཡོད་པ་རྣམས་རྙེད་ཕྱིར་དེ་རྣམས་ལ་བཀའ་ཁྲིམས་ཀྱི་འོག་ན་ཡོད་པ་ལྟར་གྱུར།"

21 ༢༡་ ང་ཨེ་ལོ་ཧིམ་ལས་མ་འགལ་བར་མ་ཤི་ཀའི་བཀའ་ཁྲིམས་ཀྱི་འོག་ཏུ་ཡོད་ཀྱང་། བཀའ་ཁྲིམས་མེད་པ་རྣམས་རྙེར་ཕྱིར་དེ་རྣམས་ལ་ང་བཀའ་ཁྲིམས་མེད་པ་ལྟར་གྱུར།"

22 ༢༢་ སེམས་ཞན་པ་རྙེར་ཕྱིར་དེ་རྣམས་ལ་ང་སེམས་ཞན་པ་ལྟར་གྱུར། ལུགས་གང་རུང་གི་མི་འགའ་ཤས་སྐྱོན་པའི་ཕྱིར་གང་ལ་གང་དགོས་གྱུར་པ་ཡིན།"

23 ༢༣་ འཕྲིན་བཟང་གི་རྐྱེན་གྱིས། གཞན་རྣམས་དང་མཉམ་དུ་དེའི་འབྲས་བུ་ཐོབ་པའི་ཕྱིར་ངས་ཐམས་ཅད་བྱེད་དོ།།"

24 ༢༤་ ། བང་རྒྱུག་ནང་མི་ཐམས་ཅད་རྒྱུག་ཀྱང་བྱ་དགའ་མི་གཅིག་ལ་ཐོབ་པ་མི་ཤེས་སམ། དེ་ཐོབ་ཕྱིར་རྒྱུགས་ཤིག"

25 ༢༥་ གྱད་མི་ཚོས་མི་རྟག་པའི་ཅོད་པན་ཞིག་ཐོབ་ཕྱིར་རང་གི་ལུས་རྩལ་སྦྱོང་གིས་འདུལ་བར་བྱེད། འོན་ཀྱང་ང་ཚོས་ནི་རྟག་པའི་ཅོད་པན་ཐོབ་ཕྱིར་དེ་ལྟར་བྱེད་དོ།"

26 ༢༦་ །ང་རྒྱུག་པ་དོན་མེད་མ་ཡིན། ངས་རྡུང་བ་རླུང་ལ་རྡུང་བ་ལྟར་མིན།"

27 ༢༧་ གཞན་ལ་བཤད་པའི་འོག་ཏུ། ང་རང་འོས་མིན་མི་འགྱུར་ཕྱིར། ངས་རང་གི་ལུས་འདུལ་ཞིང་རང་དབང་དུ་འཇོག་གོ། །།"