1

1 ༡་ །ཡེ་ཤུ་མ་ཤི་ཀའི་ཞབས་ཕྱི་པ༷འུ་ལུ་ང་། ཨ༷་པོ་ཏོ་ལོ་པའི་ལས་ཚན་དུ་བོས་པར་མཛད་ཅིང་།"

2 ༢་ ཨེ་ལོ་ཧིམ་གྱིས་ཉིད་ཀྱི་པ༷་རོ་པེ་ཏེ་པ་རྒྱུད་ནས་དམ་པའི་བི༷་བལ་གྱི་ནང་ཞལ་གྱིས་བཞེས་པའི་ཉིད་ཀྱི་སྲས་ཀྱི་འཕྲིན་བཟང་ཕྱིར་བསྐོས་པ་ངའི་ཕྱོགས་ནས། ཁྱེད་རོ༷་མ་རུ་ཡོད་པའི་ཨེ་ལོ་ཧིམ་གྱིས་གཅེས་པར་མཛད་པ་དང་དམ་པར་འགྱུར་ཆེད་བོས་པ་ཐམས་ཅད་ལ་ཡི་གེ་འདི་འབུལ་ལོ།"

3 ༣་ །སྲས་དེ་ཟག་ལུས་ཀྱི་ལུགས་ལ་ད༷་བིད་ཀྱི་གདུང་བརྒྱུད་ནས་འཁྲུངས་ཀྱང་།"

4 ༤་ དམ་པའི་རུ་ཨག་གི་ལུགས་ལ་གཤིན་པོའི་ཁྲོད་ལས་སྐུ་གསོན་པོར་བཞེངས་པས། ཨེ་ལོ་ཧིམ་གྱི་སྲས་མཐུ་དང་ལྡན་པ་ང་ཚོའི་ཀྱུ་རི་བོ་ཡེ་ཤུ་མ་ཤི་ཀ་ལགས་སོ།"

5 ༥་ །མི་བརྒྱུད་ཐམས་ཅད་ཁོང་གི་མཚན་གྱི་སྒོ་ནས་དད་པའི་འབངས་བྱེད་ཕྱིར། ཐུགས་རྗེས་ང་ཚོ་ཨ༷་པོ་ཏོ་ལོ་པར་གྱུར་ཏུ།"

6 ༦་ །དེའི་ཁོངས་སུ་ཁྱེད་ཀྱང་ཡེ་ཤུ་མ་ཤི་ཀའི་ཡིན་པའི་དོན་དུ་བོས་པས།"

7 ༧་ ང་ཚོའི་ཡབ་ཨེ་ལོ་ཧིམ་དང་ཡེ་ཤུ་མ་ཤི་ཀ་ནས་ཐུགས་རྗེ་དང་ཞི་བདེ་འབབ་པར་ཤོག་ཅིག།"

8 ༨་ །ཁྱེད་ཀྱི་དད་པ་འཇིག་རྟེན་ཡོངས་ལ་གྲགས་པས། ཐོག་མར་ཁྱེད་ཐམས་ཅད་ཀྱི་ཕྱིར་དུ་ཡེ་ཤུ་མ་ཤི་ཀའི་ནང་ན་ཨེ་ལོ་ཧིམ་ལ་བསྟོད་བསྔགས་འབུལ་ལོ།"

9 ༩་ །ཅིས་ཀྱང་ཨེ་ལོ་ཧིམ་གྱི་དགོངས་པ་ཡིན་ན་ཁྱེད་ཚོ་དང་མཇལ་ཐབས་འབྱུང་དོན་དུ།"

10 ༡༠་ ངས་ཁྱེད་ཡིད་ལ་ཆད་མེད་དྲན་ཞིང་། རྟག་ཏུ་སྨོན་ལམ་འདེབས་ཀྱི་དཔང་པོ་ནི། ཉིད་སྲས་ཀྱི་འཕྲིན་བཟང་འཆད་བའི་བསྙེན་བཀུར་ཞུ་བའི་ཨེ་ལོ་ཧིམ་མོ།"

11 ༡༡་ །ཁྱེད་ཚོ་བརྟན་པོར་འགྱུར་ཕྱིར་ཐུགས་ཉིད་ཀྱི་སྐྱེས་ཤིག་སྦྱིན་པ་མ་ཟད། ང་ཁྱེད་ཚོ་དང་འགྲོགས་ཤིང་ང་ཚོ་ཕན་ཚུན་ནང་ཡོད་པའི་དད་པས།"

12 ༡༢་ ང་ལ་དབུགས་དབྱུང་ཕྱིར། ཁྱེད་ཚོ་དང་འཕྲད་པར་འདོད་དོ།"

13 ༡༣་ །སྤུན་ཚོ། མི་བརྒྱུད་གཞན་གྱི་ཁྲོད་ནས་འབྲས་བུ་བརྙེད་པ་ལྟར། ཁྱེད་ལས་ཀྱང་རྙེད་པའི་ཕྱིར་ངས་ལན་མང་ཁྱེད་དང་མཇལ་བར་བསམས་ཀྱང་། ད་ཐུག་འགགས་པ་ཁྱེད་ཀྱིས་ཤེས་དགོས།"

14 ༡༤་ ངས་ནི་ཡུལ་དབུས་མཐའ་གཉིས་དང་མི་མཁས་བླུན་གཉིས་བོའི་གཡོག་བྱེད་དགོས་པས།"

15 ༡༥་ ཁྱེད་རོ༷་མ་པ་ལའང་ཇི་ལྟར་ནུས་བཞིན་འཕྲིན་བཟང་སྒྲོག་པར་འདུན་ནོ།།"

16 ༡༦་ །ང་ནི་འཕྲིན་བཟང་སྒྲོགས་པར་ངོ་མི་ཚ་ཞིང་དང་པོར་ཡ༷་ཧུ་དཱ་པ་དེ་ནས་ཧེ༷་ལེན་པ་སྟེ་དད་པ་བྱེད་ཚད་ཐར་བར་མཛད་པའི་ཨེ་ལོ་ཧིམ་གྱི་མཐུ་སྟོབས་དེ་ཡིན་ནོ།"

17 ༡༧་ །དྲང་པོ་དད་པས་འཚོ་བར་འགྱུར་ཞེས་བྲིས་པ་ལྟར། དད་པའི་རྐྱེན་གྱིས་དད་ལྡན་ཚོ་ལ། ཨེ་ལོ་ཧིམ་གྱི་ཐུགས་རྗེའི་ཞལ་ཆེ་འཕྲིན་བཟང་དེས་སྟོན་ནོ།།"

18 ༡༨་ །དེས་ན་ཨེ་ལོ་ཧིམ་གྱི་ཐུགས་ཁྲོ་ནི་ལོག་པའི་སྒོ་ནས་བདེན་པ་འགེགས་པ་ཚོའི་ལོག་པ་དང་ཨེ་ལོ་ཧིམ་ལ་མི་རྩི་བ་ལ་ནམ་མཁའ་ནས་སྟོན་ནོ།"

19 ༡༩་ །ཨེ་ལོ་ཧིམ་གྱི་སྐོར་ཇི་ཤེས་རུང་བ་ནི་ཨེ་ལོ་ཧིམ་གྱིས་སྟོན་པར་མཛད་པས་མི་ལ་གསལ་ལོ།"

20 ༢༠་ །འཇིག་རྟེན་བཀོད་པ་ནས་ཚུན་ཁོང་གི་མཐུ་སྟོབས་ཐོག་མེད་དང་ངོ་བོ་མི་སྣང་བ་དེ་ཨེ་ལོ་ཧིམ་གྱི་མཛད་པ་རྣམས་ལས་གསལ་ཞིང་།"

21 ༢༡་ ཨེ་ལོ་ཧིམ་རྟོགས་ཀྱང་། ཨེ་ལོ་ཧིམ་ལ་འབུལ་འོས་པའི་བསྟོད་པ་དང་བསྟོད་བསྔགས་མ་ཕུལ་བར། དེ་ཚོའི་བསམ་པ་ཀུན་རྫོབ་ཏུ་འགྱུར་ཞིང་། གོ་བ་མེད་པའི་བློ་མུན་པ་རུ་གྱུར་པས། དེ་དག་སྐྱོན་ཅན་ཡིན་ནོ།"

22 ༢༢་ །རང་མཁས་པར་རློམ་པ་ཚོ་བླུན་པོར་གྱུར་ཏེ།"

23 ༢༣་ རྟག་པའི་ཨེ་ལོ་ཧིམ་གྱི་དཔལ་བརྗིད་དེ་སྤངས་ནས། དེའི་ཚབ་ཏུ་མི་རྟག་པའི་མི་དང་། འདབ་ཆགས་དང་། རྐང་བཞི་པ་དང་། ལྟོ་འགྲོའི་འདྲ་སྐུ་བླངས་སོ།"

24 ༢༤་ །དེའི་ཕྱིར་ཨེ་ལོ་ཧིམ་གྱིས་དེ་ཚོའི་སྙིང་གི་འདོད་ཆགས་ལྟར་མི་གཙང་བའི་ནང་དོར་ཏེ། དེ་ཚོས་རང་གི་ལུས་ཚུལ་མིན་བྱས་སོ།"

25 ༢༥་ །རྒྱུན་དུ་བསྟོད་འོས་པའི་འགོད་པ་པོ་ལས་བཀོད་པ་ལ་ལྷག་པར་བསྙེན་བཀུར་བྱས་ཏེ། ཨེ་ལོ་ཧིམ་གྱི་བདེན་པ་སྤངས་ནས་རྫུན་ལ་བརྟེན་ཏོ།"

26 ༢༦་ །དེའི་ཕྱིར་ཨེ་ལོ་ཧིམ་གྱིས་དེ་ཚོ་ངོ་ཚ་བའི་འདོད་ཆགས་ནང་དོར་ཏོ། །དེ་ཚོའི་བུད་མེད་ཚོས་རང་གཤིས་ཀྱི་སྤྱོད་པ་སྤངས་ཏེ་གཤིས་མིན་གྱི་སྤྱོད་པ་སྤྱད་དོ།"

27 ༢༧་ །སྐྱེས་པ་ཚོས་ཀྱང་རང་གཤིས་བཞིན་དུ་བུད་མེད་ལ་སྤྱད་པ་སྤངས་ནས། ཕན་ཚུན་འདོད་ཆགས་ཀྱི་མེ་འབར་ཏེ། སྐྱེས་པས་སྐྱེས་པར་ངོ་ཚ་མེད་པར་སྤྱད་པ་སྤྱོད་ཅིང་། རང་གི་འགལ་སྐྱོན་ལ་འོས་པའི་ལ་གཡོགས་རང་གི་ལུས་ནང་མྱང་ངོ་།"

28 ༢༨་ །ཇི་ལྟར་དེ་ཚོས་ཨེ་ལོ་ཧིམ་ལ་རྟེན་པར་མ་འདོད་པ་ལྟར་ཨེ་ལོ་ཧིམ་གྱིས་ཀྱང་དེ་ཚོ་མི་རུང་བར་སྤྱོད་དུ་ལོག་པའི་བློ་གྲོས་ནང་དོར་བས།"

29 ༢༩་ ངན་སེམས་དང་། བསྣབས་སེམས་དང་། གནོད་སེམས་དང་། མི་རིགས་པ་ཐམས་ཅད་ཀྱིས་གང་སྟེ། ཕྲག་དོག་དང་། མི་གསོད་པ་དང་། འཐབ་འཛིང་། མགོ་བསྐོར་དང་། གཡོ་སྒྱུ་དང་། ངག་ཀྱལ་དང་།"

30 ༣༠་ ཕྲ་མ་དང་། ཡེ་ལོ་ཧིམ་ལ་སྡང་བ་དང་། ཕོ་སོ་དང་། ང་རྒྱལ་དང་། རང་མཐོང་དང་། ངན་ཤོམས་དང་། ཕ་མར་མི་རྩི་བ་དང་།"

31 ༣༡་ གླེན་པ་དང་། ཁ་ཆད་མི་སྲུང་བ་དང་། བརྩེ་སེམས་མེད་པ་དང་། སྙིང་རྗེ་མེད་པར་གྱུར་ཏོ།"

32 ༣༢་ །དེ་ལྟར་སྤྱོད་པ་ཐམས་ཅད་ཤི་འོས་ཞེས་པའི་ཨེ་ལོ་ཧིམ་གྱི་བཀའ། དེ་ཚོས་ཤེས་ཀྱང་། དེ་བཞིན་དུ་རང་སྤྱོད་པ་མ་ཟད་སྤྱོད་མཁན་གཞན་ལའང་དགའོ།། །།"

10

1 ༡་ དེ་ཚོ་ཐར་བའི་ཕྱིར་སྙིང་ནས་འདོད་པས། ཨེ་ལོ་ཧིམ་ལ་སྨོན་ལམ་ཞུའོ།"

2 ༢་ །དེ་ཚོས་ཨེ་ལོ་ཧིམ་ལ་འདུན་པ་ལ་ངས་དཔང་བྱེད། འོན་ཀྱང་མི་རྟོགས་ཤིང་།"

3 ༣་ ཨེ་ལོ་ཧིམ་ནས་བྱུང་བའི་ཐར་པ་ངོ་མ་རྟོགས་པར། རང་བཟོའི་ཐར་པ་གཏན་ལ་འབེབས་པ་ལ་བརྩོན་ཞིང་། ཨེ་ལོ་ཧིམ་གྱི་ཐར་པའི་འབངས་མ་བྱས་སོ།"

4 ༤་ །དད་པ་བྱེད་ཚད་ཀྱི་ཐར་པའི་དོན་དུ་མ་ཤི་ཀ་ནི་བཀའ་ཁྲིམས་ཀྱི་མཐར་ཐུག་ལགས་སོ།།"

5 ༥་ །མོ༷་ཤེས། བཀའ་ཁྲིམས་ནས་བྱུང་བའི་རྣམ་དག་སྒྲུབ་མཁན་ལ་གསོན་པ་ཉིད་ཐོབ་བར་འགྱུར་ཞེས་བྲིས་སོ།"

6 ༦་ །འོན་ཀྱང་དད་པ་བྱེད་པ་ལ་ཐུགས་རྗེའི་ཞལ་ཆེས་འདི་སྐད་དུ། ཁྱེད་ཀྱིས་རང་གི་སྙིང་ནང་མ་ཤི་ཀ་མར་གདན་འདྲེན་དུ་ནམ་མཁར་སུ་བཞེངས་པར་འགྱུར།"

7 ༧་ ཡང་ན་མ་ཤི་ཀ་ཡར་གདན་འདྲེན་དུ་གཤིན་ཁམས་ནང་སུ་འབབ་པར་འགྱུར་མ་ཟེར་ཞིག་གསུང་།"

8 ༨་ བཀའ་ནི་ཁྱེད་དང་ཉེ་ཞིང་ཁྱེད་ཀྱི་ཁ་དང་སྙིང་གི་ནང་བཞུགས་སོ་གསུངས་པ་དེ། ང་ཚོས་འཆད་པའི་དད་པའི་བཀའ་དེ་ཡིན་ནོ།"

9 ༩་ །གལ་ཏེ་ཡེ་ཤུ་ཀྱུ་རི་བོ་ལགས་སོ་ཞེས་ཁ་ནས་དཔང་པོ་བྱེད་ཅིང་། ཨེ་ལོ་ཧིམ་གྱིས་ཁོང་གཤིན་པོའི་ཁྲོད་ནས་བསླངས་པ་ལ་སྙིང་ནས་དད་པ་བྱེད་ན་ཐར་བར་འགྱུར་རོ།"

10 ༡༠་ །སྙིང་ནས་དད་པ་བྱེད་པ་ལ་ཐུགས་རྗེའི་ཞལ་ཆེ་ཐོབ། ཁ་ནས་དཔང་པོ་བྱེད་པ་ལ་ཐར་པ་ཐོབ་བོ།"

11 ༡༡་ །ཁོང་ལ་དད་པ་རྣམས་སྐྱེངས་པར་མི་འགྱུར་རོ་ཞེས་གསུངས་པ་ལྟར་རོ།"

12 ༡༢་ །ཁོང་ཉིད་ཐམས་ཅད་ཀྱི་ཀྱུ་རི་བོ་དང་། ཁོང་གི་མཚན་བརྗོད་པ་ཐམས་ཅད་ཀྱི་ཕྱིར་ནོར་དང་ལྡན་པས། ཡ༷་ཧུ་དཱ་པ་དང་ཧེ༷་ལེན་པ་གཉིས་ནང་ཁྱད་མེད་དོ།"

13 ༡༣་ །ཀྱུ་རི་བོའི་མཚན་བརྗོད་པ་དེ་ཐར་བར་འགྱུར་རོ་ཞེས་སོ།"

14 ༡༤་ །གང་ལ་མི་དད་པའི་མཚན་ཅི་ལྟར་བརྗོད། མ་ཐོས་པར་ཅི་ལྟར་དད། འཆད་པ་པོ་མེད་པར་ཅི་ལྟར་ཐོས།"

15 ༡༥་ འཕྲིན་བཟང་སྒྲོག་པ་རྣམས་ཀྱི་རྐང་པ་ཇི་ལྟར་མཛེས་ཞེས་བྲིས་པ་ལྟར། མ་མངག་ན་ཅི་ལྟར་འཆད།"

16 ༡༦་ ཡེ༷་ཤ་ཡཱས། ཀྱེ་ཀྱུ་རི་བོ། ང་ཚོའི་གཏམ་ལ་སུས་དད་པ་བྱེད་གསུངས་པ་བཞིན། ཐམས་ཅད་ཀྱིས་འཕྲིན་བཟང་ལ་མ་ཉན་ཏོ།"

17 ༡༧་ །མ་ཤི་ཀའི་བཀའ་བསྒྲགས་པས་ཐོས། ཐོས་པ་ལས་དད་པ་འབྱུང་ངོ་།"

18 ༡༨་ གལ་ཏེ་དེ་ཚོས་མ་ཐོས་སམ་ཟེར་ན། བདེན་པར་ཐོས་ཏེ། །ས་གཞི་ཡོངས་སུ་དེ་ཡི་གསུང་སྐད་ཁྱབ། །དེའི་གསུང་ས་གཞིའི་མཐའ་མའི་བར་དུ་ཕྱིན། ཞེས་གསུངས་སོ།"

19 ༡༩་ ཇི་སྟེ་ཨི༷ས་ར་ཨེལ་གྱིས་མ་རྟོགས་སམ་ཟེར་ན། དང་པོར་མོ༷་ཤེའི་གསུངས་པ། །མི་སྡེ་མིན་པ་རྣམས་ནས་ཁྱེད་ལ་ཕྲག་དོག་སློང་། །མི་བརྒྱུད་བླུན་པོ་ཞིག་ནས་ང་ཡིས་ཁོང་ཁྲོ་སློང་། ཞེས་དང་།"

20 ༢༠་ གཉིས་པར་ཡེ༷་ཤ་ཡཱས། །ཁོ་བོ་མ་བཙལ་བ་ལ་ཁོ་བོ་བརྙེས། ཁོ་བོ་མ་དགོས་པ་ལ་ཁོ་བོ་སྟོན། དང་།"

21 ༢༡་ ཨེ༷ས་ར་ཡེལ་གྱི་སྐོར་དུ། བཀའ་ལ་མི་ཉན་ཞིང་ལན་ཟློག་པའི་མི་སྡེ་ལ། ངས་ཉིན་གང་ངའི་ལག་བརྐྱང་ངོ་། ཞེས་པ། སྤོབས་པས་ལུང་དུ་དྲངས་སོ།། །།"

11

1 ༡་ །ཨེ་ལོ་ཧིམ་གྱིས་ཉིད་ཀྱི་མི་སྡེ་རྣམས་སྤངས་སམ། དེ་ནི་མ་ཡིན། ང་རང་ཨ༷བ་ར་ཧམ་གྱི་བརྒྱུད་པ་བེ༷ན་ཡཱ་མིན་གྱི་སྡེའི་ཁོངས་གཏོགས་ཡི༷ས་ར་ཡེལ་པ་ཡིན།"

2 ༢་ ཨེ་ལོ་ཧིམ་གྱི་སྔོན་ནས་མཁྱེན་པས་ཉིད་ཀྱི་མི་སྡེ་རྣམས་མ་སྤངས་སོ། །ཁྱེད་ཀྱིས་ཨེ༷་ལི་ཡཱའི་སྐོར་ཅི་གསུངས་པ་མི་ཤེས་སམ། ཁོས་ཨེ་ལོ་ཧིམ་ལ་ཨི༷ས་ར་ཨེལ་པའི་སྐོར་ལ་འོ་དོད་འབོད་ཅིང་།"

3 ༣་ ཀྱུ་རི་བོ་ལགས། དེ་ཚོས་ཁྱེད་ཀྱི་ཕ༷་རོ་པེ་ཏེ་པ་རྣམས་བསད། འབུལ་བའི་ཁྲི་རྣམས་བཤིག་ནས་ང་གཅིག་པུར་ལུས་ཏེ། ངའི་སྲོག་ཀྱང་ལེན་དུ་སྙེག་གོ་ཞུས་སོ།"

4 ༤་ ཨེ་ལོ་ཧིམ་གྱིས་བཀའ་ལན་དུ། ལྷ་ལ་མ་བཏུད་པའི་སྐྱེ་བོ་སྟོང་ཕྲག་བདུན་ང་ཡི་དོན་དུ་བཞག་ཡོད་མ་གསུངས་སམ།"

5 ༥་ དེ་བཞིན་དུ་ད་ལྟའང་ཐུགས་རྗེས་གདམས་པའི་ལྷག་ལུས་ཤིག་ཡོད་དོ།"

6 ༦་ །ཐུགས་རྗེ་ཡིན་པས་ལས་ཀྱིས་མིན་ཞིང་ལས་ཀྱིས་ཡིན་ན་ཐུགས་རྗེ་ནི་ཐུགས་རྗེ་མིན།"

7 ༧་ མདོར་ན་ཡི༷ས་ར་ཨེལ་གྱིས་གང་འཚོལ་བ་དེ་མ་བརྙེས། འདམས་པ་རྣམས་ཀྱིས་བརྙེས་ནས། ལྷག་མ་རྣམས་ཀྱི་སྙིང་གྱོང་པོར་གྱུར་ཏོ།"

8 ༨་ །བྲིས་པ་ཡོད། ཨེ་ལོ་ཧིམ་གྱིས་དེ་དག་ལ། དེ་རིང་ཐུག་རྨོངས་པའི་སེམས་དང་། མི་མཐོང་བའི་མིག་དང་། མི་ཐོས་པའི་རྣ་བ་གནང་ངོ་། ཞེས་དང་།"

9 ༩་ ད༷་བིད་ཀྱིས། །དེ་ཚོའི་ཟས་མགྲོན་རྣམས་ནི་དེ་ཚོའི་ཕྱིར། །རྙི་དང་ལྟེམ་པ་དང་ནི་ལ་ཡོགས་དང་། །རྐང་པ་ཐོགས་པའི་རྡོ་རུ་འགྱུར་བར་ཤོག"

10 ༡༠་ །མི་མཐོང་ཕྱིར་དུ་དེ་ཚོའི་མིག་སྒྲིབ་ཅིང་། །དེ་ཚོའི་སྒལ་ཚིགས་རྟག་ཏུ་སྒུར་བར་ཤོག། གསུངས་སོ།"

11 ༡༡་ །དེ་དག་མངོན་པར་ལྟུང་བའི་རྐང་ཐོགས་སམ། དེ་ནི་མ་ཡིན། འོན་ཀྱང་དེ་དག་འཁྱོར་བ་ལས་ཨེ་ལོ་ཧིམ་ངོ་མ་ཤེས་པ་རྣམས་ལ་ཐར་པ་ཐོབ་པས། དེ་ཚོར་བརྟུན་པ་སྐྱེད་དོ།"

12 ༡༢་ །དེ་དག་འཁྱོར་བ་ནི་འཇིག་རྟེན་གྱི་ནོར་དང་། དེ་དག་ཕམ་པ་ནི་ཨེ་ལོ་ཧིམ་ངོ་མ་ཤེས་པའི་ནོར་ལ་གྱུར་ན། དེ་དག་ཕུལ་དུ་བྱུང་བ་ནི་དེ་བས་ལྷག་པའི་རྒྱུར་མི་གྱུར་རམ།"

13 ༡༣་ །ང་ནི་ཨེ་ལོ་ཧིམ་ངོ་མ་ཤེས་པ་ཚོའི་ཕྱིར་ཨ༷་པོ་ཏོ་ལོ་པ་ཡིན་པས། ཁྱེད་ཨེ་ལོ་ཧིམ་ངོ་མ་ཤེས་པ་རྣམས་ལ་སྨྲའོ།"

14 ༡༤་ །ངའི་མི་བརྒྱུད་ལ་བརྟུན་པ་སྐྱེས་ཏེ། ཁ་ཅིག་ཐར་འཇུག་ན། ངའི་ཞབས་ཏོག་ལ་བསྟོད་པ་འབྱུང་ངོ་།"

15 ༡༥་ །དེ་དག་སྤངས་པ་འཇིག་རྟེན་སྡུམ་པའི་རྒྱུར་གྱུར་ན། དེ་དག་བླང་བ་གཤིན་པོ་གསོན་པའི་རྒྱུ་ལས་གཞན་ཅི།"

16 ༡༦་ ཟས་ཕུད་དམ་པ་ཡིན་ན། བག་ཟན་ཡང་དམ་པ་ཡིན། རྩ་བ་དམ་པ་ཡིན་ན། ཡལ་གའང་དམ་པ་ཡིན་ནོ།"

17 ༡༧་ །གལ་ཏེ་ཁ་སྐྱུར་པོའི་ཤིང་རྒོད་ཡིན་པ་ཁྱོད། ཁ་སྐྱུར་པོའི་ཤིང་སྡོང་རྩི་བཅུད་ཅན་གྱི་རྩ་བ་དང་འདྲེས་ཕྱིར། ཡལ་ག་ཁ་ཅིག་བཅད་ནས་དེའི་ཤུལ་དུ་ཁྱོད་འཐུད་ན།"

18 ༡༨་ ཡལ་གའི་ངོར་རང་མཐོང་མ་སྐྱེད་ཅིག རང་མཐོང་སྐྱེད་ན། ཁྱོད་ཀྱིས་རྩ་བ་མི་འཁུར་གྱིས། རྩ་བས་ཁྱོད་འཁུར་བ་དྲན་པར་གྱིས་ཤིག"

19 ༡༩་ །ང་འཐུད་པའི་ཕྱིར་ཡལ་ག་དེ་བཅད་པ་ཡིན་ཟེར་ན།"

20 ༢༠་ དེ་བདེན་ནོ། །དེ་དག་དད་མེད་ཀྱི་རྐྱེན་གྱིས་བཅད་ནས། ཁྱོད་ནི་དད་པས་དེར་ཚུགས་པ་ཡིན་པས། རང་མཐོང་མ་སྐྱེད་པར་འཇིགས་ཤིག"

21 ༢༡་ །ཨེ་ལོ་ཧིམ་གྱིས་ཡལ་ག་དངོས་མར་མ་གཟིགས་པས། ཁྱོད་ལའང་མི་གཟིགས་སོ།"

22 ༢༢་ །དེ་བས་ན་ཨེ་ལོ་ཧིམ་གྱི་ཐུགས་རྗེ་དང་ཐུགས་དྲག་པོ་གཉིས་ཀར་ལྟོས་ཤིག ལྟུང་བ་རྣམས་ལ་དྲག་པོ་སྟེ། ཁྱོད་ལ་ཐུགས་རྗེ་ཅན་ནོ། །གལ་ཏེ་ཁོང་གི་ཐུགས་རྗེ་ལྟར་མ་བརྟན་ན། ཁྱོད་ཀྱང་གཅོད་པར་འགྱུར་རོ།"

23 ༢༣་ །དེ་དག་ཀྱང་དད་མེད་ནང་མི་གནས་ན། ཨེ་ལོ་ཧིམ་གྱིས་དེ་དག་ལ་སླར་འཐུད་ནུས་པས། འཐུད་པར་མཛད་འོང་།"

24 ༢༤་ ཁྱོད་ཁ་སྐྱུར་པོའི་ཤིང་སྡོང་ལས་བཅད་དེ། རང་བཞིན་མི་མཐུན་པའི་ཤིང་སྡོང་བཟང་པོ་ལ་འཐུད་པས། ཡལ་ག་དངོས་མ་དེ་རང་གི་སྡོང་པོའི་ནང་ལྷག་པར་དུ་འཐུད་པར་འགྱུར།"

25 ༢༥་ །ཀྱེ་སྤུན་རྣམས། ཁྱེད་ཚོ་རང་མཁས་པར་མི་རྩི་བའི་ཕྱིར། ཁྱེད་ཀྱིས་གསང་བ་འདི་ཤེས་པར་ང་དགའ་འོ། །ཨེ་ལོ་ཧིམ་ངོ་མ་ཤེས་པ་ཐམས་ཅད་མ་ཤི་ཀའི་རྒྱལ་སྲིད་ནང་འཇུག་པའི་བར་ཐུག །ཨི༷ས་ར་ཨེལ་པ་ཁག་གཅིག་གྱོང་པོར་གྱུར་ཞིང་།"

26 ༢༦་ ཕྱིས་སུ་ཨི༷ས་ར་ཨེལ་པ་ཐམས་ཅད་ཐར་བར་འགྱུར་རོ། །བྲིས་པ་ཡོད། །ཙི་ཡོན་ནས་སྒྲོལ་མཛད་འཐོན་པར་འགྱུར། །ཡ༷་ཀོབ་ལས་ལོག་ཆོས་སྐྲོད་པར་འགྱུར།"

27 ༢༧་ །དེ་ཚོ་ཡི་སྡིག་པ་སེལ་བའི་དུས། །དེ་ཚོ་ལ་ཁོ་བོའི་ཞལ་ཆད་ཡིན། ཞེས་བྲིས་པ་ལྟར་རོ།"

28 ༢༨་ །འཕྲིན་བཟང་ལ་ལྟ་སྟེ་དེ་དག་ཁྱེད་ཀྱི་རྐྱེན་གྱིས་དགྲ་བོར་གྱུར་ཀྱང་།"

29 ༢༩་ ཨེ་ལོ་ཧིམ་གྱི་གནང་སྦྱིན་དང་འགུག་པའི་ཕྲིན་ལས་ནི་འགྱུར་མེད་ལགས་པས། འདམ་པ་ལ་ལྟ་སྟེ་མེས་པོ་ཚོའི་རྐྱེན་གྱིས། དེ་ཚོ་ཁོང་གི་གཅེས་པ་ཡིན་ནོ།"

30 ༣༠་ །སྔར་ཁྱེད་ཚོས་ཨེ་ལོ་ཧིམ་གྱི་བཀའ་ལ་མ་ཉན་ཀྱང་། དེ་རྣམས་ཀྱིས་མ་ཉན་པའི་རྐྱེན་གྱིས། ད་ལྟ་ཁྱེད་ཚོ་ལ་ཐུགས་རྗེ་ཐོབ་པ་ལྟར།"

31 ༣༡་ ད་ལྟ་དེ་ཚོས་མི་ཉན་པས། ཁྱེད་ཚོ་ལ་ཐུགས་རྗེ་ཐོབ་པའི་རྐྱེན་གྱིས། དེ་རྣམས་ལའང་ཐོབ་པར་འགྱུར་རོ།"

32 ༣༢་ །ཅིའི་ཕྱིར་ཞེ་ན། ཨེ་ལོ་ཧིམ་གྱིས་མི་ཐམས་ཅད་ལ་ཐུགས་རྗེ་མཛད་པའི་ཕྱིར། དེ་དག་བཀའ་ལ་མི་ཉན་པའི་གྲལ་དུ་བཞག་གོ"

33 ༣༣་ །ཨེ་ལོ་ཧིམ་གྱི་དཔལ་འབྱོར་དང་ཡེ་ཤེས་དང་མཁྱེན་རྒྱ་ཇི་ལྟར་ཟབ་པ་ལགས་སོ། །ཁོང་གི་ཞལ་ཆེ་རྟོགས་པ་ལས་འདས་ཏེ། ཁོང་གི་ལམ་དཔྱོད་པ་ལས་འདས་སོ།"

34 ༣༤་ །ཀྱུ་རི་བོའི་ཐུགས་སུས་བརྟགས། ཁོང་ལ་གྲོས་འདེབས་སུས་བྱས།"

35 ༣༥་ ཁོང་གིས་ཚབ་གནང་དགོས་པར། སུས་སྔར་ཇི་ཞིག་ཕུལ།"

36 ༣༦་ ཐམས་ཅད་ཁོང་ལས་བྱུང་ཞིང་། ཁོང་རྒྱུད་བྱུང་བས། ཁོང་གི་ཕྱིར་ཡིན། ཁོང་ལ་དུས་རྒྱུན་ནས་རྒྱུན་དུ་བསྟོད་བསྔགས་པར་ཤོག་ཅིག། །།"

12

1 ༡་ །ད་སྤུན་རྣམས། ཨེ་ལོ་ཧིམ་གྱི་ཐུགས་བརྩེ་བ་ལ་བརྟེན་ནས། ཁྱེད་ཀྱི་ལུས་ནི་གསོན་པོ་དང་། དམ་པ་དང་། ཨེ་ལོ་ཧིམ་ཐུགས་མཉེས་པའི་འབུལ་པར་ཕུལ་ཞིག་ཅེས་ངས་ཞུ་བ་འབུལ་ལོ། །དེ་ནི་བདེན་པའི་འབུལ་བའོ།"

2 ༢་ ཨེ་ལོ་ཧིམ་གྱི་ཐུགས་དགོངས་བཟང་པོ་དང་། ཡིད་དུ་འོང་བ་དང་། ཕུལ་དུ་ཕྱིན་པ་རྟོགས་པའི་ཕྱིར། འཇིག་རྟེན་པ་དང་འདྲ་བར་མ་འགྱུར་བར། རང་གི་བློ་གསར་དུ་བསྒྱུར་བས་གཤིས་ཀྱང་སྒྱུར་ཞིག།"

3 ༣་ །ང་ལ་གནང་བའི་ཐུགས་རྗེའི་སྒོ་ནས་ཁྱེད་རེ་རེར་འདི་ལྟར་བསྒོའོ། །སུས་ཀྱང་རང་གང་ཡིན་པ་ལས་མཐོ་བ་ཡིན་པ་མ་སེམས་པར། ཨེ་ལོ་ཧིམ་གྱིས་རེ་རེ་ལ་དད་པ་གནང་ཡོད་པའི་ཚད་བཞིན་རན་པར་སོམས་ཤིག"

4 ༤་ །ལུས་གཅིག་ལ་ཡན་ལག་མང་པོ་ཡོད་ཀྱང་། ཡན་ལག་རེ་རེ་ལ་ལས་སོ་སོ་ཡོད་པ་ལྟར།"

5 ༥་ །ང་ཚོ་མང་པོ་ཡིན་ཀྱང་མ་ཤི་ཀའི་ནང་ན་ལུས་གཅིག་ཡིན་པས། སོ་སོ་ནས་བྱས་ཀྱང་གཅིག་དང་གཅིག་ཡན་ལག་ཡིན་ནོ།"

6 ༦་ །ང་ཚོར་གནང་བའི་ཐུགས་རྗེ་དང་བསྟུན་ཏེ་གནང་སྦྱིན་སོ་སོ་ཡོད་པས། ལུང་སྟོན་པ་དེས་དད་པའི་ཚད་བཞིན་བཀའ་སྟོན་པ་དང་།"

7 ༧་ ཞབས་ཏོག་པས་ཞབས་ཏོག་དང་། སློབ་དཔོན་གྱིས་བསླབ་བྱ་དང་།"

8 ༨་ སྟོངས་གྲོགས་ཀྱི་གྲོགས་དང་། སྤྱིན་བདག་གྱིས་མི་ཕངས་པར་སྦྱིན་པ་དང་། འགོ་དཔོན་ཡིན་ན་ཤ་ཚ་དང་། སྙིང་རྗེ་ཅན་ཡིན་ན་སེམས་སྤྲོ་བས། གནང་སྦྱིན་རྣམས་སྤྱོད་ཅིག།"

9 ༩་ །ཟོལ་ཟོག་མེད་པའི་བྱམས་པ་དགོས། ངན་པ་སྤང་ཞིང་བཟང་པོ་ལེན་ཞིག"

10 ༡༠་ །སྤུན་གྱི་བརྩེ་གདུང་གིས་ཕན་ཚུན་གཅེས་པར་གྱིས་ཤིག །གཅིག་གིས་གཅིག་ལ་སྟི་སྟང་བྱོས་ཤིག"

11 ༡༡་ ཤ་ཚ་བྱེད་པར་མ་གཡེལ་ཞིག །རུ་ཨག་གི་ངར་དང་ལྡན་ཞིག །ཀྱུ་རི་བོའི་ཞབས་འདེགས་བྱོས་ཤིག"

12 ༡༢་ །རེ་བ་ལ་སྤྲོ་ཞིང་། སྡུག་བསྔལ་ལ་བཟོད་ཅིང་། སྨོན་ལམ་ལ་བརྟན་པར་གནས་ཤིག།"

13 ༡༣་ །དམ་པ་དང་འགྲུལ་པ་རྣམས་ཀྱི་དགོས་འདོད་སྐོངས་ཤིག"

14 ༡༤་ །ཁྱེད་རང་ལ་འཚེ་བ་རྣམས་ལ་སྨོན་ལོག་མ་འདེབས་པར་བྱིན་བརླབས་ཐོངས་ཤིག"

15 ༡༥་ །དགའ་མཁན་མཉམ་དུ་དགའ་ཞིག །ངུ་མཁན་མཉམ་དུ་ངུས་ཤིག"

16 ༡༦་ །ཕན་ཚུན་མཐུན་ནས་སྡོད་ཅིག །དྲག་པར་མ་སེམས་པར་ཞན་པར་མགུ་ཞིག་མཁས་པ་ཡིན་པར་མ་རློམས་ཤིག"

17 ༡༧་ །ངན་ལན་ངན་གྱིས་མ་འཇལ་ཞིག །མི་ཀུན་གྱི་མཐོང་སྣང་ལ་མཛེས་པར་བརྩོན་ཞིག"

18 ༡༨་ །ཇི་ནུས་ཀྱིས་ཐམས་ཅད་དང་མཉམ་མཐུན་ནས་སྡོད་ཅིག"

19 ༡༩་ །གཅེས་པ་རྣམས་བྲིས་པས་ཀྱུ་རི་བོས། ངས་ལན་འཇལ་ལ་ོཞེས་གསུངས་པས། ཁྱེད་རང་གིས་གནོད་ལན་གནོད་པས་མ་འཇལ་བར། ཨེ་ལོ་ཧིམ་གྱི་ཐུགས་ཁྲོ་དེ་གར་འཇོག"

20 ༢༠་ །དེ་མ་ཟད་ཁྱོད་ཀྱི་དགྲ་བོ་ལྟོགས་ན་ཁ་ཟས་སྟེར་ཞིག །སྐོམ་ན་བཏུང་བ་སྟེར་ཞིག །དེ་ལྟར་བྱེད་པ་ལས་དེའི་མགོར་སོལ་བའི་མེ་སྤུང་བར་འགྱུར།"

21 ༢༡་ ངན་པའི་སྒོ་ནས་རང་ཕམ་མ་འཇུག་པར། བཟང་པོའི་སྒོ་ནས་ངན་པ་ཕམ་དུ་ཆུག་ཅིག། །།"

13

1 ༡་ །ཨེ་ལོ་ཧིམ་ལས་མ་བྱུང་བའི་མངའ་བདག་མེད་ཅིང་། ཡོད་པ་རྣམས་ཨེ་ལོ་ཧིམ་གྱིས་བསྐོས་པས། མི་རེ་རེས་མངའ་བདག་གི་བཀའ་ལ་ཉོན་ཞིག"

2 ༢་ །མངའ་བདག་ལ་རྒོལ་བ་དེས་ཨེ་ལོ་ཧིམ་གྱི་གོ་རིམ་ལ་རྒོལ་ལོ། །རྒོལ་བ་པོར་ཆད་པ་འཕོག་པར་འགྱུར་རོ།"

3 ༣་ །ངན་པ་བྱེད་མཁན་མ་གཏོགས་བཟང་པོ་བྱེད་མཁན་མངའ་བདག་ལ་འཇིགས་མི་དགོས། གལ་ཏེ་མངའ་བདག་ལ་མི་འཇིགས་པར་འདོད་ན། བཟང་པོ་བྱོས་ཤིག"

4 ༤་ དེ་ནི་ཁྱོད་ལ་ཕན་ཕྱིར་ཨེ་ལོ་ཧིམ་གྱི་ཞབས་ཕྱི་ཡིན་པས། དེའི་ཕྱོགས་ནས་བསྟོད་སྒྲ་འབྱུང་འོང་། ཇི་སྟེ་ངན་པ་བྱེད་ན་འཇིགས་དགོས། དེས་རལ་གྲི་ཐོགས་པ་དོན་མེད་དུ་མིན་ཅིང་། ལས་ངན་བྱེད་པ་ཚོར་ཐུགས་ཁྲོའི་ཆད་པ་གཅོད་པའི་ཨེ་ལོ་ཧིམ་གྱི་ཞབས་ཕྱི་ཡིན་ནོ།"

5 ༥་ །ཐུགས་ཁྲོའི་འཇིགས་པ་འབའ་ཞིག་མ་ཟད་ཤེས་བཟང་གི་དོན་དུའང་འབངས་བྱེད་དགོས།"

6 ༦་ དེ་ནི་ཨེ་ལོ་ཧིམ་གྱི་ཞབས་ཕྱི་ཡིན་ཅིང་། ལས་ཚན་དེ་བྱེད་པས། ཁྱོད་ཀྱིས་དཔྱ་ཁྲལ་ཡང་འཇལ་ལོ།"

7 ༧་ །ཐམས་ཅད་ལ་ཅི་འོས་པ་ཕུལ་ཞིག དཔྱ་ཁྲལ་འབུལ་འོས་པ་ལ་དཔྱ་ཁྲལ་དང་། ཚོང་ཁྲལ་འབུལ་འོས་པར་ཚོང་ཁྲལ་ཕུལ་ཞིག འཇིགས་འོས་པ་ལ་འཇིགས་ཤིག །ཞེ་ས་བྱེད་འོས་པ་ལ་ཞེ་ས་བྱོས་ཤིག།"

8 ༨་ །ཕན་ཚུན་བྱམས་པ་མ་གཏོགས་པར། སུ་ལའང་འཇལ་རྒྱུ་ལུས་མ་འཇུགས་ཅིག །གཞན་ལ་བྱམས་པ་དེས་བཀའ་ཁྲིམས་བསྒྲུབས་སོ།"

9 ༩་ །རང་དང་འདྲ་བར་ཁྱིམ་མཚེས་ལ་བྱམས་བ་བྱོས་ཤིག་ཅེས་པའི་ནང་། ལོག་པར་མ་གཡེམ། མི་མ་གསོད། མ་རྐུ། མ་སྲེད། ལ་སོགས་པའི་བཀའ་འདུས་སོ།"

10 ༡༠་ །བྱམས་པས་གཞན་ལ་ངན་མི་བྱེད་པས། བཀའ་ཁྲིམས་སྒྲུབ་བོ།།"

11 ༡༡་ །ང་ཚོས་དད་པ་བྱས་པའི་དུས་ལས་ད་ལྟ་ཐར་ཉེ་བས། གཉིད་སད་པའི་དུས་ཚོད་ད་ལྟ་ཡིན་པ་ཁྱེད་ཀྱིས་ཤེས་ཏེ།"

12 ༡༢་ མཚན་འདས་ཉིན་ཉེ་བར་སླེབས། མུན་པའི་བྱ་བ་སྤངས་ཏེ། འོད་ཀྱི་གོ་ཁྲབ་གྱོན་པར་རིགས།"

13 ༡༣་ བག་མེད་ཀྱི་མགྲོན་དང་། འདོད་ཆགས་དང་། འཐབ་རྩོད་དང་། ཕྲག་དོག་མེད་པར། ཉིན་མོའི་ཚུལ་དང་མཐུན་པར་སྤྱོད་པར་རིགས།"

14 ༡༤་ ཀྱུ་རི་བོ་ཡེ་ཤུ་མ་ཤི་ཀ་གོས་ལྟར་གོན་ཅིག །ལུས་ཀྱི་འདོད་པ་ཚིམ་པར་བྱེད་པའི་བསམ་པ་སྤོངས་ཤིག། །།"

14

1 ༡་ །དད་པ་དམན་པ་ཞིག་གི་བསམ་པར་མི་རྩོད་པར་རང་གི་ཁྲོད་དུ་བསུ་ཞིག"

2 ༢་ །མི་གཅིག་གིས་ཐམས་ཅད་ཟ་རུང་སེམས་ཀྱང་། དད་པ་དམན་པ་དེས་སྔོ་ཚོད་འབའ་ཞིག་ཟའོ།"

3 ༣་ །ཤ་ཟ་མཁན་དེས་ཤ་མི་ཟ་མཁན་ལ་མ་སྨད་ཅིག །ཤ་མི་ཟ་མཁན་དེས་ཤ་ཟ་མཁན་ལ་མ་ཁྲེལ་ཞིག །ཁོའང་ཨེ་ལོ་ཧིམ་གྱིས་བསུས་པ་ཡིན།"

4 ༤་ གཞན་གྱི་གཡོག་པོ་ལ་ཁྲེལ་མཁན་ཁྱོད་སུ་ཡིན། ཁོ་ལང་ནའང་འགྱེལ་ནའང་རང་གི་དཔོན་པོའི་ཁག་ཡིན། ཀྱུ་རི་བོས་ཁོ་བརྟན་པོ་མཛད་ནུས་པས། ཁོ་ལང་འོང་།"

5 ༥་ མི་ལ་ལས་ཞག་ལ་བཟང་ངན་རྩི། མི་ལ་ལས་དེ་ལ་མི་རྩི། མི་རེ་རེས་རང་གི་སེམས་ནང་རྣམ་རྟོག་མི་ལང་བར།"

6 ༦་ ཞག་ལ་བཟང་ངན་རྩི་བ་དེས་ཀྱུ་རི་བོའི་དོན་དུ་རྩི། ཤ་ཟ་མཁན་དེས་ཨེ་ལོ་ཧིམ་ལ་བསྟོད་བསྔགས་འབུལ་བས། ཀྱུ་རི་བོའི་དོན་དུ་ཟ་སྟེ། ཤ་མི་ཟ་མཁན་གྱིས་ཨེ་ལོ་ཧིམ་ལ་བསྟོད་བསྔགས་འབུལ་བས། ཀྱུ་རི་བོའི་དོན་དུ་མི་ཟའོ།"

7 ༧་ །ང་ཚོ་སུའང་རང་གི་དོན་དུ་མི་འཚོ་ཞིང་མི་འཆི་སྟེ།"

8 ༨་ འཚོ་ན་ཀྱུ་རི་བོའི་དོན་དུ་འཚོ་བ་དང་། འཆི་ནའང་ཀྱུ་རི་བོའི་དོན་དུ་འཆིའོ། །ང་ཚོ་འཚོའང་རུང་འཆིའང་རུང་ང་ཚོ་ཀྱུ་རི་བོའི་ཡིན་ནོ།"

9 ༩་ །གསོན་གཤིན་གཉིས་པོར་མངའ་ཕྱིར་མ་ཤི་ཀ་གྲོངས་ནས་སྐུ་གསོན་པོར་བཞེངས་སོ།"

10 ༡༠་ །ང་ཚོ་ཐམས་ཅད་ཨེ་ལོ་ཧིམ་གྱི་ཞལ་ཆེའི་ཁྲིའི་དྲུང་དུ་ལང་བར་འགྱུར་བས། ཁྱེད་ཀྱིས་རང་གི་སྤུན་ལ་ཅིའི་ཕྱིར་ཁྲེལ། ཅིའི་ཕྱིར་སྨད། ཀྱུ་རི་བོས་བཀའ་གནང་པ།"

11 ༡༡་ །ཁོ་བོ་གསོན་པས་པུས་ཀུན་ངའི་དྲུང་འཛུག །ལྕེ་ཀུན་ཨེ་ལོ་ཧིམ་མཚན་ནས་བརྗོད་འགྱུར་གསུངས། ཞེས་བྲིས་ཡོད་པ་བཞིན་དུ།"

12 ༡༢་ ང་ཚོ་རེ་རེས་ཨེ་ལོ་ཧིམ་ལ་རང་གི་རྒྱུ་རྐྱེན་ཞུ་བར་འགྱུར།"

13 ༡༣་ དེའི་ཕྱིར་ད་ནས་ཕྱིན་ཆད་ཕན་ཚུན་མི་ཁྲེལ་བར། སྤུན་ཞིག་གི་མདུན་དུ་རྐང་ཐོགས་པའི་སྣ་རྡོའམ་ལྟེམ་པ་མི་བཞག་པར་ཐག་ཆོད་ཅིག"

14 ༡༤་ །རྫས་གང་ཡང་རང་བཞིན་གྱིས་མི་གཙང་བ་མིན་པ་ངས་ཀྱུ་རི་བོ་ཡེ་ཤུའི་ནང་ཤེས་པས་སྙིང་ཐག་པ་ནས་ཡིད་ཆེས་སོ། །འོན་ཀྱང་སུས་རྫས་གང་ཞིག་མི་གཙང་བར་སེམས་ན་ཁོའི་ཕྱིར་མི་གཙང་བ་ཡིན།"

15 ༡༥་ ཁྱོད་ཀྱི་ཟ་བ་དེས་སྤུན་འཁྲུགས་ན། ཁྱོད་བྱམས་པའི་ཚུལ་བཞིན་མི་སྤྱོད་དེ། གང་གི་དོན་དུ་མ་ཤི་ཀ་གྲོངས་པའི་མི་དེ། ཁྱོད་ཀྱི་ཁ་ཟས་ཀྱིས་འཕུང་དུ་མ་འཇུག"

16 ༡༦་ །ཁྱེད་ཕྱིར་ལེགས་པ་ཟེར་བ་དེ་ལ་ངན་པ་ཟེར་མ་འཇུག"

17 ༡༧་ །ཨེ་ལོ་ཧིམ་གྱི་རྒྱལ་སྲིད་ནི་ཟ་བཏུང་མ་ཡིན་གྱི། དམ་པའི་རུ་ཨག་ནང་ཐར་པ་དང་ཞི་བདེ་དང་། དགའ་སྤྲོ་ལགས་སོ།"

18 ༡༨་ །དེ་ལྟར་མ་ཤི་ཀའི་གཡོག་བྱེད་པ་དེ་ལ། ཨེ་ལོ་ཧིམ་ཀྱང་དགྱེས་ཤིང་མིའང་དགའོ།"

19 ༡༩་ །ང་ཚོས་ཕན་ཚུན་ཞི་བདེ་དང་ཡར་སྐྱེད་ལ་བརྩོན་པར་བྱའོ།"

20 ༢༠་ །ཁ་ཟས་ཀྱི་རྐྱེན་གྱིས་ཨེ་ལོ་ཧིམ་གྱི་འཕྲིན་ལས་མ་ཤིག །ཐམས་ཅད་གཙང་མ་ཡིན་ཀྱང་། མི་ཞིག་གིས་ཟ་བའི་རྐྱེན་གྱིས་གཞན་ལ་རྐང་པ་ཐོགས་པའི་རྡོ་བཞག་ན་ངན་པ་ཡིན།"

21 ༢༡་ ཤ་ཟ་བ་དང་ཆང་འཐུང་བ་སོགས་ཁྱེད་ཀྱི་སྤུན་ལྟུང་བའི་རྒྱུ་སྤོང་བ་ལེགས་སོ།"

22 ༢༢་ །ཁྱོད་ཀྱི་ལྟ་བ་དེ་ཁྱོད་རང་གི་སྙིང་ནང་ཨེ་ལོ་ཧིམ་གྱི་དྲུང་དུ་སྲུང་ཞིག །རང་གི་བསམ་པ་ལ་ཁྲེལ་དགོས་མེད་པ་དེ་བདེའོ།"

23 ༢༣་ །རྣམ་རྟོག་ཅན་གྱིས་ཟ་ན། དད་པ་བཞིན་མི་བྱེད་པས། ཆད་པ་ཕོག་གོ །དད་པ་ནས་མི་འབྱུང་བ་དེ་སྡིག་པ་ཡིན་ནོ།། །།"

15

1 ༡་ །ང་ཚོ་སྟོབས་ཅན་ཚོས་རང་གང་དགའ་བར་མི་བྱེད་པར། ཉམ་ཆུང་ཚོའི་གང་མི་ཐུབ་པའི་བྱ་བར་བཟོད་དགོས།"

2 ༢་ ང་ཚོ་རེ་རེས་ཕན་པ་དང་ཡར་སྐྱེད་ཕྱིར། ཁྱིམ་མཚེས་པ་དགའ་བར་བྱོས་ཤིག"

3 ༣་ །བྲིས་པ་ཡོད། ཁྱེད་ལ་སྨད་པ་རྣམས་ཀྱི་སྨད་སྒྲ་ང་ལ་ཕོག་ཅེས་བྲིས་པ་བཞིན། མ་ཤི་ཀས་ཀྱང་ཉིད་དགྱེས་པར་མ་མཛད་དོ།"

4 ༤་ །བཟོད་པ་དང་བི༷་བལ་ནང་གི་བྲིས་པའི་སེམས་གསོའི་སྒོ་ནས། ང་ཚོར་རེ་བ་སྐྱེད་དོན་དུ། སྔོན་དུས་སུ་བྲིས་པ་རྣམས་ང་ཚོའི་ཞལ་གདམས་ཡིན་ནོ།"

5 ༥་ཁྱེད་ཁ་སེམས་གཅིག་གིས། ང་ཚོའི་ཀྱུ་རི་བོ་ཡེ་ཤུ་མ་ཤི་ཀའི་ཡབ་ཨེ་ལོ་ཧིམ་ལ་བསྟོད་ཕྱིར།"

6 ༦་བཟོད་པ་དང་སེམས་གསོ་གནང་བའི་ཨེ་ལོ་ཧིམ་གྱིས། མ་ཤི་ཀ་ཡེ་ཤུ་བཞིན་དུ། ཁྱེད་སེམས་གཅིག་ཏུ་སྤྱོད་པ་གནང་བར་ཤོག"

7 ༧་ །མ་ཤི་ཀས་ཨེ་ལོ་ཧིམ་གྱི་དཔལ་བརྗིད་གྱི་དོན་དུ་ཁྱེད་བསུ་བ་ལྟར་ཕན་ཚུན་བསུས་ཤིག"

8 ༨་ །མེས་པོ་ལ་མཛད་པའི་ཞལ་ཆད་སྒྲུབ་ཅིང་། ཨེ་ལོ་ཧིམ་བདེན་པ་ལགས་པར་སྟོན་པ་དང་། ཨེ་ལོ་ཧིམ་ངོ་མ་ཤེས་པས་ཀྱང་ཨེ་ལོ་ཧིམ་གྱི་སྙིང་རྗེ་ལ་བསྟོད་ཕྱིར། མ་ཤི་ཀ་ཡ༷་ཧུ་དཱ་པ་རྣམས་ཀྱི་གཡོག་པོར་གྱུར་ཞེས་ངས་ཟེར།"

9 ༩་ བྲིས་པ་ཡོད། །དེ་ཕྱིར་ཨེ་ལོ་ཧིམ་ངོ་མ་ཤེས་པའི་ཁྲོད་ན་ངས་ཁྱེད་བསྟོད། །ཁྱེད་ཀྱི་མཚན་ལ་བསྟོད་དབྱངས་འབུལ་བར་བྱ།"

10 ༡༠་ ཡང་། །ཨེ་ལོ་ཧི་ངོ་མ་ཤེས་པས་ཁོང་གི་སྡེ་མཉམ་དགའ་བར་ གྱིས།"

11 ༡༡་ ཡང་། ཨེ་ལོ་ཧིམ་ངོ་མ་ཤེས་པ་ཐམས་ཅད་ཀྱུ་རི་བོར་བསྟོད་སྔོགས་ཤིག །མི་སྡེ་ཀུན་གྱིས་ཁོང་ལ་བསྟོད་སྔོགས་ཤིག"

12 ༡༢་ །ཡང་ཡེ༷་ཤ་ཡཱས། །ཡེ༷་ཤའི་རྩ་བ་དེ་ནི་འབྱུང་འགྱུར་ཞིང་། །ཁོང་གིས་ཨེ་ལོ་ཧིམ་ངོ་མ་ཤེས་པ་རྣམས་ལ་སྲིད་མཛད་འགྱུར། །ཨེ་ལོ་ཧིམ་ངོ་མ་ཤེས་པ་རྣམས་ཀྱིས་ཁོང་ལ་རེ་བར་བྱ། ཞེས་བྲིས་པ་བཞིན་ནོ།"

13 ༡༣་ །དམ་པའི་རུ་ཨག་གི་མཐུས་ཁྱེད་ཀྱི་རེ་བ་འཕེལ་ཕྱིར། རེ་སའི་ཨེ་ལོ་ཧིམ་གྱིས་ཁྱེད་ཀྱི་དད་པ་བྱེད་པར། དགའ་བ་དང་ཞི་བདེས་འཁེངས་པར་མཛོད་ཅིག།"

14 ༡༤་ །ངའི་སྤུན་རྣམས། ཁྱེད་སེམས་བཟང་ཞིང་རབ་ཀུན་གྱིས་གང་སྟེ། ཕན་ཚུན་བསླབ་བྱ་གཏོང་ཐུབ་པ་ལ་ང་རང་ཡིད་ཚིམས་ཀྱང་།"

15 ༡༥་ ཨེ་ལོ་ཧིམ་གྱི་ཐུགས་རྗེས་ང་ཨེ་ལོ་ཧིམ་ངོ་མ་ཤེས་པའི་ཁྲོད་དུ་མ་ཤི་ཀ་ཡེ་ཤུའི་ཞབས་ཕྱི་ཡིན་པས།"

16 ༡༦་ མདོ་དོན་ཁ་ཤས་ཆེད་དུ་སྤོབས་པ་ཆེན་པོས་བསྐུལ་ཡིག་བྲིས་པ་ཡིན། ཨེ་ལོ་ཧིམ་ངོ་མ་ཤེས་པ་རྣམས་ལ་དམ་པའི་རུ་ཨག་གིས་དམ་པར་མཛད་དེ། ཐུགས་མཉེས་པའི་འབུལ་བར་འགྱུར་ཕྱིར། ངས་ཨེ་ལོ་ཧིམ་གྱི་འཕྲིན་བཟང་འཆད་པའི་ཞབས་ཏོག་ཞུ་བས།"

17 ༡༧་ མ་ཤི་ཀ་ཡེ་ཤུའི་ནང་ན་ཨེ་ལོ་ཧིམ་གྱི་དྲུང་དུ་རློམས་སེམས་སྐྱེད་དོ།"

18 ༡༨་ །ཨེ་ལོ་ཧིམ་ངོ་མ་ཤེས་པ་འབངས་སུ་འགུག་པའི་ཕྱིར།"

19 ༡༩་ མ་ཤི་ཀས་ང་རྒྱུད་ནས། ངག་དང་ལས། ལྟས་དང་ངོ་མཚར། རུ་ཨག་གི་མཐུས་མཛད་པའི་ཕྲིན་ལས་མ་གཏོགས་པར། གཞན་པ་ཞིག་ཟེར་བར་མི་སྤོབས་སོ། །དེ་ལྟར་ཡེ༷་རུ་ཤ་ལེམ་གྱི་ཕྱོགས་བཞིར་ཨི༷ལ་ལི་རི་ཀུམ་གྱི་བར་དུ། ངས་མ་ཤིའི་འཕྲིན་བཟང་འཆད་པའི་ལས་བསྒྲུབས་སོ།"

20 ༢༠་ མདོ་ན། །རྒྱུས་མེད་རྣམས་ཀྱིས་ཁོང་མཇལ་འོང་། །མ་ཐོས་རྣམས་ཀྱིས་གོ་བར་འགྱུར། ཞེས་བྲིས་པ་བཞིན་དུ།"

21 ༢༡་ གཞན་གྱིས་རྩིག་པའི་རྩིག་རྨང་ཁར་ཁང་པ་མི་རྩིག་པའི་ཕྱིར། ངས་མ་ཤི་ཀའི་མཚན་མ་ཚོར་བའི་ཡུལ་ཀུན་ནང་འཕྲིན་བཟང་འཆད་དུ་དམིགས་པ་ཡིན།"

22 ༢༢་ །དེའི་རྐྱེན་གྱིས་ཁྱེད་ཀྱི་རྩར་འོང་བ་ལ་ལན་མང་གེགས་ཀྱང་།"

23 ༢༣་ ད་ལྟ་ཡུལ་ཁམས་འདི་ཚོ་ན་འཕྲིན་བཟང་འཆད་ས་ལུས་མེད་པ་དང་། ལོ་མང་ནས་ཁྱེད་རྩར་འོང་བར་ཡིད་གདུང་བས།"

24 ༢༤་ སྤེ༷ན་ཡུལ་དུ་འགྲོ་བའི་ཞོར་ལ་ཁྱེད་དང་འཕྲད་འོང་། ལམ་བར་ལ་ཁྱེད་དང་མཇལ་ནས་རེ་ཞིག་ཚིམས་ནས། ཁྱེད་ཀྱིས་ང་དེ་ཕྱོགས་སུ་སྐྱེལ་བའི་རེ་བ་བྱེད་དོ།"

25 ༢༥་ །སྐབས་ཅིག་ང་ཡེ༷་རུ་ཤ་ལེམ་དུ་མ་ཤི་ཀ་པ་ཚོར་རོགས་རམ་བྱེད་དུ་འགྲོའོ།"

26 ༢༦་ །དེ་ཅི་ཡིན་ཞེ་ན། མ༷་ཀེ་དོན་དང་ཨ༷་ཀ་ཡཱ་པའི་སྤུན་རྣམས་ཀྱིས། ཡེ༷་རུ་ཤ་ལེམ་གྱི་མ་ཤི་ཀ་པའི་ཁྲོད་ན་དབུལ་པོ་ཚོའི་ཕྱིར་འབུལ་སྡུད་སྦྱིན་པར་དགའོ།"

27 ༢༧་ །དེ་ཚོས་སྦྱིན་པར་དགའ་ཡང་དེ་དག་གི་བུ་ལོན་པའང་ཡིན། ཨེ་ལོ་ཧིམ་ངོ་མ་ཤེས་པ་ཚོར་ཡེ༷་རུ་ཤ་ལེམ་པ་ལས་ཐུགས་ཉིད་ཀྱི་ནོར་ཐོབ་པས། དེ་ཚོར་ཟང་ཟིང་གི་ཞབས་ཏོག་བྱེད་པར་རིགས་སོ།"

28 ༢༨་ །འབུལ་སྡུད་དེ་ཚོར་བཏད་ཅིང་། ལས་དེ་བསྒྲུབས་ནས། ཁྱེད་རྒྱུད་ནས་སྤེ༷ན་དུ་འགྲོའོ།"

29 ༢༩་ །ཁྱེད་ཀྱི་རྩར་འོང་དུས་སུ་མ་ཤི་ཀའི་བྱིན་རླབས་ཀྱིས་ཡོངས་སུ་གང་བ་དང་བཅས་འོང་བ་ངས་ཤེས་སོ།"

30 ༣༠་ །ཡ༷་ཧུ་དཱའི་དད་མེད་རྣམས་ལས་ང་སྐྱོབ་པ་དང་། ཡེ༷་རུ་ཤ་ལེམ་པའི་ཕྱིར་ངའི་ཞབས་ཏོག་ལ་མ་ཤི་ཀ་པ་རྣམས་དགའ་བའི་ཕྱིར།"

31 ༣༡་ ཁྱེད་སྤུན་ཚོས་ང་ཚོའི་ཀྱུ་རི་བོ་ཡེ་ཤུ་མ་ཤི་ཀ་དང་། དམ་པའི་རུ་ཨག་གྱི་བྱམས་བརྩེ་ལ་བརྟེན་ནས། ང་མཉམ་དུ་ཨེ་ལོ་ཧིམ་ལ་སྨོན་ལམ་འདེབས་པར་བརྩོན་ཞིག་ཅེས་ཞུ་བ་འབུལ་ལོ།"

32 ༣༢་ །དེ་ནས་ཨེ་ལོ་ཧིམ་གྱི་དགོངས་པ་བཞིན་ཁྱེད་ཀྱི་རྩར་དགའ་ཞིང་འོངས་ནས། ཁྱེད་དང་མཉམ་དུ་ངལ་གསོ་བར་འགྱུར་རོ།"

33 ༣༣་ །ཞི་བདེ་གནང་བའི་ཨེ་ལོ་ཧིམ་ཁྱེད་ཐམས་ཅད་དང་མཉམ་དུ་འགྲོགས་པར་ཤོག་ཅིག །ཨ༷་མེན།། །།"

16

1 ༡་ །ཀ༷ན་ཁེ་རེའི་མ་ཤི་ཀ་པ་ཚོགས་ཀྱི་ཞབས་ཏོག་མ་ང་ཚོའི་སྤུན་ཕ༷་བེ་ཁྱེད་ལ་བཅོལ་བས།"

2 ༢་ མ་ཤི་ཀ་པ་ལ་བྱེད་འོས་པ་བཞིན་དུ་ཀྱུ་རི་བོའི་ནང་ན་དེ་བསུས་ཤིག །དེས་སྤུན་མང་པོ་དང་ང་ལའང་རོགས་རམ་བྱས་པས། དེ་ལ་རོགས་ཅི་དགོས་བྱོས་ཤིག"

3 ༣་ །ཡེ་ཤུ་མ་ཤི་ཀའི་དོན་དུ་ངའི་ལས་གྲོགས་པྲི༷ས་ཀཱ་དང་། ཨ༷་ཀུ་ལ་གཉིས་ལ་ངའི་ཕྱོགས་ནས་ཕྱག་ཕུལ་ཞིག"

4 ༤་ །དེ་གཉིས་ཀྱིས་ངའི་སྲོག་གི་ཕྱིར་རང་གི་སྐེ་ལའང་མ་འཇིགས་ཤིང་། ང་མ་ཟད་ཨེ་ལོ་ཧིམ་ངོ་མ་ཤེས་པའི་ཡུལ་གྱི་མ་སི་ཀ་པ་ཚོགས་ཐམས་ཅད་ཀྱིས་ཀྱང་དེའི་དྲིན་དྲན་ནོ།"

5 ༥་ །དེ་དག་གི་ཁྱིམ་ལ་མཛོམ་པའི་མ་ཤི་ཀ་པ་ཚོགས་ལའང་ཕྱག་ཕུལ་ཞིག །ཨ༷་སི་ཨའི་མ་ཤི་ཀ་པ་དང་པོ་ཡིན་པའི་ངའི་གཅེས་པའི་ཨེ༷་པེ་ནེ་ཏུ་ལ་ཕྱག་ཕུལ་ཞིག"

6 ༦་ །ཁྱེད་ཀྱི་དོན་དུ་ལས་མང་པོ་བྱེད་པའི་མ༷་རི་ཡ་ལ་ཕྱག་ཕུལ་ཞིག"

7 ༧་ །ངའི་ཡུལ་པ་དང་བཙོན་གྲོགས་དང་ཨ༷་པོ་ཏོ་ལོ་པ་རྣམས་ཀྱི་ཁྲོད་དུ་མིང་ཆེ་བ་དང་ང་ལས་སྔོན་དུ་མ་ཤི་ཀ་པར་གྱུར་པའི་ཨ༷ན་དྲོ་ནི་ཀུ་དང་། ཡུ༷ན་ཡཱ་གཉིས་ལ་ཕྱག་ཕུལ་ཞིག"

8 ༨་ ཀྱུ་རི་བོའི་ནང་ན་ངའི་གཅེས་པའི་ཨ༷མ་པ་ལི་ཨ་ལ་ཕྱག་ཕུལ་ཞིག"

9 ༩་ །མ་ཤི་ཀའི་དོན་དུ་ངའི་ལས་གྲོགས་ཨུ༷ར་བཱ་ནུ་དང་། གཅེས་པའི་སྟ༷་ཁི་ལ་ཕྱག་ཕུལ་ཞིག"

10 ༡༠་ །མ་ཤི་ཀའི་ནང་ན་འགྱུར་བ་མེད་པའི་ཨ༷་པེལ་ལེ་ལ་ཕྱག་ཕུལ་ཞིག །ཨ༷་རིས་ཏོ་བུལ་གྱི་ཁྱིམ་ཚང་ལ་ཕྱག་ཕུལ་ཞིག"

11 ༡༡་ །ངའི་ཡུལ་པ་ཧེ༷་རོད་ཡོན་ལ་ཕྱག་ཕུལ་ཞིག །ན༷ར་ཀིས་ཀྱི་ཁྱིམ་ན་ཀྱུ་རི་བོར་སྟེན་པ་རྣམས་ལ་ཕྱག་ཕུལ་ཞིག"

12 ༡༢་ ཀྱུ་རི་བོའི་ཕྱིར་ལས་བྱེད་པའི་ཏྲི༷་ཕེ་ན་དང་ཏྲི༷་ཕོ་ས་ལ་ཕྱག་ཕུལ་ཞིག །ཀྱུ་རི་བོའི་ཕྱིར་ལས་མང་དུ་བྱེད་པའི་གཅེས་མ་པེ༷ར་སི་ལ་ཕྱག་ཕུལ་ཞིག"

13 ༡༣་ །ཀྱུ་རི་བོའི་ཕྱིར་འདམས་པའི་རུ༷་ཕུ་དང་། ངའི་མ་དང་འདྲ་བའི་དེའི་མ་ལ་ཕྱག་ཕུལ་ཞིག"

14 ༡༤་ །ཨ༷་སིན་ཀྲི་ཏུ་དང་། ཕེ༷་ལེ་གོན་དང་། ཧེ༷ར་མེ་དང་། པ༷་ཏྲོ་བ་དང་། ཧེ༷ར་མ་དང་། དེ་རྣམས་དང་མཉམ་ཡོད་པའི་སྤུན་རྣམས་ལ་ཕྱག་ཕུལ་ཞིག"

15 ༡༥་ །ཕི༷་ལོ་ལོ་གུ་དང་། ཡུ༷་ལི་ཡཱ་དང་། ནེ༷་རེའུ་དང་། དེའི་སྲིང་མོ་དང་། ཨོ༷་ལིམ་པ་དང་། དེ་རྣམས་དང་མཉམ་ཡོད་པའི་མ་ཤི་ཀ་པ་རྣམས་ལ་ཕྱག་ཕུལ་ཞིག"

16 ༡༦་ །ཁྱེད་ཕན་ཚུན་དམ་པའི་འོ་དང་བཅས་ཕྱག་ཕུལ་ཞིག །མ་ཤི་ཀ་པ་རྣམས་ཐམས་ཅད་ཀྱིས་ཁྱེད་ལ་ཕྱག་འབུལ་ལོ།"

17 ༡༧་ །སྤུན་རྣམས། ཁྱེད་ཀྱིས་བསློབ་པའི་བསྟན་པ་དང་མི་མཐུན་པའི་དགྱེན་པ་དང་ལོག་ལྟ་སྐྱེད་པ་རྣམས་ལས། ཟོན་བྱེད་ཅིང་འབྱོལ་ཞིག་ཅེས་ངས་ཞུའོ།"

18 ༡༨་ །དེ་ཚོས་ང་ཚོའི་ཀྱུ་རི་བོ་མ་ཤི་ཀའི་ཞབས་ཏོག་མི་བྱེད་ཀྱི། རང་གི་གྲོད་པའི་ཞབས་ཏོག་བྱེད་ཅིང་། འཇམ་ཞིང་སྙན་པའི་གཏམ་གྱིས་སྐྱོན་མེད་པ་རྣམས་ཀྱི་སྙིང་བསླུ་བར་བྱེད་དོ།"

19 ༡༩་ །ཁྱེད་ཀྱི་འབངས་བྱེད་པ་ནི་ཐམས་ཅད་ལ་ཆ་རྒྱུས་ཡོད་པས། ཁྱེད་ལ་ང་དགའོ། །ཁྱེད་བཟང་པོའི་ཕྱིར་མཁས་པ་དང་། ངན་པའི་ཕྱིར་བླུན་པོ་ཡིན་པར་ང་འདོད་དོ།"

20 ༢༠་ །ཞི་བདེ་གནང་བའི་ཨེ་ལོ་ཧིམ་གྱིས་ཁྱེད་ཀྱི་རྐང་འོག་ཏུ་ས༷་ཏན་མྱུར་དུ་རྫི་བར་འགྱུར་རོ། །ཁྱེད་ང་ཚོའི་ཀྱུ་རི་བོ་ཡེ་ཤུའི་ཐུགས་རྗེ་དང་ལྡན་པར་གྱུར་ཅིག"

21 ༢༡་ །ངའི་ལས་གྲོགས་ཏི༷་མོ་ཐེའུ་དང་། ངའི་ཡུལ་པ་ལུ༷་ཀིའུ་དང་། ཡ༷་སོན་དང་། སོ༷་སི་པ་ཏེར་གྱིས་ཁྱེད་ལ་ཕྱག་འབུལ་ལོ།"

22 ༢༢་ །ཡི་གེ་པ་ཏེ༷ར་ཏིའུ་ངས་ཀྱུ་རི་བོའི་ནང་ན་ཁྱེད་ལ་ཕྱག་འབུལ་ལོ། "

23 ༢༣་ །ང་དང་མ་ཤི་ཀ་པ་ཚོགས་ཡོངས་རྫོགས་ཀྱི་སྦྱིན་བདག་ག༷་ཡུས་ཁྱེད་ལ་ཕྱག་འབུལ་ལོ།"

24 ༢༤་ སྤུན་ཁུ༷་ཨར་ཏུ་དང་གྲོང་ཁྱེར་གྱི་གཉེར་པ་ཨེ༷་རས་ཏུ་གཉིས་ཀྱིས་ཕྱག་འབུལ་ལོ།།"

25 ༢༥་ །ངས་བཤད་པའི་འཕྲིན་བཟང་དང་། ཡེ་ཤུ་མ་ཤི་ཀའི་བཀའ་བཞིན་དུ། བསྐལ་པ་ནས་བསྐལ་པར་སྦས་པའི་གསང་བ་རྣམས།"

26 ༢༦་ ད་ལྟ་གསལ་བར་མངོན་ནས། ཐོག་མ་མེད་པའི་ཨེ་ལོ་ཧིམ་གྱི་བཀའ་བཞིན། དད་པའི་འབངས་སུ་འགུག་ཕྱིར་ལུང་བསྟན་པ་རྣམས་རྒྱུད་ནས་མི་བརྒྱུད་ཐམས་ཅད་ལ་སྟོན་པར་མཛད་ནས། ཁྱེད་དད་པའི་འབངས་སུ་མཛད་ནུས་པའི།"

27 ༢༧་ ཨེ་ལོ་ཧིམ་ཀུན་མཁྱེན་འབའ་ཞིག་ལ། ཡེ་ཤུ་མ་ཤི་ཀའི་ངང་ནས་བསྐལ་པ་ནས་བསྐལ་པར་བསྟོད་བསྔགས་པར་ཤོག་ཅིག །ཨ༷་མེན།། །།"

2

1 ༡་ །མཚང་འབྲུ་མཁན་ཁྱོད་སུ་ཡིན་རུང་། ཁྱོད་ལའང་སྐྱོན་ཡོད། ཁྱོད་རང་གིས་ལས་དེ་རང་བྱེད་པས། གཞན་ལ་མཚང་འབྲུ་བའི་བྱ་བ་དེས་རང་ལའང་ཞལ་ཆེ་གཅོད་དོ།"

2 ༢་ །དེ་བཞིན་སྤྱོད་མཁན་ཚོར་ཨེ་ལོ་ཧིམ་གྱིས་ཞལ་ཆེ་དྲང་པོར་གཅད་པ་ང་ཚོས་ཤེས་སོ།"

3 ༣་ །རང་གིས་ལས་དེ་རང་སྤྱོད་ཅིང་གཞན་ལ་མཚང་འབྲུབ་ཁྱོད། ཨེ་ལོ་ཧིམ་གྱི་ཞལ་ཆེ་ལས་ཐར་འོང་སེམས་སམ།"

4 ༤་ ཡང་ན་ཨེ་ལོ་ཧིམ་གྱི་ཐུགས་རྗེས་ཁྱོད་འགྱོད་ཚངས་ཀྱི་ཕྱོགས་སུ་འཁྲིད་པ་དེ་མི་ཤེས་པར། ཁོང་གི་ཐུགས་རྗེས་དང་། ཐུགས་བཟོད་དང་། ཐུགས་སྣ་རིང་བའི་ལོངས་སྤྱོད་ལ་བརྙས་སམ།"

5 ༥་ ཁྱོད་ཀྱི་འགྱོད་པ་མི་སྐྱེ་བའི་སྙིང་གྱོང་པོས་ཨེ་ལོ་ཧིམ་གྱི་ཞལ་ཆེ་གཅོད་པའི་ཐུགས་ཁྲོའི་ཉིན་མོའི་ཕྱིར། ཁྱེད་རང་ལ་ཐུགས་ཁྲོ་སོག་པར་བྱེད་དོ།"

6 ༦་ །ཁོང་གིས་མི་རེ་རེ་ལ་དེའི་ལས་དང་བསྟུན་པའི་འབྲས་བུ་གནང་ཞིང་།"

7 ༧་ ལས་བཟང་བསྒྲུབ་པར་ཡིད་བརྟན་ཅིང་། རྟག་པའི་དཔལ་དང་བཀུར་སྟི་འཚོལ་མཁན་ལ། མི་ཚེ་རྒྱུན་དུ་པ་གནང་བར་འགྱུར་རོ།"

8 ༨་ ཕྱོགས་རིས་བྱེད་མཁན་དང་བདེན་པར་མི་འཛིན་ཅིང་། མི་རིགས་པར་ཉན་མཁན་ལ། ཐུགས་ཁྲོ་དང་ཁྲོ་གཏུམ་འབབ་འོང་།"

9 ༩་ མི་དགེ་བ་སྤྱོད་པ་དང་པོར་ཡ༷་ཧུ་དཱ་པ་དང་དེ་ནས་ཧེ༷་ལེན་པ་ཐམས་ཅད་ལ་སྡུག་བསྔལ་དང་ཉོན་མོངས་འབབ་འོང་།"

10 ༡༠་ དགེ་བ་སྤྱོད་པ་དང་པོར་ཡ༷་ཧུ་དཱ་པ་དང་དེ་ནས་ཧེ༷་ལེན་པ་ཐམས་ཅད་ལ་དཔལ་དང་བཀུར་བསྟི་དང་ཞི་བདེ་གནང་འོང་།"

11 ༡༡་ ཨེ་ལོ་ཧིམ་ནི་ཕྱོགས་རིས་མེད་པ་ལགས་སོ།"

12 ༡༢་ །བཀའ་ཁྲིམས་མེད་པར་སྡིག་པ་བྱས་པ་ཚོ་བཀའ་ཁྲིམས་མེད་པས་སྟོང་པར་འགྱུར། བཀའ་ཁྲིམས་ཡོད་དེ་སྡིག་པ་བྱེས་པ་རྣམས་ལ་བཀའ་ཁྲིམས་ཀྱིས་ཞལ་ཆེ་གཅད་པར་འགྱུར།"

13 ༡༣་ ཨེ་ལོ་ཧིམ་གྱི་དྲུང་དུ་བཀའ་ཁྲིམས་ཐོས་པ་ཚོ་མི་ཐར། བཀའ་ཁྲིམས་སྒྲུབ་པ་ཚོ་ཐར་རོ།"

14 ༡༤་ །ཨེ་ལོ་ཧིམ་ངོ་མ་ཤེས་པ་ཚོས་རང་བཞིན་གྱིས་བཀའ་ཁྲིམས་ཀྱི་ལས་བྱེད་ཚེ། བཀའ་ཁྲིམས་ཀྱི་མེད་ཀྱང་དེ་ཚོའི་ནང་བཀའ་ཁྲིམས་འདུག་གོ"

15 ༡༥་ །དེ་ཚོའི་ཤེས་བཟང་གིས་དཔང་བྱེད་དེ། དེ་ཚོའི་བསམ་པས་སྐྱོན་ཡོད་མེད་འབྱེད་ཅིང་། བཀའ་ཁྲིམས་ནི་དེ་ཚོའི་སྙིང་ནང་བྲིས་ཡོད་པར་སྟོན་ནོ།"

16 ༡༦་ །ངས་འཆད་པའི་འཕྲིན་བཟང་ལྟར། ཨེ་ལོ་ཧིམ་གྱིས་ཡེ་ཤུ་མ་ཤི་ཀའི་ངང་ན། མིའི་གསང་བ་རྣམས་ཀྱི་ཞལ་ཆེ་གཅོད་པའི་ཉིན་མོར། དེ་དག་གསལ་བར་འགྱུར་རོ།"

17 ༡༧་ །གལ་ཏེ་ཁྱོད་ཡ༷་ཧུ་དཱ་པའི་མིང་འཁུར་ཞིང་། བཀའ་ཁྲིམས་ལ་བརྟེན་ཏེ། ཨེ་ལོ་ཧིམ་ངོམ་མཁན་ཡིན་ན།"

18 ༡༨་ ཡང་ཁོང་གི་ཐུགས་དགོངས་ཤེས་ཤིང་། བཀའ་ཁྲིམས་རྟོགས་ཏེ། བཟང་པོ་ལ་དགའ་མཁན་ཞིག་ཡིན་ན།"

19 ༡༩་ ཡང་ལོང་བའི་ལོང་འཁྲིད་དང་། མུན་པ་རྣམས་ཀྱི་འོད་དང་།"

20 ༢༠་ བླུན་པོའི་སློབ་དཔོན་དང་། བྱིས་པའི་དགེ་རྒན་དང་། བཀའ་ཁྲིམས་ནང་ཡོན་ཏན་དང་བདེན་པ་ཉིད་ཀྱི་དཔེ་བྱད་ཡོད་པ་ལ་ཁ་ཕོ་བྱེད་མཁན་ཡིན་ན།"

21 ༢༡་ གཞན་ལ་སློབ་ཀྱང་རང་ལ་མི་སློབ་བམ། གཞན་ལ་མ་རྐུ་ཞེས་སློབ་ཀྱང་རང་གིས་རྐུའོ།"

22 ༢༢་ །ལོག་པར་མ་གཡེམ་ཟེར་ཡང་རང་གིས་ལོག་པར་གཡེམ་མོ། །སྐུ་འདྲ་ལ་ཞེན་ལོག་ཀྱང་རང་གིས་ལྷ་ཁང་འཕྲོག་གོ"

23 ༢༣་ །བཀའ་ཁྲིམས་ངོམ་ཡང་བཀའ་ཁྲིམས་འཆལ་ཞིང་། ཨེ་ལོ་ཧིམ་ལ་སྨད་དོ།"

24 ༢༤་ །ཁྱོད་ཀྱི་རྐྱེན་གྱིས་ཨེ་ལོ་ཧིམ་ངོ་མ་ཤེས་པ་ཚོས་ཨེ་ལོ་ཧིམ་ལ་སྐུར་པ་འདེབས་སོ་ཞེས་བྲིས་སོ།"

25 ༢༥་ །གལ་ཏེ་ཁྱོད་ཀྱིས་བཀའ་ཁྲིམས་སྲུང་ན། ཡ༷་ཧུ་དཱ་པའི་རྟགས་ཕན་ནོ། །ཇི་སྟེ་བཀའ་ཁྲིམས་འཆལ་ན། རྟགས་ཡོད་པ་དེ་མེད་པར་གྱུར་ཏོ།"

26 ༢༦་ །རྟགས་མེད་པ་དེས་བཀའ་ཁྲིམས་སྲུང་ན། རྟགས་མེད་ཀྱང་ཡོད་པ་དང་འདྲ་བར་མི་རྩིའམ།"

27 ༢༧་ ལུས་ཁར་རྟགས་མེད་ཀྱང་བཀའ་ཁྲིམས་སྲུང་བ་དེས། བྲིས་པའི་བཀའ་ཁྲིམས་དང་རྟགས་ཡོད་མཁན་གྱི་བཀའ་ཁྲིམས་ལས་འགལ་བ་ཁྱོད་ལ་ཞལ་ཆེ་གཅོད་འོང་།"

28 ༢༨་ ཅིའི་ཕྱིར་ཞེ་ན། ཕྱིའི་ཚུལ་གྱིས་ཡ༷་ཧུ་དཱ་པར་མི་འགྱུར། ཕྱི་དང་ལུས་ཀྱི་ཚུལ་གྱིས་རྟགས་དང་ལྡན་པས་ཀྱང་མ་ཡིན།"

29 ༢༩་ ནང་ན་ཡིན་པ་དེ་ཡ༷་ཧུ་དཱ་པ་ཡིན། སྙིང་ན་ཡོད་པ་དེ་རྟགས་དང་ལྡན་པ་ཡིན་ཅིང་། ཡི་གེ་ཙམ་མ་ཡིན་པར་སེམས་ཉིད་ཀྱི་བྱ་བ་ཡིན་ནོ། །དེ་འདྲ་ལ་བསྟོད་པ་མི་ནས་མི་འབྱུང་ཡང་ཨེ་ལོ་ཧིམ་ནས་འབྱུང་ངོ་།། །།"

3

1 ༡་ །རྟགས་ཀྱི་ཕན་པ་ཅི་འདུག།"

2 ༢་ །གང་ས་ནས་ཕན་ཐོགས་ཆེ་སྟེ། ཁྱད་པར་དུ་ཨེ་ལོ་ཧིམ་གྱི་བཀའ་ཐམས་ཅད་ཡ༷་ཧུ་དཱ་པར་བཅོལ་བ་ཡིན།"

3 ༣་ ཁ་ཅིག་དམ་ཚིག་ཉམས་ན། མི་དེའི་དམ་ཚིག་ཉམས་པ་དེས་ཨེ་ལོ་ཧིམ་གྱི་དམ་ཚིག་དེ་ཉམས་པར་བྱའམ།"

4 ༤་ དེ་མི་སྲིད་བྲིས་པ་ཡོད། །ཁྱེད་ནི་ཉིད་ཀྱི་བཀའ་ལ་བརྟན། །ཁྱེད་ཀྱི་ཞལ་ཆེ་དྲང་ཞིང་རྒྱལ། ཞེས་བྲིས་པ་ལྟར། ཨེ་ལོ་ཧིམ་ནི་བདེན་པ་ལགས་ཤིང་། མི་ཐམས་ཅད་ནི་རྫུན་ཅན་ནོ།"

5 ༥་ །གལ་ཏེ་ང་ཚོའི་ངན་པ་དེས་ཨེ་ལོ་ཧིམ་གྱི་དྲང་བ་ཉིད་ལགས་པ་གསལ་པོར་སྟོན་པའི་རྒྱུར་གྱུར་ན། ང་ཚོས་གང་ཟེར། ངས་འདི་མིའི་ལུགས་སུ་ཟེར། ང་ཚོར་ཁྲོ་གཏུམ་འབེབས་པའི་ཨེ་ལོ་ཧིམ་དྲང་པོ་མ་ཡིན་ནམ།"

6 ༦་ དེ་མི་སྲིད། དེ་མིན། ཨེ་ལོ་ཧིམ་གྱིས་འཇིག་རྟེན་གྱི་ཞལ་ཆེ་ཅི་ལྟར་གཅོད་པར་འགྱུར།"

7 ༧་ གལ་ཏེ་ངའི་རྫུན་གྱིས་ཨེ་ལོ་ཧིམ་གྱི་བདེན་པ་ཉིད་སྟོན་ཞིང་ཁོང་གི་དཔལ་བརྗིད་རྒྱས་ན། ད་དུང་ཡང་ང་ལ་སྡིག་ཅན་ལྟར་ཞལ་ཆེ་ཅིའི་ཕྱིར་གཅོད།"

8 ༨་ བཟང་པོ་འབྱུང་བའི་ཕྱིར་ལས་ངན་བྱའོ་ཞེས་ང་ཚོའི་སྨྲའོ་ཟེར་ཞིང་། ལ་ལས་ང་ཚོར་གཏམ་ངན་གཏོང་བས། དེ་ཚོར་ཁྲིམས་འཕོག་འོས་སོ།།"

9 ༩་ །འོ་ན་ང་ཚོ་ཡ༷་ཧུ་དཱ་པ་གཞན་ལས་འཕགས་སམ། ཇི་ནས་ཀྱང་མ་འཕགས། ང་ཚོས་ཡ༷་ཧུ་དཱ་པ་དང་ཧེ༷་ལེན་པ་ཐམས་ཅད་སྡིག་པའི་འོག་ན་ཡོད་པ་བསྟན་ནོ།"

10 ༡༠་ །བྲིས་པ་ཡོད། དྲང་པོ་གཅིག་ཀྱང་ཡོད་མ་ཡིན།"

11 ༡༡་ །གོ་བ་ཡོད་པའང་ཡོད་མ་ཡིན། །ཨེ་ལོ་ཧིམ་འཚོལ་བའང་ཡོད་མ་ཡིན།"

12 ༡༢་ །ཐམས་ཅད་ལམ་ལྟོར་དོན་མེད་སོང་། །ལས་བཟང་བྱེད་མཁན་གཅིག་ཀྱང་མེད།"

13 ༡༣་ །ཨོག་མ་དུར་ཁུང་ཁ་གདངས་ཡིན། །ལྕེ་ལས་གཡོ་སྒྱུ་ཐོ་རོ་རོ། །ཁ་ལྤགས་འོག་ན་སྦྲུལ་དུག་འདུག"

14 ༡༤་ །ཁ་ནི་སྨོན་ལོག་ཚིག་ངན་གང་།"

15 ༡༥་ །མི་སྲོག་གཅོད་དུ་རྐང་པ་མགྱོགས།"

16 ༡༦་ །ལམ་ནང་འཕུང་དང་བར་ཆད་གདའ།"

17 ༡༧་ །མཐུན་པའི་ལམ་ཡང་མི་ཤེས་སོ།"

18 ༡༨་ །སྙིང་ནང་ཨེ་ལོ་ཧིམ་འཇིགས་པ་མེད། ཅེས་བྲིས་ཡོད་དོ།"

19 ༡༩་ །བཀའ་ཁྲིམས་ནང་གསུང་བ་ཐམས་ཅད། བཀའ་ཁྲིམས་ཀྱི་འོག་ཏུ་ཡོད་པ་རྣམས་ལ་གསུང་བ་ང་ཚོས་ཤེས། དེ་ནི་འཇིག་རྟེན་ཧྲིལ་པོ་ཨེ་ལོ་ཧིམ་གྱི་བཀའ་ཆད་ཀྱི་འོག་ཏུ་ཡིན་ཅིང་། ཁ་ཐམས་ཅད་འགེགས་པའི་ཕྱིར་རོ།"

20 ༢༠་ །བཀའ་ཁྲིམས་ཀྱི་ལས་ཀྱི་སྒོ་ནས། སུའང་ཁོང་གི་སྦྱན་སྔར་ཐར་བར་མི་འགྱུར་ཞིང་། བཀའ་ཁྲིམས་ལས་སྡིག་པའི་ངོ་འཕྲོད་དོ།།"

21 ༢༡་ །ད་ལྟ་བཀའ་ཁྲིམས་དང་ཕ༷་རོ་པེ་ཏེ་པ་ཚོའི་བྲིས་པས་དཔང་པོ་བྱེད་པའི་བཀའ་ཁྲིམས་ལས་སོ་སོར་ཨེ་ལོ་ཧིམ་གྱི་ཐུགས་རྗེའི་ཞལ་ཆེ་དེ་མངོན་ནོ།"

22 ༢༢་ །ཐུགས་རྗེའི་ཞལ་ཆེ་དེ་ནི། ཡེ་ཤུ་མ་ཤི་ཀ་ལ་དད་པའི་སྒོ་ནས། དད་པ་བྱེད་ཚད་ལ་ཁྱད་མེད་པར་བརྙེད་དོ།"

23 ༢༣་ །མི་ཐམས་ཅད་ཀྱིས་སྡིག་པ་བྱས་ནས། ཨེ་ལོ་ཧིམ་གྱི་དཔལ་དང་བྲལ་ཡང་།"

24 ༢༤་ ཡེ་ཤུ་མ་ཤི་ཀས་ཐར་པ་གནང་བའི་ཐབས་ཀྱིས། ཐར་པ་ནི་ཨེ་ལོ་ཧིམ་གྱི་ཐུགས་རྗེས་གནང་རས་སུ་ཐོབ་བོ།"

25 ༢༥་ །དད་པ་བྱེད་པ་རྣམས་ལ་ཨེ་ལོ་ཧིམ་གྱིས། ཡེ་ཤུའི་སྐུ་མཚལ་གྱི་ཐབས་ཀྱིས། ཁོང་སྡིག་སེལ་དུ་གནང་ངོ་། །ཨེ་ལོ་ཧིམ་གྱིས་ཉིད་ཀྱི་ཐུགས་བཟོད་ཀྱི་ངང་ནས། ང་ཚོས་སྔར་བྱས་པའི་སྡིག་པར་མ་གཟིགས་པས། ཉིད་དྲང་པོར་ལགས་པར་སྟོན་ནོ།"

26 ༢༦་ །ཡེ་ཤུ་ལ་དད་མཁན་ཚོ་ཐར་བར་འཇུག་ཅིང་། ད་ལྟའང་ཉིད་དྲང་པོ་ལགས་པར་སྟོན་ནོ།"

27 ༢༧་ །ད་ངོམ་རྒྱུ་ག་རེ་ཡོད། དེ་ནི་མེད་པར་སོང་། རྐྱེན་གང་གིས་མེད་པར་སོང་། ལས་ཀྱི་རྐྱེན་གྱིས་བྱས་སམ། དེ་མིན། དད་པའི་རྐྱེན་གྱིས་སོ།"

28 ༢༨་ །བཀའ་ཁྲིམས་ལྟར་གྱི་ལས་ཀྱིས་མ་ཡིན་པར། དད་པའི་རྐྱེན་གྱིས་ཐར་བར་འཛིན་ནོ།"

29 ༢༩་ །ཨེ་ལོ་ཧིམ་ནི་ཡ༷་ཧུ་དཱ་པ་འབའ་ཞིག་གི་ཡིན་ནམ། ཨེ་ལོ་ཧིམ་ངོ་མ་ཤེས་པའི་ཡང་མ་ཡིན་ནམ། ཨེ་ལོ་ཧིམ་ངོ་མ་ཤེས་པའི་ཡང་ཡིན་ནོ།"

30 ༣༠་ །དེ་ལྟར་ཡ༷་ཧུ་དཱ་པ་དད་པའི་རྐྱེན་གྱིས་ཐར་བར་མཛད་ཅིང་། ཨེ་ལོ་ཧིམ་ངོ་མ་ཤེས་པའང་དད་པའི་རྐྱེན་གྱིས་ཐར་བར་མཛད་པའི་ཨེ་ལོ་ཧིམ་གཅིག་གོ"

31 ༣༡་ །དེ་ནས་དད་པ་འདིས་བཀའ་ཁྲིམས་སྟོངས་པར་བྱེད་དམ། དེ་མི་སྲིད། བཀའ་ཁྲིམས་བརྟན་པར་བྱེད་དོ།། །།
"

4

1 ༡་ །ང་ཚོའི་མེས་པོ་ཨ༷བ་ར་ཧམ་གྱི་སྐོར་ལ་ཅི་སྨྲ།"

2 ༢་ ཨ༷བ་ར་ཧམ་ལས་ཀྱི་སྒོ་ནས་རྣམ་དག་ཏུ་གྱུར་པ་ཡིན་ན་ངོམ་རྒྱུ་ཡོད། འོན་ཀྱང་ཨེ་ལོ་ཧིམ་གྱི་དྲུང་དུ་དེ་ལྟར་མིན།"

3 ༣་ བྲིས་པ་ཅི་གསུང་། ཨ༷བ་ར་ཧམ་གྱིས་ཨེ་ལོ་ཧིམ་ལ་དད་པ་བྱས་པས། དེ་ནི་ཁོའི་ཕྱིར་ཐར་བའི་རྒྱུར་བརྩིས་སོ་གསུངས་སོ།"

4 ༤་ །ལས་བྱེད་པའི་མིའི་གླ་ནི་གསོལ་རས་སུ་མི་རྩི་ཡི། ཐོབ་འོས་སུ་རྩིའོ།"

5 ༥་ །ལས་མི་བྱེད་ཀྱང་། ཆོས་ལ་མི་སྟེན་མཁན་ཐར་འཇུག་མཁན་དེ་ལ་དད་པ་བྱེད་ན། དད་པ་དེ་ཁོའི་ཐར་པའི་རྒྱུར་རྩིའོ།"

6 ༦་ །དེ་ལྟར་ལས་ལ་མ་སྟེན་པར་ཨེ་ལོ་ཧིམ་གྱིས་ཐར་བར་བརྩིས་པའི་མི་ལ་བཀྲ་ཤིས་རྗོད་ཅིང་ད༷་བིད་ཀྱིས་འདི་སྐད་གསུངས་སོ།།"

7 ༧་ ་སུ་ཡི་ཉེས་པ་བསལ་མཛད་དེ། །ཉེས་སྡིག་སེལ་བའི་མི་རྣམས་བདེའོ།"

8 ༨་ །སུ་ཡི་སྡིག་པ་ཀྱུ་རི་བོ་ཡིས། །རྩི་བར་མི་འགྱུར་མི་རྣམས་བདེའོ།།"

9 ༩་ ཤིས་རྗོད་འདི་ཡ༷་ཧུ་དཱ་པའི་རྟགས་ལྡན་པ་ལ་ཡིན་ནམ། ཡང་ན་མི་ལྡན་པ་ལ་ཡིན། ཨ༷བ་ར་ཧམ་གྱི་དད་པ་ནི་ཐར་པའི་རྒྱུར་བརྩིས་སོ་ཟེར་བས།"

10 ༡༠་ རྟགས་དང་ལྡན་དུས་སུ་བརྩིས་སམ། མི་ལྡན་པའི་དུས་སུ་བརྩིས། ལྡན་པའི་དུས་སུ་མིན་ཏེ། མི་ལྡན་པའི་དུས་སུ་བརྩིས་སོ།"

11 ༡༡་ །ཁོ་རྟགས་དང་མི་ལྡན་པའི་དུས་སུ། དད་པའི་སྒོ་ནས་ཐར་པ་བརྙེས་པའི་ཕྱག་རྒྱ་རུ་རྟགས་དེ་ཐོབ་པས། རྟགས་དང་མི་ལྡན་ཡང་དད་པ་བྱེད་པ་ཚོར་ཐར་པ་ཐོབ་པའི་ཕྱིར་། ཁོ་ནི་དེ་ཚོའི་མེས་པོར་གྱུར་པ་མ་ཟད།"

12 ༡༢་ རྟགས་དང་ལྡན་པ་ཚོའི་མེས་པོ་ལའང་གྱུར་རོ། །དེ་ནི་དེ་ཚོ་རྟགས་འབའ་ཞིག་དང་ལྡན་པས་མ་ཡིན་པར། ཨ༷བ་ར་ཧམ་ལ་རྟགས་དང་མི་ལྡན་པའི་དུས་སུ་བརྙེས་པའི་དད་པ་ལ་འབྲངས་པས་སོ།"

13 ༡༣་ ཨ༷བ་ར་ཧམ་དང་དེའི་བུ་བརྒྱུད་ལ། ས་གཞིའི་བདག་པོར་འགྱུར་བའི་ཞལ་ཆད་དེ་ནི། བཀའ་ཁྲིམས་ཀྱི་ཐབས་ཀྱིས་བརྙེས་ཀྱིས། དད་པ་བྱེད་པ་ལ་ཐུགས་རྗེའི་ཞལ་ཆེའི་ཐབས་ཀྱིས་མ་བརྙེས་པ་ཡིན།"

14 ༡༤་ བཀའ་ཁྲིམས་ལ་བརྟེན་པ་བདག་པོར་འགྱུར་ན། དད་པ་ནི་ཕན་མེད་དང་ཞལ་ཆེ་ནི་དོན་མེད་དོ།"

15 ༡༥་ །བཀའ་ཁྲིམས་ཀྱིས་ཐུགས་ཁྲོ་སྐྱེད། བཀའ་ཁྲིམས་མེད་ན་འགལ་བའང་མེད་དོ།"

16 ༡༦་ །བཀའ་ཁྲིམས་ལ་བརྟེན་མཁན་མ་ཟད། དད་པ་རྒྱུད་ནས་ཨ༷བ་ར་ཧམ་གྱི་བུ་བརྒྱུད་ཡིན་པ་ཐམས་ཅད་ལའང་ཞལ་ཆད་བརྟན་པ། ཐུགས་རྗེ་ལ་རག་ལས་པའི་ཕྱིར། བྱ་བ་ཐམས་ཅད་དད་པ་ལ་རག་ལས་སོ།"

17 ༡༧་ །ངས་ཁྱོད་མི་བརྒྱུད་མང་པོའི་ཕ་བྱས་སོ་ཞེས་བྲིས་ཡོད་པ་བཞིན། ཁོང་ང་ཚོ་ཐམས་ཅད་ཀྱི་མེས་པོར་གྱུར། གཤིན་པོ་གསོན་པོར་མཛད་མཁན་དང་། མེད་པ་ཡོད་པར་མཛད་པའི་ཨེ་ལོ་ཧིམ་གྱི་དྲུང་དུ་དད་པ་བྱས་པས།"

18 ༡༨་ ཁྱོད་ཀྱི་བུ་བརྒྱུད་དེ་ལྟར་ཡོང་བར་འགྱུར་རོ་ཞེས་པའི་གསུང་བཞིན་དུ། མི་བརྒྱུད་མང་པོའི་མེས་པོར་འགྱུར་ཕྱིར། རེ་བའི་རྒྱུ་མེད་བཞིན་དུ་དད་པའི་རྐྱེན་གྱིས་རེ་བ་བྱས་སོ།"

19 ༡༩་ །ཁོང་ལོ་བརྒྱ་ཙམ་ལོན་ཏེ་ལུས་རོ་དང་འདྲ་བ་དང་། མ་ས༷་རའི་རབས་ཆད་མ་ལ་བལྟས་ཀྱང་དད་པ་མ་ཉམས་ཤིང་།"

20 ༢༠་ ཨེ་ལོ་ཧིམ་གྱི་ཞལ་ཆད་ལ་ཐེ་ཚོམ་མ་བྱས་པ་མ་ཟད། དད་པ་འཕེལ་ཏེ་ཨེ་ལོ་ཧིམ་ལ་བསྟོད་བསྔགས་སོ།"

21 ༢༡་ །ཨེ་ལོ་ཧིམ་གྱིས་ཞལ་གྱིས་ཇི་བཞེས་པ་མཛད་ནུས་པར་ཡིད་ཡོངས་སུ་ཆེས་པས།"

22 ༢༢་ ཁོའི་ཕྱིར་ཐར་པའི་རྒྱུར་བརྩིས་སོ།"

23 ༢༣་ །བརྩིས་སོ་ཞེས་པའི་གསུང་དེ་ཁོ་གཅིག་པོ་མ་ཟད།"

24 ༢༤་ ཀྱུ་རི་བོ་ཡེ་ཤུ་སྐུ་གསོན་པོར་བསླངས་པ་ཁོང་ལ་དད་པ་བྱེད་མཁན་ང་ཚོའི་ཕྱིར་དུའང་བྲིས་པ་ཡིན།"

25 ༢༥་ ང་ཚོའི་སྡིག་པའི་ཕྱིར་ཁོང་འཆི་བར་བཏད། ང་ཚོ་ཐར་འཇུག་པའི་ཕྱིར་ཁོང་སྐུ་གསོན་པོར་བསླངས་པ་ཡིན་ནོ།། །།"

5

1 ༡་ །དེ་ལྟར་ང་ཚོ་དད་པའི་སྒོ་ནས་ཐར་ཞིང་། ང་ཚོའི་ཀྱུ་རི་བོ་ཡེ་ཤུ་མ་ཤི་ཀའི་ངང་ནས། ང་ཚོ་ཨེ་ལོ་ཧིམ་དང་བསྡུམས་པ་ཡིན།"

2 ༢་ ཡེ་ཤུའི་སྒོ་ནས་ད་ལྟའི་ཐུགས་རྗེའི་གནས་ལུགས་སུ་ང་ཚོ་བསླེབས་ཏེ། ཨེ་ལོ་ཧིམ་གྱི་དཔལ་བརྗིད་ལ་ལོངས་སྤྱོད་པར་རེ་ཞིང་དགའ་མགུ་རང་ངོ་།"

3 ༣་ །དེས་མ་ཟད་སྡུག་བསྔལ་ལས་བཟོད་སེམས་དང་། བཟོད་སེམས་ལས་ཉམས་ལེན་དང་།"

4 ༤་ ཉམས་ལེན་ལས་རེ་བ་འབྱུང་བ་ཤེས་པས། སྡུག་བསྔལ་གྱི་ནང་དུའང་ང་ཚོ་དགའ་མགུ་རང་ངོ་།"

5 ༥་ ང་ཚོར་གནང་ཡོད་པའི་དམ་པའི་རུ་ཨག་གིས། ང་ཚོའི་སྙིང་ནང་ཨེ་ལོ་ཧིམ་གྱི་བྱམས་པ་བླུགས་པས། བློ་ཕམ་མེད་པར་རེ་བ་བྱེད་དོ།།"

6 ༦་ །ང་ཚོ་བྱ་ཐབས་ཟད་པའི་ཚེ། དུས་ཁར་མ་ཤི་ཀ་ནི་ཆོས་ལ་མི་བསྟེན་མཁན་ཚོའི་དོན་དུ་གྲོངས།"

7 ༧་ མི་བཟང་པོ་ཞིག་གི་ཕྱིར་སྲོག་གཏོང་སྲིད་ནའང་། དྲང་པོ་ཞིག་གི་དོན་དུ་སྲོག་གཏོང་བ་དཀའ།"

8 ༨་ ང་ཚོ་སྡིག་ཅན་ཡིན་ཙ་ན། མ་ཤི་ཀས་ང་ཚོའི་དོན་དུ་སྐུ་སྲོག་གནང་ནས། ཨེ་ལོ་ཧིམ་གྱི་ཉིད་ཀྱི་བྱམས་པ་ང་ཚོར་བསྟན་པར་མཛད་དོ།"

9 ༩་ །ཁོང་གི་སྐུ་ཁྲག་གིས་རྣམ་དག་མཛད་པས། ཁོང་གིས་ཨེ་ལོ་ཧིམ་གྱི་ཐུགས་ཁྲོ་ལས་ཅི་ནས་ཀྱང་ཐར་བར་མཛད་པར་འགྱུར་རོ།"

10 ༡༠་ །ང་ཚོ་དགྲ་བོ་ཡིན་ཙ་ན། ཨེ་ལོ་ཧིམ་གྱི་སྲས་ཀྱི་སྐུ་སྲོག་གནང་བའི་སྒོ་ནས། ཨེ་ལོ་ཧིམ་དང་བསྡུམས་པ་ཡིན་ན། བསྡུམས་པའི་དབང་གིས་ཁོང་གི་གསོན་པ་ཉིད་ཀྱི་སྒོ་ནས་ང་ཚོ་ལོས་ཀྱང་ཐར་བར་མཛད་པར་འགྱུར།"

11 ༡༡་ དེ་མ་ཟད་ང་ཚོའི་ཀྱུ་རི་བོ་ཡེ་ཤུ་མ་ཤི་ཀས། ད་ང་ཚོ་ཨེ་ལོ་ཧིམ་དང་བསྡུམས་པས། ང་ཚོས་ཨེ་ལོ་ཧིམ་ལ་ཡི་རང་ངོ་།།"

12 ༡༢་ །མི་གཅིག་གི་རྐྱེན་གྱིས་འཇིག་རྟེན་ནང་སྡིག་པ་བྱུང་། སྡིག་པའི་རྐྱེན་གྱིས་འཆི་བའམ་བྱུང་བས། དེ་ལྟར་མི་ཐམས་ཅད་ཀྱིས་སྡིག་པ་བྱས་པས། ཐམས་ཅད་ནང་འཆི་བའང་དར་རོ།"

13 ༡༣་ །བཀའ་ཁྲིམས་མ་གནང་བའི་བར་དུ་བཀའ་ཁྲིམས་མེད་པས། འཇིག་རྟེན་ན་སྡིག་པ་ཡོད་ཀྱང་སྡིག་པར་མ་བརྩིས་སོ།"

14 ༡༤་ །འོན་ཀྱང་ཨ༷་དམ་ནས་མོ༷་ཤེ་ཐུག་ཨ༷་དམ་གྱིས་སྡིག་པ་བྱས་པ་ཙམ་སྡིག་པ་མ་བྱས་པ་རྣམས་ལའང་འཆི་བས་དབང་ངོ་། །ཨ༷་དམ་ནི་འབྱོན་པར་འབྱུར་བ་དེའི་དཔེ་ཡིན་ཞིང་།"

15 ༡༥་ ཐུགས་རྗེའི་གནང་སྦྱིན་ནི་སྡིག་པ་དང་མི་འདྲ་སྟེ། མི་གཅིག་གི་སྡིག་པའི་རྐྱེན་གྱིས་མང་པོ་ཤི་ཞིང་། ཡེ་ཤུ་མ་ཤི་ཀ་མི་གཅིག་གི་ཐུགས་རྗེའི་རྐྱེན་གྱིས། ཨེ་ལོ་ཧིམ་གྱི་ཐུགས་རྗེ་དང་གསོལ་རས་མི་མང་པོ་ལ་ལྷུག་པར་འབྱུང་ངོ་།"

16 ༡༦་ །མི་གཅིག་པོ་དེའི་སྡིག་པའི་འབྲས་བུ་དང་གནང་སྦྱིན་མི་འདྲ་སྟེ། བཀའ་ཁྲིམས་ཀྱི་སྒོ་ནས་གཅིག་གི་རྐྱེན་གྱིས་ཆད་པ་ཕོག གནང་སྦྱིན་གྱི་སྒོ་ནས་སྡིག་པ་མང་པོར་ཐར་པ་བྱུང་།"

17 ༡༧་ གཅིག་གི་སྡིག་པའི་རྐྱེན་གྱིས་འཆི་བས་དབང་ན། ཡེ་ཤུ་མ་ཤི་ཀ་གཅིག་པུའི་རྐྱེན་གྱིས་ཐུགས་རྗེ་དང་ཐར་པའི་གནང་སྦྱིན་ལྷག་པར་ཐོབ་པ་རྣམས་ཀྱིས་མི་ཚེ་རྒྱུན་དུ་པར་ལྷག་པར་དབང་བར་འགྱུར་རོ།"

18 ༡༨་ །སྡིག་པ་གཅིག་གི་རྐྱེན་གྱིས་ཐམས་ཅད་ལ་ཆད་པ་ཕོག་པ་ལྟར། ཐར་དུ་འཇུག་པ་གཅིག་གི་རྐྱེན་གྱིས་ཐམས་ཅད་ཐར་ཞིང་ཚེ་རྒྱུན་དུ་པ་ཐོབ།"

19 ༡༩་ གཅིག་གི་བཀའ་ལ་མ་ཉན་པས། ཐམས་ཅད་སྡིག་ཅན་གྱུར་པ་ལྟར། གཅིག་གིས་བཀའ་ལ་ཉན་པས། ཐམས་ཅད་ཐར་བར་འགྱུར་རོ།"

20 ༢༠་ །བཀའ་ཁྲིམས་བར་མཚམས་སུ་བྱུང་ནས་སྡིག་པ་འཕེལ། འོན་ཀྱང་སྡིག་པ་འཕེལ་སར་ཐུགས་རྗེ་ལྷག་པར་འཕེལ་བས།"

21 ༢༡་ སྡིག་པས་འཆི་བའི་སྒོ་ནས་དབང་བ་ལྟར། ཐུགས་རྗེས་ང་ཚོའི་ཀྱུ་རི་བོ་ཡེ་ཤུ་མ་ཤི་ཀའི་སྒོ་ནས། མི་ཚེ་རྒྱུན་དུ་པ་གནང་ཕྱིར། ཐར་པའི་སྒོ་ནས་དབང་བར་འགྱུར་རོ།། །།"

6

1 ༡་ །ད་ཅི་སྨྲ། ཐུགས་རྗེ་རྒྱས་པར་ཐོབ་ཕྱིར་སྡིག་པ་ངེས་པར་གསོག་དགོས་སམ།"

2 ༢་ །དེ་ལྟར་མ་ཡིན། ང་ཚོ་སྡིག་པ་ལ་བརྟེན་ནས་ཤི་ཟིན་ན། ད་དེའི་ནང་ཅི་ལྟར་འཚོ་སྲིད།"

3 ༣་ །ང་ཚོ་ཡེ་ཤུ་མ་ཤི་ཀ་དང་གཅིག་ཏུ་གྱུར་བའི་བ༷བ་ཐི་སོ་ལེན་ཚད་ཀྱིས། ཁོང་གྲོངས་པའི་ངང་ལ་ལེན་པར་མི་ཤེས་སམ།"

4 ༤་ བ༷བ་ཐི་སོ་དེའི་སྒོ་ནས་ང་ཚོ་ཁོང་དང་མཉམ་དུ་ཤི་ནས་དུར་དུ་བཅུག་པ་ཡིན་པས། མ་ཤི་ཀ་ནི་ཡབ་ཀྱི་མཐུས་གཤིན་པོའི་ནང་ནས་སྐུ་གསོན་པོར་བསླངས་པ་ལྟར། ང་ཚོས་མི་ཚེ་གསར་པ་བསྐྱང་དགོས།"

5 ༥་ ཁོང་གྲོངས་པ་དང་མཚུངས་པར་ང་ཚོ་ཤི་ནས་ཁོང་དང་གཅིག་གྱུར་ན། སྐུ་གསོན་པོར་བཞེངས་པ་ལའང་གཅིག་གྱུར་འོང་།"

6 ༦་ ཤི་བ་དེ་སྡིག་པ་ལས་ཐར་བ་ཡིན་པས། ད་ཕྱིན་ཆད་སྡིག་པའི་གཡོག་མི་བྱེད་པ་དང་།"

7 ༧་ སྡིག་ཅན་གྱི་ལུས་འདི་མེད་པར་བྱེད་དུ། ང་ཚོའི་གང་ཟག་རྙིང་པ་ཁོང་མཉམ་བརྐྱངས་པ་ཡིན་པ་ཤེས་སོ།"

8 ༨་ །ང་ཚོ་མ་ཤི་ཀ་དང་མཉམ་དུ་ཤི་བ་ཡིན་ན། ཁོང་མཉམ་འཚོ་བ་ལའང་ཡིད་ཆེས་སོ།"

9 ༩་ །མ་ཤི་ཀ་གཤིན་པོའི་ནང་ནས་སྐུ་གསོན་པོར་བཞེངས་ནས་འཆི་བའི་དབང་དུ་མེད་པས་སླར་མི་འགྲོང་ངོ་།"

10 ༡༠་ །ཁོང་སྡིག་པའི་ཕྱིར་ལན་གཅིག་གྲོངས་ཀྱང་། ཨེ་ལོ་ཧིམ་གྱི་ཕྱིར་གསོན་པོར་བཞུགས་པ་ང་ཚོས་ཤེས་སོ།"

11 ༡༡་ །དེ་བཞིན་དུ་ཁྱེད་ཀྱང་མ་ཤི་ཀ་ཡེ་ཤུའི་ངང་ནས་སྡིག་པ་ལ་ལྟ་སྟེ་ཤི་མཁན་དང་། ཨེ་ལོ་ཧིམ་ལ་ལྟ་སྟེ་གསོན་པ་ཡིན་པར་རྩིས་ཤིག"

12 ༡༢་ །འདོད་པའི་དབང་དུ་མི་འགྲོ་བའི་ཕྱིར། སྡིག་པས་ཁྱེད་ཀྱི་ཟག་ཕུང་ལ་སྲིད་དབང་བྱེད་དུ་མ་འཇུག"

13 ༡༣་ རང་གི་ཡན་ལག་ཀྱང་སྡིག་པར་སྤྱོད་པའི་ལོག་པའི་ལག་ཆར་མ་གཏོད་པར་ཤི་ནས་གསོན་པོ་ཡིན་པའི་ཚུལ་དུ། རང་ཉིད་ཨེ་ལོ་ཧིམ་ལ་ཕུལ་ཏེ། ཡན་ལག་ཀྱང་དྲང་བ་ཉིད་ཀྱི་ལག་ཆར་འགྱུར་ཕྱིར་ཨེ་ལོ་ཧིམ་ལ་ཕུལ་ཅིག"

14 ༡༤་ །ཅིའི་ཕྱིར་ཞེ་ན། ཁྱེད་བཀའ་ཁྲིམས་ཀྱི་འོག་ན་མེད་པར་ཐུགས་རྗེའི་འོག་ཏུ་ཡོད་པས། ཁྱེད་ལ་སྡིག་པས་སྲིད་བྱེད་པར་མི་འགྱུར་རོ།།"

15 ༡༥་ །འོ་ན་ང་ཚོ་བཀའ་ཁྲིམས་ཀྱི་འོག་ན་མེད་པར་ཐུགས་རྗེའི་འོག་ཏུ་ཡོད་པས་སྡིག་པ་བྱའམ། དེ་མ་ཡིན་ནོ།"

16 ༡༦་ གང་ལ་གཡོག་བྱེད་དུ་རང་གཏད་ན། དེའི་གཡོག་པོ་ཡིན་པ་མི་ཤེས་སམ། སྡིག་པའི་གཡོག་གིས་འཆི་བ་དང་། ཨེ་ལོ་ཧིམ་གྱི་གཡོག་གིས་ཐར་པ་འབྱུང་།"

17 ༡༧་ སྔར་སྡིག་པའི་གཡོག་པོ་ཡིན་ཀྱང་། ཁྱེད་ལ་གཏད་པའི་བསྟན་པ་ལ་སྙིང་ནས་ཉན་ཞིང་།"

18 ༡༨་ ཁྱེད་སྡིག་པའི་དབང་ལས་བསྒྲལ་ཏེ། རྣམ་པར་དག་པའི་གཡོག་པོར་གྱུར་བས། ཨེ་ལོ་ཧིམ་ལ་བསྟོད་བསྔགས་འབུལ་ལོ།"

19 ༡༩་ །ཁྱེད་ཤེས་སྟོབས་དམན་པས་ངས་མིའི་ལུགས་སུ་སྨྲའོ། །སྔར་ཉེས་པ་བྱེད་ཕྱིར་ཁྱེད་ཀྱི་ཡན་ལག་རྣམས་མི་གཙང་བ་དང་མི་རིགས་པར་བཏད་པ་ལྟར། ད་དམ་པར་འགྱུར་ཕྱིར་ཡན་ལག་རྣམས་རྣམ་པར་དག་པའི་གཡོག་བྱེད་དུ་ཕུལ་ཅིག"

20 ༢༠་ །ཁྱེད་སྡིག་པའི་གཡོག་བྱེད་དུས་སུ་རྣམ་པར་དག་པ་ལས་བྲལ་ཡོད་པ་ཡིན།"

21 ༢༡་ དེའི་དུས་སུ་འབྲས་བུ་ཅི་ཐོབ། དེའི་མཐའ་མ་འཆི་བ་ཡིན་པས། ད་ལྟ་དེ་ལ་ངོ་ཚའོ།"

22 ༢༢་ །ད་ལྟ་སྡིག་པའི་དབང་ལས་བསྒྲལ་ནས། ཨེ་ལོ་ཧིམ་གྱི་གཡོག་པོ་ཡིན་ཏེ། དམ་པར་འགྱུར་བའི་འབྲས་བུ་ཐོབ། དེའི་མཐའ་མ་མི་ཚེ་རྒྱུན་དུ་པའོ།"

23 ༢༣་ །སྡིག་པའི་འབྲས་བུ་ནི་འཆི་བ་ཡིན། ཨེ་ལོ་ཧིམ་གྱི་གནང་སྦྱིན་ནི་ང་ཚོའི་ཀྱུ་རི་བོ་ཡེ་ཤུ་མ་ཤི་ཀའི་ནང་ཡོད་པའི་མི་ཚེ་རྒྱུན་དུ་པའོ།། །།"

7

1 ༡་ །ངས་བཀའ་ཁྲིམས་ཤེས་པའི་སྤུན་ཁྱེད་ཚོར་སྨྲའོ། །མི་ཞིག་གསོན་རིང་བཀའ་ཁྲིམས་ཀྱིས་འཆིང་བ་མི་ཤེས་སམ།"

2 ༢་ ཁྱོ་ཡོད་པའི་བུད་མེད་ནི་ཁྱོ་གསོན་རིང་དུ་ཁྲིམས་ཀྱིས་དེ་ལ་འཆིང་ཡང་། ཁྱོ་ཤི་ན་བུད་མེད་དེ་ཁྲིམས་དེ་ལས་ཐར་རོ།"

3 ༣་ །ཁྱོ་གསོན་རིང་སྐྱེས་པ་གཞན་དང་འགྲོགས་ན་གཡེམ་མོ་ཟེར། ཁྱོ་ཤི་ན་ཁྲིམས་ལས་ཐར་བས། སྐྱེས་པ་གཞན་དང་འགྲོགས་ན་གཡེམ་མོར་མི་རྩིའོ།"

4 ༤་ །དེ་ལྟར་ངའི་སྤུན་ཚོ། མ་ཤི་ཀའི་སྐུ་ལུས་ཀྱི་ཐབས་ཀྱིས་ཁྱེད་ཀྱང་བཀའ་ཁྲིམས་ལ་བརྟེན་ནས་ཤི་བ་ནི། ཨེ་ལོ་ཧིམ་གྱི་ཕྱིར་འབྲས་བུ་སྐྱེད་ཕྱིར། གཤིན་པོའི་ཁྲོད་ལས་སྐུ་གསོན་པོར་བཞེངས་པའི་ཡེ་ཤུ་དང་འགྲོགས་ཕྱིར་རོ།"

5 ༥་ །ང་ཚོ་འཇིག་རྟེན་པ་ལྟར་ཡིན་ཙ་ན། བཀའ་ཁྲིམས་ཀྱི་རྐྱེན་གྱིས་བྱུང་བའི་འདོད་པས་འཆི་བའི་འབྲས་བུ་སྐྱེད་པའི་ཕྱིར་ང་ཚོའི་ཡན་ལག་ཚོ་བསྐུལ་ཏོ།"

6 ༦་ །ལུགས་རྙིང་པ་ལྟར་བཀའ་ཁྲིམས་ཀྱི་ཡི་གེའི་འབངས་ལྟར་མི་བྱེད་པར། དམ་པའི་རུ་ཨག་གི་ལུགས་གསར་པ་ལྟར་འབངས་བྱེད་པའི་ཕྱིར། ང་ཚོ་འཆིང་བ་དེ་ལ་ལྟ་སྟེ་ཤི་ནས་ད་ལྟ་བཀའ་ཁྲིམས་ལས་ཐར་ཏོ།།"

7 ༧་ །ད་ཅི་སྨྲ། བཀའ་ཁྲིམས་སྡིག་པ་ཡིན་ནམ། དེ་མ་ཡིན་ནོ། །བཀའ་ཁྲིམས་མེད་པ་ཡིན་ན། ངས་སྡིག་པ་མ་ཤེས་པ་ཡིན། བཀའ་ཁྲིམས་ཀྱིས་མ་སྲེད་ཅིག་མ་བསྒོ་བ་ཡིན་ན། ངས་ཆགས་སྲེད་གང་ཡིན་པ་མ་ཤེས་པ་ཡིན།"

8 ༨་ བཀའི་ཐབས་ཀྱིས་སྡིག་པས་ངའི་ནང་དུ་ཆགས་སྲེད་སྣ་ཚོགས་བསྐྱེད་དོ། །བཀའ་ཁྲིམས་མེད་པ་ཡིན་ན་སྡིག་པ་རོ་ལྟར་ཡིན།"

9 ༩་ དུས་ཤིག་ན་ང་བཀའ་ཁྲིམས་མེད་པར་འཚོ་ཡང་། བཀའ་ཁྲིམས་བྱུང་བ་དང་སྡིག་པ་གསོན་ནས་ང་ཤིའོ།"

10 ༡༠་ །ང་གསོན་ཕྱིར་ཡིན་པའི་བཀའ་དེ་རང་ང་འཆི་བའི་རྐྱེན་དུ་གྱུར་པར་མཐོང་ངོ་།"

11 ༡༡་ །བཀའི་ཐབས་ཀྱིས་སྡིག་པས་ང་བསླུས་ནས་བསད་དོ།"

12 ༡༢་ །དེ་ལྟར་བཀའ་ཁྲིམས་ནི་དམ་པ་ཡིན་ཏེ། བཀའ་ནི་དམ་པ་དང་དྲང་པོ་དང་བཟང་པོ་ཡིན་ནོ།"

13 ༡༣་ །དེ་ནས་བཟང་པོ་དེ་ང་འཆི་བའི་རྒྱུར་གྱུར་ཏམ། དེ་ནི་མ་ཡིན་ནོ། །བཟང་པོ་དེའི་སྒོ་ནས་སྡིག་པ་ནི་སྡིག་པ་ཡིན་པར་སྟོན་ཞིང་ང་བསད་པས། སྡིག་པ་དེ་ཡིན་ནོ། །དེ་ནི་བཀའི་རྐྱེན་གྱིས་སྡིག་པ་ཚབས་ཆེན་ཡིན་པར་རྟོགས་ཕྱིར་རོ།།"

14 ༡༤་ །བཀའ་ཁྲིམས་ཐུགས་ཉིད་ལས་བྱུང་ཡང་། ང་རང་འཇིག་རྟེན་པ་སྡིག་པས་ཉོས་པའི་ཚེ་གཡོག་ཡིན་པར་ཤེསོ།"

15 ༡༥་ །གང་འདོད་པ་དེ་མི་བྱེད་པར་མི་འདོད་པ་དེ་བྱེད་པས། ངའི་སྤྱོད་པ་ང་རང་གི་ཡིན་པར་ངས་ཁས་མི་ལེན་ནོ། །ཅི་ཕྱིར་ཞེ་ན།"

16 ༡༦་ ངས་མི་འདོད་པ་དེ་བྱེད་ཙ་ན། བཀའ་ཁྲིམས་ནི་བཟང་པོ་ཡིན་པར་ཁས་ལེན་པས།"

17 ༡༧་ བྱེད་པ་པོ་ང་མིན་ཏེ། ངའི་ནང་གནས་པའི་སྡིག་པ་དེའོ།"

18 ༡༨་ །ངའི་ནང་བཟང་པོ་བྱེད་པའི་འདོད་པ་ཡོད་ཀྱང་། དེ་སྒྲུབ་མི་ནུས་པས། ངའི་ནང་དོན་དུ་མི་གཤིས་ནང་ལ་བཟང་པོ་ཅིའང་མེད་པར་ངས་རྟོགས་སོ།"

19 ༡༩་ །ངས་དགའ་བའི་བཟང་པོ་དེ་མི་བྱེད་པར། མི་དགའ་བའི་ངན་པ་དེ་བྱེད་དོ།"

20 ༢༠་ །ངས་མི་དགའ་བ་དེ་བྱེད་ན། བྱེད་པ་པོ་ང་མིན་ཏེ། ངའི་ནང་གནས་པའི་སྡིག་པ་དེའོ།"

21 ༢༡་ །དོན་དུ་བཟང་པོ་བྱེད་པར་དགའ་ནའང་། ངའི་ནང་ངན་པ་ཡིན་པའི་གཤིས་དེ་མཐོང་ངོ་།"

22 ༢༢་ །ངོ་བོས་ཨེ་ལོ་ཧིམ་གྱི་དབང་ལ་དགའ་ཡང་།"

23 ༢༣་ ངའི་ཡན་ལག་ནང་ངོ་བོ་དང་མི་མཐུན་པའི་སྡིག་པའི་དབང་ནང་དགར་བའི་གཤིས་སོ་སོ་ཞིག་མཐོང་ངོ་།"

24 ༢༤་ །སྙིང་རྗེའི་གནས་སུ་གྱུར་པ། འཆི་བར་འདྲེན་པའི་ལུས་འདི་ལས་ང་སུས་སྒྲོལ།"

25 ༢༥་ ང་ཚོའི་ཀྱུ་རི་བོ་ཡེ་ཤུ་མ་ཤི་ཀའི་ངང་ན་ཨེ་ལོ་ཧིམ་ལ་བསྟོད་བསྔགས་འབུལ་ལོ། །མདོར་ན་ངའི་ངོ་བོས་ཨེ་ལོ་ཧིམ་གྱི་བཀའ་ཁྲིམས་ཀྱི་འབངས་བྱེད་ཀྱང་། ལུས་ཀྱིས་སྡིག་པའི་ཁྲིམས་ཀྱི་འབངས་བྱེད་དོ།། །།"

8

1 ༡་ །དེ་བས་ན་མ་ཤི་ཀ་ཡེ་ཤུའི་ནང་ལ་གནས་པ་རྣམས་ལ་ད་ཆད་པ་མེད་དོ།"

2 ༢་ །མ་ཤི་ཀ་ཡེ་ཤུའི་སྒོ་ནས་མི་ཚེ་གསར་པ་གནང་བའི་རུ་ཨག་གི་དབང་གིས། ང་སྡིག་པ་དང་འཆི་བའི་དབང་ལས་བསྒྲལ་ཏོ།"

3 ༣་ །ཟག་བཅས་ཀྱི་དབང་གིས་ཉམས་པར་བྱེད་པའི་བཀའ་ཁྲིམས་ཀྱིས་སྒྲུབ་མ་ཐུབ་པ་དེ། ཨེ་ལོ་ཧིམ་གྱིས་མཛད་དོ།"

4 ༤་ །ང་ཚོ་འཇིག་རྟེན་པ་ལྟར་མི་སྤྱོད་པར། དམ་པའི་རུ་ཨག་གི་ལུགས་ལ་སྤྱོད་པ་རྣམས་ལ། ཉིད་ཀྱི་སྲས་སྡིག་པའི་གཤིས་དང་ལྡན་པའི་ལུས་དང་འདྲ་བར་ལུས་དང་ལྡན་པའི་ཚུལ་དུ་ང་ཚོའི་སྡིག་པའི་མཆོད་པར་མངགས་ནས། བཀའ་ཁྲིམས་ལྟར་དགོས་པ་ང་ཚོའི་ནང་སྒྲུབ་ཕྱིར། མིའི་གཤིས་ཀྱི་སྡིག་པ་ལ་ཆད་པ་བཅད་དོ།"

5 ༥་ །འཇིག་རྟེན་པས་འཇིག་རྟེན་གྱི་བྱ་བ་སེམས། རུ་ཨག་པས་རུ་ཨག་གི་བྱ་བ་སེམས་སོ།"

6 ༦་ །འཇིག་རྟེན་པའི་བསམ་པས་འཆི་བར་འདྲེན། རུ་ཨག་གི་བསམ་པས་མི་ཚེ་རྒྱུན་དུ་པ་དང་ཞི་བདེར་འདྲེན་ནོ།"

7 ༧་ །འཇིག་རྟེན་པའི་བསམ་པས་ཨེ་ལོ་ཧིམ་གྱི་བཀའ་ཁྲིམས་ལ་མི་ཉན་ཞིང་། ཉན་ཡང་མི་བཏུབ་པས་ཨེ་ལོ་ཧིམ་ལ་རྒོལ་ལོ།"

8 ༨་ །འཇིག་རྟེན་པས་ཨེ་ལོ་ཧིམ་དགྱེས་སུ་འཇུག་མི་ཐུབ་བོ།"

9 ༩་ །ཁྱེད་ཚོའི་ནང་ཨེ་ལོ་ཧིམ་གྱི་རུ་ཨག་བཞུགས་པས། ཁྱེད་ཚོ་འཇིག་རྟེན་པ་མ་ཡིན་པར་རུ་ཨག་པ་ཡིན་ནོ། །སུ་ལ་མ་ཤི་ཀའི་རུ་ཨག་མེད་ན་དེ་ཁོང་གི་མ་ཡིན།"

10 ༡༠་ མ་ཤི་ཀ་ཁྱེད་ཚོའི་ནང་བཞུགས་ན། ལུས་སྡིག་པས་ཤི་བ་ཡིན་ནའང་། རུ་ཨག་ཐར་པས་གསོན་པོ་ཡིན།"

11 ༡༡་ གཤིན་པོའི་ཁྲོད་ལས་ཡེ་ཤུ་སྐུ་གསོན་པོར་བསླངས་མཁན་ཁོང་གི་རུ་ཨག་ཁྱེད་ཚོའི་ནང་བཞུགས་ན། དེའི་ཐབས་ཀྱིས་བསླངས་མཁན་ཁོང་གིས་ཁྱེད་ཚོའི་ལུས་མི་རྟག་པའང་གསོན་པོར་མཛད་པར་འགྱུར་རོ།"

12 ༡༢་ །དེ་བས་ན་སྤུན་རྣམས། ང་ཚོས་དྲིན་དྲན་ཡང་། འཇིག་རྟེན་པ་ལྟར་སྤྱོད་ཕྱིར་འཇིག་རྟེན་གྱི་དྲིན་འོག་ན་མིན།"

13 ༡༣་ འཇིག་རྟེན་བཞིན་དུ་སྤྱོད་ན་འཆི་བར་འགྱུར། དམ་པའི་རུ་ཨག་གི་མཐུས་མིའི་གཤིས་རྣམས་གསོད་ན་གསོན་པར་འགྱུར་རོ།།"

14 ༡༤་ །ཨེ་ལོ་ཧིམ་གྱི་རུ་ཨག་གིས་ཁྲིད་ཚད་ཨེ་ལོ་ཧིམ་གྱི་སྲས་ཡིན་ནོ།"

15 ༡༥་ །སླར་ཡང་འཇིགས་པའི་ཚེ་གཡོག་གི་སེམས་ཤིག་ཁྱེད་ཚོར་མ་ཐོབ་ཀྱིས། ཨ༷བ་བཱ། ཡབ་ཞུ་བའི་སྲས་སུ་གྱུར་བའི་རུ་ཨག་ཐོབ་པ་ཡིན།"

16 ༡༦་ ང་ཚོ་ཨེ་ལོ་ཧིམ་གྱི་སྲས་ཡིན་པར། རུ་ཨག་གིས་ང་ཚོའི་སེམས་ལ་དཔང་པོ་མཛད་དོ།"

17 ༡༧་ །སྲས་ཡིན་ན་བརྒྱུད་འཛིན་ཡིན། མ་ཤི་ཀ་དང་མཉམ་དཔལ་བརྗིད་ཐོབ་ཕྱིར་མཉམ་དུ་སྡུག་བསྔལ་འཁུར་བས། ཨེ་ལོ་ཧིམ་གྱི་བརྒྱུད་འཛིན་དང་མ་ཤི་ཀ་དང་མཉམ་སྐལ་དུ་འགྱུར་རོ།།"

18 ༡༨་ །ངའི་སྣང་ངོར་ང་ཚོར་མངོན་པར་འགྱུར་བའི་དཔལ་ལ་བལྟས་ནས། ད་ལྟའི་སྡུག་བསྔལ་རྣམས་ཅིའང་མིན།"

19 ༡༩་ ཨེ་ལོ་ཧིམ་གྱི་སྲས་རྣམས་མངོན་པར་འགྱུར་བ་ལ་འཇིག་རྟེན་ཀུན་གདུང་བས་སྒུག་གོ།"

20 ༢༠་ །སྣོད་བཅུད་སྙིང་པོ་མེད་པའི་དབང་དུ་བཅུག་པ་ནི་དེའི་འདོད་པ་བཞིན་མ་ཡིན་པར། བཅུག་མཁན་ཁོང་གི་དགོངས་པ་བཞིན་ཡིན་ཅིང་།"

21 ༢༡་ སྣོད་བཅུད་ཀྱང་མི་རྟག་པའི་དབང་ལས་ཐར་ཏེ། ཨེ་ལོ་ཧིམ་གྱི་སྲས་རྣམས་ཀྱི་དཔལ་དང་ལྡན་པའི་ཐར་པའི་ནང་གཞུག་པའི་རེ་བ་བྱེད་དོ།"

22 ༢༢་ །སྣོད་བཅུད་ཀུན་ལྷན་ཅིག་ཏུ་ད་དུང་སྐྱེ་ཟུག་གིས་གདུང་ཞིང་འཁུན་པ་ང་ཚོས་ཤེས་སོ།"

23 ༢༣་ །དེ་མ་ཟད་དམ་པའི་རུ་ཨག་གི་འབྲས་ཕུད་ཐོབ་པ་ང་ཚོའང་། བུ་དོད་དུ་འགྱུར་ཕྱིར་འཁུན་ཞིང་ང་ཚོའི་ལུས་འདི་སྒྲོལ་བ་ལ་སྒུག་གོ"

24 ༢༤་ །དེ་ལ་རེ་ཞིང་ང་ཚོ་ཐར་རོ། །མཐོང་བའི་རེ་བ་དེ་རེ་བ་མིན། མཐོང་བ་དེ་ལ་སུས་རེ་བ་བྱེད།"

25 ༢༥་ མི་མཐོང་བ་དེ་ལ་རེ་བ་བྱེད་ན་བཟོད་པས་སྒུག་གོ"

26 ༢༦་ །སྨོན་ལམ་ཇི་ལྟར་འདེབས་དགོས་པ་མི་ཤེས་པས། རུ་ཨག་གིས་ང་ཚོ་སྟོབས་མེད་ལ་གྲོགས་མཛད་དེ། བརྗོད་དུ་མེད་པའི་ཤུགས་ནར་འདོན་ཞིང་། ང་ཚོའི་ཕྱིར་ཞུ་སྣ་མཛད་དོ།"

27 ༢༧་ །ཨེ་ལོ་ཧིམ་གྱི་དགོངས་པ་དང་བསྟུན་ཏེ། དམ་པ་ཚོའི་ཕྱིར་ཞུ་སྣ་མཛད་པས། མིའི་སྙིང་རྣམས་ལ་གཟིགས་མཁན་ཁོང་གིས། རུ་ཨག་གི་དགོངས་པ་མཁྱེན་ནོ།"

28 ༢༨་ །ཨེ་ལོ་ཧིམ་གྱི་ཐུགས་དགོངས་བཞིན་བོས་པ། ཨེ་ལོ་ཧིམ་ལ་བྱམས་པ་རྣམས་ལ་བྱ་བ་ཐམས་ཅད་འཛོམས་ནས་ཕན་པའི་རྒྱུར་འགྱུར་བ་ང་ཚོས་ཤེས་སོ།"

29 ༢༩་ །སྤུན་མང་པོའི་ཕུ་བོར་འགྱུར་ཕྱིར། ཁོང་གི་སྔར་མཁྱེན་པ་རྣམས་ཉིད་ཀྱི་སྲས་དང་འདྲ་བར་འགྱུར་བར་བསྐོས་པ་ཡིན།"

30 ༣༠་ ཁོང་གིས་བསྐོས་པ་རྣམས་བཀུག་པར་ཡང་མཛད། བཀུག་པ་རྣམས་ཐར་བར་ཡང་མཛད། ཐར་བར་མཛད་པ་རྣམས་དཔལ་དང་ལྡན་པར་ཡང་མཛད་དོ།།"

31 ༣༡་ །ད་དུང་ཅི་སྨྲ། ཨེ་ལོ་ཧིམ་ང་ཚོའི་ཕྱོགས་སུ་ཡོད་ན། ང་ཚོར་སུས་རྒོལ།"

32 ༣༢་ ཉིད་ཀྱི་སྲས་ཀྱང་མ་ཕངས་པར་ང་ཚོ་ཐམས་ཅད་ཀྱི་དོན་དུ་བཏད་པས། གཞན་ཐམས་ཅད་ཞོར་ལ་མི་གནང་ངམ།"

33 ༣༣་ ཐར་བར་མཛད་མཁན་ཨེ་ལོ་ཧིམ་ལགས་པས། ཁོང་གིས་འདམས་པ་རྣམས་ལ་སུས་རྩོད།"

34 ༣༤་ མ་ཤི་ཀ་ཡེ་ཤུ་གྲོངས་པ་མ་ཟད་གཤིན་པོའི་ཁྲོད་ལས་གསོན་པོར་བཞེངས་ནས། ཨེ་ལོ་ཧིམ་གི་ ཕྱག་གཡས་སུ་བཞུགས་ཤིང་། ང་ཚོའི་ཕྱིར་ཞུ་སྣ་མཛད་པས། ང་ཚོར་སུས་ཆད་པ་གཅོད།"

35 ༣༥་ །བྲིས་པ་ཡོད། །ཁྱེད་དོན་ང་ཚོ་ཉིན་གང་གསོད། །ང་ཚོ་བཤས་ལུག་ལྟ་བུར་བརྩིས། ཞེས་བྲིས་པ་ལྟར། ང་ཚོ་མ་ཤི་ཀའི་བྱམས་པ་ལས་སུས་འཕྲལ་ནུས།"

36 ༣༦་ སྡུག་བསྔལ་ལམ། མྱ་ངན་ནམ། འཚེ་བའམ། ལྟོགས་པའམ། འཁྱགས་པའམ། འཇིགས་པའམ། རལ་གྲིས་འཕྲལ་ནུས་སམ།"

37 ༣༧་ འདི་ཐམས་ཅད་ཀྱི་ནང་ང་ཚོར་བྱམས་པར་མཛད་པོའི་མཐུས་རབ་ཏུ་རྒྱལ་ལོ།"

38 ༣༨་ །ཅིའི་ཕྱིར་ཞེ་ན། འཆི་བའམ། གསོན་པའམ། ཨ༷ན་ཇལ་ལམ། མཐུ་ལྡན་ནམ། ད་ལྟར་གྱི་བྱ་བའམ། མ་འོང་པའི་བྱ་བའམ། དབང་པོའམ།"

39 ༣༩་ མཐོ་བའམ། དམའ་བའམ། བཀོད་པ་གཞན་གང་གིས་ཀྱང་། ང་ཚོའི་ཀྱུ་རི་བོ་མ་ཤི་ཀ་ཡེ་ཤུའི་ནང་ནས་མངོན་པའི་ཨེ་ལོ་ཧིམ་གྱི་བྱམས་པ་ལས་ང་ཚོ་འཕྲལ་མི་ནུས་པ་ལ་ང་སྙིང་ཐག་པ་ནས་ཡིད་ཆེས་སོ།། །།"

9

1 ༡་ །དམ་པའི་རུ་ཨག་གི་ནང་ན་ངའི་ཤེས་བཟང་གིས་དཔང་པོ་བྱེད་དེ། ངས་རྫུན་མི་ཟེར་བར་མ་ཤི་ཀ་པ་བཞིན་བདེན་པར་སྨྲས།"

2 ༢་ སེམས་འཁྲུགས་ཆེ་ཞིང་ངའི་སྙིང་ལ་རྟག་ཏུ་ཟུག་ཟེར་འབྱུང་ངོ་།"

3 ༣་ །རིགས་བརྒྱུད་ལ་བལྟས་ཏེ་ངའི་སྤུན་དང་གཉེན་ཡིན་པ་ཚོའི་དོན་དུ་ང་མེད་པར་འགྱུར་ཞིང་མ་ཤི་ཀ་དང་བྲལ་ན་ཅི་མ་རུང་།"

4 ༤་ དེ་ཚོ་ནི་བུ་དོད་དུ་འགྱུར་འོས་དང་། དཔལ་དང་། ཞལ་ཆད་རྣམས་དང་། བཀའ་ཁྲིམས་དང་། བསྙེན་བཀུར་དང་། ཞལ་བཞེས་དང་། མེས་པོ་དང་ལྡན་པའི་ཨི༷ས་ར་ཨེལ་པ་ཡིན་ཏེ།"

5 ༥་ བརྒྱུད་ལ་བལྟས་ཏེ་དེ་རྣམས་ལས་མ་ཤི་ཀ་བྱུང་། ཁོང་ནི་ཐམས་ཅད་ཀྱི་གོང་མ་དང་། དུས་རྒྱུན་དུ་བསྟོད་འོས་པའི་ཨེ་ལོ་ཧིམ་ལགས་སོ།
ཨ༷་མེན།།"

6 ༦་ ཨེ་ལོ་ཧིམ་གྱི་བཀའ་མི་བདེན་པ་མི་སྲེད། ཨི༷ས་ར་ཨེལ་གྱི་བུ་བརྒྱུད་ཡིན་ཚད་ཨི༷ས་ར་ཨེལ་མིན།"

7 ༧་ ཨ༷བ་ར་ཧམ་གྱི་གདུང་བརྒྱུད་ཡིན་ཚད་སྲས་མིན་ཞིང་། བྲིས་པ་ཡོད། ཨི༷་སག་འབའ་ཞིག་ལས་ཁྱེད་ཀྱི་བརྒྱུད་འབོད་པར་འགྱུར་ཞེས་སོ།།"

8 ༨་ དོན་དུ་བརྒྱུད་ཀྱི་བུ་ཡིན་ཚད་ཨེ་ལོ་ཧིམ་གྱི་སྲས་མ་ཡིན། ཞལ་ཆད་ཀྱི་བུ་རྣམས་བརྒྱུད་པར་རྩི་བར་མཛད་དོ།"

9 ༩་ །ཞལ་ཆད་འདི་ལྟ་སྟེ། ང་དུས་ཁར་འོང་སྟེ་ས༷་ར་ལ་བུ་ཞིག་ཡོད་པར་འགྱུར།"

10 ༡༠་ དེ་མ་ཟད་རི༷བ་ཀའང་ང་ཚོའི་མེས་པོ་ཨི༷་སག་གཅིག་རང་ལས་མངལ་དང་ལྡན་ནས།"

11 ༡༡་ བུ་གཉིས་མ་སྐྱེས་པར་བཟང་པོའམ་ངན་པ་མ་བྱས་པའི་སྔོན་དུ། ལས་ལ་མི་རྟེན་པར་བོས་པ་ལ་རྟེན་པའི།"

12 ༡༢་ ཨེ་ལོ་ཧིམ་གྱིས་འདམས་པར་མཛད་པའི་དོན་བརྟན་པོར་མཛད་ཕྱིར་མོ་ལ། ཕུ་བོས་ནུ་བོའི་གཡོག་བྱེད་པར་འགྱུར་གསུངས་སོ།"

13 ༡༣་ །དེ་ནི་ངས་ཡ༷་ཀོབ་ལ་གཅེས་པར་འཛིན་ཏེ། ཨེ༷་སབ་ལ་སྡངས་ཞེས་བྲིས་པ་ལྟར་རོ།།"

14 ༡༤་ །ད་ཅི་སྨྲ། ཨེ་ལོ་ཧིམ་ལོག་པ་ལགས་སམ། དེ་ནི་མ་ཡིན།"

15 ༡༥་ ཁོང་གིས་མོ༷་ཤེ་ལ། ངས་ཐུགས་བརྩེ་དགོངས་པ་དེ་ལ་ཐུགས་བརྩེ་བྱ། སྙིང་རྗེ་དགོངས་པ་དེ་ལ་སྙིང་རྗེ་བྱའོ་གསུངས་སོ།"

16 ༡༦་ །དེའི་ཕྱིར་དེ་ནི་མིའི་འདོད་པའམ་རྩོལ་བ་ལ་མ་ཡིན་པར། སྙིང་རྗེ་མཛད་པའི་ཨེ་ལོ་ཧིམ་ལ་རག་ལས་སོ།"

17 ༡༧་ །བི༷་བལ་ན། མི༷་སེར་ཡུལ་གྱི་རྒྱལ་པོ་ལ། ཁྱོད་ཀྱི་ནང་ན་ངའི་དབང་སྟོན་པ་དང་། འཇིག་རྟེན་ཡོངས་སུ་ངའི་སྙན་གྲགས་དར་འཇུག་པའི་དོན་དུ། ངས་ཁྱོད་བསླངས་པ་ཡིན་གསུངས་སོ།"

18 ༡༨་ །དེ་ལྟར་ཐུགས་དགོངས་བཞིན་གཅིག་ལ་སྙིང་རྗེ་མཛད། གཅིག་གི་སྙིང་གྱོང་པོར་མཛད།"

19 ༡༩་ །དེ་ནས་ཁྱེད་ཀྱིས་ང་ལ། ཁོང་གི་ཐུགས་དགོངས་སུས་ཀྱང་ཟློག་མི་ཐུབ་པས། ཁོང་གིས་ཅིའི་ཕྱིར་སྐྱོན་འགེལ་བར་མཛད་ཅེས་ཟེར་ན།"

20 ༢༠་ ཨེ་ལོ་ཧིམ་ལ་ལན་ཟློག་པ་ཁྱོད་སུ་ཡིན། བཟོས་པའི་ཡོ་བྱད་ཀྱིས་བཟོ་བོ་ལ། ང་འདི་འདྲ་ཅི་ལ་བཟོས་པ་ཡིན་ཟེར་རམ།"

21 ༢༡་ རྫ་མཁན་ལ་ཛ་ས་གཅིག་ལས་སྣོད་མཛེས་སྡུག་ལྡན་པ་གཉིས་བཟོ་བའི་དབང་མེད་དམ།"

22 ༢༢་ །དཔལ་བརྗིད་ཀྱི་ཕྱིར་སྔོན་ནས་བཤམས་པའི་ཡ༷་ཧུ་དཱ་པ་མ་ཟད།"

23 ༢༣་ ཨེ་ལོ་ཧིམ་ངོ་མ་ཤེས་པ་ནས་བོས་པའི་ཐུགས་རྗེའི་སྣོད་ང་ཚོར།"

24 ༢༤་ ཁོང་གི་དཔལ་འབྱོར་སྟོན་ཕྱིར། གལ་ཏེ་ཨེ་ལོ་ཧིམ་གྱིས་ཉིད་ཀྱི་ཐུགས་ཁྲོ་དང་དབང་སྟོན་པའི་དགོངས་པས། འཇིག་འོས་པའི་ཐུགས་ཁྲོའི་སྣོད་ལ་བཟོད་པ་མཛད་ན་ཅི།"

25 ༢༥་ དེ་ལྟར་ཧོ༷་ཤེ་ཨའི་གསུངས་པ། །མི་སྡེ་མིན་རྣམས་མི་སྡེར་བོས། །གཅེས་པ་མིན་རྣམས་གཅེས་པར་བོས།"

26 ༢༦་ ཁྱེད་ཚོ་ངའི་མི་སྡེ་མ་ཡིན་ཞེས་གསུངས་སར། ཨེ་ལོ་ཧིམ་གསོན་པོའི་སྲས་རྣམས་ཟེར་བར་འགྱུར་ཞེས་ཀྱང་གསུངས་སོ།"

27 ༢༧་ །ཡེ༷་ཤ་ཡཱས་ཡི༷ས་ར་ཨེལ་གྱི་སྐོར་ལ། ཀྱུ་རི་བོས་འཇིག་རྟེན་ལ་ཉིད་ཀྱི་ཆད་པ་མི་ལྷོད་པར་མྱུར་དུ་གཅད་འོང་བས།"

28 ༢༨་ ཨི༷ས་ར་ཨེལ་གྱི་མི་གྲངས་རྒྱ་མཚོའི་བྱེ་མ་ལྟར་ཡོད་རུང་། དེ་རྣམས་ནས་ཉུང་ཟད་ཅིག་ཐར་བར་འགྱུར་ཞེས་འབོད་བསྒྲགས་སོ།"

29 ༢༩་ །ཡང་ཡེ༷་ཤ་ཡཱས། །དཔུང་ཆེན་རྣམས་ཀྱི་ཀྱུ་རི་བོས་ང་ཚོ་ལ། །བུ་བརྒྱུད་བཞག་པར་མཛད་པ་མ་ཡིན་ན། །ས༷་དོམ་དང་ནི་ག༷་མོ་ར་ལྟར་འགྱུར། ཞེས་ལུང་བསྟན་ཏོ།།"

30 ༣༠་ །ད་ཅི་སྨྲ། ཐར་པའི་ཕྱིར་མ་བསྙེགས་པའི་ཨེ་ལོ་ཧིམ་ངོ་མ་ཤེས་པ་རྣམས་ལ་དད་པ་ལས་རྙེད་པའི་ཐར་པ་ཐོབ།"

31 ༣༡་ འོན་ཀྱང་ཐར་པའི་བཀའ་ཁྲིམས་ལ་བསྙེགས་པའི་ཨི༷ས་ར་ཨེལ་པ་ནི། བཀའ་ཁྲིམས་ཀྱི་ཚད་ལ་མ་བསླེབས་སོ།།"

32 ༣༢་ ཅི་ལ་མ་བསླེབས་ཅེ་ན། དད་པའི་སྒོ་ནས་མ་བཙལ་བར། ཚུལ་ཁྲིམས་ཀྱི་སྒོ་ནས་བཙལ་བས། རྐང་པ་ཐོགས་པའི་རྡོ་ལ་ཐོགས་ནས་ལྷུང་ངོ་།"

33 ༣༣་ །བྲིས་པ་ཡོད། །ངས་ནི་3ཅི༷་ཡོན་ནང་དུ་རྡོ་ཞིག་བཞག །རྐང་པ་ཐོགས་ནས་འགྱེལ་བའི་བྲག་ཡིན་ཏེ། །ཁོང་ལ་དད་རྣམས་སྐྱེངས་པར་མི་འགྱུར་རོ།། ཞེས་བྲིས་པ་ལྟར་རོ།།"