1

1 ༡་ །ཡེ་ཤུ་མ་ཤི་ཀའི་ཞབས་ཕྱི་དང་། ཡ༷་ཀོབ་ཀྱི་ནུ་བོ་ཡིན་པའི་ཡ༷་ཧུ་དཱ་ངས། ཨེ་ལོ་ཧིམ་ཡབ་ཀྱི་གཅེས་པ་དང་ཡེ་ཤུ་མ་ཤི་ཀའི་ཕྱིར་དམིགས་པ་དང་བོས་པའི་སྤུན་རྣམས་ལ།"

2 ༢་ ཁྱེད་ཚོར་སྙིང་རྗེ་དང་ཞི་བདེ་དང་བྱམས་ཐུགས་མང་པོ་འབབ་པར་གྱུར་ཅིག།"

3 ༣་ །གཅེས་པ་རྣམས། ང་ཚོ་ཡོངས་ཀྱི་ཐར་ལམ་གྱི་སྐོར་ལ་འབྲི་བར་ཤིན་ཏུ་སྤྲོ་བས། མ་ཤི་ཀ་པ་རྣམས་ལ་ཐེངས་གཅིག་ཏུ་གཏད་པའི་དད་པའི་ཕྱིར་ཁྱེད་ཚོས་འབད་རྩོལ་བྱེད་དུ་ཞུ་ཞིང་འབྲི་བ་ཁག་ཆེར་མཐོང་ངོ་།"

4 ༤་ །སྔར་ལུང་བསྟན་པ་བཞིན་ཆད་པས་གཅོད་རྒྱུ་ཡིན་པའི་སྤྱོད་ངན་ཁ་ཅིག་ཁྱེད་ཚོའི་དཀྱིལ་དུ་གསང་ནས་ཞུགས་ཏེ། ང་ཚོའི་ཨེ་ལོ་ཧིམ་གྱི་ཐུགས་རྗེ་དེ་འདོད་ཆགས་སུ་སྒྱུར་ཞིང་། ང་ཚོའི་བདག་པོ་དང་ཀྱུ་རི་བོ་གཅིག་པོ་ཡེ་ཤུ་མ་ཤི་ཀ་ལ་མི་རྩིའོ།"

5 ༥་ །ཁྱེད་ཚོས་དེ་ཐམས་ཅད་ཐེངས་གཅིག་ཏུ་རྟོགས་པ་ཡིན་ཀྱང་། ངས་འདི་དྲན་སྐུལ་བྱེད་པར་འདོད་དོ། །ཀྱུ་རི་བོས་མི༷་སེར་ཡུལ་ནས་མི་སྡེ་དེ་བསྒྲལ་བའི་འོག་ཏུ་དད་མེད་རྣམས་ཚར་བཅད་དོ།"

6 ༦་ །རང་གི་གོ་ས་མ་སྲུང་བར་འོས་པའི་གནས་སྤངས་པའི་ཨ༷ན་ཇལ་རྣམས་ཞལ་ཆེའི་ཉིན་མོ་ཆེན་པོའི་བར་དུ་རྟག་པའི་ལྕགས་སྒྲོག་གིས་བཅིངས་ཏེ་མུན་ནག་གི་ནང་དུ་བཞག་པར་མཛད་དོ།"

7 ༧་ །ས༷་དོམ་དང་ག༷་མོ་རཱ་དང་མཐའ་འཁོར་གྱི་གྲོང་ཁྱེར་རྣམས་དེ་བཞིན་དུ་ལོག་གཡེམ་དང་གཤིས་མིན་གྱི་འདོད་ཆགས་ནང་ལྷུང་ནས། མི་འཆི་བའི་མེའི་ཆད་པས་མནར་བའི་དཔེ་རུ་གྱུར་པ་བཞིན་ནོ།"

8 ༨་ །དེ་ལྟར་མི་དེ་རྣམས་ཀྱིས་རང་གི་རྨོངས་པས་ལུས་མི་གཙང་བར་བྱེད། དབང་ལ་བརྙས་ཤིང་། གོ་འཕང་དང་ལྡན་པ་རྣམས་ལ་སྨད་དོ།"

9 ༩་ །ཨ༷ན་ཇལ་མཆོག་མི༷་ཀ་ཨེལ་གྱིས་མོ༷་ཤེའི་སྤུར་གྱི་ཕྱིར་ས༷་ཏན་དང་རྩོད་པའི་ཚེ། ཁོ་ལ་སྨོད་པར་མ་སྤོབས་པར། ཁྱོད་ལ་ཀྱུ་རི་བོའི་བཀའ་བཀྱོན་འབྱུང་བར་ཤོག་ཅིག་ཅེས་སྨྲས་སོ།"

10 ༡༠་ །འོན་ཀྱང་དེ་རྣམས་ཀྱིས་མི་ཤེས་པ་ལའང་སྨད་དོ། །བློ་གྲོས་མེད་པའི་དུད་འགྲོ་ལྟར་རང་བཞིན་གྱི་ཤེས་པའི་འདུ་ཤེས་ཀྱི་རྐྱེན་གྱིས་རང་འཕུང་ངོ་།"

11 ༡༡་ །དེ་རྣམས་ཀྱེ་མ་ཧུད། དེ་རྣམས་ཀ༷་ཡིན་གྱི་རྗེས་སུ་འབྲང་། གླའི་ཕྱིར་བི༷ལ་ཨཱམ་ལྟར་གོལ་སར་མཆོང་ངོ་། །ཀོ༷་ར་ལྟར་ངོ་ལོག་གིས་མེད་པར་འགྱུར་རོ།"

12 ༡༢་ །ཁྱེད་ཚོའི་བྱམས་པའི་མགྲོན་ནང་ཁྱེད་ཚོ་མཉམ་དུ་ཟ་དུས་སུ། དེ་རྣམས་ཆུའི་ནང་གི་ཕ་བོང་མི་མཐོང་བ་དང་འདྲ་སྟེ། འཛེམ་བག་མེད་པར་རང་འབྲང་བ་བྱེད་ཅིང་། རླུང་གིས་འཁྱེར་བའི་ཆུ་མེད་པའི་སྤྲིན་དང་། ཤིང་ཏོག་མེད་པའི་སྟོན་འཇུག་གི་རྩི་ཤིང་རྩྭ་བ་ནས་བཏོན་པ་ཇི་ལྟར་བལྟས་ཀྱང་བསྐམས་ཤིང་ཤི་བ་དང་འདྲ།"

13 ༡༣་ རང་གི་ངོ་ཚའི་ལྦུ་བ་ཕྱུང་བའི་རྒྱ་མཚོའི་རྦ་རླབས་དང་འདྲ། གང་གི་ཕྱིར་རྟག་ཏུ་མུན་ནག་ནང་ཡོད་པའི་སྐར་ཡན་དང་འདྲ།"

14 ༡༤་ ཨ༷་དམ་ནས་མི་རབས་བདུན་པའི་ཧ༷་ནོག་གིས་ཀྱང་དེ་རྣམས་ཀྱི་སྐོར་ལ།"

15 ༡༥་ ལྟོས་ཤིག །ཐམས་ཅད་ཀྱི་ཞལ་ཆེ་གཅོད་པ་དང་། སྤྱོད་ངན་རྣམས་ཀྱིས་བྱས་བའི་སྤྱོད་ངན་པའི་ལས་ཐམས་ཅད་དང་། སྤྱོད་ངན་གྱི་སྡིག་ཅན་རྣམས་ཀྱིས་ཁོང་ལ་ཞུས་པའི་རྒོལ་ཚིག་ཐམས་ཅད་ཀྱི་ཕྱིར་བཀའ་ཆད་གནང་དུ། ཀྱུ་རི་བོ་ནི་ཉིད་ཀྱི་དམ་པ་ཁྲི་ཁྲག་མང་པོ་དང་བཅས་སུ་བྱོན་ཏོ་ཞེས་ལུང་བསྟན་ཏོ།"

16 ༡༦་ །དེ་རྣམས་ནི་འབར་མཁན་དང་། མི་ཚིམ་མཁན་དང་། རང་གི་འདོད་པ་བཞིན་སྤྱོད་མཁན་དང་། ཁ་ཕོ་ཆེ་དང་། རང་ལ་ཕན་ཕྱིར་མིའི་ངོ་སོ་བྱེད་མཁན་ནོ།"

17 ༡༧་ །བཅེས་པ་ཁྱེད་ཚོས་ཀྱུ་རི་བོ་ཡེ་ཤུ་མ་ཤི་ཀའི་ཨ༷་པོ་ཏོ་ལོ་པ་རྣམས་ཀྱིས་གསུངས་པ་རྣམས་ཡིད་ལ་བཟུང་ཞིག"

18 ༡༨་ །ཁོང་ཚོས་མཐའ་མའི་དུས་སུ་རང་གི་དད་མིན་གྱི་འདོད་པ་ལ་སྤྱོད་བའི་བདེན་ཆོས་ལ་འཕྱ་མཁན་འབྱུང་བར་འགྱུར་ཞེས་གསུངས་པ་ཡིན་ནོ།"

19 ༡༩་ །དེ་རྣམས་ནི་དབྱེན་པ་བྱེད་མཁན་དང་། འཇིག་རྟེན་པའི་སེམས་དང་ལྡན་ཞིང་། རུ་ཨག་དང་མི་ལྡན་པ་རྣམས་སོ།"

20 ༢༠་ །གཅེས་པ་ཁྱེད་རྣམས། ཤིན་ཏུ་དད་པ་དམ་པ་སྐྱེད་ཅིག །དམ་པའི་རུ་ཨག་གི་མཐུས་སྨོན་ལམ་ཐོབ་ཅིག"

21 ༢༡་ །ཨེ་ལོ་ཧིམ་གྱི་བྱམས་པའི་ནང་རང་སྲུང་ཞིག །མི་ཚེ་རྒྱུན་དུ་པའི་དོན་དུ་ང་ཚོའི་ཀྱུ་རི་བོ་ཡེ་ཤུ་མ་ཤི་ཀའི་ཐུགས་རྗེའི་ཕྱིར་སྒུག་ཅིག"

22 ༢༢་ །ཐེ་ཚོམ་ཡོད་པ་ལ་ཐེ་ཚོམ་ཁྲོལ།"

23 ༢༣་ མེ་ནང་ཡོད་པ་མེ་ལས་སྐྱོབ། སྙིང་རྗེ་བྱེད་དགོས་པ་ལ་བྱེད་ཅིང་། སྡིག་པས་སྦགས་པའི་གོས་ལའང་འཇིགས་ཤིང་འཛེམ་ཞིག"

24 ༢༤་ །ད་ཁྱེད་ལྟུང་བ་ལས་སྐྱོབ་ཐུབ་པ་དང་། ཁོང་ཉིད་ཀྱི་གཟི་བརྗིད་ཀྱི་སྤྱན་སྔར་སྐྱོན་མེད་པར་དགའ་མགུའི་ནང་དུ་འཇོག་ཐུབ་པའི།"

25 ༢༥་ ང་ཚོའི་སྐྱབས་མགོན་ཨེ་ལོ་ཧིམ་གཅིག་པོ་ཁོང་ལ། ང་ཚོའི་ཀྱུ་རི་བོ་ཡེ་ཤུ་མ་ཤི་ཀའི་སྒོ་ནས་སྙན་གྲགས་དང་། ཆེ་བ་དང་། དབང་དང་། མངའ་ཐང་། བསྐལ་པ་ཐམས་ཅད་ཀྱི་སྔོན་དང་། ད་ལྟ་དང་། རྒྱུན་ནས་རྒྱུན་དུའོ། ཨ༷་མེན།། །།"