1 ༡་ བདེན་པའི་ངང་ནས་གཅེས་པར་འཛིན་པའི་ག༷་ཡུ་ལ་རྒན་པོ་ངས་ཡི་གེ་འདི་འབུལ་ལོ།"
2 ༢་ །གཅེས་པ་ཁྱོད་ཀྱི་སེམས་ཉིད་བདེ་བ་ལྟར། རྣམ་པ་ཐམས་ཅད་དང་། ལུས་ཁམས་ཀྱང་བདེ་བར་གནས་པའི་ཕྱིར་སྨོན་ལམ་འདེབས་སོ།"
3 ༣་ །ཁྱོད་བདེན་པ་ཉིད་ལ་སྤྱོད་ཀྱང་སྤྱོད་པས། སྤུན་ཁ་ཤས་འདིར་འོངས་ནས་ཁྱེད་ཀྱི་བདེན་པ་ལ་སྤྱོད་པར་དཔང་པོ་བྱས་པའི་ཚེ་ང་ཤིན་ཏུ་དགའ་བར་གྱུར་ཏོ།"
4 ༤་ །ངའི་བུ་རྣམས་བདེན་པ་ལ་སྤྱོད་པར་ཐོས་པ་ལས་ལྷག་པའི་དགའ་སྤྲོ་ང་ལ་མེད་དོ།"
5 ༥་ །གཅེས་པ་ཁྱོད་ཀྱིས་སྤུན་རྣམས་དང་ཁྱད་པར་དུ་རྒྱལ་ཁམས་པ་ལ་བདག་རྐྱེན་བྱས་པ་ནི་ལས་བཟང་པོ་བྱས་པ་ཡིན་ནོ།"
6 ༦་ །དེ་རྣམས་ཀྱིས་མ་ཤི་ཀ་པ་ཚོགས་ཀྱི་མདུན་དུ་ཁྱོད་ཀྱི་བྱམས་སེམས་ལ་དཔང་པོ་བྱས་སོ། །ཨེ་ལོ་ཧིམ་གྱི་ཞབས་ཏོག་ལ་མཚུངས་པར་ཁྱོད་ཀྱིས་དེ་རྣམས་ལམ་དུ་གཏང་ན་ལེགས་སོ།"
7 ༧་ །ཅིའི་ཕྱིར་ཞེ་ན། དེ་རྣམས་ནི་ཨེ་ལོ་ཧིམ་གྱི་ཕྱིར་དུ་ཐོན་ཏེ། ཨེ་ལོ་ཧིམ་ངོ་མ་ཤེས་པ་ལས་ཅིའང་མི་ལེན་ནོ།"
8 ༨་ །ང་ཚོའང་བདེན་པ་ཉིད་ཀྱི་ལས་གྲོགས་སུ་འགྱུར་བའི་ཕྱིར། དེ་འདྲ་བ་རྣམས་ལ་བདག་རྐྱེན་བྱེད་པར་རིགས་སོ།"
9 ༩་ །ངས་མ་ཤི་ཀ་པ་ཚོགས་ལ་ཅི་ཞིག་བྲིས་པ་ཡིན་ཀྱང་། དི༷འོ་ཏྲེ་ཕེ་ཡིས་ཁོ་རང་མཆོག་ཏུ་འགྱུར་བར་འདོད་པས་ང་ཚོའི་དབང་ལ་མི་རྩིའོ།"
10 ༡༠་ །ང་འོང་དུས་སུ་དེས་བྱེད་པའི་ལས་དང་། ང་ཚོར་གཏམ་ངན་སྒྲོག་པ་རྣམས་འཆད་པར་བྱའོ། །དེས་ཀྱང་མི་ཆོག་པར་ཁོས་སྤུན་རྣམས་རང་གི་ཁང་པ་ལའང་མི་བསུ། བསུ་བར་འདོད་པ་རྣམས་ལའང་འགེགས་ཤིང་མ་ཤི་ཀ་པ་ཚོགས་ནས་འདོན་ནོ།"
11 ༡༡་ །གཅེས་པ་ཁྱོད་ཀྱིས་ངན་པའི་ལད་མོ་མི་བྱེད་པར་བཟང་པོའི་ལད་མོ་བྱོས་ཤིག །བཟང་པོ་བྱེད་མཁན་ནི་ཨེ་ལོ་ཧིམ་ནས་ཡིན། ངན་པ་བྱེད་མཁན་གྱིས་ཨེ་ལོ་ཧིམ་མ་མཇལ་བ་ཡིན།"
12 ༡༢་ དེ༷་མེ་ཏྲེའུ་ལ་མི་ཐམས་ཅད་དང་བདེན་པ་ཉིད་ཀྱིས་དཔང་པོ་བྱེད་དོ། །ང་ཚོས་ཀྱང་དཔང་པོ་བྱེད་དོ། །ང་ཚོས་དཔང་པོ་བྱེད་པ་བདེན་པ་ཡིན་པ་ཁྱོད་ཀྱིས་ཤེས་སོ།"
13 ༡༣་ །ཁྱོད་ལ་འབྲི་རྒྱུ་མང་པོ་ཡོད་ཀྱང་། སྣག་ཚ་དང་སྨྱུ་གུས་འབྲི་བ་ལས།"
14 ༡༤་ མྱུར་དུ་ཁྱོད་དང་ཕྲད་པར་རེ་ཞིང་གདོང་ཐུག་ནས་གཏམ་གླེང་བྱེད་པར་དགའོ།"
15 ༡༥་ །ཁྱོད་ལ་ཞི་བདེ་འབབ་པར་ཤོག་ཅིག །མཛའ་གྲོགས་རྣམས་ཀྱིས་ཕྱག་འབུལ་ལོ། །མཛའ་གྲོགས་རྣམས་ལ་མིང་གསལ་གྱིས་ཕྱག་ཕུལ་ཞིག། །།"