1 ༡་ །ཡེ་ཤུ་མ་ཤི་ཀའི་ཨ༷་པོ་ཏོ་ལོ་པ་ཡིན་པའི་པེ༷་ཏྲོས། ཡུལ་པོ༷ན་ཏུ་དང་། ག༷་ལད་ཡཱ་དང་། ཀ༷་པ་དོག་ཡ་དང་། ཨ༷་སི་ཨ་དང་། བི༷་ཐིན་ཡཱ་ན་གྱེས་ཤིང་གནས་ཡོད་པའི་བྱེས་པ།"
2 ༢་ ཨེ་ལོ་ཧིམ་ཡབ་ཀྱི་དགོངས་པ་བཞིན་དུ། དམ་པའི་རུ་ཨག་གིས་དམ་པར་མཛད་དེ། ཡེ་ཤུ་མ་ཤི་ཀའི་བཀའ་འབངས་བྱེད་པ་དང་། ཁོང་གི་སྐུ་ཁྲག་གཏོར་བའི་དོན་དུ་འདམས་པ་རྣམས་ལ། ཐུགས་རྗེ་དང་ཞི་བདེ་འཕེལ་བར་ཤོག་ཅིག།"
3 ༣་ །ང་ཚོའི་ཀྱུ་རི་བོ་ཡེ་ཤུ་མ་ཤི་ཀའི་ཡབ་ལགས་པའི་ཨེ་ལོ་ཧིམ་ལ་བསྟོད་བསྔགས་སོ། །ཁོང་གི་ཐུགས་རྗེ་ཆེན་པོས་ཡེ་ཤུ་མ་ཤི་ཀ་གཤིན་པོའི་ཁྲོད་ལས་སྐུ་གསོན་པོར་བཞེངས་པའི་ཐབས་ཀྱིས།"
4 ༤་ ནམ་མཁར་བཞག་ཡོད་པའི་མི་འཇིག་པ་དྲི་མ་མེད་པ་མི་རྙིད་པའི་ནོར་སྐལ་གནང་བ་དང་རྟག་པར་རེ་བའི་ཕྱིར་ང་ཚོ་ཡང་སྐྱར་སྐྱེ་བར་མཛད་དོ།"
5 ༥་ དུས་ཀྱི་མཐའ་མར་མངོན་ཆོག་པ་ཡོད་པའི་ཐར་པའི་ཕྱིར་དུ་ཁྱེད་རྣམས་དད་པའི་ངང་ན་ཨེ་ལོ་ཧིམ་གྱི་དབང་གིས་སྲུང་བར་མཛད་དོ།"
6 ༦་ །དེ་ལ་དགའ་མགུ་རང་ཟིག །ད་ལྟ་རེ་ཞིག་གི་ཕྱིར་རྣམས་པ་སྣ་ཚོགས་ཀྱིས་སྡུག་བསྔལ་མྱང་བ་དེ།"
7 ༧་ ཁྱེད་ཀྱི་དད་པ་བཅོས་མ་མ་ཡིན་པ་གསེར་ལས་རིན་ཐང་ཆེ་བ་དེ། མེས་སད་ནས། ཡེ་ཤུ་མ་ཤི་ཀ་མངོན་པའི་ཚེ། བསྟོད་པ་དང་དཔལ་དང་བཀུར་སྟི་འབྱུང་བའི་ཕྱིར་ཡིན་ནོ།"
8 ༨་ །ཁོང་སྔར་མཇལ་ཀྱང་ཁྱེད་ཀྱིས་གཅེས་པར་འཛིན། ད་ལྟ་མི་མཇལ་ཡང་དད་པ་བྱེད་ཅིང་། གཟི་བརྗིད་ཀྱིས་གང་བའི་དགའ་བ་བརྗོད་ཀྱིས་མི་ལང་བའི་ནང་དགའ་མགུ་རང་ངོ་།"
9 ༩་ །ཁྱེད་ཀྱི་དད་པའི་འབྲས་བུར་སེམས་ཀྱི་ཐར་པ་ཐོབ་བོ།"
10 ༡༠་ །ཁྱེད་ལ་འབྱུང་བར་འགྱུར་བའི་ཐུགས་རྗེ་ལུང་དུ་བསྟན་པ་རྣམས་ཀྱིས། ཐར་པ་འདིའི་སྐོར་དུ་འཚོལ་ཞིས་འདྲིས་པ་ཡིན།"
11 ༡༡་ མ་ཤི་ཀའི་སྡུག་བསྔལ་དང་དེའི་རྗེས་ཀྱི་དཔལ་མངོན་པར་སྟོན་པའི་མ་ཤི་ཀའི་རུ་ཨག་དེ་རྣམས་ནང་ཡོད་པ་དེས། མི་གང་དང་དུས་གང་གི་དོན་ཡིན་པ་དེ་རྣམས་ཀྱིས་རྩད་བཅད་དོ།"
12 ༡༢་ །དེ་ནི་དེ་རྣམས་རང་གི་ཕྱིར་མ་ཡིན་པར། ཁྱེད་ཀྱི་དོན་དུ་ཡིན་པ་མངོན་པར་གྱུར་ཏོ། ད་ལྟ་ནམ་མཁའ་ནས་མངགས་པའི་དམ་པའི་རུ་ཨག་གི་ངང་ན། འཕྲིན་བཟང་བཤད་པ་རྣམས་ཀྱིས། འཕྲིན་དེ་ཁྱེད་ལ་བཤད་ནས། འདི་ལ་ཨ༷ན་ཇལ་རྣམས་ཀྱང་ལྟ་བར་འདོད་དོ།།"
13 ༡༣་ །བློ་གྲོས་ཀྱི་སྐ་རགས་བཅིང་ནས། སྤྱང་གྲུང་བྱོས་ཤིག །ཡེ་ཤུ་མ་ཤི་ཀ་མངོན་པའི་དུས་སུ་ཁྱེད་ལ་གནང་བར་འགྱུར་བའི་ཐུགས་རྗེལ་ཀུན་ཏུ་རེ་བ་བྱོས་ཤིག"
14 ༡༤་ །ཁ་ལ་ཉན་པའི་བུ་ལྟར། སྔར་གྱི་གཏི་མུག་གི་འདོད་པ་ལ་མ་ཉན་ཅིག"
15 ༡༥་ །བྲིས་པ་ཡོད། ང་ནི་དམ་པ་ཡིན་པས། ཁྱེད་ཀྱང་དམ་པར་འགྱུར་དགོས། ཞེས་བྲིས་ཡོད་པས།"
16 ༡༦་ ཁྱེད་ཆོ་བོས་པོ་ཁོང་དམ་པ་ཡིན་པ་ལྟར། ཁྱེད་ཚོ་ཡང་རྒྱུན་དུ་སྤྱོད་ལམ་དམ་པར་འགྱུར་བར་བྱ་དགོས། ཁྱེད་ཚོ་རེ་རེའི་ལས་དང་བསྟུན་ཏེ།"
17 ༡༧་ ཕྱོགས་རིས་མེད་པར་ཞལ་ཆེ་གཅོད་མཁན་ཁོང་ལ་ཡབ་ཞུ་ན། ཁྱེད་ཚོ་བྱེས་པ་ལྟར་ཡོད་རིང་བག་ཆ་ཞིང་རང་གི་སྤྱོད་ལམ་སྤྱོད་ཅིག"
18 ༡༨་ །ཕ་མེས་ལས་བྱུང་བའི་སྙིང་པོ་མེད་པའི་སྤྱོད་ལམ་ལས་ཁྱེད་རྣམས་མི་རྟག་པའི་གསེར་རམ་དངུལ་གྱི་རིན་གྱིས་བླུས་པ་མ་ཡིན་གྱིས།"
19 ༡༩་ སྐྱོན་དང་རྨེ་གྲིབ་མེད་པའི་ལུག་གུ་ལྟར་གྱི་མ་ཤི་ཀའི་སྐུ་ཁྲག་རིན་ཐང་ཆེས་བླུས་པ་ཁྱེད་ཚོས་ཤེས་སོ།"
20 ༢༠་ འཇིག་རྟེན་མ་བཀོད་པའི་སྔོན་དུ་བསྐོས་པ་དེ་ཁོང་ཡིན་ཅིང་། དུས་ཀྱི་མཐའ་མར་ཁྱེད་ཚོའི་དོན་དུ་མངོན་སུམ་དུ་བྱོན་ཏོ།"
21 ༢༡་ །ཁོང་གཤིན་པོའི་ཁྲོད་ལས་སྐུ་གསོན་པོར་བསླངས་ནས་དཔལ་བརྗིད་གནང་བའི་ཨེ་ལོ་ཧིམ་ལ་མ་ཤི་ཀའི་ངང་ནས་བློ་གདེང་བྱས་པས། ཁྱེད་ཚོས་ཨེ་ལོ་ཧིམ་དད་པ་དང་རེ་བ་བྱེད་དོ།"
22 ༢༢་ །ཁྱེད་ཚོ་མི་རྟག་པའི་ས་བོན་ལས་མ་ཆད་པར། གསོན་པོ་དང་རྒྱུན་དུ་བཞུགས་པའི་ཨེ་ལོ་ཧིམ་གྱི་བཀའ་ཡི་སྒོ་ནས། རྟག་པའི་ས་བོན་ལས་ཡང་སྐྱར་སྐྱེས་པས།"
23 ༢༣་ སྤུན་ལ་བཅོས་མ་མིན་པར་བྱམས་ཕྱིར་བདེན་པའི་བཀའ་ལ་ཉན་ཞིང་སེམས་གཙང་ནས་ཕན་ཚུན་སྙིང་ཐག་པ་ནས་བྱམས་པར་བྱོས་ཤིག།"
24 ༢༤་ །མི་ཐམས་ཅད་རྩྭ་དང་འདྲ། །གཟི་བརྗིད་རྩྭ་ཡི་མེ་ཏོག་འདྲ། །རྩྭ་ནི་སྐམ་ནས་མེ་ཏོག་ཡལ།"
25 ༢༥་ །ཀྱུ་རི་བོའི་བཀའ་ནི་རྒྱུན་དུ་གནས། ཅེས་པ་འདི་ཁྱེད་ཚོར་བཤད་པའི་འཕྲིན་བཟང་དེ་རང་ངོ་།། །།"
1 ༡་ །དེའི་ཕྱིར་སེམས་ངན་དང་། གཡོ་སྒྱུ་དང་། ཟོལ་ཟོག་དང་། ཕྲག་དོག་དང་། ཕྲ་མ་ཐམས་ཅད་སྤོངས་ཤིག"
2 ༢་ །ཁྱེད་ཚོས་ཀྱུ་རི་བོའི་ཐུགས་རྗེའི་བྲོ་བ་མྱངས་པས། གསར་དུ་སྐྱེས་པའི་བྱིས་པ་འོ་འཐུང་དང་འདྲ་བར།"
3 ༣་ ཐར་པའི་ཕྱོགས་སུ་སྐྱེད་ཕྱིར། སེམས་ཉིད་ཀྱི་འོ་མ་ལྷད་མེད་ལ་གདུང་བར་གྱིས་ཤིག"
4 ༤་ །མིས་སྤངས་ཀྱང་ཨེ་ལོ་ཧིམ་གྱི་གཟིགས་ངོར་འདམས་པ་དང་རིན་ཆེན་ཡིན་བའི་གསོན་པོའི་རྡོ་ལགས་པ་ཁོང་གི་དྲུང་དུ་ཤོག་ཅིག"
5 ༥་ །བི༷་བལ་ལ་བྲིས་པ་ཡོད། །ངས་ནི་ཙི༷་ཡོན་ནང་དུ་རྡོ་ཞིག་བཞག །རིན་ཐང་ཆེ་ཞིང་འདམས་པའི་ཟུར་རྡོ་ཡིན། །ཁོང་ལ་དད་རྣམས་སྐྱེངས་པར་མི་འགྱུར་རོ། ཞེས་བྲིས་པ་བཞིན།"
6 ༦་ ཡེ་ཤུ་མ་ཤི་ཀ་རྒྱུད་ཨེ་ལོ་ཧིམ་གྱི་ཐུགས་སུ་འབྱོན་པའི་སེམས་ཉིད་ཀྱི་འབུལ་བ་འབུལ་བའི་ལེ༷་ཝི་དམ་པར་འགྱུར་བའི་ཕྱིར། གསོན་པོའི་རྡོ་ལྟར་སེམས་ཉིད་ཀྱི་ཁང་པ་རྩིགས་ཤིག"
7 ༧་ །དད་པ་བྱེད་པ་ཁྱེད་ཚོར་ཁོང་རིན་ཆེན་ཡིན། དད་པ་མི་བྱེད་པ་རྣམས་ལ་ནི། །རྩིག་དཔོན་རྣམས་ཀྱིས་སྤངས་པའི་རྡོ། །དེ་ཀ་ཟུར་རྡོ་ཆེན་པོར་གྱུར། ཡང་།"
8 ༨་ །ཐོགས་ནས་སྒྱེལ་བའི་རྡོ་རུ་གྱུར། ཞེས་པ་ལྟར། དེ་རྣམས་ཀྱི་བསྐོས་ཚད་བཞིན་བཀའ་ལ་མ་ཉན་པས་རྐང་པ་ཐོགས་ནས་སྒྱེལ་ལོ།"
9 ༩་ །ཁྱེད་ཚོ་མུན་པ་ལས་ངོ་མཚར་ཆེ་བའི་འོད་ནང་བོས་པ་ཁོང་གི་མཛད་པ་སྟོན་པའི་ཕྱིར། ཁྱེད་ཚོ་འདམས་པའི་མི་བརྒྱུད། རྒྱལ་རིགས་ཀྱི་ལེ༷་ཝི་རྣམས། མི་རབས་དམ་པ། ཨེ་ལོ་ཧིམ་ཉིད་ཀྱི་མི་སྡེ་ཡིན།"
10 ༡༠་ སྔར་ཁྱེད་ཚོ་མི་སྡེ་མ་ཡིན་ཀྱང་། ད་ཨེ་ལོ་ཧིམ་གྱི་མི་སྡེ་ཡིན། སྔར་སྙིང་རྗེ་མ་ཐོབ་ཀྱང་ད་སྙིང་རྗེ་ཐོབ་པ་ཡིན་ནོ།"
11 ༡༡་ །གཅེས་པ་རྣམས། ཁྱེད་ཚོས་རང་ཉིད་འགྲོན་པོ་དང་བྱེས་པར་བརྩིས་ནས། སེམས་ལ་རྒོལ་བའི་འཇིག་རྟེན་པའི་འདོད་པ་རྣམས་སྤོངས་ཤིག །ཅེས་ཞུ་བ་འབུལ་ལོ།"
12 ༡༢་ །ལས་ངན་བྱེད་མཁན་ཞེས་གཏམ་ངན་མི་གཏོང་བའི་དོན་དུ། ཁྱེད་ཚོའི་ལས་བཟང་མཐོང་ནས་ཨེ་ལོ་ཧིམ་ངོ་མ་ཤེས་པ་རྣམས་ཀྱིས་ཡེ་ཤུ་འབྱོན་པའི་ཉིན་མོར་ཨེ་ལོ་ཧིམ་ལ་བསྟོད་པ་འབུལ་བའི་ཕྱིར། དེ་རྣམས་ཀྱི་དཀྱིལ་དུ་སྤྱོད་ལམ་བཟང་པོ་བྱོས་ཤིག།"
13 ༡༣་ །གོང་མ་རྒྱལ་པོ་ཡིན་རུང་།"
14 ༡༤་ བཟང་ངན་གང་བྱེད་པ་ལ་བསྟོད་པའམ་ཆད་པ་གཏོང་ཕྱིར་བསྐོས་པའི་སྤྱི་ཁྱབ་ཡིན་རུང་། མིའི་གྲལ་རིམ་ཚང་མར་ཁྱེད་ཚོས་ཀྱུ་རི་བོའི་དོན་དུ་འབངས་བྱོས་ཤིག"
15 ༡༥་ །བཟང་པོ་བྱེད་པའི་སྒོ་ནས་བླུན་པོ་གཏི་མུག་ཅན་གྱི་ཁ་འགེགས་པ་ནི། ཨེ་ལོ་ཧིམ་གི་ཐུགས་དགོངས་ཡིན་ནོ།"
16 ༡༦་ །ཁྱེད་ཚོ་རང་དབང་ལྡན་པར་འཚོ་ཞིང་། རང་དབང་དེ་ངན་པ་བྱེད་པའི་སྙད་དུ་མ་བྱེད་པར། ཨེ་ལོ་ཧིམ་གྱི་འབངས་བྱོས་ཤིག"
17 ༡༧་ །མི་ཐམས་ཅད་ལ་གུས་ཤིག །སྤུན་ལ་བྱམས་ཤིག །ཨེ་ལོ་ཧིམ་ལ་འཇིགས་ཤིག །རྒྱལ་པོ་ལ་གུས་ཤིག།"
18 ༡༨་ །གཡོག་པོ་རྣམས། རང་གི་དཔོན་པོ་ལ་གུས་པས་ཁ་ལ་ཉོན་ཞིག །བཟང་པོ་དང་འཇམ་པོ་མ་ཟེད་རྩུབ་པོའི་ཁ་ལའང་ཉོན་ཞིག"
19 ༡༩་ །ཨེ་ལོ་ཧིམ་བསམ་ཞིང་ནོངས་མེད་པར་གནོད་ཅིང་སྡུག་བསྔལ་བཟོད་པ་ནི། ལེགས་སོ།"
20 ༢༠་ །གལ་ཏེ་ཉེས་པ་བྱས་ནས་རྡུང་བ་བཟོད་ན་ཅི་ལ་ཧ་ལས། ཇི་སྟེ་བཟང་པོ་བྱས་ནས་གནོད་པ་བཟོད་ན་ཨེ་ལོ་ཧིམ་གྱི་ལེགས་སོ་ཐོབ་བོ།"
21 ༢༡་ །མ་ཤི་ཀའི་ཞབས་རྗེས་ལ་འབྲང་བའི་ཕྱིར། ཁྱེད་ཚོར་མ་དཔེ་སྟོན་ཅིང་། ཁོང་གིས་ཁྱེད་ཚོའི་དོན་དུ་སྡུག་བསྔལ་བཞེས་པས། དོན་དེའི་ཕྱིར་ཁྱེད་ཚོ་བོས་པ་ཡིན།"
22 ༢༢་ ཁོང་གིས་ཉེས་པ་མ་མཛད། ཞལ་ནས་གཡོ་སྒྱུ་མ་གསུངས།"
23 ༢༣་ སྐུར་པ་བཏབ་པ་རྣམས་ལ་བཀའ་བཀྱོན་མ་གནང་། འཚེ་བ་རྣམས་ལ་འཇིགས་སྐྲག་མ་སླང་བར་ཞལ་ཆེ་དྲང་པོར་གཅོད་པ་ཁོང་ལ་བཏད་དོ།"
24 ༢༤་ །ང་ཚོ་སྡིག་པ་ལ་ཤི་སྟེ། དྲང་བ་ཉིད་ལ་འཚོ་བའི་ཕྱིར། ང་ཚོའི་སྡིག་པ་རྣམས་ཤིང་གི་སྟེང་དུ་ཉིད་ཀྱི་སྐུ་ལུས་ཁར་ཐོགས་སོ། །ཁོང་གི་རྨས་ཁྱེད་ཚོ་སོས་པ་ཡིན།"
25 ༢༥་ སྔར་ཁྱེད་ཚོ་ལུག་དང་འདྲ་བར་ལམ་སྟོར་ཡིན་ཀྱང་། ད་ཁྱེད་ཚོའི་སེམས་ཀྱི་རྫི་བོ་དང་སྐྱབས་མགོན་གྱི་དྲུང་དུ་ཕྱིར་ལོག་འོངས་སོ།། །།"
1 ༡་ །དེ་བཞིན་དུ་ཁྱེད་ཆུང་མ་རྣམས། ཁྱོ་བོའི་འབངས་བྱོས་ཤིག"
2 ༢་ །དེ་ནས་ཁ་ཤས་བཀའ་ལ་མི་བསྡེན་པ་ཡིན་ཀྱང་། ཁྱེད་ཚོའི་སྤྱོད་ལམ་གཙང་མ་དང་བག་དང་ལྡན་པ་མཐོང་ནས་སྨྲ་མི་དགོས་པར་ཁྱེད་ཚོའི་སྤྱོད་ལམ་གྱིས་ཕྱིར་ཁུག་པར་འགྱུར་ལས་ཆེ།"
3 ༣་ ཁྱེད་ཚོའི་རྒྱན་ཆ་ནི་ཕྱིའི་སྐྲ་སླེ་བ་དང་། གསར་གྱི་རྒྱན་ཆ་དང་། གཟབ་སྤྲོས་མ་ཡིན་གྱི།"
4 ༤་ སེམས་དུལ་ཞིང་ཞི་བའི་རྟག་པའི་ནོར་བུ་སྟེ། ཨེ་ལོ་ཧིམ་གྱི་གཟིགས་ངོར་མཛེས་པའི་ནང་གི་ཡོན་ཏན་དེ་ཡིན་དགོས།"
5 ༥་ སྔོན་གྱི་བུད་མེད་དམ་པ་ཨེ་ལོ་ཧིམ་ལ་རེ་བ་རྣམས་ཀྱིས་རྒྱན་དེ་ལྟར་བརྒྱན་ཞིང་།"
6 ༦་ ས༷་རཱ་ཡིས་དེ་ལྟར་ཨ༷བ་ར་ཧམ་ལ་བདག་བོ་ཟེར་ཞིང་ཁ་ལ་ཉན་ཅིང་། ཁྱོ་ཡི་འབངས་བྱས་སོ། ཁྱེད་ཚོའང་བཟང་པོ་བྱེད་ཅིང་ཅིས་ཀྱང་མི་འཇིགས་ན་དེའི་བུ་མོ་ཡིན་ནོ།"
7 ༧་ །དེ་བཞིན་དུ་ཁྱེད་ཚོ་ཁྱོ་བོ་རྣམས་ཀྱིས་ལུས་ཕྲ་མ་ཡིན་པའི་བུད་མེད་ལ་བཀུར་སྟེ་ཅིང་། མི་ཚེ་རྒྱུན་དུ་པའི་གནང་སྤྱིན་གྱི་མཉམ་ཟ་མཉམ་འཐུང་ཡིན་པས། སྨོན་ལམ་ལ་བར་ཆད་མི་འབྱུང་ཕྱིར། ཆུང་མ་དང་མཉམ་དུ་ཤེས་རབ་དང་ལྡན་པར་སྡོད་ཅིག།"
8 ༨་ །མདོར་ན་ཁྱེད་ཐམས་ཅད་སེམས་གཅིག་པ་དང་། ཤ་ཚ་དང་། སྤུན་ལ་བརྩེ་བ་དང་། སྙིང་འབོལ་བ་དང་། སྙེམས་ཆུང་ལ་གྱུར་ཅིག"
9 ༩་ །ཁྱེད་ཚོ་བྱིན་རླབས་ཐོབ་ཕྱིར་བོས་པས། ངན་ལན་ངན་གྱིས་མི་འཇལ་ཞིང་། ཚིག་ངན་གྱི་ལན་ལ་ཚིག་ངན་མི་ཟེར་བར་བྱིན་གྱིས་རློབས་ཤིག།"
10 ༡༠་ །སུ་ཞིག་འཚོ་བར་རབ་དགའ་ཞིང་། །སྐྱིད་པའི་ནི་མ་མཐོང་འདོད་ན། །རང་གི་ལྕེ་ནི་ངན་པ་དང་། །ཁ་ལྤགས་གཡོ་སྒྱུ་ལས་སྲུངས་ཤིག"
11 ༡༡་ །ངན་པ་སྤོངས་ཤིང་བཟང་པོ་སྒྲུབས །ཞི་བ་འཚོལ་ཞིང་དེ་སྙེགས་ཤིག"
12 ༡༢་ །དྲང་པོར་ཀྱུ་རི་བོའི་སྤྱན་གྱིས་གཟིགས། །སྙན་གྱིས་དེ་ཡི་ཞུ་གསོལ་གསན། །ངན་པར་ཀྱུ་རི་བོའི་ཞལ་ངོ་སྡང་།"
13 ༡༣་ །ཁྱེད་ཚོས་བཟང་པོ་བྱེད་པར་བརྩོན་ན། ཁྱེད་ཚོར་གནོད་པ་སུ་ཡོད།"
14 ༡༤་ །དྲང་བ་ཉིད་ཀྱི་དོན་དུ་འཚེ་བ་མྱོང་ནའང་ཁྱེད་ཚོ་བདེའོ། །དེ་རྣམས་ལ་མི་འཇིགས་ཤིང་མ་ཚབས་ཤིག"
15 ༡༥་ །སྙིང་ཐག་པ་ནས་མ་ཤི་ཀ་ཀྱུ་རི་བོར་འཛིན་ཅིག །ཁྱེད་ཚོའི་ནང་ཡོད་པའི་རེ་བ་ཤེས་པར་འདོད་པ་ལ་སེམས་དུལ་པ་དང་གུས་པས་ལན་འདེབས་པར་རྒྱུན་དུ་གྲལ་འགྲིག་གིས་སྡོད་ཅིག"
16 ༡༦་ །ཁྱེད་ཚོ་མ་ཤི་ཀ་པའི་སྤྱོད་ལམ་བཟང་པོར་སྨད་མཁན་རྣམས་ལ། སྨད་པ་དེ་རང་གིས་ཁ་སྐྱེང་བའི་ཕྱིར་ཁྱེད་ནོངས་མེད་པ་དགོས།"
17 ༡༧་ སྡུག་བསྔལ་མྱོང་བ་ཨེ་ལོ་ཧིམ་གྱི་ཐུགས་དགོངས་ཡིན་ན། ངན་པ་བྱས་པ་ལས་བཟང་པོ་བྱས་པའི་ཕྱིར་སྡུག་བསྔལ་མྱོང་བ་ལེགས་སོ།"
18 ༡༨་ །ང་ཚོ་ཨེ་ལོ་ཧིམ་གྱི་དྲུང་དུ་འདྲེན་པའི་ཕྱིར། མ་ཤི་ཀ་དྲང་པོ་དེས་སྡིག་ཅན་ལོག་པ་རྣམས་ཀྱི་དོན་དུ་ལན་གཅིག་སྡུག་བསྔལ་བཞེས་སོ། །སྐུ་ལུས་ལ་བལྟས་ནས་བཀྲོངས་ཀྱང་། རུ་ཨག་གི་ལུགས་སུ་གསོན་པོར་བཞེངས་ཏེ།"
19 ༡༩་ དེའི་ངང་ལ་གཤེགས་ནས། བཙོན་ལ་ཡོད་པའི་སེམས་ཉིད་རྣམས་ལའང་འཕིན་བཟང་སློབ་ཁྲིད་མཛད་དོ།"
20 ༢༠་ །དེ་རྣམས་ནི་སྔར་ནོ༷་ཨས་གྲུ་མཟོ་བའི་དུས་སུ། ཨེ་ལོ་ཧིམ་གྱི་ཐུགས་སྣ་རིང་མོ་མཛད་ཀྱང་བཀའ་ལ་མ་ཉན་པ་རྣམས་ཡིན་ནོ། །གྲུ་དེ་ལ་བཞོན་ནས་ཆུ་ལས་མི་ཉུང་ངུ་ཞིག་ཟེར་ན་སྲོག་བརྒྱད་ཐར་རོ།"
21 ༢༡་ །དམ་པའི་བ༷བ་ཐི་སོ་ཡིས་སྟེ་མཚོན་ཞིང་། ལུས་ཀྱི་དྲི་མ་འཁྲུད་པ་མ་ཡིན་པར། ཡེ་ཤུ་མ་ཤི་ཀ་སྐུ་གསོན་པོར་བཞེངས་པའི་སྒོ་ནས་ནོངས་མེད་འགྱུར་ཕྱིར་ཨེ་ལོ་ཧིམ་ལ་ཞུ་བ་འབུལ་བ་ཡིན་ཏེ་ཁྱོད་ཚོ་ཐར་རོ།"
22 ༢༢་ །མ་ཤི་ཀ་ནི་ནམ་མཁར་ཕེབས་ཏེ། ཨེ་ལོ་ཧིམ་གྱི་ཕྱག་གཡས་སུ་བཞུགས་ཏེ། ཨ༷ན་ཇལ་དང་། དབང་དང་། མངའ་ཐང་རྣམས་ལ་མངའ་མཛད་དོ།། །།"
1 ༡་ །མ་ཤི་ཀས་སྐུ་ལུས་ཀྱི་སྡུག་བསྔལ་བཞེས་པས་ན། ཁྱེད་ཚོས་ཀྱང་དེ་ལྟ་བུའི་སེམས་སྐྱེད་ཀྱི་གོ་ཆ་གྱོན་ཅིག ལུས་ཀྱི་སྡུག་བསྔལ་མྱངས་པ་དེ་སྡིག་པ་དང་བྲལ་ནས།"
2 ༢་ ཕྱིན་ཆད་དེ་ལུས་ཀྱི་ནང་དུ་ཡོད་རིང་མིའི་འདོད་པ་ལྟར་མ་ཡིན་པར། ཨེ་ལོ་ཧིམ་གྱི་ཐུགས་དགོངས་ལྟར་འཚོའོ།"
3 ༣་ །འདོད་པ་སྤྱོད་པ་དང་། ཞེ་སྡང་དང་། ར་བཟི་བ་དང་། བག་མེད་ཀྱི་ཟ་བཏུང་ལ་སྤྱོད་པ་དང་། ཞེན་ལོག་གི་སྐུ་འདྲར་བརྟེན་པ་ལ་སོགས་ཨེ་ལོ་ཧིམ་ངོ་མ་ཤེས་པ་རྣམས་ཀྱི་འདོད་པ་ལྟར་བྱས་པའི་འདས་པའི་དུས་དེ་ཀས་ཆོག"
4 ༤་ ད་ལྟ་ཁྱེད་ཚོ་ཚད་མེད་དེ་རྣམས་ནང་ཁོ་ཚོ་དང་མ་འགྲེ་བར་མཐོང་ནས་དེ་ཚོ་ཧ་ལས་ཤིང་ཁྱེད་ཚོར་སྨད་དོ།"
5 ༥་ །གསོན་གཤིན་གཉིས་ཀྱི་ཞལ་ཆེ་གཅོད་འོང་བ་ཁོང་ལ་དེ་ཚོས་ལན་འདེབས་དགོས་འོང་།"
6 ༦་ གཤིན་པོ་རྣམས་ལའང་འཕྲིན་བཟང་བཤད་པའི་ངོན་ནི། མིའི་ལུགས་ལ་འཇིག་རྟེན་པ་ལྟར་ཞལ་ཆེ་གཅད་ཀྱང་། ཨེ་ལོ་ཧིམ་གྱི་ལུགས་ལ་སེམས་ཉིད་པ་ལྟར་འཚོ་བའི་ཕྱིར་རོ།"
7 ༧་ །ཐམས་ཅད་ཀྱི་མཐའ་མ་ཉེ་བར་སླེབས་པས། དྲན་པ་བརྟན་པོ་དང་རན་པར་སྨོན་ལམ་གྱི་ངང་ན་གནས་པར་གྱུར་ཅིག"
8 ༨་ བྱམས་པས་ནི་སྡིག་པ་མང་པོ་འགེབས་པས། ཐམས་ཅད་པས་ལྷག་པར་ཕན་ཚུལ་འཛད་དུ་མེད་པའི་བྱམས་པ་བྱེད་དགོས།"
9 ༩་ མི་སྐྱོ་བར་ཕན་ཚུན་མགྲོན་པོར་བསུས་ཤིག"
10 ༡༠་ །རེ་རེ་ལ་གནང་སྦྱིན་ཐོབ་པ་དང་བསྟུན་ཏེ། ཨེ་ལོ་ཧིམ་གྱི་གནང་སྦྱིན་སྣ་ཚོགས་ཀྱི་གཉེར་པ་བཟང་པོ་ལྟར། ཕན་ཚུན་བདག་རྐྱེན་བྱོས་ཤིག"
11 ༡༡་ བཀའ་འཆད་ན། ཨེ་ལོ་ཧིམ་གྱི་བཀའ་གླེང་བ་ལྟར་དང་། ཞབས་ཏོག་བྱེད་ན། ཨེ་ལོ་ཧིམ་གྱིས་གནང་བའི་སྟོབས་བཞིན་དུ་བྱོས་ཤིག དེ་ནས་བྱ་བ་ཐམས་ཅད་ནང་ཡེ་ཤུ་མ་ཤི་ཀའི་སྒོ་ནས་ཨེ་ལོ་ཧིམ་ལ་བསྟོད་པ་འབྱུང་བར་འགྱུར་རོ། །དུས་རྒྱུན་དུ་དཔལ་དང་དབང་ཁོང་གི་ཡིན་ནོ། ཨ༷་མེན།"
12 ༡༢་ །གཅེས་པ་རྣམས། ཁྱེད་ཚོར་མེ་ལྟ་བུའི་ཉམས་སད་འབྱུང་བ་ཁྱད་མཚར་ཞིག་མི་ཚོར་བར་ཡ་མཚན་དུ་མ་གྱུར་ཅིག"
13 ༡༣་ ཁོང་གི་གཟི་བརྗིག་མངོན་པའི་ཚེ། ཁྱེད་ཚོ་རབ་དུ་དགའ་མགུ་བའི་ཕྱིར། མ་ཤི་ཀའི་སྡུག་བསྔལ་ཁྱེད་ཚོས་ཀྱང་མཉམ་དུ་འཁུར་བས་དགའ་བར་གྱུར་ཅིག"
14 ༡༤་ །ཨེ་ལོ་ཧིམ་གྱི་གཟི་བརྗིད་ཀྱི་རུ་ཨག་ཁྱེད་ཐོག་ཡོད་པས། མ་ཤི་ཀའི་མཚན་གྱི་རྐྱེན་གྱིས་ཁྱེད་ལ་སྨད་ན། ཁྱེད་བདེའོ།"
15 ༡༥་ །ཁྱེད་སུའང་མི་བསད་དམ། རྐུན་མའམ། སྤྱོད་ངན་ནམ། བསྟན་བཤིག་འཛིན་ཅིང་སྡུག་བསྔལ་བ་ནི་མི་རིགས་སོ།"
16 ༡༦་ །འོན་ཀྱང་མ་ཤི་ཀ་པ་ཡིན་པའི་དོན་དུ་སྡུག་བསྔལ་འབྱུང་ན། མི་ཁྲེལ་བར་མིང་དེའི་ཕྱིར་ཨེ་ལོ་ཧིམ་ལ་བསྟོད་པ་ཕུལ་ཞིག"
17 ༡༧་ །ཨེ་ལོ་ཧིམ་གྱི་ཁྱིམ་ཚང་ནས་ཞལ་ཆེ་གཅོད་པ་འགོ་འཚུགས་པའི་དུས་ལ་བབས་སོ། །ང་ཚོ་རང་ནས་འགོ་འཚུགས་ན། ཨེ་ལོ་ཧིམ་གྱི་འཕྲིན་བཟང་མི་ཉན་པ་རྣམས་ལ་མཐར་ཅི་མི་འབྱུང་།"
18 ༡༨་ །དྲང་པོ་དག་ཀྱང་ཐར་དཀའ་ན། །དད་མེད་སྡིག་ཅན་གང་དུ་འགྲོ། "
19 ༡༩་ ཨེ་ལོ་ཧིམ་གྱི་ཐུགས་དགོངས་བཞིན་སྡུག་བསྔལ་མྱོང་བ་རྣམས་ཀྱིས་ཀྱང་བཟང་པོ་བྱེད་ཅིང་། རང་གི་སྲོག་ནི་འགྱུར་བ་མེད་པའི་མཛད་པ་པོ་ལ་བཅོལ་ཅིག། །།"
1 ༡་ །ང་རང་ཡང་རྒན་མི་ཡིན་པ་དང་། མ་ཤི་ཀའི་སྡུག་བསྔལ་གྱི་དཔང་པོ་དང་། མངོན་པར་འགྱུར་བའི་གཟི་བརྗིད་ལ་ཐེ་མཁན་ཡིན་པས། ཁྱེད་ཚོའི་རྒན་མི་རྣམས་ལ་བསླབ་བྱ་འདི་སྟོན་ནོ།"
2 ༢་ །ཁྱེད་ཚོའི་འགན་ཁག་ལ་ཡོད་པའི་ཨེ་ལོ་ཧིམ་གྱི་ལུག་ཁྱུ་སྐྱོངས་ཤིག །མི་བྱེད་ཀ་མེད་ཀྱིས་མིན་པར། དགའ་བཞིན་དུ་འགན་ཁུར་ཞིག །ནོར་གྲིབ་ཅན་གྱི་ཕྱིར་མ་ཡིན་པར། གདུང་བས་སྐྱོངས་ཤིག"
3 ༣་ །སྐལ་བ་ལྟར་དུ་དེའི་ཐོག་དབང་མི་བྱེད་པར། ལུག་ཁྱུ་ལ་མ་དཔེར་གྱུར་ཅིག་དང་།"
4 ༤་ རྫི་བོའི་མཆོག་མངོན་པའི་དུས་སུ། ཁྱེད་ཚོར་མི་རྙིད་པའི་གཟི་བརྗིད་ཀྱི་ཕྲེང་བ་ཐོབ་པར་འགྱུར་རོ།"
5 ༥་ །དེ་བཞིན་དུ་ཁྱེད་ཚོ་གཞོན་པ་རྣམས་རྒན་མི་རྣམས་ཀྱི་འབངས་བྱོས་ཤིག །ཨེ་ལོ་ཧིམ་གྱིས་ང་རྒྱལ་ཅན་ལ་རྒོལ་བར་མཛད་ཅིང་། སྙེམས་ཆུང་ལ་ཐུགས་རྗེ་གནང་བས། ཁྱེད་ཚོ་ཐམས་ཅད་ཕན་ཚུན་སྙེམས་ཆུང་གི་གོས་གོན་པར་དགོས།།"
6 ༦་ །ཨེ་ལོ་ཧིམ་གྱི་ཕྱག་མཐུ་ལྡན་གྱ་འོག་ཏུ་དམན་ས་བཟུང་ཞིག་དང་། དུས་རན་པའི་ཚེ་ཁོང་གིས་ཁྱེད་ཚོ་ཡར་འདེགས་པར་འགྱུར།"
7 ༧་ ཁྱེད་ཚོའི་ཤ་ཚ་ཁོང་གིས་འཁུར་བས། སེམས་ཁྲལ་ཐམས་ཅད་ཁོང་ལ་གཏོད།"
8 ༨་ བག་དང་ལྡན་ཞིང་གཅང་གྲུང་བྱོས་ཤིག །ཁྱེད་ཚོའི་དགྲ་བོ་ས༷་ཏན་ནི་ངར་སྐད་འདོན་པའི་སེང་གེ་ལྟར་འཁོར་ཞིང་། སུ་ཞིག་ཟ་ཕྱིར་འཚོལ་ལོ།"
9 ༩་ །འཇིག་རྟེན་ཡོངས་ན་ཁྱེད་ཚོའི་སྤུན་རྣམས་ལའང་སྡུག་བསྔལ་འདི་འབྱུང་དགོས་པ་ཤེས་ནས། ཁྱེད་ཚོ་དད་པ་ལ་བརྟན་ཞིང་ས༷་ཏན་ལ་རྒོལ་ཞིག"
10 ༡༠་ །ཁྱེད་ཚོ་ཡུད་ཙམ་སྡུག་བསྔལ་མྱོང་བའི་འོག་ཏུ་། མ་ཤི་ཀའི་སྒོ་ནས་ཉིད་ཀྱི་གཟི་བརྗིད་མཐའ་ཡས་ལ་ཁྱེད་ཚོ་བཀུག་པའི་ཐུགས་རྗེ་ཐམས་ཅད་ཀྱི་ཨེ་ལོ་ཧིམ་ཉིད་ཀྱིས། ཁྱེད་ཚོ་སླར་གསོ་ཞིང་། འཛུག་ཅིང་། བརྟན་ཅིང་། གཡོ་བ་མེད་པར་མཛད་པར་འགྱུར།"
11 ༡༡་ དུས་རྒྱུན་དུ་དབང་ཁོང་གི་ཡིན་ནོ། ཨ༷་མེན།"
12 ༡༢་ ངས་དྲང་པོར་རྩི་བའི་སྤུན་སི༷ལ་ཝ་ནུ་རྒྱུད་ནས། ཨེ་ལོ་ཧིམ་གྱི་བདེན་པའི་ཐུགས་རྗེ་ནི་དེ་ལྟར་ཡིན་པར་སྟོན་ཅིང་འཆད་པའི་ཡི་གེ་མདོར་བསྡུས་འདི་བྲིས་པ་ཡིན། དེ་ལ་བརྟན་པོར་གནས་ཤིག"
13 ༡༣་ །ཁྱེད་ཚོ་ལྟར་འདམས་པ་བ༷་བེལ་དུ་གནས་པ་དེ་དང་། ངའི་བུ་མ༷ར་ཀུ་ཡིས་ཁྱེད་ཚོར་ཕྱག་འབུལ་ལོ།"
14 ༡༤་ །ཕན་ཚུན་བྱམས་པས་འོ་བྱེད་ཅིང་ཕྱག་བྱོས་ཤིག །མ་ཤི་ཀ་པ་ཁྱེད་ཐམས་ཅད་ལ་ཞི་བདེ་བར་གྱུར་ཅིག། །།"