1 ༡་ །།ཨེ་ལོ་ཧིམ་དང་ཀྱུ་རི་བོ་ཡེ་ཤུ་མ་ཤི་ཀའི་ཞབས་ཕྱི་ཡ༷་ཀོབ་ཀྱིས། གྱེས་ཡོད་པའི་སྡེ་བཅུ་གཉིས་པོ་ལ་ཕྱག་འབུལ་ལོ།།"
2 ༢་ །ངའི་སྤུན་རྣམས། དད་པ་ལ་ཚོད་ལྟ་བའི་ངང་ནས་བཟོད་པའི་སེམས་སྐྱེ་བ་ཁྱེད་ཀྱིས་ཤེས་པས།"
3 ༣་ ཉམས་སད་པ་སྣ་ཚོགས་མྱོང་བ་དགའ་སྦྲོ་ཆེན་པོར་རྩིས་ཤིག"
4 ༤་ །ཁྱེད་མ་ཚང་བ་མེད་པར་ཕུལ་དུ་ཕྱིན་ཅིང་རྗོགས་པར་འགྱུར་བའི་ཕྱིར། བཟོད་པ་ལ་འབྲས་བུ་ཚང་པོ་སྐྱེད་དུ་ཆུག"
5 ༥་ །ཁྱེད་སུ་ཞིག་ལ་ཤེས་རབ་མ་ཚང་ན། བཀའ་བཀྱོན་མི་མཛད་པར་ཐམས་ཅད་ལ་ལྷག་པར་གནང་བའི་ཨེ་ལོ་ཧིམ་ལ་ཞུས་ཤིག་དང་། གནང་བར་འགྱུར་རོ།"
6 ༦་ །ཐེ་ཚོམ་བྱེད་པའི་མི་ནི་རླུང་གིས་འདེད་ཅིང་འཕར་བའི་རྒྱ་མཚོའི་རྦ་རླབས་དང་འདྲ་བས་ན། ཐེ་ཚོམ་མི་བྱེད་པར་དད་པའི་སྒོ་ནས་ཞུ་བར་རིགས་སོ།"
7 ༧་ །ཡིད་གཉིས་བྱེད་པ་དང་།"
8 ༨་ བྱ་བ་ཐམས་ཅད་ནང་མི་བརྟན་པའི་མི་ཞིག་གིས་ཀྱུ་རི་བོ་ནས་ཅི་ཞིག་ཐོབ་པར་འགྱུར་མ་སེམས་ཤིག"
9 ༩་ །སྤུན་དམའ་བ་དེ་མཐོན་པོར་བཏེགས་པར་འགྱུར་བས་དམའ་བའི་གནས་སུ་ངོམས་ཤིག"
10 ༡༠་ །ཕྱུག་པོ་དེ་དམའ་བར་འགྱུར་བ་ལ་ངོམས་ཤིག་ཅི་ཕྱིར་ཞེ་ན། རྩྭའི་མེ་ཏོག་ལྟར་ཁོ་འདའ་བར་འགྱུར།"
11 ༡༡་ ཉི་མ་ཚ་པོ་ཤར་ནས་རྩྭ་སྐེམ་སྟེ་མེ་ཏོག་སར་ལྟུང་ནས། དེའི་མཛེས་སྡུག་མེད་པར་འགྲོའོ། །དེ་བཞིན་དུ་ཕྱུག་པོའང་རང་གི་འབད་རྩོལ་གྱི་ཕྲོ་ལ་རྙིད་པར་འགྱུར་རོ།"
12 ༡༢་ །ཉམས་སད་པ་ཐེག་པའི་མི་དེ་བདེའོ། །ཐེག་པའི་འོག་ཏུ་ཀྱུ་རི་བོ་ལ་གཅེས་པར་འཛིན་པ་རྣམས་ལ་གནང་བའི་ཞལ་ཆད་མཛད་པའི་མི་ཚེ་རྒྱུན་དུ་པའི་ཙོད་པན་རྙེད་པར་འགྱུར་རོ།"
13 ༡༣་ །ཉམས་སད་འབྱུང་དུས་སུ། ཨེ་ལོ་ཧིམ་གྱིས་ངའི་ཉམས་སད་དོ་ཞེས་མ་ཟེར་ཞིག། །ངན་པའི་སྒོ་ནས་ཨེ་ལོ་ཧིམ་གྱི་ཐུགས་སད་མི་སྲིད་ཅིང་། ཁོང་གིས་སུ་ཞིག་ལ་ཉམས་སད་པར་མི་མཛད་དོ།"
14 ༡༤་ །མི་རེ་རེ་རང་གི་འདོད་པས་བསླུ་ཞིང་འཁྲིད་ན་ཉམས་སད་པ་འབྱུང་ངོ་།"
15 ༡༥་ །དེ་ནས་འདོད་པ་མངལ་དང་ལྡན་པར་གྱུར་ཏེ་སྡིག་པ་སྐྱེས་ནས། སྡིག་པ་ཚད་དུ་ཕྱིན་པ་དང་འཆི་བ་འབྱུང་ངོ་།"
16 ༡༦་ །ངའི་སྤུན་གཅེས་པ་རྣམས། མགོ་མ་འཁོར་ཞིག"
17 ༡༧་ །གསོལ་རས་བཟང་པོ་དང་གནང་སྦྱིན་ཕུལ་བྱུང་ཐམས་ཅད་སྡེང་ནས་འོང་ཀྱི་ཡབ་ནས་འབབ་བོ། །ཁོང་ནི་འགྱུར་བའི་གྲིབ་མས་མ་གོས་ཤིང་འགྱུར་མེད་ལགས་སོ།"
18 ༡༨་ །ཁོང་གིས་བཀོད་པ་རྣམས་ཀྱི་ནང་ན་ང་ཚོ་ནི་ལོ་ཐོག་གི་པུང་དུ་འགྱུར་བའི་ཕྱིར། ཉིད་ཀྱི་དགོངས་བཞིན་བདེན་པའི་བཀའི་ཐབས་ཀྱིས་བསྐྱེད་པར་མཛད་དོ།།"
19 ༡༩་ །ངའི་གཅེས་པའི་སྤུན་རྣམས། ཤེས་པར་གྱིས་ཤིག །མི་ཀུན་ཉན་པ་ལ་མྱུར་ཞིང་། ལབ་པ་དང་ཁྲོ་བ་ལ་འགོར་དགོས།"
20 ༢༠་ མིའི་ཁྲོ་བས་ཨེ་ལོ་ཧིམ་གྱི་དྲང་བ་ཉིད་མི་སྒྲུབ་བོ།"
21 ༢༡་ །མི་གཙང་བ་ཐམས་ཅད་དང་ངན་པ་ལྷག་དྲག་པ་རྣམས་སྤངས་ཏེ། ཁྱེད་ཚོའི་སེམས་སྐྱོབ་ཐུབ་པའི་ཁྱེད་ནང་བཙུགས་པའི་བཀའ་དེ་དུལ་བའི་སྒོ་ནས་ལོང་ཞིག"
22 ༢༢་ །རང་མགོ་རང་གིས་བསྐོར་བའི་བཀའ་ཉན་མཁན་འབའ་ཞིག་ཏུ་མ་འགྱུར་བར་སྒྲུབ་མཁན་ལ་གྱུར་ཅིག"
23 ༢༣་ །སུ་ཞིག་བཀའ་ཉན་མཁན་ཡིན་ཏེ་སྒྲུབ་མཁན་མིན་ན། མེ་ལོང་ནང་རང་ཉིད་ཀྱི་གདོང་མཐོང་བའི་མི་དང་འདྲ་ཞིང་།"
24 ༢༤་ རང་གིས་མཐོང་སྟེ་སོང་མ་ཐག་ཏུ་ཁོ་རང་ཇི་ལྟ་བུ་ཞིག་ཡོད་པ་བརྗེད་དོ།"
25 ༢༥་ །འོན་ཀྱང་ཐར་པའི་བཀའ་ཁྲིམས་ཕུལ་དུ་བྱུང་བའི་མེ་ལོང་ནང་ལྟ་ཞིང་གནས་ན། བརྗེད་པའི་ཉན་མཁན་དུ་མི་གྱུར་བར། བྱ་བ་སྒྲུབ་མཁན་དུ་གྱུར་ཏེ། བྱིན་གྱིས་རློབ་པར་འགྱུར་རོ།"
26 ༢༦་ །མི་ཞིག་གིས་རང་དད་སེམས་ཅན་ཞིག་ཡིན་སེམས་ཀྱང་། རང་གི་ལྕེ་ལ་ཉ་ར་མི་བྱེད་པར་རང་བསླུ་ན། མི་དེའི་དད་ནི་དོན་མེད་དོ།"
27 ༢༧་ །དྭ་པྲུག་དང་མོ་རེང་མ་དེ་ཚོའི་སྡུག་བསྔལ་གྱི་དུས་སུ་ལྟ་བ་དང་། རང་ཉིད་འཇིག་རྟེན་གྱིས་ཅི་ནས་ཀྱང་མ་གོས་པར་སྲུང་བ་ནི། ཡབ་ཨེ་ལོ་ཧིམ་གྱི་སྤྱན་སྔར་དྲི་མ་མེད་པ་དང་ཡང་དག་པའི་དད་པ་ཡིན་ནོ།། །།"
1 ༡་ །ངའི་སྤུན་རྣམས། ཁྱེད་ཚོ་དཔལ་དང་ལྡན་པའི་ཀྱུ་རི་བོ་ཡེ་ཤུ་མ་ཤི་ཀའི་དད་པ་དང་ལྡན་པས། ཁྱེད་ཚོས་ཕྱོགས་རིས་བྱེད་པར་མི་རིགས་སོ།"
2 ༢་ །དཔེར་ན། གསེར་གྱི་སོར་གདུབ་དང་གོས་ཆེན་གྱོན་པའི་མི་ཞིག་དང་། དབུལ་པོ་གོས་དྲི་མ་ཅན་གྱོན་པ་ཞིག་ཁྱེད་ཚོའི་ཚོགས་པའི་ནང་འོང་ཚེ།"
3 ༣་ གོས་ཆེན་གྱོན་པ་དེ་ལ་ཁྱོད་ཚོས་རྩིས་ནས་བཞུགས་གདན་འདིར་བཞུགས་ཤིག་ཟེར་ཞིང་། དབུལ་པོ་དེ་ལ། དེར་ལོང་སྡོད། ཡང་ན་ངའི་འོག་ཏུ་སྡོད་ཅེས་ཟེར་ན།"
4 ༤་ ཁྱེད་ཚོ་རང་གི་ནང་ལ་དགྱེ་བ་བྱེད་མཁན་དང་བསམ་པ་ངན་པའི་གཤགས་བྱེད་མཁན་ལ་མ་གྱུར་ཏམ།"
5 ༥་ ངའི་སྤུན་གཅེས་པ་རྣམས་ཉོན་ཞིག །ཨེ་ལོ་ཧིམ་གྱིས་འཇིག་རྟེན་འདིའི་དབུལ་པོ་རྣམས་དད་པ་ལ་ཕྱུག་པོར་འགྱུར་བ་དང་། ཁོང་ལ་གཅེས་པ་རྣམས་ལ་ཞལ་བཞེས་པའི་རྒྱལ་སྲིད་ཀྱི་བརྒྱུད་འཛིན་དུ་འགྱུར་བའི་ཕྱིར་འདམས་པ་མ་ཡིན་ནམ།"
6 ༦་ འོན་ཀྱང་ཁྱེད་ཚོས་དབུལ་པོ་ལ་རྩིས་མེད་བྱས་སོ། །ཁྱེད་ཚོ་ནོན་ཅིང་ཁྲིམས་རར་གཏུག་མཁན་དང་།"
7 ༧་ ཁྱེད་ཚོས་ཁུར་བའི་མཚན་དམ་པ་དེ་ལ་སྐུར་པ་འདེབས་མཁན་ཕྱུག་པོ་མིན་ནམ།"
8 ༨་ བྲིས་པ་བཞིན། རང་དང་འདྲ་བར་ཁྱིམ་མཚེས་ལ་བྱམས་པ་བྱོས་ཤིག་ཅེས་པའི་རྒྱལ་བའི་བཀའ་དེ་ཡང་དག་པར་བསྒྲུབ་ན་ཁྱེད་ཚོས་ལེགས་པར་བྱེད་དོ།"
9 ༩་ །གལ་ཏེ་ཕྱོགས་རིས་བྱེད་ན་སྡིག་པ་བྱས་པས། བཀའ་ཁྲིམས་ཀྱིས་ཁྱེད་ཚོ་འགལ་མཁན་ཡིན་པར་བཟུང་ངོ་།"
10 ༡༠་ །བཀའ་ཁྲིམས་ཐམས་ཅད་སྲུང་ཡང་གཅིག་ལ་འགལ་ན། ཐམས་ཅད་ལ་འགལ་མཁན་དུ་འགྱུར་རོ།"
11 ༡༡་ །ལོག་གཡེམ་མ་བྱེད་ཅིག་གསུང་པ་ཁོང་གིས་མི་མ་གསོད་ཅེས་ཀྱང་གསུངས་སོ། །ད་ཁྱོད་ཚོས་ལོག་གཡེམ་མི་བྱེད་ཀྱང་མི་ཞིག་བསད་ན། ཁྱོད་ཚོ་བཀའ་ཁྲིམས་ལས་འགལ་ལོ།"
12 ༡༢་ །ཐར་པའི་བཀའ་ཁྲིམས་བཞིན་ཞལ་ཆེ་གཅོད་པར་འགྱུར་བའི་མི་རྣམས་དང་འདྲ་བར་གཏམ་དང་ལས་གྱིས་ཤིག"
13 ༡༣་ །སྙིང་རྗེ་མ་བྱས་པ་ལ་སྙིང་རྗེ་མེད་པའི་ཁྲིམས་གཅོད་པར་འགྱུར་རོ། །སྙིང་རྗེ་ནི་ཁྲིམས་ལས་རྒྱལ་བར་འགྱུར་རོ།།"
14 ༡༤་ །ངའི་སྤུན་རྣམས། མི་ཞིག་གིས་ང་ལ་དད་པ་ཡོད་ཟེར་ཡང་ལས་མེད་ན་ཅི་ལ་ཕན། དད་པ་དེས་ཁོ་སྐྱོབ་པར་ནུས་སམ།"
15 ༡༥་ གལ་ཏེ་སྤུན་ནམ་སྤུན་མ་ཞིག་ལ་གོས་དང་ཞག་རེའི་ཁ་ཟས་མེད་ན།"
16 ༡༦་ ཁྱེད་ཚོ་གཅིག་གིས་དེ་ལ། ཞི་བདེ་བར་གྱུར་ཅིག །དྲོས་པར་གྱུར་ཅིག །ཚིམ་པར་གྱུར་ཅིག་ཟེར་ཡང་། དེའི་ལུས་ལ་དགོས་པ་དེ་དངོས་སུ་མི་སྦྱིན་ན་ཅི་ལ་ཕན།"
17 ༡༧་ དེ་བཞིན་དུ་དད་པའང་ལས་དང་བྲལ་ན་རོ་འདྲ་ཡིན་ནོ།"
18 ༡༨་ །ཡང་མི་ཞིག་གིས་ཁྱོད་ལ་དད་པ་ཡོད། ང་ལ་ལས་ཡོད། ད་ཁྱོད་ཀྱིས་ལས་དང་བྲལ་ཏེ་རང་གི་དད་པ་སྟོན་ཅིག །ངས་ཀྱང་ལས་ཀྱི་སྒོ་ནས་རང་གི་དད་པ་སྟོན་པར་བྱའོ་ཞེས་ཟེར་སྲིད།"
19 ༡༩་ ཨེ་ལོ་ཧིམ་གཅིག་ལགས་པར་ཁྱེད་ཡིད་ཆེས་སམ། རེས་ན་ལེགས་སོ། ས༷་ཏན་ཡང་ཡིད་ཆེས་ཤིང་འདར་རོ།"
20 ༢༠་ །མི་བསམ་མེད་ཁྱོད། ལས་དང་བྲལ་བའི་དད་པ་ནི་སྟོང་པ་ཡིན་པར་ཤེས་པར་འདོད་དམ།"
21 ༢༡་ ང་ཚོའི་མེས་པོ་ཨ༷བ་ར་ཧམ་གྱིས་རང་གི་བུ་ཨི༷་སག་མཆོད་པར་ཕུལ་ཕྱིར་མཆོད་ཁྲིའི་ཁར་བཞག་ནས། ལས་ལ་རྟེན་ཏེ་ཐར་བར་མ་རྩིས་སམ།"
22 ༢༢་ །ཁོང་གི་ལས་དང་དད་པ་མཉམ་པོར་མཐུན་ཏེ། ལས་ཀྱི་ཐབས་ཀྱིས་དད་པ་རྫོགས་པར་གྱུར་པར་གསལ་ལོ།"
23 ༢༣་ །ཨ༷བ་ར་ཧམ་གྱིས་ཨེ་ལོ་ཧིམ་ལ་དད་པ་བྱས་པས། དེ་ནི་ཁོའི་ཕྱིར་ཐར་པའི་རྒྱུར་བརྩིས་སོ་ཞེས་བྲིས་པ་བསྒྲུབས་ཏེ། ཨེ་ལོ་ཧིམ་གྱི་མཛའ་བོར་ཡང་གྲགས་སོ།"
24 ༢༤་ །དེ་ལྟར་མི་ནི་དད་པ་གཅིག་གིས་མ་ཡིན་པར་ལས་ཀྱིས་ཐར་བ་གསལ་ལོ།"
25 ༢༥་ །དེ་བཞིན་དུ་སྨད་ཚོང་མ་ར༷་ཧབ་ཀྱིས་བང་ཆེན་རྣམས་ནང་ལ་བསུས་ཏེ། དེ་དག་ལམ་གཞན་ནས་བཏང་བས། མོ་ལས་ཀྱི་སྒོ་ནས་མ་ཐར་རམ།"
26 ༢༦་ དོན་དུ་སེམས་དང་བྲལ་བའི་ལུས་རོ་ཡིན་པ་ལྟར། ལས་དང་བྲལ་བའི་དད་པའང་རོ་ཡིན་ནོ།། །།"
1 ༡་ །ངའི་སྤུན་རྣམས། སློབ་མཁན་རྣམས་ལ་ཁྲིམས་ལྷག་པར་དམ་པོ་གཅད་པར་ངེས་པས། སློབ་དཔོན་མང་པོར་མ་གྱུར་ཅིག"
2 ༢་ །ང་ཚོས་མང་པོ་འཕྱུགས་པས། གཏམ་ནང་མི་འཕྱུགས་པ་དེ་ཕུལ་དུ་ཕྱིན་པ་ཡིན་ཏེ། ལུས་ཧྲིལ་པོ་གཅུན་པར་ནུས་སོ།"
3 ༣་ །ང་ཚོར་ཁ་ལོ་ཆུན་ཕྱིར་རྟའི་ཁ་རུ་སྲབ་གཡོགས་ནས། དེའི་ལུས་ཧྲིལ་པོར་དབང་སྒྱུར་རོ།"
4 ༤་ །གྲུ་གཟིང་ནི་ཆེན་པོ་ཡིན་ཞིང་། རླུང་དྲག་པོས་འདེད་ཀྱང་། མཇུག་སྐྱ་ཆུང་ངུ་ཞིག་གིས་གྲུ་པ་འདོད་སར་ཁ་ལོ་སྒྱུར་ནུས་པ་ལ་ལྟོས།"
5 ༥་ དེ་བཞིན་དུ་ལྕེའང་ཡན་ལག་ཆུང་ངུ་ཞིག་ཡིན་ཀྱང་རྐྱེན་ཆེན་པོ་ལྡང་ངོ་། མེ་ཆུང་ངུ་ཞིག་གིས་ནགས་ཚལ་ཆེན་པོ་བསྲེག་པ་ལ་ལྟོས།"
6 ༦་ ལྕེའང་མེ་ཞིག་ཡིན་པས་ང་ཚོའི་ཡན་ལག་གི་ནང་ནས་འཇིག་རྟེན་ན་གདུག་ཤོག་དེ་ཡིན། ལུས་ཧྲིལ་པོ་གྲིབ་ཅན་བྱེད་ཅིང་། དམྱལ་བའི་མེས་དེ་སྦར་ཞིང་། སྐྱེ་བའི་འཁོར་ལོར་མེ་སྤར་རོ།"
7 ༧་ །གཅན་གཟན་དང་། འདབ་ཆགས་དང་། ལྟོ་འགྲོ་དང་། རྒྱ་མཚོའི་སེམས་ཅན་སྣ་ཚོགས་པ་མིས་འདུལ་བར་ནུས་ཏེ་བཏུལ་བའང་ཡིན་ཀྱང་།"
8 ༨་ བཙན་དུག་གིས་གང་ཞིང་མི་འཚུགས་པའི་ངན་པ་ཡིན་པའི་ལྕེ་ནི་སུས་ཀྱང་འདུལ་བར་མི་ནུས་སོ།"
9 ༩་ །ལྕེའི་སྒོ་ནས་ང་ཚོས་ཀྱུ་རི་བོ་ཡབ་ལ་བསྟོད་ཅིང་། དེ་རང་གི་སྒོ་ནས་ཨེ་ལོ་ཧིམ་གྱི་པར་ཡིན་པའི་མི་ལ་དམོད་པར་བྱེད་དོ"
10 ༡༠་ །སྨྲ་བའི་ཁ་གཅིག་གི་ནང་ནས་སྨོན་པ་དང་དམོད་པ་གཉིས་ཀ་འཐོན་ནོ། །སྤུན་རྣམས། དེ་ལྟར་ཡོད་པར་མི་རིགས་སོ།"
11 ༡༡་ །ཆུ་མིག་གི་ཁ་གཅིག་ནས་ཆུ་མངར་བ་དང་ཁ་བ་གཉིས་འཐོན་ནམ།"
12 ༡༢་ སྤུན་རྣམས། སེ་ཡབ་ཤིང་ལ་ཁ་སྐྱུར་པོ་དང་། རྒུན་ཤིང་ལ་སེ་ཡབ་ཆགས་ཐུབ་བས། ལན་ཚྭ་བའི་ཆུ་ལས་མངར་བ་འཐོན་མི་ཐུབ་བོ།།"
13 ༡༣་ ཁྱེད་ཚོའི་ནང་ན་མཁས་པ་དང་བློ་གྲོས་ཅན་སུ་ཡིན། སྤྱོད་ལམ་བཟང་པོའི་སྒོ་ནས་རང་གི་ལས་ཤེས་རབ་ཀྱི་དུལ་བའི་ངང་ན་སྟོན་པར་རིགས་སོ།"
14 ༡༤་ །ཁྱེད་ཚོའི་སྙིང་གི་ནང་ན་ཕྲག་དོག་དྲག་པོ་དང་འགྲན་སེམས་ཡོད་ན། བདེན་པ་ལ་བལྟས་ནས་ངོམ་ཡང་མ་སྟོན་རྫུན་ཡང་མ་ཟེར་ཞིག"
15 ༡༥་ །ཤེས་རབ་དེ་ནི་སྟེང་ནས་མ་འབྱུང་གི འཇིག་རྟེན་དང་། བྱོལ་སོང་དང་། ས༷་ཏན་གྱི་ཤེས་རབ་ཡིན་ནོ།"
16 ༡༦་ །ཕྲག་དོག་དང་འགྲན་སེམས་ཡོད་སར་འཁྲུག་པ་དང་ལས་ངན་ཐམས་ཅད་ཀྱང་ཡོད་དོ།"
17 ༡༧་ །སྟེང་ནས་འབྱུང་བའི་ཤེས་རབ་ནི་དང་པོར་གཙང་མ། གཉིས་པར་མཐུན་སེམས་ཅན། གཞན་སྐྱོན་མི་འཛིན་པ། གོ་བ་ཡོད་པ། སྙིང་རྗེ་དང་འབྲས་བཟང་ལྡན་པ། ཕྱོགས་རིས་མེད་པ་དང་བཅོས་མ་མིན་པ་རྣམས་ཡིན་ནོ།"
18 ༡༨་ །འདུམ་བྱེད་མཁན་རྣམས་ཀྱིས་དྲང་བ་ཉིད་ཀྱི་འབྲས་བུའི་ས་བོན་འདུམ་པའི་སྒོ་ནས་འདེབས་སོ།། །།"
1 ༡་ །རྒྱུ་ཅིས་ཁྱེད་ཚོའི་ནང་དམག་དང་འཐབ་མོ་བྱུང་། ཁྱེད་ཚོའི་ལུས་ཀྱི་འདོད་པ་དབང་ཆེ་བའི་རྐྱེན་གྱིས་བྱུང་བ་མིན་ནམ།"
2 ༢་ ཁྱེད་ཚོས་འདོད་པ་ལྟར་མ་ཐོབ་པས་མིའི་སྲོག་གཅད་དོ། །བརྣབ་སེམས་བྱེད་ཅིང་མ་ཐོབ་པས་འཐབ་མོ་བྱེད་ཅིང་དམག་རྒྱབ་བོ། །ཁྱོད་ཚོས་མི་ཞུ་བས་མི་ཐོབ་བོ།"
3 ༣་ །ཞུས་ཀྱང་མི་ཐོབ་པ་ནི་རང་གི་འདོད་པ་སྤྱོད་ཕྱིར་ལོག་པར་ཞུས་པའི་རྐྱེན་གྱིས་སོ།"
4 ༤་ །ཨེ་ལོ་ཧིམ་སྤངས་པ་ཁྱེད་ཚོ་འཇིག་རྟེན་དང་མཛའ་བ་ནི་ཨེ་ལོ་ཧིམ་དང་འཁོན་པ་ཡིན་པར་མི་ཤེས་སམ། དེའི་ཕྱིར་འཇིག་རྟེན་གྱི་མཛའ་བོར་འགྱུར་འདོད་པ་དེས་རང་ཉིད་ཨེ་ལོ་ཧིམ་གྱི་དགྲ་བོར་བྱེད་དོ།"
5 ༥་ །ང་ཚོར་གནང་བའི་དམ་པའི་རུ་ཨག་ལ་ཁོང་གིས་འཁྲེན་སེམས་ཀྱིས་དུང་བར་མཛད་དོ། །ཞེས་བི༷་བལ་ན་བྲིས་ཡོད་པ་དོན་མེད་ཡིན་པར་སེམས་སམ།"
6 ༦་ ཨེ་ལོ་ཧིམ་གྱིས་ང་རྒྱལ་ཅན་ལ་རྒོལ་བར་མཛད་ཅིང་། སྙེམས་ཆུང་བ་ལ་ཐུགས་རྗེ་གནང་ངོ་ཞེས་གསུངས་པ་བཞིན་དུ། ཐུགས་རྗེ་ལྷག་པར་གནང་ངོ་།"
7 ༧་ །དེའི་ཕྱིར་ཨེ་ལོ་ཧིམ་གྱི་འབངས་བྱོས་ཤིག །ས༷་ཏན་ལ་རྒོལ་ཞིག་དང་འབྲོས་པར་འགྱུར་རོ།"
8 ༨་ །ཨེ་ལོ་ཧིམ་དང་ཉེ་བར་སོང་ཞིག་དང་། ཁོང་ཁྱེད་ཚོ་དང་ཉེ་བར་འབྱོན་པར་འགྱུར། སྡིག་ཅན་རྣམས། སྡིག་པ་ལས་ལག་པ་ཁྲུས་ཤིག ཡིད་གཉིས་བྱེད་པ་རྣམས། རང་གི་སྙིང་གཙང་མ་བྱོས་ཤིག"
9 ༩་ །སྡུག་བསྔལ་དང་མྱ་ངན་བྱེད་ཅིང་ངུས་ཤིག །ཁྱོད་ཀྱི་དགད་མོ་ནི་མྱ་ངན་དང་། དགའ་བ་ནི་ཡི་མུག་ཏུ་སྒྱུར་ཞིག"
10 ༡༠་ །ཀྱུ་རི་བོའི་སྤྱན་སྔར་དམན་སེམས་བཟུང་ཞིག་དང་ཁོང་གིས་ཁྱེད་ཚོ་ཡར་འདེབས་པར་འགྱུར་རོ།"
11 ༡༡་ །སྤུན་རྣམས། གཅིག་གིས་གཅིག་ལ་མ་སྨད་ཅིག །སྤུན་ལ་སྨད་པའམ་མཚང་འབྲུ་བ་དེས་བཀའ་ཁྲིམས་ལ་སྨད་ཅིང་། བཀའ་ཁྲིམས་ལ་མཚང་འབྲུའོ། བཀའ་ཁྲིམས་ལ་མཚང་འབྲུ་ན། བཀའ་ཁྲིམས་སྲུང་མཁན་དུ་མ་འགྱུར་བས་ཁྲིམས་དཔོན་དུ་འགྱུར་རོ།"
12 ༡༢་ །བཀའ་ཁྲིམས་གནང་མཁན་དང་ཁྲིམས་དཔོན་ནི་གཅིག་ལགས་ཏེ། དེ་ནི་སྐྱོབ་པ་དང་གསོད་པའི་དབང་ཡོད་པ་དེའོ། །རང་གི་ཁྱིམས་མཚེས་ལ་མཚང་འབྲུ་བ་ཁྱོད་སུ་ཡིན།།"
13 ༡༣་ །དེ་རིང་ཡང་ན་སང་ཉིན་གྲོང་ཁྱེར་ཆེ་གེ་མོར་སོང་ནས། དེར་ལོ་གཅིག་བསྡད་དེ་ཚོང་བྱེད་ཅིང་ཁེ་འབྱུང་བར་འགྱུར་ཟེར་བ་ཁྱོད་སུ་ཡིན།"
14 ༡༤་ སང་ཉིན་ཅི་འབྱུང་འོང་བ་དེ་མི་ཤེས་སོ། །ཁྱེད་ཀྱི་ཚེ་ལ་ཅི། ཡུད་ཙམ་སྣང་ནས་ཡལ་འགྲོ་བའི་རླངས་པ་ཞིག་གོ"
15 ༡༥་ །དེའི་ཚབ་ལ་ཀྱུ་རི་བ་དགྱེས་ན་ང་ཚོ་གསོན་ཞིང་འདི་དང་འདི་བཞིན་བྱའོ་ཟེར་བར་རིགས་སོ།"
16 ༡༦་ །ད་ལྟ་ཁྱེད་ཚོས་ང་རྒྱལ་གྱིས་ངོམ་པར་བྱེད། དེ་ལྟ་བུའི་ངོམ་པ་ཐམས་ཅད་ངན་པ་ཡིན།"
17 ༡༧་ ཇི་ལྟར་བྱ་འོས་པ་ཤེས་གཞིན་དུ་མི་བྱེད་པ་དེས་སྡིག་པ་བྱེད་དོ།། །།"
1 ༡་ །ད་ཁྱེད་ཚོ་ཕྱུག་པོ་རྣམས་ཁྱེད་ཚོའི་ཐོག་ཏུ་འོང་བར་འགྱུར་བའི་སྡུག་བསྔལ་གྱི་ཕྱིར་ངུས་ཤིག་སྐད་ངན་ཕྱུངས་ཤིག"
2 ༢་ །ཁྱེད་ཚོའི་ནོར་རུལ་ཞིང་གོས་མུག་པས་ཟོས།"
3 ༣་ ཁྱེད་ཚོའི་གསེར་དང་དངུལ་བཙས་ཟོས་ནས། ཁྱེད་ཚོས་དུས་ཀྱི་མཐའ་མའི་ཕྱིར་མེ་བསགས་པས་བཙའ་དེས་དཔང་པོ་བྱེད་ཅིང་། དེས་ཁྱེད་ཚོའི་ཤ་མེ་ལྟར་སྲེག་པར་འགྱུར།"
4 ༤་ ཁྱེད་ཚོའི་མགོ་བསྐོར་གྱིས་མ་བཅལ་བར་བཞག་པའི་ཞིང་བརྔས་པའི་གླ་པའི་གླ་ཆས་འབོད་སྒྲོག་ཅིང་། རྔ་མཁན་རྣམས་ཀྱི་འོ་དོད་དཔུང་ཆེན་གྱི་ཀྱུ་རི་བོའི་སྙན་དུ་བསླེབས་སོ།"
5 ༥་ །ཁྱེད་ཚོ་ས་གཞི་རུ་ལོངས་སྤྱོད་དང་སྐྱིད་པོར་བསྡད། གསོད་གཅོད་ཀྱི་ཞག་ལ་རང་གི་སྙིང་རྒྱག་པར་བྱས།"
6 ༦་ དྲང་པོ་དེ་ཁྱེད་ཚོས་ཁྲིམས་བཏང་ནས་བསད། དེས་ཁྱེད་ཚོར་མི་རྒོལ་ལོ།།"
7 ༧་ །སྤུན་རྣམས། ཀྱུ་རི་བོ་འབྱོན་པའི་བར་བཟོད་པ་སྒོམས་ཤིག །ཞིང་པ་ས་གཞིའི་སྟོན་ཐོག་རིན་ཆེན་ལ་སྒུག་ཅིང་། ཆར་པ་སྔ་རྟིང་གཉིས་ཀ་འབབ་པའི་བར་དུ་སྲན་པ་ལ་སྟོས་ཤིག"
8 ༨་ །ཀྱུ་རི་བོ་མྱུར་དུ་འབྱོན་འོང་བས། ཁྱེད་ཚོས་ཀྱང་བཟོད་པ་དང་སྙིང་རུས་བྱོས་ཤིག"
9 ༩་ །ཁྱེད་ཚོར་ཁྲིམས་མི་འཕོག་ཕྱིར། ཕན་ཚུན་མ་འབར་ཞིག །ཁྲིམས་དཔོན་སྒོ་རྩ་ན་འདུག"
10 ༡༠་ །སྤུན་རྣམས། ཀྱུ་རི་བོའི་མཚན་མརྗོད་ཅིང་བཀའ་བཤད་པའི་ཕ༷་རོ་པེ་ཏེ་པ་རྣམས་ནི་སྲན་པ་དང་བཟོད་པའི་དཔེ་རུ་ལོངས་ཤིག"
11 ༡༡་ །སྡུག་སྲན་བྱེད་པ་རྣམས་ལ་ང་ཚོས་བཀྲ་ཤིས་བརྗོད། ཁྱེད་ཚོས་ཡོབ་ཀྱི་སྡུག་སྲན་ཐོས་ཡོད། ཀྱུ་རི་བོ་ཇི་ལྟ་བུའི་སྙིང་རྗེ་ཅན་དང་ཐུགས་རྗེ་ཅན་ལགས་པ། ཁོང་གི་ཐུགས་དགོངས་ལས་ཁྱེད་ཚོས་མཐོང་ངོ་།"
12 ༡༢་ །སྤུན་རྣམས། ཐམས་ཅད་ལས་གལ་ཆེ་བ། བཀའ་ཆད་མི་འཕོག་པའི་ཕྱིར་མནའ་མ་སྐྱེལ་ཞིག །ནམ་མཁའི་མནའ་མ་སྐྱེལ། སའི་མནའ་མ་སྐྱེལ། གཞན་ཅི་ཞིག་གི་མནའ་མ་སྐྱེལ། ཁྱེད་ཀྱི་གཏམ་ཡིན་ན་ཡིན་མིན་ན་མིན་བརྗོད་དགོས་སོ།།"
13 ༡༣་ །ཁྱེད་ཚོའི་ནང་ན་སུ་ལ་སྡུག་བསྔལ་ཡོད་ན། དེས་སྨོན་ལམ་ཐོབ་ཅིག །བློ་བདེ་ན་བསྟོད་དབྱངས་ཕུལ་ཞིག །ཁྱེད་ཚོའི་ནང་ན་སུ་ཞིག་ན་ན། མ་ཤི་ཀ་པ་ཚོགས་ཀྱི་རྒན་མི་རྣམས་བོས་ཤིག །དེ་རྣམས་ཀྱིས་ཀྱུ་རི་བོའི་མཚན་བརྗོད་ཅིང་སྨོན་ལམ་བཏབ་ནས་སྣུམ་འབྱུག་དགོས།"
15 ༡༥་ དད་པའི་སྨོན་ལམ་གྱིས་ནད་པ་དེ་ནད་ལས་ཐར་བར་འགྱུར་ཞིང་། ཀྱུ་རི་བོས་དེ་བསླང་བར་འགྱུར། ཡང་དེས་སྡིག་པ་བྱས་ཡོད་ན་དེའང་སེལ་བར་འགྱུར་རོ།"
16 ༡༦་ །གཅིག་གིས་གཅིག་ལ་སྡིག་པ་མཐོལ་ཞིག །གསོ་བའི་ཕྱིར་གཅིག་གིས་གཅིག་གི་དོན་དུ་སྨོན་ལམ་ཐོབ་ཅིག །དྲང་པོ་ཞིག་གི་སྨོན་ལམ་གྱི་མཐུ་ཆེའོ།"
17 ༡༧་ །ཨེ༷་ལི་ཡཱ་ནི་ང་ཚོའི་གཤིས་དང་འདྲ་བའི་མི་ཞིག་ཡིན་ཀྱང་། ཆར་པ་མི་འབབ་པའི་ཕྱིར་སྨོན་ལམ་ཚ་དྲག་བཏབ་པ་དང་། ལོ་གསུམ་དང་ཟླ་བ་དྲུག་གི་བར་དུ་ས་ལ་ཆར་པ་མ་བབས།"
18 ༡༨་ དེ་ནས་ཡང་སྐྱར་སྨོན་ལམ་བཏབ་པ་དང་། གནམ་ནས་ཆར་པ་བབས་ཤིང་ས་གཞི་ནས་ལོ་ཐོག་བྱུང་ངོ་།"
19 ༡༩་ །ངའི་སྤུན་རྣམས། ཁྱེད་ཚོའི་ནང་ན་སུ་ཞིག་བདེན་པ་ལས་འཁྱར་ནས། གཞན་ཞིག་གིས་ཕྱིར་ལོག་ཁྱོང་ན།"
20 ༢༠་ སྡིག་ཅན་ཞིག་ལམ་ལོག་པ་ནས་ལོག་ཁྱོང་མཁན་དེས། མི་དེའི་སེམས་འཆི་བ་ལས་སྐྱོབས་པས། སྡིག་པའི་ཚོགས་ཤིག་སེལ་བར་འགྱུར་བར་གོ་ཞིག། །།"