1 ༡་ །།ཀྱེ་ཐེ༷འོ་ཕི་ལུ།"
2 ༢་ སློབ་དེབ་དང་པོའི་ནང་ངས་ཡེ་ཤུས་ཉིད་ཀྱིས་འདམས་པའི་ཨ༷་པོ་ཏོ་ལོ་པ་རྣམས་ལ་དམ་པའི་རུ་ཨཱག་གི་ངང་ནས་བཀའ་གནང་སྟེ། ཡར་ཕེབས་པའི་ཉིན་མོའི་བར་དུ་ཅི་མཛད་པ་དང་སློབ་ཁྲིད་མཛད་པ་རྣམས་བཀོད་པ་ཡིན།"
3 ༣་ སྡུག་བསྔལ་བཞེས་པའི་འོག་ཏུ་ཉིད་སྐུ་གསོན་པོ་ཡིན་པའི་མངོན་རྟགས་མང་པོ་བསྟན་ཅིང་། ཞག་བཞི་བཅུའི་བར་དུ་དེ་ཚོར་ཉིད་ཀྱི་སྐུ་གསོན་པོ་བསྟན་ཏེ། ཨེ་ལོ་ཧིམ་གྱི་རྒྱལ་སྲིད་ཀྱི་སྐོར་གསུང་གླེང་མཛད་དོ།"
4 ༤་ །དེ་ཚོ་དང་མཉམ་དུ་བཞུགས་པའི་ཚེ་དེ་དག་ལ། ཡོ༷་ཧ་ནན་གྱིས་ཆུའི་བ༷བ་ཐི་སོ་བཏང་ཡང་། རིང་པོར་མ་ལོན་པར་ཁྱེད་ལ་དམ་པའི་རུ་ཨག་གི་བ༷བ་ཐི་སོ་བཏང་བར་འགྱུར་ཞེས་ངས་བརྗོད་པའི་ཡབ་ཀྱི་ཞལ་བཞེས་བསྒྲུབ་པའི་བར་དུ།"
5 ༥་ ཡེ་རུ་ཤ་ལེམ་ནས་མི་འགྲོ་བར་སྒུག་ཅིག་ཅེས་བཀའ་གནང་ངོ་།།"
6 ༦་ །དེ་ཚོ་ཚོགས་པ་དང་ཁོང་ལ། ཀྱུ་རི་བོ། ཁྱེད་ཀྱིས་དེའི་ཚེ་ཡི༷ས་ར་ཨེལ་ལ་རྒྱལ་སྲིད་སླར་གསོ་བར་མཛད་དམ་ཞེས་ཞུས་པ་དང་།"
7 ༧་ ཁོང་གིས། ཡབ་ཀྱིས་ཉིད་ཀྱི་མངའ་དབང་གིས་བཙུགས་པའི་དུས་སྐབས་ཁྱེད་ཚོས་ཤེས་པར་མི་རུང་ངོ་།"
8 ༨་ །འོན་ཀྱང་ཁྱེད་ལ་དམ་པའི་རུ་ཨག་འབབ་པའི་ཚེ་དབང་བརྙེས་ནས། ཡེ༷་རུ་ཤ་ལེམ་དང་། ཡ༷་ཧུ་དཱ་ཡོངས་དང་། ས༷་མར་ཡ་དང་། ས་གཞིའི་མཐའ་མའི་བར་དུ་ངའི་དཔང་པོར་འགྱུར་བར་འགྱུར་གསུངས་མ་ཐག་ཏུ།"
9 ༩་ དེ་ཚོས་མཐོང་སར་ཡར་འདེགས་ཏེ་སྦྲིན་ཞིག་གིས་དེ་ཚོའི་མིག་གི་མདུན་ནས་ཡར་གདན་དྲངས་སོ།"
10 ༡༠་ །དེ་ཚོས་ཁོང་ཡར་འདེགས་པར་ནམ་མཁར་བལྟས་བལྟས་པ་ལས་གོས་དཀར་པོ་གོན་པའི་མི་གཉིས་བྱུང་སྟེ་འདི་སྐད་དུ།"
11 ༡༡་ ཀྱེ་ག༷་ལིལ་པ་རྣམས། ཅིའི་ཕྱིར་ནམ་མཁར་བལྟ། ཁྱེད་ཀྱི་མདུན་ནས་ནམ་མཁར་ཕེབས་པའི་ཡེ་ཤུ་དེ་ཉིད། ནམ་མཁར་ཕེབས་པ་མཐོང་བ་དང་འདྲ་བར་ཕྱིར་འབྱོན་པར་འགྱུར་རོ་ཞེས་སྨྲས་སོ།།"
12 ༡༢་ །དེ་ནས་དེ་རྣམས་ཤ༷བ་བད་ཀྱི་ཉིན་ལམ་གཅིག་གི་སར་ཡོད་པ་ཡེ༷་རུ་ཤ་ལེམ་དང་ཉེ་བའི་ཁ༷་སྐྱུར་པོའི་རི་ལས་བབས་ནས་ཡེ༷་རུ་ཤ་ལེམ་དུ་ལོག་གོ"
13 ༡༣་ །དེར་བསླེབས་ནས། པེ༷་ཏྲོ་དང་། ཡོ༷་ཧ་ནན་དང་། ཡ༷་ཀོབ་དང་། ཨ༷ན་དྲེ་ཡ་དང་། ཕི༷་ལིབ་དང་། ཐོ་མ་དང་། བ༷ར་ཐོ་ལ་མ་དང་། མ༷ད་ཐ་དང་། ཨ༷ལ་ཕའི་བུ་ཡ༷་ཀོབ་དང་། བརྩོན་འགྲུས་པ་བྱ་བའི་ཤི༷་མོན་དང་། ཡ༷་ཀོབ་ཀྱི་བུ་ཡུ༷་དཱ་བཅས་དེ་དག་སྡོད་པའི་སྟེང་ཁང་དུ་སོང་ངོ་།"
14 ༡༤་ །དེ་ཐམས་ཅད་དང་། བུད་མེད་ཁ་ཤས་དང་། ཡེ་ཤུའི་ཡུམ་མ༷་རི་ཡཱ་དང་། ཁོང་གི་སྐུ་མཆེད་རྣམས་སེམས་གཅིག་གིས་སྨོན་ལམ་ལ་འབུངས་སོ།"
15 ༡༥་ །དེ་ཙ་ན་སྤུན་བརྒྱ་དང་ཉི་ཤུ་ཙམ་གནས་གཅིག་ཏུ་ཚོགས་པའི་དཀྱིལ་ནས་པེ༷་ཏྲོས་བཞེངས་ཏེ་འདི་སྐད་དུ།"
16 ༡༦་ སྤུན་རྣམས། དམ་པའི་རུ་ཨག་གིས་དཱ༷་བིད་ཀྱི་ཞལ་གྱི་སྒོ་ནས་ཡུ༷་དཱའི་སྐོར་ཕ༷་རོ་པེ་ཏེ་པ་རྣམས་གྲུབ་པར་དགོས་ཏེ།"
17 ༡༧་ ཁོ་ང་ཚོའི་ཁོངས་སུ་བརྩིས་ཏེ། ཞབས་ཏོག་གི་སྐལ་བ་ཐོབ་ཀྱང་། ཡེ་ཤུ༷་འཛིན་པ་རྣམས་ཀྱི་ལམ་སྣ་པར་གྱུར་ཏོ།"
18 ༡༨་ །ཁོའི་ལས་ངན་འདིའི་གླ་ལས་ཞིང་ཞིག་ཉོས་སོ། །དེ་ནས་ཁོ་སྤྱི་བོས་ལྟུངས་ནས་ལྟོ་བ་གས་ཏེ། ནང་ཆ་ཐམས་ཅད་ཕྱིར་ཐོན་ནོ།"
19 ༡༩་ །དེ་ཡེ༷་རུ་ཤ་ལེམ་པ་ཐམས་ཅད་ཀྱིས་ཤེས་ཏེ། ཞིང་དེའི་མིང་ལ་དེ་ཚོའི་སྐད་ནང་ཨ༷་ཀེལ་ད་མ་བོད་སྐད་དུ་ཁྲག་གི་ཞིང་ཁ་ཞེས་བཏགས་སོ།།"
20 ༢༠་ །གསུང་མགུར་ན་འདི་སྐད་དུ། །དེ་ཡི་ཁྱིམ་ཡང་སྟོངས་པར་ཤོག །དེའི་ནང་སུ་ཡང་མི་གནས་ཤོག །ལས་ཚན་གཞན་གྱིས་ལེན་པར་ཤོག ཅེས་བྲིས་འདུག་གོ"
21 ༢༡་ །དེ་བས་ན་ཀྱུ་རི་བོ་ཡེ་ཤུས་ཡོ༷་ཧ་ནན་གྱིས་བ༷བ་ཐི་སོ་བཞེས་པ་ནས་བཟུང་སྟེ་ང་ཚོའི་མདུན་ནས་ཡར་འདེགས་པའི་ཉིན་མོའི་བར་དུ་ང་ཚོའི་ནང་དུ་ཕན་ཚུན་གཤེགས་བཞུད་ཀྱི་དུན་ཐམས་ཅད་ལ།"
22 ༢༢་ ང་ཚོ་མཉམ་ཡོད་པ་གཅིག་ཁོང་གསོན་པོར་བཞེངས་པའི་དཔང་པོར་འགྱུར་དགོས་སོ་ཞེས་གསུངས་པ་དང་།"
23 ༢༣་ དེ་ཚོས་བར་ས་བའམ་དྲང་པོ་བྱ་བའི་ཡོ༷་སེབ་དང་མ༷ད་ཐི་ཡ་གཉིས་ལང་དུ་བཅུག་ནས། འདི་ལྟར།"
24 ༢༤་ ཀྱེ་ཀྱུ་རི་བོ། མི་ཐམས་ཅད་ཀྱི་སྙིང་མཁྱེན་མཁན་ལགས། ཡུ༷་དཱ་ལམ་བསྟོར་ནས་རང་གི་གནས་སུ་སོང་བ་དེའི་ཚབ་ལ།"
25 ༢༥་ ཨ༷་པོ་ཏོ་ལོ་པ་དང་ཞབས་ཏོག་བྱེད་པའི་ཕྱིར་འདི་གཉིས་ཀྱི་ནང་ནས་ཁྱེད་ཀྱིས་སུ་འདམས་པ་ང་ཚོར་སྟོན་པར་མཛོད་ཅིག་ཅེས་སྨོན་ལམ་བཏབ་བོ།"
26 ༢༦་ །རྒྱན་བརྒྱབས་བྱས་ནས་མ༷ད་ཐི་ཡ་ཡི་མིང་ཐོན་པས། ཁོང་ཨ༷་པོ་ཏོ་ལོ་བཅུ་གཅིག་དང་མཉམ་དུ་བརྩིས་སོ།། །།"
1 ༡་ །ཨི༷་ཏ་ལི་པར་གྲགས་པའི་དམག་ཚོགས་ཀྱི་བརྒྱ་དཔོན་ཀོར༷་ནེ་ལིའུ་བྱ་བ་ཞིག་ཀེ༷་སར་ཡ་རུ་ཡོད་དེ།"
2 ༢་ ཁོང་ཨེ་ལོ་ཧིམ་ལ་དགའ་ཞིང་ཁྱིམ་ཚང་དང་བཅས་པ་ཨེ་ལོ་ཧིམ་ལ་འཇིགས་ཤིང་། མི་སྡེ་ལ་སྦྱིན་པ་མང་པོ་གཏོང་བ་དང་། ཨེ་ལོ་ཧིམ་ལ་སྨོན་ལམ་བཏབ་པར་བྱེད་དོ།"
3 ༣་ ཁོང་གིས་ཕྱི་དྲོ་ཆུ་ཚོད་གསུམ་པ་ཙམ་ལ་ཞལ་གཟིགས་ནང་ཨེ་ལོ་ཧིམ་གྱི་ཨ༷ན་ཇལ་ཞིག་རང་གི་ནང་དུ་ཕེབས་པ་གསལ་པོར་མཐོང་བས། ཨ༷ན་ཇལ་གྱིས་ཀོ༷ར་ནེ་ལིའུ་ཞེས་གསུངས་པ་དང་།"
4 ༤་ སྐྲགས་ཏེ་མིག་ཕུར་ཚུགས་སུ་བལྟས་ནས། ཅི་ལགས་ཞུས་པ་དང་། ཁོང་གིས། དྲན་རྟེན་བཞིན་དུ་ཁྱེད་ཀྱི་སྨོན་ལམ་དང་སྦྱིན་པ་རྣམས་ཨེ་ལོ་ཧིམ་གྱི་དྲུང་དུ་བསླེབས་པས།"
5 ༥་ ཡོ༷་ཕ་རུ་མི་ཞིག་གཏོང་ལ། པེ༷་ཏྲོ་བྱ་བའི་ཤི༷་མོན་གདན་དྲོངས་ཤིག"
6 ༦་ ཁོང་རྒྱ་་མཚོའི་འགྲམ་དུ་གནས་པའི་ཀོ་མཉེད་པ་ཤི༷་མོན་གྱི་རྩར་བཞུགས་སོ།"
7 ༧་ །ཞེས་གསུངས་ནས་ཨ༷ན་ཇལ་ཕེབས་པ་དང་། གཡོག་པོའི་ནང་ནས་གཉིས་དང་། རྟག་ཏུ་དེའི་མདུན་དུ་སྡོད་པའི་དམག་མིའི་ནང་ནས་ཆོས་སེམས་ཅན་ཞིག་བོས་ཏེ།"
8 ༨་ ཐམས་ཅད་བཤད་ནས་ཡོ༷་ཕ་རུ་བཏང་ངོ་།"
9 ༩་ །དེའི་སང་ཉིན་མི་ཚོ་ལམ་ལ་ཞུགས་ཤིང་། གྲོང་ཁྱེར་དང་ཉེ་བར་བསླེབས་པའི་ཚེ། ཉིན་ཕྱེད་ཙམ་ལ་པེ་ཏྲོ་ཁང་པའི་ཐོག་ལ་སྨོན་ལམ་འདེབས་པའི་ཕྱིར་ཕེབས་སོ།"
10 ༡༠་ །དེ་ནས་ཁོང་བཀྲེས་ཤིང་ཁ་ཟས་གསོལ་འདོད་པས་ཞབས་ཕྱིས་ཟ་མ་བཤམས་པའི་རིང་ལ། ཁོང་དྲན་པ་མཉམ་བཞག་ཏུ་བཞུགས་སྐབས།"
11 ༡༡་ ནམ་མཁའ་བྱེ་ནས་རས་ཆེན་པོ་འདྲ་བ་ཞིག་གྲུ་བཞི་ནས་བཏགས་པ་ས་ལ་མར་བབས་པ་གཟིགས་སོ།"
12 ༡༢་ །དེའི་ནང་ས་ལ་ཡོད་པའི་རྐང་བཞི་པ་དང་། ལྟོ་འགྲོ་དང་། གནམ་གྱི་འདབ་ཆགས་ཐམས་ཅད་ཡོད་དོ།"
13 ༡༣་ །དེ་ནས་པེ༷་ཏྲོ། ལོངས་ལ་བསད་དེ་ཟོ་ཞིག་ཅེས་པའི་སྒྲ་ཞིག་བྱུང་ངོ་།"
14 ༡༤་ པེ༷་ཏྲོས། ཀྱུ་རི་བོ་ངས་དེ་མི་བྱ། ངས་ཁ་ཟས་ཕལ་པ་དང་མི་གཙང་བ་ནམ་ཡང་མ་ཟོས་ཞུས་སོ།"
15 ༡༥་ སྒྲ་དེས་ཡང་སྐྱར་ཨེ་ལོ་ཧིམ་གྱིས་གཙང་མར་མཛད་པ་རྣམས་ཁྱེད་ཀྱིས་མི་གཙང་བ་ཞེས་མ་ཟེར་གསུངས་སོ།"
16 ༡༦་ །ལན་གསུམ་དེ་ལྟར་བྱུང་ནས་སྣོད་དེ་ནམ་མཁར་དྲངས་སོ།"
17 ༡༧་ །པེ༷་ཏྲོས་ཞལ་གཟིགས་དེའི་དོན་དེ་མ་གོ་ཞིང་དེའི་དོན་ཅི་ཡིན་སེམས་པ་ལས། ཀོ༷ར་ནེ་ལིའུས་བཏང་བའི་མི་ཚོས་ཤི༷་མོན་གྱི་ཁང་པ་འཚོལ་ཞིང་རྟ་སྒོར་བསླེབས་ནས།"
18 ༡༨་ པེ༷་ཏྲོ་ཞུ་བའི་ཤི༷་མོན་འདིར་བཞུགས་སམ་ཞེས་སྐད་བརྒྱབས་ནས་དྲིས་སོ།"
19 ༡༩་ །པེ༷་ཏྲོས་ཞལ་གཟིགས་དེའི་སྐོར་ལ་བསམ་བློ་བཏང་བ་ལས། དམ་པའི་རུ་ཨག་གིས། མི་གསུམ་གྱིས་ཁྱེད་འཚོལ་ལོ།"
20 ༢༠་ །མི་དེ་ཚོ་ངས་བཏང་བས། ལོངས་ལ་མར་བབས་ནས་ཐེ་ཚོམ་མི་བྱེད་པར་དེ་ཚོ་མཉམ་དུ་སོང་ཞིག་ཅེས་གསུངས་པ་དང་།"
21 ༢༡་ པེ༷་ཏྲོས་དེ་གསུམ་གྱི་རྩར་མར་ཕེབས་ནས། ཁྱེད་ཚོས་འཚོལ་བའི་མི་དེ་ང་ཡིན། ཁྱེད་ཚོ་འདིར་འོང་བའི་དོན་གང་ཡིན་གསུངས་པ་དང་། "
22 ༢༢་ །དེ་ཚོས་འདི་སྐད་དུ། ཡ༷་ཧུ་དཱ་པའི་མི་བརྒྱུད་ཐམས་ཅད་ཀྱིས་བསྟོད་པའི་ཀོ༷ར་ནེ་ལིའུ་བྱ་བའི་བརྒྱ་དཔོན་དྲང་པོ་དང་། ཨེ་ལོ་ཧིམ་ལ་འཇིགས་པ་དེ་ལ་དམ་པའི་ཨ༷ན་ཇལ་གྱིས། དེའི་ཁང་པར་ཁྱེད་གདན་དྲངས་ནས། ཁྱེད་ཀྱིས་གསུངས་པ་ལ་ཉོན་ཅིག་ཅེས་པའི་བཀའ་ཕེབས་སོ་ཞེས་ཞུས་པས།"
23 ༢༣་ དེ་ཚོ་མགྲོན་པོར་ནང་དུ་བོས་སོ། དེའི་སང་ཉིན་བཞེངས་ནས་ཁོང་ཚོ་དང་མཉམ་ཕེབས་པས། ཡོ༷་ཕའི་སྤུན་ཁ་ཤས་ཀྱང་ཞབས་ཕྱིར་སོང་ངོ་།"
24 ༢༤་ །དེའི་སང་ཉིན་ཁོང་ཀེ༷་སར་ཡཱ་རུ་བསླེབས་སོ། །ཀོ༷ར་ནེ་ལིའུས་ཁོང་ཚོར་སྒུག་ཅིང་དེར་རང་གི་གཉེན་དང་གྲོགས་པོ་ཉེ་བ་རྣམས་བསྡུས་ཡོད་དོ།"
25 ༢༥་ །པེ༷་ཏྲོ་དེར་ཕེབས་པ་དང་ཀོ༷ར་ནེ་ལིའུས་མཇལ་ཞིང་། ཞབས་ལ་མགོ་བཏུད་དེ་ཕྱག་བཙལ་ཏོ།"
26 ༢༦་ །པེ༷་ཏྲོས་ཁོང་བསླངས་ཏེ། ལོངས་ཤིག་ངའང་མི་ཞིག་ལས་གཞན་མིན་གསུང་ཞིང་།"
27 ༢༧་ དེ་དང་གཏམ་གླེང་ཞིང་ནང་དུ་ཕེབས་པས་མི་མང་པོ་འཛོམ་ཡོད་པར་གཟིགས་སོ།"
28 ༢༨་ །དེ་རྣམས་ལ། ཡ༷་ཧུ་དཱ་པ་ཞིག་མི་བརྒྱུད་གཞན་གྱི་མི་ཞིག་དང་འགྲོགས་པའམ། དེའི་ཁྱིམ་དུ་འགྲོ་བ་མི་རུང་བ་ཡིན་པ་དེ་ཁྱེད་ཚོས་ཤེས་སོ། །འོན་ཀྱང་ཨེ་ལོ་ཧིམ་གྱིས་ང་ལ། སུའང་ཕལ་པའམ་མི་གཙང་བར་རྩིར་མི་རུང་བ་ཡིན་པ་དེ་སྟོན་པར་མཛད་དོ།"
29 ༢༩་ །དེའི་ཕྱིར་ང་བོས་པར་མི་ཡོང་མ་ཟེར་བར་འོངས་པ་ཡིན། ད་ང་ཅིའི་ཕྱིར་བོས་ཞེས་ཁྱེད་ལ་འདྲིའོ། གསུངས་པ་དང་།"
30 ༣༠་ ཀོ༷ར་ནེ་ལིའུས། དེ་རིང་ནས་ཉི་མ་བཞིའི་སྔོན་གྱི་ཆུ་ཚོད་འདི་རང་ལ་ངས་ཁང་པའི་ནང་དུ་ཕྱི་དྲོའི་སྨོན་ལམ་འདེབས་པའི་ཚེ། གོས་འོད་ཅན་གོན་པའི་མི་ཞིག་ངའི་མདུན་དུ་བཞེངས་ནས་ངར་གསུངས་པ།"
31 ༣༡་ ཀོ༷ར་ནེ་ལིའུ། ཨེ་ལོ་ཧིམ་གྱིས་ཁྱེད་གྱི་སྨོན་ལམ་གསན་ཏེ། ཁྱེད་ཀྱི་སྦྱིན་པ་རྣམས་ལ་ཐུགས་མཉེས་སོ།"
32 ༣༢་ །ཡོ༷་ཕ་རུ་མི་བཏང་སྟེ་པེ༷་ཏྲོ་བྱ་བའི་ཤི༷་མོན་བོས་ཤིག ཁོང་རྒྱ་མཚོའི་འགྲམ་དུ་ཀོ་མཉེད་པ་ཤི༷་མོན་གྱི་ཁྱིམ་ན་གནས་སོ།"
33 ༣༣་ །ཞེས་གསུངས་མ་ཐག་ཏུ་གདན་འདྲེན་ཞུ་མི་བཏང་བ་ཡིན། ཁྱེད་ཕེབས་པ་ཐུགས་རྗེ་ཆེའོ། །ད་ཀྱུ་རི་བོས་ཁྱེད་ལ་གསུངས་པ་ཐམས་ཅད་ཉན་པའི་དོན་དུ། ང་ཚོ་ཨེ་ལོ་ཧིམ་གྱི་སྤྱན་སྔར་འདིར་འཛོམ་ཡོད་ཞུས་སོ།།"
34 ༣༤་ པེ༷་ཏྲོས་ཞལ་ཕྱེས་ནས་གསུངས་པ། ཨེ་ལོ་ཧིམ་གྱིས་ཕྱོགས་རིས་མི་མཛད་པ་ངས་བདེན་པར་མཐོང་ངོ་།"
35 ༣༥་ །མི་བརྒྱུད་ཐམས་ཅད་ཀྱི་ནང་ནས་ཁོང་ལ་འཇིགས་ཤིང་ལས་དྲང་པོ་བྱེད་ཚད་ལ་ཁོང་མཉེས་སོ།"
36 ༣༦་ །ཐམས་ཅད་ཀྱི་ཀྱུ་རི་བོ་ལགས་པའི་ཡེ་ཤུ་མ་ཤི་ཀས་ཞི་བདེའི་འཕྲིན་བཟང་བསྒྲགས་པའི་བཀའ།"
37 ༣༧་ གང་དེ་ཡོ༷་ཧ་ནན་གྱིས་བ༷བ་ཐི་སོ་གནང་མཁན་གྱི་བཤད་པའི་རྗེས་སུ་ག༷་ལིན་ནས་བཟུང་སྟེ་ཡ༷་ཧུ་དཱ་ཡུལ་ཀུན་ཏུ་བསྒྲགས་པ། དེ་ནི་ཨེ་ལོ་ཧིམ་གྱིས་ཡ༷་ཧུ་དཱ་པར་གནང་བ་ཁྱེད་ཀྱིས་ཤེས་སོ།"
38 ༣༨་ །ན༷་ཙ་རེད་པ་ཡེ་ཤུ་དེ་ནི་ཨེ་ལོ་ཧིམ་གྱིས་དམ་པའི་རུ་ཨག་དང་མཐུ་ཡིས་བྱུགས་ཏེ། ཨེ་ལོ་ཧིམ་ཁོང་དང་འགྲོགས་པས། ཀུན་ཏུ་གཤེགས་ཤིང་། ས༷་ཏན་གྱིས་མནན་པ་ཐམས་ཅད་གསོ་ཞིང་ཕྱོགས་ཀུན་ཏུ་བཀའ་དྲིན་མཛད་ཅིང་ཕེབས་སོ།"
39 ༣༩་ །ཡ༷་ཧུ་དཱ་ཡུལ་དང་ཡེ༷་རུ་ཤ་ལེམ་གཉིས་པོར་ཇི་དང་ཇི་མཛད་པ་ཐམས་ཅད་ཀྱི་དཔང་པོ་ང་ཚོ་ཡིན། དེ་ཚོས་ཁོང་ཤིང་ལ་སྦྱར་ཏེ་བཀྲོངས་སོ།"
40 ༤༠་ །འོན་ཀྱང་ཨེ་ལོ་ཧིམ་གྱིས་ཞག་གསུམ་པ་ལ་ཁོང་སྐུ་གསོན་པོར་བསླངས་ནས་མངོན་པར་མཛད་དོ།"
41 ༤༡་ །ཐམས་ཅད་ལ་མངོན་པར་མ་མཛད་པར། ང་ཚོ་ཨེ་ལོ་ཧིམ་གྱིས་སྔར་འདམས་པའི་དཔང་པོ་ཡིན་པ་ཁོང་བཞེངས་པའི་རྗེས་སུ་ཁོང་དང་མཉམ་ཟ་ཞིང་འཐུངས་པ་རྣམས་ལ་ཁོང་མངོན་པར་མཛད་དོ།"
42 ༤༢་ ཁོང་གིས་ང་ཚོར། མི་སྡེ་ལ་འཕྲིན་བཟང་འཆད་པ་དང་། ཨེ་ལོ་ཧིམ་གྱིས་བསྐོས་པའི་གསོན་གཤིན་གཉིས་ཀྱི་ཁྲིམས་དཔོན་ནི་ཁོང་ལགས་པ་སྟོན་པའི་ཕྱིར་བཀའ་གནང་ངོ་།"
43 ༤༣་ ཁོང་ལ་དད་པ་བྱེད་ཚད་ལ་ཁོང་གི་མཚན་གྱི་དབང་གིས་སྡིག་སེལ་ཐོབ་པར་འགྱུར་རོ་ཞེས་ཕ༷་རོ་པེ་ཏེ་པ་ཐམས་ཅད་ཀྱིས་དཔང་པོ་བྱེད་དོ།"
44 ༤༤་ །པེ༷་ཏྲོས་དེ་ལྟར་གསུང་བའི་འཕྲོ་ལ། བཀའ་ཐོས་པ་ཐམས་ཅད་ལ་དམ་པའི་རུ་ཨག་བབས་སོ།"
45 ༤༥་ །པེ༷་ཏྲོ་དང་མཉམ་དུ་འོངས་པའི་དད་པར་གྱུར་པའི་ཡ༷་ཧུ་དཱ་པ་རྣམས་ཀྱིས་ཨེ་ལོ་ཧིམ་ངོ་མ་ཤེས་པ་ལའང་དམ་པའི་རུ་ཨག་གི་གནང་སྦྱིན་བབས་ཤིང་།"
46 ༤༦་ སྐད་སོ་སོར་སྨྲ་ཞིང་ཨེ་ལོ་ཧིམ་ལ་བསྟོད་པ་ཐོས་ཏེ་ངོ་མཚར་དུ་གྱུར་ཏོ།"
47 ༤༧་ །པེ༷་ཏྲོས། ང་ཚོ་འདྲ་བར་དམ་པའི་རུ་ཨག་ཐོབ་པའི་མི་འདི་ཚོར་བ༷བ་ཐི་སོའི་ཆུ་སུས་འགེགས་པར་ནུས་གསུངས་ཏེ།"
48 ༤༨་ །ཡེ་ཤུ་མ་ཤི་ཀའི་མཚན་བརྗོད་ཅིང་དེ་ཚོར་བ༷བ་ཐི་སོ་ཞིག་ཅེས་བཀའ་གནང་ངོ་། །ཡང་ཁོང་ལ་ཞག་འགའ་ཞིག་དེར་བཞུགས་པར་མཛོད་ཅེས་ཞུས་སོ།། །།"
1 ༡་ ཨ༷་པོ་ཏོ་ལོ་པ་དང་ཡ༷་ཧུ་དཱ་རུ་ཡོད་པའི་སྤུན་རྣམས་ཀྱིས། ཨེ་ལོ་ཧིམ་ངོ་མ་ཤེས་པ་རྣམས་ཀྱིས་ཀྱང་ཨེ་ལོ་ཧིམ་གྱི་བཀའ་བླངས་པའི་གཏམ་དག་ཐོས་སོ།"
2 ༢་ །པེ༷་ཏྲོ་ཡེ༷་རུ་ཤ་ལེམ་དུ་ཕེབས་པ་དང་། ཡ༷་ཧུ་དཱ་པ་ཡིན་པའི་སྤུན་ཚོས་ ཁོང་ལ་རྩོད་དེ།"
3 ༣་ ཁྱེད་ཅི་ལ་ཨེ་ལོ་ཧིམ་ངོ་མ་ཤེས་པ་རྣམས་ཀྱི་རྩར་སོང་ནས། དེ་ཚོ་དང་མཉམ་ཁ་ཟས་ཟོས་པ་ཡིན་ཞེས་སྨྲས་པས།"
4 ༤་ པེ༷་ཏྲོས་རིམ་གྱིས་རྒྱུ་མཚན་བཤད་དེ་འདི་སྐད་དུ།"
5 ༥་ ང་གྲོང་ཁྱེར་ཡོ༷་ཕ་ན་སྨོན་ལམ་བཏབ་ལ་ཡོད་པ་ལས། དྲན་པ་མཉམ་བཞག་གི་ངང་ནས་ཞལ་གཟིགས་ནང་རས་ཆེན་པོ་འདྲ་བ་ཞིག་གྲུ་བཞི་ནས་བཏགས་ཏེ་ནམ་མཁའ་ལས་ངའི་མདུན་དུ་བབས་པར་མཐོང་བྱུང་།"
6 ༦་ ཞིབ་ཏུ་བལྟས་པས་ས་ལ་ཡོད་པའི་རྐང་བཞི་པ་དང་། གཅན་གཟན་དང་། ལྟོ་འགྲོ་དང་། གནམ་གྱི་འདབ་ཆགས་ཐམས་ཅད་དེར་ཡོད་པ་མཐོང་བ་དང་།"
7 ༧་ པེ༷་ཏྲོ། ལོངས་ལ་བསད་དེ་ཟོ་ཞིག་ཅེས་པའི་སྒྲ་ཞིག་ཐོས།"
8 ༨་ །ངས་ཀྱུ་རི་བོ། དེ་མི་བྱ། ཁ་ཟས་ཕལ་པ་དང་མི་གཙང་བ་ཞིག་ནམ་ཡང་ངའི་ཁའི་ནང་བསླེབས་མ་མྱོང་ཞུས་ཀྱང་།"
9 ༩་ ནམ་མཁའ་ལས་སྒྲ་དེས་ཡང་སྐྱར། ཨེ་ལོ་ཧིམ་གྱིས་གཙང་བར་མཛད་པ་དེ་ཁྱེད་ཀྱིས་མི་གཙང་བ་ཞེས་མ་ཟེར་གསུངས་སོ།"
10 ༡༠་ །ལན་གསུམ་དེ་ལྟར་བྱུང་ནས་དེ་ཐམས་ཅད་ནམ་མཁར་དྲངས་སོ།"
11 ༡༡་ །དུས་དེ་ཉིད་དུ་ཀེ༷་སར་ཡ་ནས་ངའི་རྩར་བཏང་བའི་མི་གསུམ་ང་སྡོད་པའི་ཁང་པར་བསླེབས་ཏེ།"
12 ༡༢་ རུ་ཨག་གིས་ང་ལ། ཁྱེད་ཐེ་ཚོམ་མི་བྱེད་པར་མི་དེ་ཚོ་དང་མཉམ་དུ་སོང་ཞིག་ཅེས་གསུངས་སོ། །སྤུན་འདི་དྲུག་པོའང་ང་དང་མཉམ་དུ་ཕྱིན་ནས་མི་དེའི་ཁང་པའི་ནང་ཞུགས་པ་དང་།"
13 ༡༣་ དེས་ང་ཚོར། ཁོང་གིས་ཁྱིམ་ནང་ཨ༷ན་ཇལ་ཞིག་འགྲེང་ཞིང་ཁོང་ལ། ཡོ༷་ཕ་རུ་མི་ཞིག་ཐོང་ལ་པེ༷་ཏྲོ་བྱ་བའི་ཤི༷་མོན་བོས་ཤིག"
14 ༡༤་ ཁྱེད་ དང་ཁྱེད་ཀྱི་ཁྱིམ་ཚང་ཐམས་ཅད་ཐར་པའི་བཀའ་འཆད་པར་འགྱུར་ཞེས་གསུངས་པ་མཐོང་བྱུང་ཞེས་བཤད་བྱུང་།"
15 ༡༥་ ངས་དེ་ཚོར་གཏམ་བྱེད་པར་བརྩམས་པ་ལས། སྔར་ང་ཚོར་དམ་པའི་རུ་ཨག་བབས་པ་བཞིན་དུ་དེ་ཚོ་ལའང་བབས་སོ།"
16 ༡༦་ །ཡོ༷་ཧ་ནན་གྱིས་ཆུའི་བ༷བ་ཐི་སོ་བཏང་ཡང་། ཁྱེད་ལ་དམ་པའི་རུ་ཨག་གི་བ༷བ་ཐི་སོ་བཏང་བར་འགྱུར་ཞེས་ཀྱུ་རི་བོས་གསུངས་པ་ངས་དྲན་བྱུང་།"
17 ༡༧་ ང་ཚོས་ཀྱུ་རི་བོ་ཡེ་ཤུ་མ་ཤི་ཀ་ལ་དད་པའི་ཚེ་གནང་བའི་གནང་སྦྱིན་དེ་ཀ་རང་། ཨེ་ལོ་ཧིམ་གྱིས་དེ་ཚོར་ཡང་གནང་ན། ཨེ་ལོ་ཧིམ་ལ་འགེགས་པར་ནུས་པའི་མི་ང་སུ་ཡིན་ཞེས་གསུངས་སོ།"
18 ༡༨་ །དེ་ཐོས་པ་དང་དེ་ཚོ་ཅིའང་མི་སྨྲ་བར་གྱུར་ཏེ། ཨེ་ལོ་ཧིམ་གྱིས་ཨེ་ལོ་ཧིམ་ངོ་མ་ཤེས་པ་རྣམས་ལའང་མི་ཚེ་རྒྱུན་དུ་པ་ཐོབ་པའི་ཕྱིར་སེམས་འགྱུར་བར་གནང་ངོ་ཟེར་ཞིང་ཨེ་ལོ་ཧིམ་ལ་བསྟོད་བསྔགས་སོ།།"
19 ༡༩་ །སེ༷་ཏེ་ཕན་ནས་བཟུང་སྟེ་འཚེ་བ་བྱུང་བའི་རྐྱེན་གྱིས་སློབ་མ་རྣམས་ཁ་གྱེས་ནས། ཕེ༷་ནེ་ཀེ་དང་། ས༷་ཡིབ་པུ་རུས་དང་། ཨ༷ན་ཏི་ཡོག་བར་དུ་ཕྱིན་ཏེ། ཡ༷་ཧུ་དཱ་པར་མ་གཏོགས་གཞན་སུ་ལའང་བཀའ་མ་བཤད།"
20 ༢༠་ །འོན་ཀྱང་ས༷་ཡིབ་པུ་རུས་དང་ཀི༷་རེ་ནེ་པ་ཁ་ཤས་ཨ༷ན་ཏི་ཡོག་ཏུ་བསླེབས་ནས། ཧེ༷་ལེན་པ་རྣམས་དང་ཆོས་གླེང་ཞིང་ཀྱུ་རི་བོ་ཡེ་ཤུའི་འཕྲིན་བཟང་དེ་དག་ལ་བཤད་དོ།"
21 ༢༡་ །ཀྱུ་རི་བོའི་དབང་གིས་མི་ཤིན་ཏུ་མང་པོ་དད་པར་གྱུར་ཏེ། ཀྱུ་རི་བོ་ལ་བསྟེན་ཏོ།"
22 ༢༢་ །ཡེ༷་རུ་ཤ་ལེམ་གྱི་མ་ཤི་ཀ་པ་ཚོགས་པས་དེ་ཐོས་ནས། ཨ༷ན་ཏི་ཡོག་ཏུ་བ༷ར་ན་བ་བཏང་བས།"
23 ༢༣་ །དེར་བསླེབས་ནས་ཨེ་ལོ་ཧིམ་གྱི་ཐུགས་རྗེ་མཐོང་སྟེ། དགའ་བར་གྱུར་ནས། སྙིང་རུས་ཆེན་པོས་དེ་ཚོར་ཀྱུ་རི་བོ་ལ་བསྟེན་བའི་སྐུལ་མ་གནང་ངོ་།"
24 ༢༤་ །ཁོང་ཡང་རྒྱུད་བཟང་ཞིང་དད་པ་དང་དམ་པའི་རུ་ཨག་གིས་གང་བ་ཞིག་སྟེ། ཚོགས་ཆེན་པོ་ཞིག་གིས་ཀྱུ་རི་བོར་བསྟེན་ཏོ།"
25 ༢༥་ །བ༷ར་ན་བ་ཤ༷་ཨུལ་འཚོལ་དུ་ཏ༷ར་སུ་རུ་ཕེབས་ནས།"
26 ༢༦་ ཁོང་བརྙེས་པ་དང་ཨ༷ན་ཏི་ཡོག་ཏུ་ཁྲིད་དེ། ལོ་འཁོར་ཞིག་གི་བར་དུ་མ་ཤི་ཀ་པ་ཚོགས་དང་འགྲོགས་ཤིང་། མི་མང་པོ་ལ་སློབ་ཁྲིད་བྱས་སོ། སློབ་མ་རྣམས་ལ་མ་ཤི་ཀ་པ་ཞེས་པའི་མིང་ཐོག་མར་ཨ༷ན་ཏི་ཡོག་ཏུ་ཐོགས་སོ།།"
27 ༢༧་ །དེའི་དུས་སུ་པ༷་རོ་པེ་ཏེ་པ་རེ་ཡེ༷་རུ་ཤ་ལེམ་ནས་ཨ༷ན་ཏི་ཡོག་ཏུ་བསླེབས་སོ།"
28 ༢༨་ །དེ་ཚོའི་ནང་ནས་ཨ༷་ག་བུ་བྱ་བ་དེ་ལངས་ནས། ས་གཞི་ཐམས་ཅད་དུ་མུ་གེ་ཆེན་པོ་ཞིག་འབྱུང་བར་འགྱུར་ཞེས་རུ་ཨག་གི་སྒོ་ནས་ལུང་བསྟན་པས། ཀ༷་ལོ་དིའུའི་དུས་སུ་དེ་བཞིན་དུ་བྱུང་ངོ་།"
29 ༢༩་ །སློབ་མ་ཚོས་ཡ༷་ཧུ་དཱ་རུ་གནས་པའི་སྤུན་རྣམས་ལ་ཁོང་ཚོ་རེ་རེ་ལྕོགས་ཚད་བཞིན་དུ་མཐུན་རྐྱེན་སྐུར་བར་ཐག་བཅད་ནས།"
30 ༣༠་ དེ་བཞིན་བྱས་ཏེ། བ༷ར་ན་བ་དང་པ༷འུ་ལུ་རྒྱུད་ནས་རྒན་མི་རྣམས་ལ་བསྐུར་ཏོ།། །།"
1 ༡་ །དུས་དེ་ཙམ་ལ་རྒྱལ་པོ་ཧེ༷་རོ་དེས་མ་ཤི་ཀ་པ་ཚོགས་ལ་གཏོགས་པ་རེ་ལ་བཙེས་ཤིང་།"
2 ༢་ །ཡོ༷་ཧ་ནན་གྱི་ཕུ་བོ་ཡ༷་ཀོབ་རལ་གྲིས་བསད་དོ།"
3 ༣་ །དེ་ལ་ཡ༷་ཧུ་དཱ་པ་རྣམས་དགའ་བར་མཐོང་ནས། པེ༷་ཏྲོའང་བཟུང་ངོ་། །དེ་ཙ་ན་སྐྱུར་རྩི་མེད་པའི་བག་ལེབ་ཀྱི་དུས་ཆེན་ཡིན་ནོ།"
4 ༤་ །པེ༷་སག་གི་དུས་ཆེན་རྫོགས་པའི་རྗེས་སུ་མི་སྡེའི་མདུན་དུ་ཁོང་ཁྲིད་པའི་བསམ་པས། ཁོང་བཟུང་ནས་བཙོན་དུ་བཅུག་སྟེ། དམག་མི་བཞི་སྡེའི་ཚོ་བཞི་ལ་བསྲུང་བར་བཏད་དོ།"
5 ༥་ །དེ་ལྟར་པེ༷་ཏྲོ་བཙོན་ཁང་ནང་ཡོད་དེ། མ་ཤི་ཀ་པ་ཚོགས་ཀྱིས་སྙིང་ཐག་པ་ནས་ཁོང་གི་དོན་དུ་ཨེ་ལོ་ཧིམ་ལ་སྨོན་ལམ་བཏབ་བོ།།"
6 ༦་ །ཧེ༷་རོ་དེས་ཁོང་འདོན་པར་བརྩམས་པའི་མཚན་དེ་རང་ལ། པེ༷་ཏྲོ་ལྕགས་སྒྲོགས་གཉིས་ཀྱིས་བཅིངས་ནས་དམག་མི་གཉིས་ཀྱི་བར་ལ་ཉལ་ཡོད་དེ། སྲུང་མཁན་གཞན་རྣམས་ཀྱིས་བཙོན་ཁང་གི་སྒོ་བསྲུངས་སོ།"
7 ༧་ །ཀྱུ་རི་བོའི་ཨ༷ན་ཇལ་ཞིག་བྱུང་ནས། ཁང་མིག་ནང་འོད་ཤར་ཏེ། ཨ༷ན་ཇལ་གྱིས་པེ༷་ཏྲོའི་གཞོགས་ལ་བརྡུངས་ནས་གཉིད་སད་དེ། མགྱོགས་པར་ལོངས་ཤིག་གསུངས་པ་དང་། ལག་པ་ནས་ལྕགས་སྒྲོག་རྣམས་གྲོལ་ལོ།"
8 ༨་ །ཨ༷ན་ཇལ་གྱིས་ཁོང་ལ། སྐ་རགས་ཆིང་ལ་ལྷམ་གོན་ཅིག་ཅེས་གསུངས་པས། དེ་བཞིན་དུ་མཛད་དོ། །ཡང་ཨ༷ན་ཇལ་གྱིས། གོས་གོན་ནས་ངའི་རྗེས་སུ་ཤོག་ཅེས་གསུངས་པས།"
9 ༩་ རྗེས་སུ་འབྲངས་ཤིང་ཕྱི་རོལ་དུ་ཐོན་ནོ། །ཨ༷ན་ཇལ་གྱིས་མཛད་པ་དེ་མངོན་སུམ་ཡིན་པར་མ་ཤེས་པར། ཞལ་གཟིགས་ཡིན་པར་བསམ་མོ།"
10 ༡༠་ ཁོང་གཉིས་སྲུང་མཁན་དང་པོ་དང་གཉིས་པ་ནས་བརྒལ་ཏེ་གྲོང་ཁྱེར་དུ་འགྲོ་བའི་ལྕགས་སྒོའི་མདུན་དུ་བསླེབས་པ་དང་། སྒོ་དེ་རང་བཞིན་གྱིས་བྱེ་སྟེ། དེ་དག་ཕྱི་རོལ་དུ་ཐོན་ནས། ལམ་སྲང་ཞིག་ནས་ཕར་སོང་མ་ཐག་ཏུ་ཨ༷ན་ཇལ་གྱིས་ཁོང་བོར་ནས་ཕེབས་སོ།"
11 ༡༡་ །པེ༷་ཏྲོ་ལ་དྲན་པ་འཁོར་ནས། ཀྱུ་རི་བོས་ཨ༷ན་ཇལ་མངགས་ནས་ཧེ༷་རོ་དེའི་དབང་དང་། ཡ༷་ཧུ་དཱ་པའི་མི་སྡེའི་དམིགས་དོན་ཐམས་ཅད་ལས་ང་ཐར་བར་མཛད་པར་གསལ་ལོ་ཞེས་གསུངས་སོ།"
12 ༡༢་ །དེ་མཁེན་ནས་མ༷ར་ཀུ་བྱ་བའི་ཡོ༷་ཧ་ནན་གྱི་མ་མ༷་རི་ཡའི་ཁང་པར་ཕེབས་སོ། །དེར་མི་མང་པོ་འཛོམས་ནས་སྨོན་ལམ་འདེབས་ཀྱིན་ཡོད་དེ།"
13 ༡༣་ པེ༷་ཏྲོས་སྒོ་བརྡུངས་པ་དང་། རོ༷་དེ་བྱ་བའི་གཡོག་མོ་དེས་སུ་ཡིན་པ་བལྟ་རུ་འོངས་པས།"
14 ༡༤་ །དེས་པེ༷་ཏྲོའི་གསུང་སྐད་ངོ་ཤེས་ནས་དགའ་དྲགས་དེ་སྒོ་མ་ཕྱེ་བར་ནང་དུ་བརྒྱུགས་ནས། པེ༷་ཏྲོ་སྒོར་བཞུགས་སོ་ཞེས་བཤད་དོ།"
15 ༡༥་ །དེ་ཚོས་ཁྱོད་སྨྱོའོ་ཟེར་ཡང་མོས་དེ་བཞིན་འདུག་ཅེས་ཨུ་ཚུགས་བྱས་པས། དེ་ཚོས་ཁོའི་ཨ༷ན་ཇལ་ཡིན་སྨྲས་སོ།"
16 ༡༦་ །པེ༷་ཏྲོས་སྒོ་རྡུང་གིན་བཞུགས་པས། དེ་ཚོས་སྒོ་ཕྱེས་ཏེ་ཁོང་མཇལ་བ་དང་ངོ་མཚར་དུ་གྱུར་ཏོ།"
17 ༡༧་ །དེ་ཚོར་ཁ་རོག་སྡོད་ཕྱིར་ཕྱག་བརྡ་མཛད་ནས་ཀྱུ་རི་བོས་ཁོང་བཙོན་རྭ་ནས་ཇི་ལྟར་བཏོན་པ་རྣམས་བཤད་དེ། བྱ་བ་དེ་ཡ༷་ཀོབ་དང་སྤུན་རྣམས་ལ་ཤོད་ཅིག་ཅེས་གསུངས་ནས་དེ་ནས་བཤེགས་ཏེ་ཡུལ་གཞན་དུ་ཕེབས་སོ།"
18 ༡༨་ །ནམ་ལངས་པ་དང་པེ༷་ཏྲོར་ཇི་བྱུང་བའི་སྐོར་དམག་མིའི་ནང་དུ་ཟིང་ཆ་ཆེན་པོ་བྱུང་ངོ་།"
19 ༡༩་ །ཧེ༷་རོ་དེས་བཀུག་དུས་ཁོང་མེད་པས་བཙོན་སྲུང་པ་རྣམས་ལ་ཞིབ་དབྱོད་ཀྱིས་དེ་ཚོ་གསོད་ཅིག་ཅེས་བཀའ་བསྒོས་ནས་ཡ༷་ཧུ་དཱ་ནས་སོང་སྟེ་ཀེ༷་སར་ཡ་རུ་གནས་སོ།།"
20 ༢༠་ །ཧེ༷་རོ་དེ་ཚོ༷ར་དང་ཚི༷་དོ༷ན་པ་རྣམས་དང་འཁྲུགས་ཏེ། དེ་ཚོའི་ཡུལ་གྱི་འཚོ་ཚིས་རྒྱལ་པོའི་ཡུལ་ལ་རག་ལས་པས། དེ་ཚོ་འདུས་ནས་གཟིམས་དཔོན་བ༷་ལས་ཏུ་ལ་ནན་བསྐུལ་གྱིས། རྒྱལ་པོའི་དྲུང་དུ་སོང་སྟེ་བཟང་སྒྲིག་བྱེད་པའི་ཞུ་བ་ཕུལ་ལོ།"
21 ༢༡་ །བསྐོས་པའི་ཉིན་མོ་དེར་ཧེ༷་རོ་དེ་རྒྱལ་པོའི་ན་བཟའ་གསོལ་ནས་རྒྱལ་ཁྲི་ལ་འཁོད་དེ། བཀའ་མཆིད་མཛད་དོ།"
22 ༢༢་ །མི་ཚོགས་ཀྱིས་འདི་ནི་མིའི་སྐད་མ་ཡིན་ལྷའི་གསུང་སྐད་ལགས་སོ་ཞེས་འབོད་བསྒྲགས་སོ།"
23 ༢༣་ །རྒྱལ་པོས་བསྟོད་པ་དེ་ཨེ་ལོ་ཧིམ་ལ་མ་ཕུལ་པས། དེ་མ་ཐག་ཏུ་ཀྱུ་རི་བོའི་ཨ༷ན་ཇལ་གྱིས་བརྡུངས་ནས་སྲིན་བུས་ཟོས་ནས་ཤིའོ།"
24 ༢༤་ །ཨེ་ལོ་ཧིམ་གྱི་བཀའ་ནི་དར་ཞིང་རྒྱས་སོ།"
25 ༢༥་ །བ༷ར་ན་བ་དང་པ༷འུ་ལུ་ཡེ༷་རུ་ཤ་ལེམ་དུ་བརྫངས་པའི་ལས་བསྒྲུབས་ནས་མ༷ར་ཀུ་བྱ་བའི་ཡོ༷་ཧ་ནན་ཀྱང་ཁྲིད་ནས་ཕྱིར་ལོག་ཕེབས་སོ།། །།"
1 ༡་ ཨ༷ན་ཏི་ཡོག་གི་མ་ཤི་ཀ་པ་ཚོགས་ནང་བ༷ར་ན་བ་དང་། མི༷་ནག་བྱ་བའི་ཤི་མོན་དང་། ཀི༷་རེ་ནེ་པ་ལུ༷་ཀིའུ་དང་། ལྗོངས་དཔོན་ཧེ༷་རོ་དེའི་རྩེད་གྲོགས་ཡིན་པའི་མ༷་ན་ཧེན་དང་། པ༷འུ་ལུ་ལ་སོགས་པའི་ཕ༷་རོ་པེ་ཏེ་པ་དང་སློབ་དཔོན་རྣམས་ཡོད་དོ།"
2 ༢་ །དེ་ཚོ་ཀྱུ་རི་བོ་ལ་བསྙེན་བཀུར་བྱེད་ཅིང་བཟའ་བཏུང་གཅོད་པའི་ཚེ། དམ་པའི་རུ་ཨག་གྱིས། བ༷ར་ན་བ་དང་པ༷འུ་ལུ་གཉིས་ངས་བཅོལ་བའི་ལས་ཚན་གྱི་ཕྱིར་སོ་སོར་ཞོག་ཅིག་ཅེས་གསུངས་སོ།"
3 ༣་ །བཟའ་བཏུང་གཅོད་བསྲུང་ཞིང་སྨོན་ལམ་བཏབ་སྟེ་དེ་གཉིས་ཀྱི་སྟེང་དུ་ལག་པ་བཞག་ནས་བཏང་ངོ་།།"
4 ༤་ །དམ་པའི་རུ་ཨག་གྱིས་མངགས་ཏེ་དེ་གཉིས་ས༷་ལུ་ཀི་རུ་ཕེབས་ཤིང་། དེ་ནས་ས༷་ཡིབ་པུ་རུས་ལ་ཆུ་ཐོག་ཏུ་ཕེབས་སོ།"
5 ༥་ །ས༷་ལ་མི་རུ་བྱོན་པ་དང་ཡ༷་ཧུ་དཱ་པའི་སི༷ན་ན་གོས་ཀུན་གྱི་ནང་ཨེ་ལོ་ཧིམ་གྱི་བཀའ་བཤད་དོ། །ཡོ༷་ཧ་ནན་ཁོང་གི་ཕྱག་ཕྱིར་ཡོད་པ་ཡིན།"
6 ༦་ གླིང་ཕྲན་དེ་འཁོར་ཞིང་པ༷་ཕོའི་བར་དུ་བསླེབས་ནས། སྒྱུ་མ་མཁན་ཡིན་པའི་ཡ༷་ཧུ་དཱ་པའི་ཕ༷་རོ་པེ་ཏེ་པ་རྫུས་མ་བ༷ར་ཡེ་ཤུ་བྱ་བ་ཞིག་དང་ཕྲད་དོ།"
7 ༧་ །དེ་ནི་རོ༷་མ་པའི་སྦྱི་ཁྱབ་སེ༷ར་གེའུ་པ༷འུ་ལུ་བྱ་བ་བློ་ལྡན་དེ་དང་མཉམ་ཡོད་པ་ཡིན། སྤྱི་ཁྱབ་དེས་བ༷ར་ན་བ་དང་པ༷འུ་ལུ་གཉིས་བོས་ནས་ཨེ་ལོ་ཧིམ་གྱི་བཀའ་ཐོས་པར་འདོད་དོ།"
8 ༨་ །འོན་ཀྱང་ཨེ༷་ལི་མ་བྱ་བའི་སྒྱུ་མ་མཁན་དེས་དེ་དག་ལ་རྒོལ་ཏེ། །སྤྱི་ཁྱབ་དེ་དད་པ་ལས་ཟློག་པར་འདོད་པས།"
9 ༩་ པ༷འུ་ལུ་བྱ་བའི་ཤ༷་ཨུལ་ལ་དམ་པའི་རུ་ཨག་གིས་ཁྱབ་སྟེ། མི་དེ་ལ་སྤྱན་ཕུར་ཚུགས་སུ་གཟིགས་ཤིང་།"
10 ༡༠་ གཡོ་སྒྱུ་དང་ངན་པས་གང་བའི་ས༷་ཏན་གྱི་བུ་ཁྱོད། དྲང་བ་ཐམས་ཅད་ཀྱི་དགྲ་བོ་ཁྱོད། ཀྱུ་རི་བོའི་ལམ་དྲང་པོ་དེ་ཁྱོག་པོར་བྱེད་པ་མི་སྤོང་ངམ།"
11 ༡༡་ ད་ཀྱུ་རི་བོའི་ཆད་པ་ཁྱོད་ཀྱི་སྟེང་དུ་ཡོད་པས། ཁྱོད་རེ་ཞིག་ལོང་བར་གྱུར་ཏེ་ཉི་མ་མིག་གིས་མཐོང་བར་མི་འགྱུར་ཞེས་གསུངས་མ་ཐག་ཏུ། དེ་ལ་ན་བུན་དང་མུན་པས་འཐིབས་ནས་། ལག་པ་ནས་འཁྲིད་མཁན་འཚོལ་ཞིང་འཁོར་རོ།"
12 ༡༢་ །སྤྱི་ཁྱབ་ཀྱིས་བྱ་བ་དེ་མཐོང་ནས་ཀྱུ་རི་བོའི་བསྟན་པར་ངོ་མཚར་དུ་གྱུར་དེ་དད་པ་བྱས་སོ།།"
13 ༡༣་ །པ༷འུ་ལུ་འཁོར་དང་བཅས་པ༷་ཕོ་ནས་ཆུ་ཐོག་ཏུ་པ༷མ་ཕིལ་ཡུལ་གྱི་གྲོང་ཁྱེར་པེ༷ར་གེ་བྱ་བར་ཕེབས་སོ། །ཡོ༷་ཧ་ནན་ཁོང་དང་གྱེས་ནས་ཡེ༷་རུ་ཤ་ལེམ་དུ་ལོག་གོ"
14 ༡༤་ ཁོང་ཚོ་པེ༷ར་གེ་རྒྱུད་ནས་པི༷་སིད་ཡུལ་གྱི་ཨ༷ན་ཏི་ཡོག་ཏུ་བྱོན་ནས་ཤ༷བ་བད་ཀྱི་ཞག་ལ་སི༷ན་ན་གོས་ནང་དུ་བཞུགས་སོ།"
15 ༡༥་ །བཀའ་ཁྲིམས་དང་ཕ༷་རོ་པེ་ཏེ་པའི་བྲིས་པ་ལས་བཀླགས་པའི་རྗེས་སུ་སི༷ན་ན་གོས་ཀྱི་དབུ་མཛད་ཚོས་ཁོང་ལ། སྤུན་རྣམས་ཁྱེད་ལ་མི་སྡེའི་ཕྱིར་སྐུལ་མ་ཞིག་ཡོད་ན་གསུང་ཞིག་ཅེས་ལོན་བསྐུར་པ་དང་།"
16 ༡༦་ པ༷འུ་ལུ་བཞེངས་ནས་ཕྱག་བརྡ་མཛད་དེ་འདི་སྐད་དུ། ཡི༷ས་ར་ཨེལ་པ་རྣམས་དང་ཨེ་ལོ་ཧིམ་ལ་འཇིགས་མཁན་ཁྱེད་རྣམས་གསོན་ཅིག"
17 ༡༧་ །ཨི༷ས་ར་ཨེལ་གྱི་མི་སྡེ་འདིའི་ཨེ་ལོ་ཧིམ་གྱིས་ང་ཚོའི་ཕ་མེས་རྣམས་འདམས་ཏེ། མི་སྡེ་དེ་མི༷་སེར་ཡུལ་ན་གནས་པའི་ཚེ་འཕེལ་བར་མཛད་དེ། དབང་ལྡན་གྱི་ཕྱག་གིས་ཡུལ་དེ་ལས་བཏོན་ནས།"
18 ༡༨་ འབྲོག་སྟོང་ནང་ལོ་བཞི་བཅུ་ཙམ་དེ་ཚོར་མཟོད་པ་མཛད་དོ།"
19 ༡༩་ །ཡང་ཀ༷་ན་ཨན་ཟེར་བའི་ཡུལ་ནང་མི་རིགས་བདུན་མེད་པར་མཛད་ནས། དེ་ཚོའི་ཡུལ་ཁོང་ཚོར་ལོ་བཞི་བརྒྱ་དང་ལྔ་བཅུ་ཙམ་གྱི་ཕྱིར་ས་སྐལ་དུ་གནང་བ་ཡིན་ནོ།"
20 ༢༠་ །དེའི་རྗེས་ལ་ཕ༷་རོ་པེ་ཏེ་པ་ཤ༷་མུ་ཨེལ་གྱི་བར་དུ་ཁྲིམས་དཔོན་རྣམས་གནང་ངོ་།"
21 ༢༡་ །ཡང་དེའི་རྗེས་སུ་མི་སྡེས་རྒྱལ་པོ་ཞིག་གནོང་མཛོད་ཞུས་པ་དང་། ཨེ་ལོ་ཧིམ་གྱིས་ལོ་བཞི་བཅུའི་ཕྱིར་དུ་བེ༷ན་ཡ་མིན་གྱི་རིགས་ལས་ཡིན་པའི་ཁི༷ས་ཀྱི་བུ་ཤ༷་ཨུལ་རྒྱལ་པོར་གནང་ངོ་།"
22 ༢༢་ །དེ་ནས་ཁོང་ཕྱིར་བཏོན་པར་མཛད་ནས། ད༷་བིད་རྒྱལ་པོར་བསྐོ་བར་མཛད་དོ། ཡེ༷་ཤའི་བུ་ད༷་བིད་ནི། ཁོང་གི་སྐོར་ལ་དཔང་པོ་མཛད་ཅིང་། ངའི་ཐུགས་སུ་འབྱོན་པའི་མི་དེ་བྱུང་བས། དེས་ངའི་དགོངས་པའང་སྒྲུབ་པར་འགྱུར་ཞེས་གསུངས་སོ།"
23 ༢༣་ །ཨེ་ལོ་ཧིམ་གྱིས་ཉིད་ཀྱི་ཞལ་གྱིས་བཞེས་པ་བཞིན། དེའི་གདུང་བརྒྱུད་ནས་ཡི༷ས་ར་ཨེལ་གྱི་སྐྱབས་མགོན་དུ་ཡེ་ཤུ་མངགས་པར་མཛད་དོ།"
24 ༢༤་ ཁོང་མ་བྱོན་པའི་སྔོན་དུ་ཡོ༷་ཧ་ནན་གྱིས་ཡི༷ས་ར་ཨེལ་པ་ཐམས་ཅད་ལ་སེམས་སྒྱུར་དང་བ༷བ་ཐི་སོ་སླང་བའི་སློབ་ཁྲིད་བྱས་སོ།"
25 ༢༥་ །ཡོ༷་ཧ་ནན་གྱི་སྐུ་ཚེ་རྫོགས་མཚམས་ལ་འདི་སྐད་དུ། ཁྱེད་ཀྱིས་ང་སུ་ཡིན་སེམས། ང་ནི་ཁོང་མ་ཡིན་གྱི། ངའི་རྗེས་སུ་ཕེབས་པའི་མི་དེའི་ཞབས་ལྷམ་གྱི་སྒྲོག་བུ་སྒྲོལ་བའང་ང་འོས་མ་ཡིན་གསུངས་སོ།"
26 ༢༦་ །ཨ༷བ་ར་ཧམ་གྱི་བུ་རྒྱུད་དང་ཨེ་ལོ་ཧིམ་ལ་འཇིགས་མཁན་གྱི་སྤུན་རྣམས། ཐར་པ་འདིའི་བཀའ་ང་ཚོར་གནང་བ་ཡིན།"
27 ༢༧་ ཡེ༷་རུ་ཤ་ལེམ་པ་དང་དེ་ཚོའི་དཔོན་པོ་རྣམས་ཀྱིས་ནི་ཁོང་ངོའང་མ་ཤེས། ཤ༷བ་བད་རེ་བཞིན་སྒྲོག་པའི་ཕ༷་རོ་པེ་ཏེ་པའི་གསུང་རྣམས་ཀྱང་མ་གོ་བར་ཁོང་ལ་ཁྲིམས་བཅད་དེ་ལུང་བསྟན་བསྒྲུབས་སོ།"
28 ༢༨་ ཁོང་བཀྲོང་བའི་རྒྱུ་རྐྱེན་ཅིའང་མ་བརྙེད་ཀྱང་བཀྲོང་དགོས་ཞེས་པི༷་ལ་ཏུ་ལ་ཞུས་སོ།"
29 ༢༩་ ཁོང་གི་སྐོར་ལ་བྲིས་པ་ཐམས་ཅད་བསྒྲུབས་ནས། ཤིང་ནས་ཕབས་ཏེ་སྤུར་ཁང་དུ་བཞག་གོ"
30 ༣༠་ །དེ་ནས་ཨེ་ལོ་ཧིམ་གྱིས་ཁོང་གཤིན་པོ་རྣམས་ལས་བསླངས་ཏེ།"
31 ༣༡་ སྔར་ཁོང་མཉམ་ག༷་ལིལ་ནས་ཡེ༷་རུ་ཤ་ལེམ་དུ་འོངས་པ། ད་ལྟ་མི་སྡེའི་མདུན་དུ་ཁོང་གི་དཔང་པོ་ཡིན་པ་ང་ཚོས་ཞག་མང་པོ་ཁོང་དང་མཇལ་ཏོ།"
32 ༣༢་ །ཡང་ང་ཚོས་ཁྱེད་ལ་འཕྲིན་བཟང་པོ་འདི་འཁྱེར་འོངས་སོ།"
33 ༣༣་ །གསུང་མགུར་གཉིས་པའི་ནང་། །ཁྱེད་ནི་ང་ཡི་སྲས་ཡིན་ཅིང་། །དེ་རིང་ང་ལ་འཁྲུངས་པ་ཡིན། ཞེས་ཀྱང་གསུངས་ཤིང་ཨེ་ལོ་ཧིམ་གྱིས་ཕ་མེས་ཚོ་ལ་ཞལ་གྱིས་བཞེས་པ་དེ། ཡེ་ཤུ་སྐུ་གསོན་པོར་བསླངས་པའི་སྒོ་ནས་ང་ཚོ་བུ་རྣམས་ཀྱི་དུས་སུ་བསྒྲུབས་སོ།"
34 ༣༤་ ཁོང་གཤིན་པོ་རྣམས་ཀྱི་ནང་ནས་བསླངས་པས། ད་འཇིགས་པ་མི་མྱོང་བའི་སྐོར་འདི་སྐད་དུ། །ང་ཡི་བྱིན་བརླབས་བདེན་པ་དམ་པ་འདི། །ད༷་བིད་ལ་བཞིན་ཁྱེད་ལའང་སྦྱིན་པར་བྱ། ཞེས་དང་།"
35 ༣༥་ གཞན་ཞིག་ཏུ། དམ་པའི་སྐྱེས་བུ་རུལ་བར་ཡང་མི་གནང་། ཞེས་གསུངས་སོ།"
36 ༣༦་ །ད༷་བིད་ཀྱིས་རང་གི་དུས་སུ་ཨེ་ལོ་ཧིམ་གྱི་བཀའི་འབངས་མཛད་ཅིང་སྐུ་ཚེ་འདས་ནས་ཕ་མེས་དང་མཉམ་དུ་བཞག་ནས་རུལ་བ་ཡིན་གྱིས།"
37 ༣༧་ ཨེ་ལོ་ཧིམ་གྱིས་བསླངས་པ་འདི་ནི་རུལ་བར་མ་གྱུར་ཏོ།"
38 ༣༨་ །དེའི་ཕྱིར་ཁྱེད་སྤུན་ཚོས་འདི་གོ་བར་གྱིས་ཤིག །ཁོང་གི་སྒོ་ནས་ཁྱེད་ལ་སྡིག་སེལ་གྱི་བཀའ་འཆད་པ་མ་ཟད།"
39 ༣༩་ མོ༷་ཤེའི་བཀའ་ཁྲིམས་ཀྱི་སྒོ་ནས་ཐར་བར་མི་འགྱུར་གྱིས། ཁོང་གི་སྒོ་ནས་དད་པ་བྱེད་ཚད་ཐར་བར་འགྱུར་རོ།"
40 ༤༠་ །དེའི་ཕྱིར་ཕ༷་རོ་པེ་ཏེ་པའི་བྲིས་པ།"
41 ༤༡་ །འཕྱ་མཁན་ངོ་མཚར་འགྱུར་ཞིང་སྟོངས་པར་ཤོག །ང་ཡིས་ཁྱེད་ཀྱི་དུས་སུ་ལས་ཤིག་བྱེད། ཁྱེད་ལ་འཆད་ན་ནམ་ཡང་ཡིད་མི་ཆེས། ཞེས་གསུངས་པ་དེ་ཁྱེད་ཚོར་མི་འཕོག་པའི་ཕྱིར་ཟོན་བྱོས་ཤིག །ཅེས་པ༷འུ་ལུས་གསུངས་སོ།"
42 ༤༢་ ཁོང་ཕྱི་རོལ་དུ་ཕེབས་པ་ལས། མི་ཚོགས་རྣམས་ཀྱིས་ཤ༷བ་བད་རྗེས་མ་ལའང་བཀའ་འདི་ང་ཚོར་བཤད་དུ་གསོལ་ཞེས་ཞུས་སོ།"
43 ༤༣་ ཚོགས་དེ་གྲོལ་ནས་ཡ༷་ཧུ་དཱ་པ་དང་། དེའི་སློབ་གསར་ཆོས་སེམས་ཅན་མང་པོ་པ༷འུ་ལུ་དང་བ༷ར་ན་བའི་རྗེས་སུ་འབྲངས་པ་ལས། དེ་གཉིས་ཀྱིས་བཀའ་གླེང་ཞིང་ཨེ་ལོ་ཧིམ་གྱི་ཐུགས་རྗེའི་ནང་གནས་པའི་ཕྱིར་བསྐུལ་ཏོ།།"
44 ༤༤་ །ཤ༷བ་བད་རྗེས་མར་ཧ་ལམ་གྲོང་ཁྱེར་གྱི་མི་ཐམས་ཅད་ཨེ་ལོ་ཧིམ་གྱི་བཀའ་ཉན་པའི་ཕྱིར་འདུས་སོ།"
45 ༤༥་ །ཡ༷་ཧུ་ཏཱ་པ་ཚོས་མི་ཚོགས་དེ་མཐོང་ནས་ཕྲག་དོག་གིས་གང་ནས། པ༷འུ་ལུས་གསུངས་པ་ལ་རྒོལ་ཞིང་སྨད་དོ།"
46 ༤༦་ །དེ་ནས་པ༷འུ་ལུ་དང་བ༷ར་ན་བས་སྙིང་སྟོབས་ཆེན་པོས་དེ་ཚོར་གསུངས་པ། ཨེ་ལོ་ཧིམ་གྱི་བཀའ་དང་པོར་ཁྱེད་ལ་སྒྲོག་དགོས་ཀྱང་། ཁྱེད་ཀྱིས་དེར་ཞེན་ལོག་ཅིང་མི་ཚེ་རྒྱུན་དུ་པ་ཐོབ་མི་འོས་པར་སྟོན་པས། ང་ཚོ་ཨེ་ལོ་ཧིམ་ངོ་མ་ཤེས་པར་ཕྱོགས་སོ།"
47 ༤༧་ །ཀྱུ་རི་བོས་ང་ཚོར་འདི་སྐད་དུ། །ས་མཐའི་བར་དུ་ཐར་པ་གཏོང་བའི་ཕྱིར། །ཨེ་ལོ་ཧིམ་ངོ་མ་ཤེས་པའི་ཁྲོད་དུ་ངས་ཁྱེད་འོད་དུ་བསྐོས། ཞེས་གསུངས་སོ།"
48 ༤༨་ །གསུང་དེ་ཐོས་ནས་ཨེ་ལོ་ཧིམ་ངོ་མ་ཤེས་པ་རྣམས་དགའ་བར་གྱུར་ཏེ། ཨེ་ལོ་ཧིམ་ལ་བསྟོད་བསྔགས་སོ། མི་ཚེ་རྒྱུན་དུ་པ་ཐོབ་པར་བསྐོས་ཚད་དད་པར་འགྱུར་ཏེ།"
49 ༤༩་ ཀྱུ་རི་བོའི་བཀའ་ཡུལ་ལྗོངས་དེར་དར་བར་གྱུར་ཏོ།"
50 ༥༠་ །འོན་ཀྱང་ཡ༷་ཧུ་དཱ་པ་ཚོས་གྲོང་ཁྱེར་གྱི་བཙུན་མོ་ཆོས་པ་དང་། འགོ་བྱེད་རྣམས་ལ་བསྐུལ་ནས་པ༷འུ་ལུ་དང་བ༷ར་ན་བ་ལ་འཚེ་བའི་ཕྱིར་དཀྲུགས་ནས། ལྗོངས་དེ་ནས་ཕྱིར་བཏོན་ཏོ།"
51 ༥༡་ །ཁོང་གཉིས་ཀྱིས་དེ་ཚོར་ཞབས་ཀྱི་རྡུལ་སྤྲུགས་ནས་ཨི༷་ཀོན་དུ་ཕེབས་པ་དང་།"
52 ༥༢་ །དེར་ཡོད་པའི་སློབ་མ་རྣམས་ལ་དགའ་སྤྲོ་དང་དམ་པའི་རུ་ཨག་གིས་ཁྱབ་པར་གྱུར་ཏོ།། །།"
1 ༡་ ཨི༷་ཀོན་དུའང་ཡ༷་ཧུ་དཱ་པའི་སི༷ན་ན་གོས་ནང་ལྷན་ཅིག་དུ་ཕེབས་ཏེ། འཕྲིན་བཟང་བཤད་པས་ཡ༷་ཧུ་དཱ་པ་དང་ཧེ༷་ལེན་པའི་མི་ཚོགས་ཆེན་པོ་ཞིག་དད་པར་གྱུར་ཏོ།"
2 ༢་ །འོན་ཀྱང་ཡ༷་ཧུ་དཱ་པ་རྒྱུད་མ་ཐུལ་བ་རྣམས་ཀྱིས་ཨེ་ལོ་ཧིམ་ངོ་མ་ཤེས་པ་རྣམས་ལ་དཀྲུག་སྟེ། སྤུན་ཚོའི་སྐོར་ཕྲ་མ་ངན་པ་བཅུག་གོ"
3 ༣་ །དེར་ཡུན་རིང་བཞུགས་ནས་སྙིང་སྟོབས་ཆེན་པོས་ཀྱུ་རི་བོའི་བཀའ་བཤད་དོ། །ཀྱུ་རི་བོས་དེ་དག་ལ་ལས་བཟང་དང་ངོ་མཚར་སྟོན་པར་གནང་ཞིང་། ཉིད་ཀྱི་ཐུགས་རྗེའི་བཀའ་ལ་དཔང་པོ་མཛད་དོ།"
4 ༤་ །གྲོང་ཁྱེར་གྱི་མི་ཚོའི་ནང་མི་མཐུན་པ་བྱུང་ནས། ལ་ལས་ཡ༷་ཧུ་དཱ་པའི་ཕྱོགས་བྱས། ལ་ལས་ཨ༷་པོ་ཏོ་ལོ་པ་རྣམས་ཀྱི་ཕྱོགས་བྱས་སོ།"
5 ༥་ །ཨེ་ལོ་ཧིམ་ངོ་མ་ཤེས་པ་དང་ཡ༷་ཧུ་དཱ་པས་ཁོང་ཚོའི་དཔོན་པོ་དང་བཅས་པས་དེ་གཉིས་ལ་འཚེ་བ་དང་རྡོ་རུབ་གཏོང་བར་བརྩམས་པ་ལས།"
6 ༦་ །དེ་ཤེས་ནས། ལི༷་ཀ་ཨོན་གྱི་གྲོང་ཁྱེར་ལི༷ས་ཏྲ་དང་དེ༷ར་བེ་དང་། དེའི་ཡུལ་འཁོར་དུ་བྲོས་ཏེ།"
7 ༧་ དེ་རུ་འཕྲིན་བཟང་བཤད་དོ།།"
8 ༨་ །ལི༷ས་ཏྲ་ན། སྐྱེ་དུས་ནས་ཞ་བོ་ཡིན་ཅིང་རྐང་པ་སར་ནམ་ཡང་མི་འགྲུལ་བའི་མི་ཞིག་ས་ལ་བསྡད་ཡོད་དེ།"
9 ༩་ ཁོས་པ༷འུ་ལུའི་བཀའ་བཤད་ལ་ཉན་པ་ལས། པ༷འུ་ལུས་དེ་ལ་སྤྱན་ཕུར་ཚུགས་སུ་གཟིགས་ནས། དེ་ལ་གསོ་རུང་བའི་དད་པ་ཡོད་པར་མཁྱེན་ནས།"
10 ༡༠་ གསུང་སྐད་ཆེན་པོས། རྐང་པ་གཙུག་ནས་ཀྲོང་ངེར་ལོངས་ཤིག་གསུངས་པ་དང་། དེས་མཆོང་ཞིང་འགྲུལ་ཏོ།"
11 ༡༡་ །མི་ཚོགས་ཀྱིས་པ༷འུ་ལུས་མཛད་པ་འདི་མཐོང་ནས་སྐད་ཆེན་པོས་ལི༷་ཀ་ཨོན་གྱི་སྐད་དུ། ལྷ་རྣམས་མི་ལ་ཆགས་ནས་ང་ཚོའི་རྩར་བབས་པ་ཡིན་ཞེས་སྨྲས་སོ།"
12 ༡༢་ །བ༷ར་ན་བ་ལ་ཡུ༷་པི་ཏེར་རམ་ལྷའི་དབང་པོ་དང་། པ༷ལུ་ལུ་ངག་དབང་ཅན་ཡིན་པས་ཁོང་ལ་མེ༷ར་ཀུ་རིའམ་ངག་གི་ལྷ་ཞེས་བཏགས་སོ།"
13 ༡༣་ །གྲོང་ཁྱེར་གྱི་མདུན་དུ་ཡོད་པའི་ཡུ༷་པི་ཏེར་གྱི་ལྷ་ཁང་གི་དཀོན་གཉེར་གྱིས་གྲོང་ཁྱེར་དེའི་རྟ་སྒོར་མེ་ཏོག་གི་ཕྲེང་བས་བརྒྱན་པའི་གླང་དག་ཁྲིད་ནས། མི་ཚོགས་དང་བཅས་པས་དམར་མཆོད་འབུལ་བར་བརྩམས་པ་ལས།"
14 ༡༤་ ཨ༷་པོ་ཏོ་ལོ་པ་བ༷ར་ན་བ་དང་པ༷འུ་ལུས་དེ་གསན་ནས། ན་བཟའ་ཧྲལ་ཞིང་། མི་ཚོགས་ཀྱི་དཀྱིལ་དུ་རྒྱུགས་ཏེ་སྐད་ཆེན་པོས།"
15 ༡༥་ སྐྱེ་བོ་རྣམས་འདི་ཅི་བྱེད། ང་ཚོའང་ཁྱེད་དང་འདྲ་བའི་མིའི་རང་བཞིན་དང་ལྡན་ཏེ། ཁྱེད་ཚོས་སྙིང་པོ་མེད་པའི་བྱ་བ་འདི་རྣམས་སྦངས་ནས། ནམ་མཁའ་དང་ས་དང་རྒྱ་མཚོ་དང་དེའི་ནང་ཡོད་པ་ཐམས་ཅད་མཛད་པའི་སྐུ་གསོན་པོར་བཞུགས་པའི་ཨེ་ལོ་ཧིམ་གྱི་ཕྱོགས་སུ་སེམས་སྒྱུར་བའི་ཕྱིར་འཕྲིན་བཟང་པོ་དེ་ཁྱེར་འོངས་སོ།"
16 ༡༦་ །འདས་པའི་དུས་ཀྱི་མི་བརྒྱུད་རྣམས་རང་རང་གི་ལམ་དུ་འགྲོར་གནང་ནའང་"
17 ༡༧་ ཁོང་གིས་བཀའ་དྲིན་མཛད་ཅིང་གནམ་ནས་ཆར་པ་དང་ལོ་ལེགས་པ་གནང་སྟེ། ཁ་ཟས་དང་དགའ་སྤྲོས་ཁྱེད་ཀྱི་སྙིང་ཁེངས་པར་མཛད་པའི་ངང་ནས་ཉིད་མངོན་པར་མཛད་དོ། །ཅེས་གསུངས་ཤིང་།"
18 ༡༨་ མི་ཚོགས་ཀྱིས་དམར་མཆོད་འབུལ་བ་བཀག་པར་དཀའ་ལས་བྱུང་ངོ་།"
19 ༡༩་ །ཨ༷ན་ཏི་ཡོག་དང་ཨི་ཀོན་ནས་ཡ༷་ཧུ་དཱ་པ་འགའ་རེ་འོངས་ནས། མི་ཚོགས་ལ་ནན་གྱིས་བསྐུལ་ནས་པ༷འུ་ལུ་རྡོ་རུབ་ལ་བཏངས་ཏེ། གྲོངས་པ་ཡིན་བསྙམས་ནས་གྲོང་ཁྱེར་གྱི་ཕྱི་རོལ་དུ་དྲུད་ནས་ཁྱེར་ཏོ།"
20 ༢༠་ །སློབ་མ་རྣམས་ཁོང་ལ་བསྐོར་བ་དང་། པ༷འུ་ལུ་བཞེངས་ནས་གྲོང་ཁྱེར་དུ་ཕེབས་ཏེ། དེའི་སང་ཉིན་བ༷ར་ན་བ་དང་མཉམ་དུ་དེ༷ར་བེ་རུ་ཕེབས་སོ།།"
21 ༢༡་ །གྲོང་ཁྱེར་དེར་འཕྲིན་བཟང་བཤད་དེ། མི་མང་པོ་སློབ་མ་རུ་བཅུགས་ནས། ལི༷ས་ཏྲ་དང་། ཨི༷་ཀོན་དང་། ཨ༷ན་ཏི་ཡོག་ཏུ་ལོག་ཕེབས་ཏེ།"
22 ༢༢་ སློབ་མ་རྣམས་ཀྱི་སེམས་བརྟན་པར་མཛད་ཅིང་། དད་པ་ལ་གནས་པར་བསྐུལ་ཞིང་། ང་ཚོ་སྡུག་བསྔལ་མང་པོ་མྱོང་ཞིང་ཨེ་ལོ་ཧིམ་གྱི་རྒྱལ་སྲིད་དུ་འཇུག་པར་བྱ་དགོས་ཞེས་གསུངས་སོ།"
23 ༢༣་ མ་ཤི་ཀ་པ་ཚོགས་རེ་ལ་རྒན་མི་བསྐོས་ནས། བཟའ་བཏུང་གཅོད་ཤིང་སྨོན་ལམ་བཏབ་སྟེ། ཁོང་ཚོས་དད་པའི་ཀྱུ་རི་བོ་ལ་བཅོལ་ཏོ།"
24 ༢༤་ །དེ་ནས་པི༷་སིད་ཡུལ་ནས་པ༷མ་ཕིལ་ཡུལ་དུ་ཕྱིན་ཏེ།"
25 ༢༥་ གྲོང་ཁྱེར་པེ༷ར་གེ་རུ་བཀའ་བསྒྲགས་ནས། ཨ༷་ཏལ་ཡཱ་རུ་དུ་ཕེབས་སོ།"
26 ༢༦་ །དེ་ནས་ཁོང་གིས་བསྒྲུབས་པའི་ལས་དེའི་ཕྱིར་ཨེ་ལོ་ཧིམ་གྱི་ཐུགས་རྗེ་ལ་བཏད་པའི་གནས་ཨ༷ན་ཏི་ཡོག་ཏུ་ཆུ་ཐོག་ཏུ་ཕྱིར་ལོག་ཕེབས་སོ།"
27 ༢༧་ །དེར་ཕེབས་ནས་མ་ཤི་ཀ་པ་ཚོགས་བསྡུས་ནས་ཨེ་ལོ་ཧིམ་གྱིས་དེ་དག་གི་ཕྱིར་མཛད་པ་ཐམས་ཅད་དང་། ཇི་ལྟར་ཨེ་ལོ་ཧིམ་ངོ་མ་ཤེས་པ་ལ་དད་པའི་སྒོ་ཕྱེས་པར་མཛད་པ་བཤད་དོ།"
28 ༢༨་ །ཡང་སློབ་མ་རྣམས་དང་མཉམ་ཁོང་ཡུན་རིང་པོ་ཞིག་བཞུགས་སོ།། །།"
1 ༡་ །ཡ༷་ཧུ་དཱ་ནས་ཁ་ཤས་འོངས་ཤིང་། མོ༷་ཤེའི་བཀའ་ཁྲིམས་བཞིན་མདུན་ལྦགས་མི་གཅོད་ན་ཐར་བར་མི་སྲིད་ཟེར་ཞིང་སྤུན་རྣམས་ལ་སློབ་ཁྲིད་བྱས་ནས།"
2 ༢་ པ༷འུ་ལུ་དང་བ༷ར་ན་བ་གཉིས་དང་དེ་ཚོའི་བར་ལ་མི་མཐུན་པ་དང་རྩོད་པ་མང་པོ་བྱུང་བས། སྤུན་ཚོས་པ༷འུ་ལུ་དང་བ༷ར་ན་བ་དང་། ཕྱོགས་གཞན་གྱི་ནང་ནས་ཁ་ཤས་རྩོད་པ་དེའི་སྐོར་ལ་ཡེ༷་རུ་ཤ་ལེམ་དུ་ཨ༷་པོ་ཏོ་ལོ་པ་དང་རྒན་མིའི་དྲུང་དུ་འགྲོ་བར་བསྐོས་སོ།"
3 ༣་ །དེ་ལྟར་མ་ཤི་ཀ་པ་ཚོགས་ཀྱིས་བཏང་ནས། དེ་ཚོ་ཕེ༷་ནི་ཀེ་དང་ས༷་མར་ཡར་རྒྱུ་ཞིང་། ཨེ་ལོ་ཧིམ་ངོ་མ་ཤེས་པའང་དད་པ་བྱུང་བའི་གནས་ཚུལ་བཤད་ཏེ། སྤུན་རྣམས་རབ་ཏུ་དགའ་བར་བྱས་སོ།"
4 ༤་ ཁོང་ཡེ༷་རུ་ཤ་ལེམ་དུ་ཕེབས་པ་དང་། མ་ཤི་ཀ་པ་ཚོགས་དང་ཨ༷་པོ་ཏོ་ལོ་པ་དང་རྒན་མི་རྣམས་ཀྱིས་ཁོང་བསུས་པས། ཨེ་ལོ་ཧིམ་གྱིས་ཁོང་གི་ངང་ན་ཅི་དང་ཅི་མཛད་པ་ཐམས་ཅད་བཤད་དོ།"
5 ༥་ ཕ༷་རུ་ཤི་པའི་ནང་ནས་དད་པར་གྱུར་པ་ཁ་ཅིག་ལངས་ནས། ཨེ་ལོ་ཧིམ་ངོ་མ་ཤེས་པ་རྣམས་ལ་མདུན་ལྤགས་གཅོད་ཅིང་མོ༷་ཤེའི་བཀའ་ཁྲིམས་སྲུང་བར་སྐུལ་བར་རིགས་སོ་ཞེས་སྨྲས་སོ།།"
6 ༦་ །ཨ༷་པོ་ཏོ་ལོ་པ་དང་རྒན་མི་རྣམས་དེའི་སྐོར་ལ་བསམ་བློ་བཏང་ཕྱིར་འཛོམས་ཏེ།"
7 ༧་ རྩོད་གླེང་མང་པོ་བྱུང་ནས་པེ༷་ཏྲོ་བཞེངས་ཏེ་འདི་སྐད་དུ། སྤུན་རྣམས། སྔར་ཨེ་ལོ་ཧིམ་གྱིས་ཁྱེད་ཀྱི་ནང་ནས་འདམ་ཀ་མཛད་དེ། ཨེ་ལོ་ཧིམ་ངོ་མ་ཤེས་པ་རྣམས་ལ་ངའི་ཁ་ནས་འཕྱིན་བཟང་ཐོས་པ་དང་དད་པ་བྱེད་པ་ཁྱེད་ཀྱིས་མཁེན་ནོ།"
8 ༨་ །མིའི་སྙིང་མཁྱེན་པའི་ཨེ་ལོ་ཧིམ་གྱིས། ང་ཚོ་དང་འདྲ་བར་དེ་ཚོར་ཡང་དམ་པའི་རུ་ཨག་གནང་ནས་དེ་ཚོ་འོས་པ་ཡིན་པའི་དཔང་པོ་མཛད་དོ།"
9 ༩་ །དེ་ཚོ་དད་པའི་རྐྱེན་གྱིས་སྙིང་དག་པར་མཛད་དེ། ང་ཚོ་དང་ཁོང་ཚོའི་བར་ལ་ཁྱད་པར་ཅིའང་མ་མཛད་དོ།"
10 ༡༠་ །ད་ང་ཚོ་རང་དང་ང་ཚོའི་ཕ་མེས་ཀྱིས་ཀྱང་འཁུར་མ་ཐུབ་པའི་གཉའ་ཤིང་དེ་སློབ་མའི་གཉའ་བར་བཀལ་ནས་ཨེ་ལོ་ཧིམ་གྱི་ཐུགས་ཅི་ལ་སད།"
11 ༡༡་ དེ་ཚོ་ཀྱུ་རི་བོ་ཡེ་ཤུའི་ཐུགས་རྗེའི་སྒོ་ནས་ཐར་བར་འགྱུར་བ་ལྟར་ང་ཚོའང་ཐར་བར་ཡིད་ཆེས་སོ་ཞེས་གསུངས་པ་དང་།"
12 ༡༢་ མི་ཚོགས་ཁ་རོག་བསྡད་ཅིང་། བ༷ར་ན་བ་དང་པ༷འུ་ལུས་ཨེ་ལོ་ཧིམ་གྱིས་ཡ༷་ཧུ་དཱ་པ་མིན་པའི་དཀྱིལ་དུ་ཁོང་གི་སྒོ་ནས་མཛད་པའི་ལས་བཟང་དང་ངོ་མཚར་ཆེ་བའི་ཕྲིན་ལས་བཤད་པ་ལ་ཉན་ཏོ།"
13 ༡༣་ །དེ་གཉིས་ཀྱིས་བཤད་ཟིན་པ་དང་། ཡ༷་ཀོབ་ཀྱིས་འདི་སྐད་དུ། སྤུན་རྣམས་ང་ལ་གསོན་ཞིག།"
14 ༡༤་ །ཨེ་ལོ་ཧིམ་གྱིས་ཉིད་ཀྱི་ཕྱིར་ཡ༷་ཧུ་དཱ་པ་མིན་པའི་ནང་ནས་མི་སྡེ་ཞིག་བཞེས་ཕྱིར་དང་པོ་དེ་རྣམས་ལ་ཐུགས་རྗེས་ཇི་ལྟར་གཟིགས་པ་ཤི༷་མོན་གྱིས་བཤད་དོ།"
15 ༡༥་ །ཕ༷་རོ་པེ་ཏེ་པ་རྣམས་ཀྱི་གསུང་ཡང་འདི་དང་མཐུན་ཏེ་འདི་སྐད་དུ། "
16 ༡༦་ །དེ་ཡང་རྗེས་སུ་ང་ཉིད་ཕྱིར་བྱོན་ཏེ། །ད༷་བིད་གུར་བརྡིབས་ཡོད་པ་བཞེང་བར་བྱ།"
17 ༡༧་ །དེ་ཡི་བཞིག་རལ་གསོ་ཞིང་ཕུབ་པར་བྱ། །ང་མིང་ཐོགས་པའི་ཨེ་ལོ་ཧིམ་ངོ་མ་ཤེད་པ་ཐམས་ཅད་དང་། །ལྷག་མ་རྣམས་ཀྱིས་ཀྱུ་རི་བོ་འཚོལ་ཕྱིར་རོ།"
18 ༡༨་ །གདོད་ནས་མངོན་པར་མཛད་པའི་ཀྱུ་རི་བོས་གསུངས། ཞེས་བྲིས་ཡོད་དོ།"
19 ༡༩་ །དེའི་ཕྱིར་ཨེ་ལོ་ཧིམ་གྱི་ཕྱོགས་སུ་སེམས་བསྒྱུར་པའི་ཡ༷་ཧུ་ད་པ་མིན་རྣམས་ལ་ང་ཚོས་དཀའ་ལས་མི་གཏོང་བར།"
20 ༢༠་ སྐུ་འདྲ་དང་འབྲེལ་བའི་མི་གཙང་བ་དང་། ལོག་གཡེམ་དང་། ཁྲག་དང་། དབུགས་བསུབས་པའི་ཤ་ལ་འཛེམ་དགོས་ཞེས་ཡི་གེ་གནང་བ་ངས་ཐག་བཅད་དོ།"
21 ༢༡་ །དེ་ནི་སྔ་མ་ནས་གྲོང་ཁྱེར་རེ་རེའི་ནང་ཤ༷བ་བད་རེ་བཞིན་སི༷ན་ན་གོས་ནང་མོ༷་ཤེའི་བཀའ་ཁྲིམས་སྒྲོག་ཅིང་འཆད་མཁན་ཡོད་པའི་རྐྱེན་གྱིས་སོ་ཞེས་གསུངས་སོ།།"
22 ༢༢་ །ཨ༷་པོ་ཏོ་ལོ་པ་དང་རྒན་མི་དང་མ་ཤི་ཀ་པ་ཚོགས་དང་བཅས་པས་དེ་རྣམས་ཀྱི་ནང་ནས་ཁ་ཤས་འདམས་ཏེ་པ༷འུ་ལུ་དང་བ༷ར་ན་བ་མཉམ་དུ་ཨ༷ན་ཏི་ཡོག་ཏུ་གཏོང་བར་རིགས་སོ་དགོངས་ནས། སྤུན་གྱི་ནང་ན་གཙོ་ཆེ་ཡིན་པའི་བ༷ར་ས་བ་བྱ་བའི་ཡུ༷་ད་དང་སི༷་ལ་གཉིས་ལ་བཤམ་གསལ་གྱི་ཡི་གེ་བཅས་བཏང་ངོ་།"
23 ༢༣་ །ཨ༷ན་ཏི་ཡོག་དང་། སི༷ར་ཡ་དང་། ཀི༷་ལིག་ཏུ་གནས་པའི་ལྷ་ཆོས་པ་ནས་ཡིན་པའི་སྤུན་རྣམས་ལ། ཨ༷་པོ་ཏོ་ལོ་པ་དང་རྒན་མིས་ཕྱག་ཕུལ་ལོ།"
24 ༢༤་ །ང་ཚོའི་བསླབ་བྱ་མེད་པར་ང་ཚོ་ནས་ཁ་ཅིག་གིས། ཐེ་ཚོམ་སྐྱེད་པའི་ཚིགས་སྨྲས་ནས། ཁྱེད་ཀྱི་སེམས་དཀྲུག་པའི་གཏམ་ཐོས་པས།"
25 ༢༥་ ཚོགས་འདུས་ཀྱིས་མི་རེ་འདམས་ནས།"
26 ༢༦་ ང་ཚོའི་ཀྱུ་རི་བོ་ཡེ་ཤུ་མ་ཤི་ཀའི་ཕྱིར་རང་གི་སྲོག་གཏོང་བའི་ང་ཚོའི་གཅེས་པའི་བ༷ར་ན་བ་དང་པ༷འུ་ལུ་མཉམ་དུ་ཁྱེད་ཀྱི་རྩར་གཏོང་བར་རིགས་སོ་ཞེས་དགོངས་སོ།"
27 ༢༧་ །དེའི་ཕྱིར་ཡུ༷་ད་དང་སི༷་ལ་གཉིས་གཏང་སྟེ། དེ་གཉིས་ཀྱིས་ངག་གི་སྒོ་ནས་ཀྱང་འདི་བཞིན་འཆད་འོང་།"
28 ༢༨་ །དམ་པའི་རུ་ཨག་དང་ང་ཚོས་གལ་ཆེ་བ་འདི་ཚོ་ལས་ལྷག་པ་ཁྱེད་ལ་ཁུར་འགེལ་བར་མི་རིགས་པར་དགོངས་ཤིང་།"
29 ༢༩་ ཁྲག་དང་། དབུགས་བསུབས་པའི་ཤ་དང་། སྐུ་འདྲ་ལ་ཕུལ་བའི་ཤ་རྫས་དང་། ལོག་གཡེམ་སྤོངས་ཤིག །དེ་ཚོར་འཛེམ་ན་ལེགས་པར་བྱེད་དོ། །བདེ་བར་གྱུར་ཅིག"
30 ༣༠་ །དེ་ཚོ་བཏང་ནས་ཨ༷ན་ཏི་ཡོག་ཏུ་བསླེབས་ཤིང་། མ་ཤི་ཀ་པ་ཚོགས་བསྡུས་ཏེ་ཡི་གེ་དེ་བཏད་དོ།"
31 ༣༡་ །དེ་བཀླགས་པས་དེ་ཚོ་གདམས་ངག་དེ་ལ་དགའ་བར་གྱུར་ཏོ། "
32 ༣༢་ །ཡུ༷་ད་དང་སི༷་ལ་ནི་བཀའ་འཆད་མཁན་ཡང་ཡིན་པས། སྤུན་རྣམས་ལ་གདམས་ངག་མང་པོ་སློབ་ཁྲིད་བྱས་ཅིང་བརྟན་པར་བྱས་སོ།"
33 ༣༣་ །དེ་གཉིས་རེ་ཞིག་དེར་བཞུགས་མཐར།"
34 ༣༤་ ཁོང་བཏང་བ་ཚོའི་དྲུང་དུ་སྤུན་ཚོས་ཞི་བདེ་བར་ཕྱིར་ལོག་བཏང་ངོ་།"
35 ༣༥་ པ༷འུ་ལུ་དང་བ༷ར་ན་བ་ཨ༷ན་ཏི་ཡོག་ཏུ་བཞུགས་ནས། གཞན་མང་པོ་དང་བཅས་པས་ཀྱུ་རི་བོའི་བཀའ་སྒྲོག་ཅིང་བཤད་དོ།།"
36 ༣༦་ །ཞག་ཁ་ཅིག་སོང་བ་དང་པ༷འུ་ལུས་བ༷ར་ན་བ་ལ། ཀྱུ་རི་བོའི་བཀའ་བཤད་པའི་གྲོང་ཁྱེར་ཀུན་ཏུ་སོང་ནས། སྤུན་རྣམས་ཇི་ལྟར་ཡོད་པ་བལྟའོ་གསུངས་པ་དང་།"
37 ༣༧་ བ༷ར་ན་བས་མ༷ར་ཀུ་བྱ་བའི་ཡོ༷་ཧ་ནན་མཉམ་དུ་འཁྲིད་པར་དགོངས་ཀྱང་།"
38 ༣༨་ པ༷འུ་ལུས་ཁོང་པ༷མ་ཕིལ་དུ་བརྒྱབ་ལོག་ཅིང་ཁོང་མཉམ་ལས་བྱེད་དུ་མ་སོང་བས་ཁོང་འཁྲིད་པར་མི་རིགས་སོ་དགོངས་ཏེ།"
39 ༣༩་ ཁོང་གཉིས་ནང་མི་མཐུན་པས་རྩོད་གླེང་དྲག་པོ་བྱུང་ནས་སོ་སོར་གྱེས་ཤིང་། བ༷ར་ན་བས་མ༷ར་ཀུ་འཁྲིད་དེ་ས༷་ཡིབ་པུ་རུས་ལ་ཆུ་ཐོག་ཏུ་ཕེབས།"
40 ༤༠་ །པ༷འུ་ལུས་སི༷་ལ་འདམས་སོ། སྤུན་ཚོས་འདི་གཉིས་ཀྱུ་རི་བོའི་ཐུགས་རྗེ་ལ་བཅོལ་ཞིང་ཐེགས་ཏེ།"
41 ༤༡་ སི༷ར་ཡ་དང་ཀི༷་ལིག་རྒྱུད་དེ་མ་ཤི་ཀ་པ་ཚོགས་བརྟན་པོ་བྱེད་ཅིང་ཕེབས་སོ།། །།"
1 ༡་ །པ༷འུ་ལུ་དེ༷ར་བེ་དང་ལི༷ས་ཏྲ་རུའང་ཕེབས་ནས། དེར་ཏི༷་མོ་ཐེའུ་བྱ་བའི་སློབ་མ་ཤིག་ཡོད་དེ། དེའི་མ་ནི་ཀྱུ་རི་བོ་ལ་དད་པའི་ཡ༷་ཧུ་དཱ་མ་ཡིན་ཀྱང་ཕ་ནི་ཧེ༷་ལེན་པའོ།"
2 ༢་ །དེ་ལ་ལི༷ས་ཏྲ་དང་ཨི༷་ཀོན་གྱི་སྤུན་ཚོས་བསྟོད་པ་ཡོད་དོ།"
3 ༣་ །པ༷འུ་ལུས་དེ་འཁྲིད་པར་དགོངས་ནས། ཡུལ་འཁོར་དེའི་ཡ༷་ཧུ་དཱ་པ་ཚོས་དེའི་ཕ་ཧེ༷་ལེན་པ་ཡིན་པར་ཤེས་པའི་རྐྱེན་གྱིས་ཁོང་གི་མདུན་ལྤགས་བཅད་དོ།"
4 ༤་ །གྲོང་ཁྱེར་རྣམས་རྒྱུད་དེ་ཕེབས་པའི་ཚེ། ཡེ༷་རུ་ཤ་ལེམ་གྱི་ཨ༷་པོ་ཏོ་ལོ་པ་དང་རྒན་མིས་ཐག་བཅད་པའི་སྲུང་བྱའི་བཀའ་ཤོག་རྣམས་བཏད་དོ།"
5 ༥་ །དེ་ལྟར་མ་ཤི་ཀ་པ་ཚོགས་རྣམས་དད་པ་བརྟན་ཞིང་ཉིན་རེ་བཞིན་གྲངས་འཕེལ་བར་གྱུར་ཏོ།།"
6 ༦་ །དམ་པའི་རུ་ཨག་གྱིས་ཨ༷་སི་ཨར་བཀའ་སྒྲོག་པར་བཀག་པས། ཁོང་པ༷་རིག་ཡ་དང་ག༷་ལད་ཡ་རྒྱུད་དེ་ཕེབས་ནས།"
7 ༧་ མི༷་སི་ཡའི་ཐད་ཀ་ནས་བི༷་ཏིན་དུ་ཕེབས་པར་བརྩོན་ཀྱང་། ཡེ་ཤུའི་རུ་ཨག་གྱིས་དེ་ལྟར་མ་གནང་ངོ་།"
8 ༨་ །དེ་ནས་མི༷་སི་ཡ་བཞག་ནས་ཏྲོ༷་ཡ་རུ་ཕེབས་སོ།"
9 ༩་ །དེར་མཚན་མོ་པ༷འུ་ལུའི་རྨི་ལམ་ནང་། མ༷་ཀེ་དོན་པ་ཞིག་ལངས་ནས། མ༷་ཀེ་དོན་དུ་ཕེབས་ཏེ་ང་ཚོར་རོགས་མཛོད་ཅིག་ཅེས་ཞུ་བར་སྣང་ངོ་།"
10 ༡༠་ །མནལ་ལམ་དེ་གཟིགས་ནས། ཨེ་ལོ་ཧིམ་གྱིས་ང་ཚོ་མ༷་ཀེ་དོན་དུ་འཕྲིན་བཟང་སྒྲོག་ཏུ་བོས་པར་མཁྱེན་ནས་དེ་མ་ཐག་ཏུ་དེར་ཕེབ་པར་བརྩམས་སོ།།"
11 ༡༡་ །དེའི་ཕྱིར་ང་ཚོ་ཏྲོ༷་ཡ་ནས་ཆུ་ཐོག་ཏུ་ས༷་མོ་ཐ་ར་ཀེར་ཤར་རེར་སོང་བ་དང་། དེའི་ཕྱི་ཉིན་ནེ༷་ཨ་པོ་ལི་དང་།"
12 ༡༢་ དེ་ནས་རོ༷་མ་པ་ཚོ་གནས་པའི་མ༷་ཀེ་དོན་ལྗོངས་ཀྱི་རྒྱལ་ས་ཕི༷་ལིབ་པི་རུ་བསླེབས་ནས། གྲོང་ཁྱེར་དེར་རེ་ཞིག་བསྡད་དོ།"
13 ༡༣་ །ཤ༷བ་བད་ཀྱི་ཞག་ལ་གྲོང་ཁྱེར་གྱི་རྟ་སྒོའི་ཕྱི་རོལ་གྱི་གཙང་འགྲམ་ལ་སྨོན་ལམ་འདེབས་པའི་གནས་ཤིག་ཡོད་པར་བསམས་ཏེ་དེར་སོང་ནས། དེར་འཛོམས་པའི་བུད་མེད་རྣམས་དང་བཀའ་གླེང་ངོ་།"
14 ༡༤་ །ཐི༷་ཨ་ཏིར་མ་ལི༷ད་ཡ་བྱ་བ་འགོ་སྣམ་ཚོང་མཁན་ཨེ་ལོ་ཧིམ་ལ་བསྙེན་བཀུར་བྱེད་པ་ཞིག་གིས་ང་ཚོའི་གཏམ་ཉན་ཏོ། །པ༷འུ་ལུའི་གསུང་ལ་ཉན་ཕྱིར་ཀྱུ་རི་བོས་དེའི་སྙིང་ཕྱེས་ནས།"
15 ༡༥་ །མོ་དང་མོའི་ཁྱིམ་ཚང་ལ་བ༷བ་ཐི་སོ་ཐོབ་པ་དང་། མོས་ང་ཀྱུ་རི་བོ་ལ་དད་པར་གྱུར་པ་ལ་དགོངས་ནས་ངའི་ཁྱིམ་དུ་ཕེབས་ཏེ་བཞུགས་སུ་གསོལ་ཞེས་ཞུ་ཞིང་ཨུ་ཚུགས་བྱས་བྱུང་།"
16 ༡༦་ སྨོན་ལམ་འདེབས་པའི་གནས་སུ་འགྲོ་བའི་ཚེ། མངོན་ཤེས་ཀྱི་སེམས་ཉིད་ཞུགས་པའི་གཡོག་མོ་ཞིག་གི་མངོན་ཤེས་ཀྱི་སྒོ་ནས་བདག་པོ་ལ་ནོར་མང་པོ་ཁྱོང་བ་ཞིག་དང་ཕྲད་དེ།"
17 ༡༧་ པ༷འུ་ལུ་དང་ང་ཚོའི་ཕྱི་བཞིན་འབྲངས་ནས་སྐད་ཆེན་པོས། འདི་རྣམས་ཀུན་དབང་གི་ཨེ་ལོ་ཧིམ་གྱི་ཞབས་ཕྱི་ཡིན་ཏེ། ཁྱེད་ཚོར་ཐར་པའི་ལམ་སློབ་ཁྲིད་བྱེད་དོ་ཞེས་མོས་སྨྲས་སོ།"
18 ༡༨་ །མོས་ཞག་མང་པོར་དེ་བཞིན་བྱས་པས། པ༷འུ་ལུ་ཚིག་པ་ཟ་ནས་ཞལ་བསྒྱུར་ཏེ་ས༷་ཏན་དེ་ལ། ཡེ་ཤུ་མ་ཤི་ཀའི་མཚན་བརྗོད་ཅིང་ངས་ཁྱོད་ལ་མོའི་ནང་ནས་ཐོན་ཅིག་ཅེས་བསྒོའོ་གསུངས་མ་ཐག་ཏུ་ཕྱིར་ཐོན་ཏོ།།"
19 ༡༩་ །མོའི་བདག་པོ་རྣམས་ཀྱིས་ནོར་ཐོབ་པའི་རེ་བ་མེད་པར་སོང་བ་མཐོང་ནས། པ༷འུ་ལུ་དང་སི༷་ལ་བཟུང་སྟེ་ཁྲོམ་ནང་དྲུད་ཅིང་དཔོན་པོའི་དྲུང་དུ་ཁྲིད་དོ།"
20 ༢༠་ །ཁྲིམས་དཔོན་ཚོའི་དྲུང་དུ་ཁྱེར་ཏེ་འདི་སྐད་དུ། ཡ༷་ཧུ་དཱ་པ་འདི་གཉིས་ཀྱིས་ང་ཚོའི་གྲོང་ཁྱེར་དཀྲུགས་ཤིང་།"
21 ༢༡་ ང་ཚོ་རོ༷་མ་པ་ཚོས་འཛིན་པའམ་སྲུང་བར་མི་རུང་བའི་ཁྲིམས་དེ་ཚོས་བཤད་དོ་ཞེས་སྨྲས་སོ།"
22 ༢༢་ །མི་ཚོགས་ཀྱང་དེ་ཚོ་དང་མཉམ་དུ་དེ་གཉིས་ལ་དགྲར་ལངས་པ་དང་། ཁྲིམས་དཔོན་ཚོས་དེ་གཉིས་ཀྱི་གོས་ཧྲལ་ནས་དབྱུག་པས་བརྡུང་ཕྱིར་བསྒོས་སོ།"
23 ༢༣་ ཁོང་གཉིས་དབྱུག་པས་མང་པོ་བརྡུངས་ནས་བཙོན་དུ་བཅུག་སྟེ་བཙོན་སྲུང་པར་བརྟན་པོ་སྲུང་ཕྱིར་བསྒོས་སོ།"
24 ༢༤་ །དེའི་ཕྱིར་ཁོང་གཉིས་བཙོན་ཁང་གི་ཕུགས་སུ་བཅུག་སྟེ། ཞབས་གཉིས་ཨན་གདོས་ལ་བཅུག་གོ།"
25 ༢༥་ །མཚན་ཕྱེད་ཙམ་ལ་པ༷ལུ་ལུ་དང་སི༷་ལས་སྨོན་ལམ་འདེབས་ཤིང་། ཨེ་ལོ་ཧིམ་ལ་བསྟོད་དབྱངས་ཕུལ་བའི་ཚེ། བཙོན་པ་གཞན་རྣམས་ཀྱིས་ཉན་གྱིན་ཡོད་པ་ཡིན།"
26 ༢༦་ གློ་བུར་དུ་ས་གཡོ་དྲག་པོ་ཞིག་བྱུང་ནས་བཙོན་ཁང་གི་རྨང་ཡང་གཡོས་ནས། དེ་མ་ཐག་ཏུ་སྒོ་ཐམས་ཅད་ཀྱང་རང་གར་བྱེས། མི་རེ་རེའི་འཆིང་བ་གྲོལ་ཏོ།"
27 ༢༧་ །བཙོན་སྲུང་པའི་དཔོན་པོ་གཉིད་སད་པས། བཙོན་ཁང་གི་སྒོ་རྣམས་ཕྱེས་ཡོད་པར་མཐོང་སྟེ། བཙོན་པ་རྣམས་ཤོར་བར་བསམས་ནས། རལ་གྲི་བཏོན་ཏེ་རང་གི་སྲོག་གཅོད་པར་བརྩམ་མོ།"
28 ༢༨་ །པ༷འུ་ལུས་གསུང་སྐད་ཆེན་པོས། ང་ཚོ་ཐམས་ཅད་འདིར་ཡོད་པས། རང་ལ་གནོད་པ་མ་བྱེད་ཅིག་ཅེས་གསུངས་སོ།"
29 ༢༩་ །དེས་ཞུན་མར་བླངས་ཏེ་ནང་དུ་བརྒྱུགས་ནས། འཇིགས་པས་འདར་ཞིང་། པ༷འུ་ལུ་དང་སི༷་ལའི་དྲུང་དུ་ལུས་ས་ལ་བརྡབས་སོ།"
30 ༣༠་ ཁོང་ཕྱི་རོལ་དུ་གདན་དྲངས་ནས། རྒན་ལགས་རྣམས། ང་ཐར་བའི་ཕྱིར་ཅི་བྱ་དགོས་ཞུས་སོ།"
31 ༣༡་ །ཀྱུ་རི་བོ་ཡེ་ཤུ་ལ་དད་པ་བྱོས་ཤིག་དང་། ཁྱེད་དང་ཁྱེད་ཀྱི་ཁྱིམ་ཚང་ཐར་བར་འགྱུར་གསུངས་ནས།"
32 ༣༢་ ཁོང་དང་ཁོང་གི་ཁྱིམ་ཚང་ལ་ཀྱུ་རི་བོའི་བཀའ་བཤད་དོ།"
33 ༣༣་ ཁོང་གིས་མཚན་མོ་ཆུ་ཚོད་དེ་ཉིད་དུ་དེ་ཚོའི་རྨ་རྣམས་བཀྲུས་པ་དང་། ཁོང་དང་ཁོང་གི་ཁྱིམ་ཚང་ལ་འཕྲལ་དུ་བ༷བ་ཐི་སོ་ལངས་སོ།"
34 ༣༤་ ཁོང་གིས་ཁང་པའི་ནང་གདན་འདྲེན་ནས་གསོལ་བ་དྲངས་ཏེ་ཨེ་ལོ་ཧིམ་ལ་དད་པ་བྱས་པའི་རྐྱེན་གྱིས་ཁོང་གི་ཁྱིམ་ཚང་དང་བཅས་པ་དགའ་མགུ་རངས་སོ།"
35 ༣༥་ །ནམ་ལངས་པ་དང་ཁྲིམས་དཔོན་ཚོས་ཁྲིམས་གཡོག་བཏང་སྟེ་མི་དེ་གཉིས་འགྲོར་ཆུག་ཅིག་ཅེས་བསྒོས་སོ།"
36 ༣༦་ །བཙོན་སྲུང་པའི་དཔོན་པོས་གཏམ་དེ་པ༷འུ་ལུ་ལ་བཤད་ཅིང་། ཁྲིམས་དཔོན་ཚོས་ཁྱེད་འགྲོར་འཇུག་ཏུ་སྒོ་བས། ཐོན་ཏེ་ཞི་བདེ་བར་ཕེབས་ཤིག་ཅེས་ཞུས་སོ།"
37 ༣༧་ །པ༷འུ་ལུས། ང་ཚོ་རོ༷་མ་པའི་མི་རྩ་ཡིན་པ་ལ། སྔོན་ལ་རྩད་མ་བཅད་པར་ཁྲོམ་ནང་བརྡུངས་ནས་བཙོན་དུ་བཅུག་པས། ད་ང་ཚོ་གསང་སྟེ་འདོན་ནམ། དེས་མི་འགྲིག ཁོང་རང་འོངས་ནས་ང་ཚོ་ཕྱིར་འཁྲིད་དགོས་སོ།"
38 ༣༨་ །ཞེས་གསུངས་པའི་ལོན་ཁྲིམས་གཡོག་གིས་ཁྲིམས་དཔོན་ལ་ཞུས་པ་དང་། ཁོང་རོ༷་མ་པ་ཡིན་པར་ཐོས་ནས་འཇིགས་ཏེ།"
39 ༣༩་ དེར་འོངས་ཤིང་བཤགས་པ་ཞུས་ནས། ཕྱི་རོལ་དུ་འཁྲིད་ཅིང་གྲོང་ཁྱེར་དེ་ནས་ཕེབས་པའི་ཞུ་བ་ཕུལ་ཏོ།"
40 ༤༠་ །དེ་ནས་ཁོང་བཙོན་ཁང་ནས་ཐོན་ནས་ལི༷ད་ཡའི་རྩར་ཕེབས་ཏེ། སྤུན་རྣམས་གཟིགས་པས། དེ་ཚོར་དབུགས་དབྱུངས་ཤིང་དེ་ནས་བཞེངས་སོ།། །།"
1 ༡་ ཁོང་ཨ༷མ་ཕི་པོ་ལི་དང་ཨ༷་པོ་ལོན་རྒྱུད་ནས་ཐེ༷་ས་ལོ་ནི་ཀེ་རུ་ཕེབས་པ་དང་། དེར་ཡ༷་ཧུ་དཱ་པའི་སི༷ན་ན་གོས་ཞིག་ཡོད་དེ།"
2 ༢་ པ༷འུ་ལུ་ནམ་རྒྱུན་བཞིན་དུ་དེ་ཚོའི་རྩར་ཕེབས་ནས་ཤ༷བ་བད་གསུམ་གྱི་རིང་བི༷་བལ་ལ་བརྟེན་ནས་རྩོད་གླེང་མཛད་ཅིང་།"
3 ༣་ མ་ཤི་ཀ་ནི་སྡུག་བསྔལ་བཞེས་ནས་གཤིན་པོ་རྣམས་ལས་བཞེང་དགོས་པའི་རྒྱུ་མཚན་སྟོན་ཞིང་ཁུངས་བསྐྱེལ་གྱིས་ངས་ཁྱེད་ཚོར་འཆད་པའི་ཡེ་ཤུ་དེ་ནི་མ་ཤི་ཀ་དེ་ལགས་སོ་གསུངས་པ་དེ།"
4 ༤་ དེ་ཚོའི་ནང་ནས་ཁ་ཅིག་དང་། ཨེ་ལོ་ཧིམ་ལ་བསྙེན་བཀུར་བྱེད་པའི་ཧེ༷་ལེན་པ་མང་པོ་དང་། བཙུན་མོ་མང་པོའི་ཁོང་དུ་ཚུད་ནས་པ༷འུ་ལུ་དང་སི༷་ལའི་ཚོགས་སུ་འདྲེས་སོ།"
5 ༥་ །ཡ༷་ཧུ་དཱ་པ་རྣམས་ཕྲག་དོག་སྐྱེས་ནས། ལམ་སྲང་གི་མི་ངན་འགའ་རེ་ཁྲིད་དེ། མི་ཚོགས་བསྡུས་ནས། གྲོང་ཁྱེར་དཀྲུགས་ཏེ། ཡ༷་སོན་གྱི་ཁང་པར་རུབ་ནས། ཁོང་གཉིས་མི་ཚོགས་ཀྱི་མདུན་དུ་དྲུད་པར་འདོད་ཀྱང་།"
6 ༦་ དེར་མ་བརྙེད་པས། ཡ༷་སོན་དང་སྤུན་ཁ་ཤས་གྲོང་ཁྱེར་གྱི་དཔོན་པོའི་དྲུང་དུ་དྲུད་ནས། འཇིག་རྟེན་གོང་འོག་བཟློགས་མཁན་དེ་དག་འདིར་ཡང་བསླེབས་ཏེ།"
7 ༧་ ཡ༷་སོན་གྱིས་གནས་ཚང་བཏང་ནས། དེ་ཚོས་ཀེ༷་སར་གྱི་བཀའ་ལ་མི་རྩི་ཞིང་། ཡེ་ཤུ་བྱ་བའི་རྒྱལ་པོ་གཞན་ཞིག་ཡོད་ཅེས་ཟེར་རོ་སྨྲ་ཞིང་ཀུ་ཅོ་བསྒྲགས་སོ།"
8 ༨་ །གཏམ་དེ་ཐོས་ནས་མི་ཚོགས་དང་གྲོང་ཁྱེར་གྱི་དཔོན་པོ་རྣམས་ཁོང་འཁྲུགས་ནས།"
9 ༩་ ཡ༷་སོན་དང་གཞན་རྣམས་ལས་གཏའ་མ་བླངས་ནས་བཏང་ངོ་།།"
10 ༡༠་ སྤུན་ཚོས་འཕྲལ་དུ་པ༷འུ་ལུ་དང་སི༷་ལ་མཚན་མོར་བེ༷་རོ་རུ་གདན་ཞུས་ནས། དེར་བསླེབས་པ་དང་ཡ༷་ཧུ་དཱ་པའི་སི༷ན་ན་གོས་སུ་ཕེབས་སོ།"
11 ༡༡་ །འདི་ཚོ་ཐེ༷་ས་ལོ་ནི་ཀེ་པ་རྣམས་ལས་ཡ་རབས་ཤིང་། བཀའ་ལ་དུང་བས་ཉན་ཏེ། ཉིན་རེ་བཞིན་དེ་ལྟར་ཡིན་མིན་བི༷་བལ་ལས་བརྟག་དཔྱད་བྱས་སོ།"
12 ༡༢་ །དེའི་རྐྱེན་གྱིས་དེ་ཚོའི་ནང་ནས་མང་པོ་དང་། ཧེ༷་ལེན་པའི་ནང་ནས་བཙུན་མོ་དང་སྐྱེས་པ་མང་པོ་དད་པར་གྱུར་ཏོ།"
13 ༡༣་ །ཐེ༷་ས་ལོ་ནི་ཀེའི་ཡ༷་ཧུ་དཱ་པ་ཚོས། པ༷འུ་ལུས་བེ༷་རོ་རུའང་ཨེ་ལོ་ཧིམ་གྱི་བཀའ་བཤད་པ་ཐོས་ཏེ། དེར་ཡང་འོངས་ནས་མི་ཚོགས་དཀྲུགས་སོ།"
14 ༡༤་ །སྤུན་ཚོས་འཕྲལ་དུ་པ༷འུ་ལུ་རྒྱ་མཚོའི་ཕྱོགས་སུ་གདན་ཞུས་ཏེ། སི༷་ལ་དང་ཏི༷་མོ་ཐེའུ་དེར་བཞུགས་སོ།"
15 ༡༥་ །པ༷འུ་ལུའི་གདན་ཞུ་བ་རྣམས་ཨ༷་ཐེ་ནེ་བར་དུ་སོང་ནས། སི༷་ལ་དང་ཏི༷་མོ་ཐེའུ་གཉིས་ཅི་མྱུར་འོང་དགོས་ཀྱི་བཀའ་ཤོག་ཁྱེར་ནས་ཕྱིར་ལོག་འོངས་སོ།།"
16 ༡༦་ །པ༷འུ་ལུས་ཨ༷་ཐེ་ནེ་རུ་དེ་གཉིས་ལ་སྒུག་པའི་ཚེ། གྲོང་ཁྱེར་དེ་སྐུ་འདྲས་གང་བར་གཟིགས་པས་ཁོང་ཐུགས་འཁྲུགས་ནས།"
17 ༡༧་ སི༷ན་ན་གོས་ནང་ཡ༷་ཧུ་དཱ་པ་དང་ཨེ་ལོ་ཧིམ་ལ་བསྙེན་བཀུར་ཞུ་བ་རྣམས་དང་། ཁྲོམ་ལ་ཉིན་རེ་བཞིན་འོང་བ་རྣམས་དང་མཉམ་རྩོད་གླེང་མཛད་དོ།"
18 ༡༨་ ཨེ༷་པི་ཀུར་དང་སྟོ༷་ཨི་ཀེའི་ལྟ་བ་འཛིན་མཁན་འགའ་རེས་ཀྱང་ཁོང་དང་མཉམ་རྩོད་དོ། །ཡེ་ཤུ་དང་གཤིན་པོ་རྣམས་ལང་བའི་སྐོར་བཀའ་བཤད་པས། མི་ལ་ལས་ཁ་མང་ཅན་འདིས་གང་ལབ་སྨྲས་སོ། །མི་ལ་ལས་འདི་ནི་ལྷ་གཞན་པ་ཞིག་གི་སྐོར་ཆོས་སྟོན་མཁན་ཞིག་འདྲའོ་ཞེས་སྨྲས་སོ།"
19 ༡༩་ །དེ་ཚོས་ཁོང་གྲོང་ཁྱེར་གྱི་དོ་ར་རུ་ཁྲིད་དེ། ཁྱེད་ཀྱིས་འཆད་པའི་སློབ་ཁྲིད་གསར་པ་གང་ཡིན་པ་དེ་ང་ཚོས་ཤེས་ཐུབ་བམ།"
20 ༢༠་ ཁྱེད་ཀྱིས་བཤད་པ་དེ་ང་ཚོའི་རྣ་བར་ཡ་མཚན་ཆེ་བས། དེའི་དོན་ཤེས་པར་འདོད་ཞུས་སོ།"
21 ༢༡་ །ཨ༷་ཐེ་ནེ་པ་དང་དེར་གནས་པ་གཞན་རྣམས་ཀྱང་གཏམ་གསར་ཉན་བཤད་ནང་དུས་འདའ་བ་ལས་གཞན་གང་ཡང་མི་བྱེད་དོ།།"
22 ༢༢་ །པ༷འུ་ལུས་དོ༷་རའི་དཀྱིལ་དུ་བཞེངས་ནས་གསུངས་པ། ཨ༷་ཐེ་ནེ་པ་རྣམས། ངས་ཁྱེད་ཚོ་རྣམ་པ་ཐམས་ཅད་ནས་ཆོས་པ་ཡིན་པ་མཐོང་ངོ་།"
23 ༢༣་ །ང་ཕན་ཚུན་འགྲོ་བའི་ཚེ། ཁྱེད་ཀྱིས་བསྙེན་བཀུར་བྱེད་པའི་རྟེན་རྣམས་ལ་བལྟས་པས། རྒྱུས་མེད་པའི་ཨེ་ལོ་ཧིམ་གྱི་ཕྱིར་ཞེས་བྲིས་ཡོད་པའི་མཆོད་ཁྲི་ཞིང་ངས་མཐོང་བྱུང་། ཁྱེད་ཀྱིས་རྒྱུས་མེད་པར་བསྙེན་བཀུར་ཞུ་བའི་ཨེ་ལོ་ཧིམ་དེ་གང་ཡིན་པ་ཁྱེད་ལ་ངས་འཆད་དོ།"
24 ༢༤་ །འཇིག་རྟེན་དང་དེའི་ནང་ཡོད་པའི་དངོས་པོ་ཐམས་ཅད་མཛད་པའི་ཨེ་ལོ་ཧིམ་ནི། གནམ་སའི་ཀྱུ་རི་བོ་ལགས་པས་ཁོང་མི་ཡིས་བཟོས་པའི་ལྷ་ཁང་ནང་མི་བཞུགས་ཤིང་།"
25 ༢༥་ ཉིད་ཀྱིས་རེ་རེ་ལ་སྲོག་དང་དབུགས་དང་ཇི་དགོས་པ་ཐམས་ཅད་གནང་བས། ཁོང་ལ་ཅི་ཡང་མི་དགོས་པས། མིའི་ལག་ནས་འབུལ་བའི་དགོས་པའང་མེད་དོ།"
26 ༢༦་ ཁོང་གིས་ས་སྟེང་དུ་གནས་ཕྱིར་མི་གཅིག་ནས་མི་བརྒྱུད་ཐམས་ཅད་བཀོད་ཅིང་། རེ་རེའི་དུས་བཞི་དང་གནས་པའི་ས་མཚམས་བསྐོས་པའི་རྒྱུ་ནི།"
27 ༢༧་ ཨེ་ལོ་ཧིམ་ནི་ཉུག་ནས་རྙེད་པ་ལྟ་བུའི་རེ་བས་འཚོལ་བའི་ཕྱིར་རོ། ཁོང་ནི་ང་ཚོ་རེ་རེ་དང་ཐག་རིང་མིན་ཅིང་།"
28 ༢༨་ ང་ཚོ་གསོན་པ་དང་འགྲུལ་བ་དང་ཡོད་པ་ནི་ཁོང་གི་རོལ་པའོ། ཁྱེད་ཀྱི་སྙན་ངག་མཁན་རེས་ཀྱང་། །ང་ཚོའང་ཁོང་གི་གདུང་བརྒྱུད་ཡིན། ཞེས་སྨྲས་སོ།།"
29 ༢༩་ ཨེ་ལོ་ཧིམ་གྱི་གདུང་བརྒྱུད་ཡིན་བཞིན་དུ། ཨེ་ལོ་ཧིམ་ནི་མིའི་བློ་དང་དམིགས་པས་བཟོས་པའི་གསེར་རམ་དངུལ་ལམ་རྡོ་དང་འདྲ་བ་ཞིག་ཡིན་བསམ་པར་མི་རིགས་སོ།"
30 ༣༠་ །ཨེ་ལོ་ཧིམ་གྱིས་མ་རིག་པའི་དུས་ལ་མ་འཟིགས་པར། ད་ཨེ་ལོ་ཧིམ་གྱིས་གནས་མཐའ་དག་ཏུ་མི་ཐམས་ཅད་ལ་སེམས་སྒྱུར་ཅིག་ཅེས་བཀའ་གནང་ངོ་།"
31 ༣༡་ ཁོང་གིས་བཙུགས་པའི་ཉིན་མོར་ཁོང་གིས་བསྐོས་པའི་སྐྱེས་བུས་འཇིག་རྟེན་གྱི་ཞལ་ཆེ་དྲང་པོར་གཅོད་པར་འགྱུར་རོ། །སྐྱེས་བུ་དེ་གཤིན་པོ་རྣམས་ལས་བསླངས་པའི་སྒོ་ནས་དེ་ལྟར་འབྱུང་བར་འགྱུར་བ་བདེན་པ་ཡིན་པ་ཐམས་ཅད་ལ་བསྟན་པར་མཛད་དོ་ཞེས་གསུངས་སོ།"
32 ༣༢་ །གཤིན་པོ་ལང་བའི་གཏམ་ཐོས་ནས་ལ་ལས་འཕྱས། ལ་ལས་འདིའི་སྐོར་རྗེས་སུ་ཉན་པར་བྱའོ་ཞེས་སྨྲས་སོ།"
33 ༣༣་ །དེ་ལྟར་པ༷འུ་ལུས་དེ་ཚོའི་དཀྱིལ་ནས་ཕྱིར་ཕེབས་སོ།"
34 ༣༤་ །ཁ་ཅིག་དད་ཅིང་ཁོང་དང་འདྲེས་སོ། །དེའི་ནང་དོ༷་རའི་ཁྲིམས་དཔོན་དི༷་ཨོ་ནི་སིའུ་དང་ད༷་མ་རི་བྱ་བའི་བུད་མེད་ལ་སོགས་པ་གཞན་ཡང་ཡོད་དོ།། །།"
1 ༡་ །དེའི་རྗེས་སུ་པ༷འུ་ལུ་ཨ༷་ཐེ་ནེ་ནས་བཞེངས་ཏེ་ཀོ༷་རིན་ཐུ་ལ་ཕེབས་སོ།"
2 ༢་ །རྒྱལ་པོ་ཀ༷་ལོ་དི་འུས་ཡ༷་ཧུ་དཱ་པ་ཐམས་ཅད་རོ༷་མ་ནས་ཐོན་དགོས་པའི་བཀའ་སྩལ་པའི་རྐྱེན་གྱིས། པོ༷ན་ཏུར་སྐྱེས་པའི་ཡ༷་ཧུ་དཱ་པ་ཨ༷་ཀུ་ལ་བྱ་བ་ཆུང་མ་པྲི༷ས་ཀིལ་ལ་དང་བཅས་པ་ཨི༷་ཏ་ལི་ནས་འཕྲལ་དུ་བསླེབས་པ་དེ་དང་ཕྲད་ནས་དེ་ཚོའི་རྩར་ཕེབས་སོ།"
3 ༣་ ཁོང་གི་ཕྱག་ལས་དེ་དག་དང་གཅིག་པས། དེ་ཚོ་མཉམ་དུ་བཞུགས་ཤིང་གུར་བཟོས་སོ།"
4 ༤་ །ཤ༷བ་བད་རེ་བཞིན་སི༷ན་ན་གོས་ནང་རྩོད་གླེང་མཛད་ཅིང་། ཡ༷་ཧུ་དཱ་པ་དང་ཧེ༷་ལེན་པ་འགུག་ཕྱིར་བརྩོན་ནོ།"
5 ༥་ །སི༷་ལ་དང་ཏི༷་མོ་ཐེའུ་མ༷་ཀེ་དོན་ནས་བསླེབས་ཙ་ན། པ༷འུ་ལུས་ཡ༷་ཧུ་དཱ་པ་རྣམས་ལ་ཡེ་ཤུ་ནི་མ་ཤི་ཀ་ལགས་པའི་དཔང་པོ་མཛད་ཅིང་ཨེ་ལོ་ཧིམ་གྱི་བཀའ་བཤད་གྱིན་ཡོད་པ་ཡིན།"
6 ༦་ ཡ༷་ཧུ་དཱ་པ་ཚོས་ཁོང་ལ་རྒོལ་ཞིང་སྨད་པས། ཁོང་གིས་ན་བཟའ་སྤྲུག་ནས་དེ་ཚོར་ཁྱེད་ཚོའི་སྡིག་པའི་ཆད་པ་ཁྱེད་ཚོའི་མགོ་ལ་ཕོག་པས། ང་ལ་སྐྱོན་མེད། ད་ཕྱིན་ཆད་ང་ཡ༷་ཧུ་དཱ་པ་མིན་པའི་རྩར་འགྲོའོ་ཞེས་གསུངས་སོ།"
7 ༧་ །དེ་ནས་བཞེངས་ཏེ་ཨེ་ལོ་ཧིམ་ལ་བསྙེན་བཀུར་བྱེད་པའི་མི་ཏི༷་དུ་དྲང་པོ་བྱ་བའི་ཁང་པ་སི༷ན་ན་གོས་ཁང་གི་འགྲམ་ན་ཡོད་པ་དེར་ཕེབས་སོ།"
8 ༨་ །སི༷ན་ན་གོས་ཀྱི་དབུ་མཛད་ཀ༷་རིས་པུ་ཁྱིམ་ཚང་དང་བཅས་པས་ཀྱུ་རི་བོ་ལ་དད་པར་གྱུར་པ་དང་། ཀོ༷་རིན་ཐུ་པ་མང་པོས་ཀྱང་པ༷འུ་ལུ་ལས་བཀའ་ཐོས་ནས་དད་ཅིང་བ༷བ་ཐི་སོ་ཐོབ་བོ།"
9 ༩་ །མཚན་མོར་ཀྱུ་རི་བོས་ཞལ་གཟིགས་ནང་པ༷འུ་ལུ་ལ། མི་འཇིགས་ཤིང་ཁ་མ་རོག་པར་བཀའ་བཤད་ཅིག"
10 ༡༠་ གྲོང་ཁྱེར་འདིར་ངའི་མི་ཤིན་ཏུ་མང་པོ་ཡོད་ཅིང་། ང་ཁྱེད་དང་འགྲོགས་པས། སུས་ཀྱང་ཁྱེད་ལ་རྒོལ་ཞིང་གནོད་པ་བྱེད་པར་མི་ནུས་སོ་ཞེས་གསུངས་སོ།"
11 ༡༡་ །དེ་ནས་དེ་ཚོར་ཨེ་ལོ་ཧིམ་གྱི་བཀའ་བཤད་ཅིང་ཡུལ་དེར་ལོ་གཅིག་དང་ཟླ་བ་དྲུག་བཞུགས་སོ།།"
12 ༡༢་ །ག༷ལ་ཡོན་གྱིས་ཧེ༷་ལེན་ཡུལ་གྱི་སྤྱི་ཁྱབ་བྱེད་པའི་ཚེ། ཡ༷་ཧུ་དཱ་པ་ཐམས་ཅད་ཀྱིས་གྲོས་མཐུན་པས་པ༷འུ་ལུ་ལ་དགྲ་རུ་ལངས་ཏེ། ཁོང་ཁྲིམས་རར་ཁྲིད་ནས།"
13 ༡༣་ མི་འདིས་བཀའ་ཁྲིམས་དང་མི་མཐུན་པར་ཨེ་ལོ་ཧིམ་ལ་བསྙེན་བཀུར་བྱེད་ཕྱིར་བསྐུལ་ལོ་ཞེས་སྨྲས་སོ།"
14 ༡༤་ །པ༷འུ་ལུས་ལན་གསོལ་བར་བརྩམས་པ་ལས། ག༷ལ་ཡོན་གྱིས་ཡ༷་ཧུ་དཱ་པ་རྣམས་ལ། གལ་ཏེ་མི་འདིས་མི་རིགས་པའམ་ཉེས་པ་ཆེན་པོ་ཞིག་བྱས་ཡོད་པ་ཡིན་ན། ཁྱེད་ཀྱི་ཞུ་བ་ལ་ངས་ཉན་ཡོད་འགྲོ"
15 ༡༥་ །འོན་ཀྱང་འདི་ནི་ཁྱེད་ཚོའི་བཀའ་ཁྲིམས་དང་ཚིག་དང་མིང་རྣམས་ཀྱི་སྐོར་ཡིན་པས་ཁྱེད་རང་ཤེས། ང་ནི་བྱ་བ་འདི་ཚོའི་ཁྲིམས་དཔོན་བྱེད་པར་མི་འདོད་དོ་སྨྲས་ནས།"
16 ༡༦་ ཁོང་ཚོ་ཁྲིམས་ར་ནས་ཕྱིར་སྐྲད་དོ།"
17 ༡༧་ །དེ་ཚོས་སི༷ན་ན་གོས་ཀྱི་དབུ་མཛད་སོ༷ས་ཐེ་ནེ་བཟུང་ནས། ཁྲིམས་རའི་མདུན་དུ་བརྡུངས་ཀྱང་། ག༷ལ་ཡོན་གྱིས་དེ་ལ་དོ་སྣང་མ་བྱས་སོ།"
18 ༡༨་ །དེའི་རྗེས་སུ་རེ་ཞིག་དེར་བཞུགས་ནས། སྤུན་རྣམས་ལ་ཕྱི་ཕྱག་མཛད་དོ། །པྲི༷ས་ཀིལ་ལ་དང་ཨ༷་ཀུ་ལ་བཅས་པ་ཆུ་ཐོག་ཏུ་སི༷ར་ཡའི་ཕྱོགས་སུ་ཕེབས་སོ། །ཀེ༷ན་གྲེ་བྱ་བའི་གྲོང་ཁྱེར་དུ་དམ་བཅའ་བཞིན་དུ་དབུ་སྐྲ་བྲེགས་སོ།"
19 ༡༩་ །ཨེ༷་ཕེ་སུ་རུ་ཕེབས་ནས། དེ་གཉིས་དེར་བཞག་ནས། ཁོང་རང་སི༷ན་ན་གོས་སུ་ཕེབས་ཏེ་ཡ༷་ཧུ་དཱ་པ་རྣམས་དང་རྩོད་གླེང་མཛད་དོ།"
20 ༢༠་ །དེ་ཚོས་རེ་ཞིག་བཞུགས་ཞུས་ཀྱང་མ་བཞུགས་ཤིང་། ཕྱི་ཕྱག་མཛད་པའི་ཚེ།"
21 ༢༡་ ཨེ་ལོ་ཧིམ་གྱིས་དགོངས་པ་གནང་ན་ང་སླར་བསླེབས་འོང་གསུངས་ཏེ་གྲུ་ལ་ཞུགས་ནས་ཕེབས་སོ།"
22 ༢༢་ །ཀེ༷་སར་ཡ་རུ་བྱོན་ཏེ་མ་ཤི་ཀ་པ་ཚོགས་ལ་ཕྱག་བྱེད་དུ་ཕེབས་ནས། ཨ༷ན་ཏི་ཡོག་ཏུ་བྱོན་ནོ།"
23 ༢༣་ །རེ་ཞིག་དེར་བཞུགས་ནས་ཡང་ཕེབས་ཏེ། ག༷་ལད་ཡ་དང་ཕ༷་རིག་ཡུལ་འཁོར་རིམ་གྱིས་རྒྱུ་ཞིང་སློབ་མ་ཐམས་ཅད་བརྟན་པོར་མཛད་དོ།།"
24 ༢༤་ །ཨ༷་ལེག་སན་དར་ཡ་རུ་སྐྱེས་པའི་ཡ༷་ཧུ་དཱ་པ་ཨ༷་པོ་ལོ་བྱ་བ་བི༷་བལ་ལ་མཁས་ཤིང་ངག་དབང་ཅན་ཞིག་ཨེ༷་ཕེ་སུ་རུ་བསླེབས་སོ།"
25 ༢༥་ །ཡོ༷་ཧ་ནན་གྱི་བ༷བ་ཐི་སོའི་བཤད་འབའ་ཞིག་ཤེས་ཀྱང་། ཀྱུ་རི་བོའི་ལམ་ལ་བསླབས་པས། སེམས་ཀྱི་སྟོབས་ཤུགས་ཆེ་ཞིང་། ཡེ་ཤུའི་སྐོར་དག་པོར་སློབ་ཁྲིད་བྱས་སོ།"
26 ༢༦་ །སི༷ན་ན་གོས་ཀྱི་ནང་སྙིང་རུས་ཀྱིས་བཀའ་བཤད་པ་དང་། པྲི༷ས་ཀིལ་ལ་དང་ཨ༷་ཀུ་ལས་བཀའ་བཤད་པ་དེ་ཐོས་ཏེ། རང་གི་ཁྱིམ་དུ་ཁྲིད་ནས། དེ་ལ་ཨེ་ལོ་ཧིམ་གྱི་ལམ་དག་པོར་བསྟན་ཏོ།"
27 ༢༧་ །ཨ༷་པོ་ལོ་ཧེ༷་ལེན་ཡུལ་དུ་འགྲོ་འདོད་པས། སྤུན་རྣམས་ཀྱིས་ལེགས་སོ་སྨྲ་ཞིང་། སློབ་མ་རྣམས་ལ་ཁོང་བསུ་བའི་ཕྱིར་ཡི་གེ་བྲིས་སོ། །དེར་བསླེབས་ནས་ཨེ་ལོ་ཧིམ་གྱི་ཐུགས་རྗེའི་སྒོ་ནས་དད་པར་གྱུར་པ་རྣམས་ལ་རོགས་རམ་མང་པོ་བྱེད་ཅིང་།"
28 ༢༨་ བི༷་བལ་ནས་ཡེ་ཤུ་ནི་མ་ཤི་ཀ་ལགས་པ་བསྟན་ཅིང་། ཡ༷་ཧུ་དཱ་པ་རྣམས་ཁྲོམ་དཀྱིལ་དུ་ངག་དབང་གིས་ཕམ་བཅུག་གོ། །།"
1 ༡་ །ཨ༷་པོ་ལོ་ཀོ༷་རིན་ཐུ་རུ་ཡོད་པའི་ཚེ། པ༷འུ་ལུ་ཡུལ་སྟོད་རྒྱུ་ཞིང་ཨེ༷་ཕེ་སུ་རུ་ཕེབས་པ་དང་། སློབ་མ་ཁ་ཅིག་གཟིགས་ནས།"
2 ༢་ དད་པ་བྱས་པའི་དུས་སུ་ཁྱེད་ཚོར་དམ་པའི་རུ་ཨག་ཐོབ་བམ་གསུངས་པས། དེ་ཚོས་མ་ཐོབ། དམ་པའི་རུ་ཨག་ཡོད་པའང་མ་ཐོབ་སོ། ཞུས་སོ།"
3 ༣་ །འོ་ན་སུའི་བ༷བ་ཐི་སོ་ཐོབ་གསུངས། ཡོ༷་ཧ་ནན་གྱི་བ༷བ་ཐི་སོ་ཐོབ་ཞུས་སོ།"
4 ༤་ །པ༷འུ་ལུས། ཡོ༷་ཧ་ནན་གྱིས་ནི་སེམས་སྒྱུར་བའི་བ༷བ་ཐི་སོ་ཏེ། མི་སྡེ་ལ་ཁོང་གི་རྗེས་སུ་འབྱོན་པ་དེ་ལ་དད་པ་བྱེད་ཕྱིར་བསྐུལ་བ་ཡིན། འབྱོན་པ་དེ་ནི་ཡེ་ཤུ་ལགས་སོ་ཞེས་གསུངས་པས།"
5 ༥་ དེ་ཐོས་ནས་ཀྱུ་རི་བོ་ཡེ་ཤུའི་བ༷བ་ཐི་སོ་བླངས་སོ།"
6 ༦་ །པ༷འུ་ལུས་དེ་རྣམས་ལ་ཕྱག་དབང་གནང་བ་དང་། དམ་པའི་རུ་ཨག་བབས་ནས་སྐད་སོ་སོ་སྨྲ་ཞིང་ལུང་བསྟན་ཏོ།"
7 ༧་ །དེ་རྣམས་སྡོམ་བཅུ་གཉིས་ཙམ་ཡོད་དོ།།"
8 ༨་ །པ༷འུ་ལུ་སི༷ན་ན་གོས་སུ་ཕེབས་ནས། ཟླ་བ་གསུམ་གྱི་བར་དུ་ཨེ་ལོ་ཧིམ་གྱི་རྒྱལ་སྲིད་ཀྱི་སྐོར་ལ་སྙིང་རུས་ཀྱིས་རྩོད་གླེང་དང་སྐུལ་མ་མཛད་ཅིང་སློབ་ཁྲིད་བྱས་སོ།"
9 ༩་ ཁ་ཅིག་སྙིང་གྱོང་ཞིང་མ་དད་པར། ཚོགས་ཀྱི་མདུན་དུ་ལམ་དེ་ལ་སྨད་པས། ཁོང་སློབ་མ་དང་བཅས་དེ་ཚོ་ལས་གྱེས་ནས། ཉིན་རེ་བཞིན་ཏི༷་རན་ནུའི་སློབ་ཁང་ལ་རྩོད་གླེང་མཛད་དོ།"
10 ༡༠་ །དེ་བཞིན་དུ་ལོ་གཉིས་མཛད་ཅིང་ཨ༷་སི་ཨ་ཡུལ་ན་གནས་པའི་ཡ༷་ཧུ་དཱ་པ་དང་ཧེ༷་ལེན་པ་ཐམས་ཅད་ཀྱིས་ཀྱུ་རི་བོའི་བཀའ་ཐོས་སོ།"
11 ༡༡་ །ཨེ་ལོ་ཧིམ་གྱིས་པ༷འུ་ལུའི་སྒོ་ནས་ཕྲིན་ལས་ཁྱད་པར་ཅན་རྣམས་མཛད་དེ།"
12 ༡༢་ ཁོང་གི་སྐུ་ལུས་ཀྱི་ཞལ་ཕྱིས་དང་ཕྱག་ཕྱིས་ཁྱེར་ནས། ནད་པ་ཚོར་བཞག་པ་ལས་ནད་ཀྱང་སོས་ཤིང་། ས༷་ཏན་རྣམས་ཀྱང་ཐོན་ནོ།"
13 ༡༣་ །བགེགས་སྐྲོད་མཁན་ཡིན་པའི་ཡ༷་ཧུ་དཱ་པ་གནས་འཁོར་པ་ཁ་ཅིག་གིས། ས༷་ཏན་ཞུགས་རྣམས་ལ། ངས་པ༷འུ་ལུས་བཤད་པའི་ཡེ་ཤུའི་མཚན་གྱི་སྒོ་ནས་ཁྱོད་དམ་ལ་འདོགས་སོ་ཞེས་སྨྲ་ཞིང་ཀྱུ་རི་བོ་ཡེ་ཤུའི་མཚན་བརྗོད་དོ།"
14 ༡༤་ །ཡ༷་ཧུ་དཱ་པའི་ལེ༷་ཝི་ཆེན་སྐེ༷་ཝ༷འི་བུ་བདུན་གྱིས་དེ་ལྟར་བྱས་ནས།"
15 ༡༥་ དེ་རྣམས་ལ་བགེགས་དེས། ངས་ཡེ་ཤུ་ཡང་ཤེས། པ༷འུ་ལུ་ཡང་ཤེས། འོན་ཀྱང་ཁྱེད་སུ་ཡིན་སྨྲས་ནས།"
16 ༡༦་ དེ་ཚོའི་ཐོག་ཏུ་མཆོངས་ཏེ། དེ་ཚོ་ལས་རྒྱལ་ཞིང་འཕམ་པར་བྱས་པ་དང་། ཁོང་ཚོ་རྨས་ནས་གཅེར་བུར་ཁང་པ་ནས་བྲོས་སོ།"
17 ༡༧་ །ཨེ༷་ཕེ་སུ་རུ་གནས་པའི་ཡ༷་ཧུ་དཱ་པ་དང་ཧེ༷་ལེན་པ་ཐམས་ཅད་ཀྱིས་དེ་ཤེས་ནས་ཐམས་ཅད་འཇིགས་ཤིང་། །ཀྱུ་རི་བོ་ཡེ་ཤུའི་མཚན་རྒྱས་པར་གྱུར་ཏོ།"
18 ༡༨་ །དེ་ཚོའི་དཀྱིལ་ནས་དད་པ་ཅན་མང་པོ་འོངས་ནས། རང་གི་ལག་ལེན་དོར་ཞིང་མཐོལ་ལོ།"
19 ༡༩་ །རྫུ་འཕྲུལ་མཁན་མང་པོས་རང་གི་དཔེ་ཆ་རྣམས་ཕྱོགས་གཅིག་ཏུ་སྤུངས་ཏེ་ཁྲོམ་གྱི་མདུན་དུ་ཚང་མས་མཐོང་སར་བསྲེགས་སོ། །རིན་གྱི་རྩིས་བྱས་ནས་དངུལ་ལྔ་ཁྲི་ཐོན་ནོ།"
20 ༢༠་ །དེ་ལྟར་ཀྱུ་རི་བོའི་བཀའ་ཤིན་ཏུ་དར་ཞིང་རྒྱས་སོ།།"
21 ༢༡་ །དེའི་རྗེས་སུ་པ༷འུ་ལུའི་ཐུགས་ལ་མ༷་ཀེ་དོན་དང་ཧེ༷་ལེན་ཡུལ་རྒྱུད་དེ། ཡེ༷་རུ་ཤ་ལེམ་དུ་ཕེབས་ནས། དེའི་རྗེས་སུ་རོ༷་མ་རུའང་ཕེབས་དགོས་ཞེས་དགོངས་སོ།"
22 ༢༢་ ཁོང་གི་ཞབས་ཕྱིའི་ནང་ནས་ཏི༷་མོ་ཐེའུ་དང་ཨེ༷་རས་ཏུ་གཉིས་ཡུལ་མ༷་ཀེ་དོན་དུ་བཏང་སྟེ། ཁོང་རང་རེ་ཞིག་ཨ༷་སི་ཨ་རུ་བཞུགས་སོ།།"
23 ༢༣་ །དུས་དེ་ཙམ་ལ་ཀྱུ་རི་བོའི་ལམ་དེའི་སྐོར་ལ་རྩོད་འཁྲུགས་ཆེན་པོ་བྱུང་ངོ་།"
24 ༢༤་ །དངུལ་བཟོ་བ་དེ༷་མེ་ཏྲི་འུས་ལྷ་མོ་ཨ༷ར་ཏི་མིའི་ལྷ་རྟེན་དངུལ་ལས་བཟོས་ཤིང་ཁོའི་ལས་གྲོགས་རྣམས་ལའང་ནོར་མང་པོ་ཐོབ་བོ།"
25 ༢༥་ ཁོང་ཚོས་དངུལ་བཟོ་པ་གཞན་རྣམས་ཀྱང་བསྡུས་ཏེ། འདི་སྐད་དུ། སྐྱེ་བོ་རྣམས། ང་ཚོའི་འབྱོར་པ་ནི་བཟོ་ལས་འདི་ལས་ཡིན་པ་ཁྱེད་ཚོས་ཤེས་ཏེ།"
26 ༢༦་ ཨེ༷་ཕེ་སུ་རུ་མ་ཟད་ཨ༷་སི་ཨ་ཡོངས་སུ་པ༷འུ་ལུ་འདིས། ལག་པས་བཟོས་པ་ནི་ལྷ་མ་ཡིན་ནོ་ཞེས་སྨྲས་ཤིང་མི་མང་པོ་བསླུས་ཏེ་སེམས་འགྱུར་བར་བྱས་པ་ཁྱེད་ཚོས་མཐོང་ཞིང་ཐོས་སོ།"
27 ༢༧་ །ང་ཚོའི་བཟོ་ལས་ལ་རྩིས་མེད་འགྱུར་བའི་འཇིགས་པ་མ་ཟད། ཨ༷་སི་ཨ་དང་འཇིག་རྟེན་གྱི་མི་ཐམས་ཅད་ཀྱིས་བསྙེན་བཀུར་བྱེད་པའི་ལྷ་མོ་ཆེན་མོ་ཨ༷ར་ཏི་མིའི་ལྷ་རྟེན་ལ་སྟི་སྟང་མེད་པར་འགྱུར་བས་ཆེ་བ་ཉམས་པར་འགྱུར་ཞེས་སྨྲས་སོ།"
28 ༢༨་ །དེ་ཐོས་ནས་དེ་ཚོ་ཤིན་ཏུ་ཁྲོས་ནས་སྐད་ཆེན་པོས། ཨེ༷་ཕེ་སུ་པའི་ཨ༷ར་ཏི་མི་ཆེའོ་ཞེས་འབོད་བསྒྲགས་སོ།"
29 ༢༩་ །གྲོང་ཁྱེར་ཟིང་ཆས་གང་སྟེ། པ༷འུ་ལུའི་ལམ་གྲོགས་མ༷་ཀེ་དོན་པ་ག༷་ཡུ་དང་ཨ༷་རིས་ཏར་ཀུ་གཉིས་བཟུང་ནས། དེ་རྣམས་ལྷན་ཅིག་ཏུ་ལྟད་མོ་ཁང་དུ་བརྒྱུགས་སོ།"
30 ༣༠་ པ༷འུ་ལུ་མི་ཚོགས་ཀྱི་དཀྱིལ་དུ་ཕེབས་པར་དགོངས་ཀྱང་། སློབ་མ་རྣམས་ཀྱིས་བཀག་གོ"
31 ༣༡་ ཁོང་གི་གྲོགས་པོ་ཡིན་པའི་ཨ༷་སི་ཨའི་བློན་པོ་ཁ་ཅིག་གིས་ཀྱང་མི་ཞིག་བཏང་ནས། ལྟད་མོ་ཁང་ལ་མ་ཕེབ་ཅེས་ཞུས་སོ།"
32 ༣༢་ །མི་ཚོགས་ནང་ཟིང་ཆ་ལངས་པས་མི་སོ་སོས་གང་བྱུང་སྨྲས་སོ། མི་མང་ཤོས་ཀྱིས་དེར་འདུས་པའི་རྒྱུ་མཚན་ཡང་མ་ཤེས་སོ།"
33 ༣༣་ །ཡ༷་ཧུ་དཱ་པས་མདུན་དུ་ཁྲིད་པའི་ཨ༷་ལེག་སན་ད༷ར་ལ་མི་ཚོགས་ཀྱིས་སྨྲ་ཕྱིར་བསྐུལ་བས། ཨ༷་ལེག་སན་དར་གྱིས་རྒྱུ་རྐྱེན་འཆད་པའི་ཕྱིར་ལག་བརྡ་བྱས་ཀྱང་།"
34 ༣༤་ ཁོང་ཡ༷་ཧུ་དཱ་པ་ཡིན་པར་ཤེས་ནས། ཆུ་ཚོད་གཉིས་ཀྱི་བར་དུ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ། ཨེ༷་ཕེ་སུ་པའི་ཨ༷ར་ཏི་མི་ཆེའོ་ཞེས་འབོད་བསྒྲགས་སོ།"
35 ༣༥་ །དེ་ནས་གྲོང་ཁྱེར་གྱི་དྲུང་ཡིག་གིས་མི་ཚོགས་རྣམས་ཁ་རོག་སྡོད་བཅུག་ནས་དེ་ཚོར། ཁྱེད་ཨེ༷་ཕེ་སུ་པ་ཚོ། ཨེ༷་ཕེ་སུའི་གྲོང་ཁྱེར་འདི་ནི་ལྷ་མོ་ཆེན་མོ་ཨ༷ར་ཏི་མི་དང་ནམ་མཁའ་ལས་བབས་པ་ཁོང་གི་སྐུ་འདྲའི་དཀོན་གཉེར་ཡིན་པ་སུས་མི་ཤེས།"
36 ༣༦་ དེ་ལ་རྩོད་རྒྱུ་མེད་པས་ཁྱེད་ཚོ་ཁ་རོག་སྡོད་ལ་ཧར་ཧུར་གྱིས་ཅིའང་མ་བྱེད་ཅིག"
37 ༣༧་ ཁྱེད་ཀྱིས་ཁྲིད་པའི་མི་འདི་གཉིས་ཀྱིས་ལྷ་ཁང་ལ་འབག་པའང་མ་བྱས། ང་ཚོའི་ལྷ་མོ་ལའང་མ་སྨད་དོ།"
38 ༣༨་ །དེའི་ཕྱིར་དེ༷་མི་ཏྲིའུ་དང་དངུལ་བཟོ་པ་རྣམས་ལ་ཁྲིམས་ཞུ་རྒྱུ་ཡོད་ན། ཁྲིམས་ར་ཕྱེས་ཡོད། སྤྱི་ཁྱབ་ཀྱང་ཡོད་པས། དེར་གཅིག་གིས་གཅིག་ལ་སྐྱོན་འདོགས་པར་རུང་ངོ་།"
39 ༣༩་ །དེ་ལས་ལྷག་པར་འདོད་ན། ཚོགས་འདུས་ནང་ཐག་གཅད་འོང་།"
40 ༤༠་ དེ་རིང་དོན་མེད་ཀྱི་ཟིང་ཆའི་ཕྱིར་རྒྱུ་མཚན་བཤད་རྒྱུ་མེད་པས། ང་ཚོར་རྩོད་འཁྲུགས་ལང་བའི་སྙད་འཕོག་ཉེན་ཡོད་དོ།"
41 ༤༡་ །ཞེས་སྨྲས་ནས་མི་ཚོགས་འགྲོར་བཅུག་གོ། །།"
1 ༡་ བ༷ན་དཱ་གོས་ཀྱི་དུས་ཆེན་བསླེབས་པའི་ཚེ། དེ་ཐམས་ཅད་གནས་གཅིག་ཏུ་བསྡད་ཡོད་པ་དང་།"
2 ༢་ གློ་བུར་དུ་ནམ་མཁའ་ལས་རླུང་ཆེན་པོ་ཞིག་ལངས་པ་ལྟ་བུའི་སྒྲ་བྱུང་སྟེ། དེ་རྣམས་སྡོད་པའི་ཁང་པ་ཡང་གང་བར་གྱུར་ཏེ།"
3 ༣་ མེ་ལྕེ་ལྟ་བུ་སོ་སོར་གྱེས་ནས་མི་རེ་རེའི་སྟེང་དུ་གནས་པ་མཐོང་ངོ་།"
4 ༤་ །དེ་ཐམས་ཅད་དམ་པའི་རུ་ཨག་གིས་ཁྱབ་སྟེ། རུ་ཨག་གིས་ནུས་པ་གནང་བ་བཞིན་དུ་རང་རང་སྐད་ལུགས་སོ་སོའི་ནང་གཏམ་བྱེད་པ་ལ་ཞུགས་སོ།"
5 ༥་ དེའི་ཚེ་ནམ་མཁའི་འོག་ན་ཡོད་པའི་མི་བརྒྱུད་ཐམས་ཅད་ཀྱི་ནང་ནས་དམ་པའི་ཡ༷་ཧུ་དཱ་པ་རྣམས་ཡེ༷་རུ་ཤ་ལེམ་ན་གནས་སོ།"
6 ༦་ །སྒྲ་དེ་ཐོས་ནས་མི་ཚོགས་འདུས་ཤིང་། རེ་རེས་རང་རང་གི་སྐད་ནང་གཏམ་བྱེད་པར་ཐོས་པས། ངོ་མཚར་རྨད་དུ་གྱུར་ནས།"
7 ༧་ ཧ་ལས་ཤིང་ཡ་མཚན་དུ་གྱུར་ཏེ་འདི་སྐད་དུ། གཏམ་བྱེད་མཁན་འདི་ཐམས་ཅད་ག༷་ལིལ་པ་མ་ཡིན་ནམ།"
8 ༨་ ང་ཚོའི་ཕ་སྐད་ནང་དེ་ཚོས་གླེང་བར་ཐོས་པ་ཅི་ཡིན།"
9 ༩་ ང་ཚོ་ནི་པ༷ར་ཐ་དང་། ད༷་ཟིག་དང་། ཨེ༷་ལམ་དང་། ཨ༷་རམ་དང་། ཡ༷་ཧུ་དཱ་དང་ཀ༷་པ་དོག་ཡ་དང་། པོན་ཏུ་དང་། ཨ༷་སི་ཨ་དང་།"
10 ༡༠་ ཕ༷་རིག་ཡ་དང་། ཕ༷མ་ཕིལ་ཡ་དང་། མི༷་སེར་དང་། ཀི༷་རེ་ནེ་དང་། ཉེ་བའི་ལི༷བ་ཡ་ཡུལ་འཁོར་ལ་གནས་པའི་མི་དང་། རོ༷་མ་ནས་འོངས་པའི་བྱེས་པ་དང་།"
11 ༡༡་ ཡ༷་ཧུ་དཱ་པ་དང་། ཡ༷་ཧུ་དཱ་པ་སློབ་གསར་དང་། ཀ༷་རེ་ཏ་དང་། ཨ༷་རབ་ཡུལ་པ་ཡིན་ཏེ། དེ་དག་གིས་ང་ཚོའི་སྐད་ལ་ཨེ་ལོ་ཧིམ་གྱི་ངོ་མཚར་ཆེ་བའི་མཛད་པ་སྒྲོག་པར་ཐོས་སོ་ཞེས་སྨྲས་སོ།"
12 ༡༢་ །ཐམས་ཅད་ཧ་ལས་ཤིང་ཅི་ཟེར་མི་ཤེས་པར་ཕན་ཚུན་འདིའི་དོན་ཅི་ཡིན། སྨྲས་སོ།"
13 ༡༣་ །གཞན་འགའ་རེས་གད་མོ་བགད་ཅིང་དེ་ཚོ་རྒུན་ཆང་གསར་པས་བཟི་བ་ཡིན། ཞེས་ཟེར་ཏོ།།"
14 ༡༤་ །པེ༷་ཏྲོ་བཅུ་གཅིག་པོ་དང་བཅས་པ་བཞེངས་ནས་སྐད་ཆེན་པོས་དེ་ཚོ་ལ། ཁྱེད་ཡ༷་ཧུ་དཱ་པ་དང་ཡེ༷་རུ་ཤ་ལེམ་ན་གནས་པ་ཐམས་ཅད། ང་ལ་ཉོན་ལ་འདི་ཤེས་པར་གྱིས་ཤིག"
15 ༡༥་ ད་ལྟ་སྔ་དྲོ་ཆུ་ཚོད་དགུ་པ་ཡིན་པས། ཁྱེད་ཀྱི་བསམ་པ་ལྟར་འདི་རྣམས་ཆང་གིས་བཟི་བ་མ་ཡིན་གྱི།"
16 ༡༦་ །ཕ༷་རོ་པེ་ཏེ་པ་ཡོ༷་ཨེལ་གྱིས།"
17 ༡༧་ །ཨེ་ལོ་ཧིམ་བཀའ་བཞིན་ཕྱི་དུས་འདི་འདྲ་འབྱུང་། །ལུས་ཅན་ཀུན་ལ་ང་ཡི་རུ་ཨག་བླུག །ཁྱེད་ཀྱི་བུ་དང་བུ་མོས་ལུང་བསྟན་འགྱུར། །ཁྱེད་ཚོའི་གཞོན་ནུས་ཞལ་གཟིགས་མཐོང་བར་འགྱུར། །ཁྱེད་ཀྱི་རྒན་པོས་རྨི་ལམ་རྨི་བར་འགྱུར།"
18 ༡༨་ །དེ་དུས་ང་ཡི་གཡོག་དང་གཡོག་མོ་ལ། །ང་ཡི་རུ་ཨཱག་བླུགས་པས་ལུང་བསྟན་འགྱུར།"
19 ༡༩་ །ང་ཡིས་སྟེང་གི་གནམ་ནང་ངོ་མཚར་དང་། འོག་གི་ས་ལ་ལྟས་རྣམས་བསྟན་བྱ་ཞིང་། །ཁྲག་དང་མེ་དང་དུ་བ་འཐུལ་བ་འབྱུང་།"
20 ༢༠་ ཆེན་པོ་ལགས་ཤིང་ཁྱད་པར་ཅན་ཡིན་པའི། །ཀྱུ་རི་བོའི་ཉིན་མོ་མ་བསླེབ་སྔོན་རོལ་དུ། །ཉི་མ་མུན་འགྱུར་ཟླ་བ་ཁྲག་དུ་འགྱུར།"
21 ༢༡་ །ཀྱུ་རི་བོའི་མཚན་ནས་བརྗོད་ཚད་ཐར་བར་འགྱུར། ཞེས་ལུང་བསྟན་པ་དེ་བཞིན་ནོ།"
22 ༢༢་ ཁྱེད་ཡི༷ས་ར་ཨེལ་པ་རྣམས་གཏམ་འདི་ལ་ཉོན་ཅིག །ན༷་ཙ་རེད་པ་ཡེ་ཤུ་ནི་ཨེ་ལོ་ཧིམ་ནས་ཡིན་པས། ཨེ་ལོ་ཧིམ་གྱིས་ཁོང་གི་ངང་ན་ཁྱེད་ཀྱི་དཀྱིལ་དུ་མཛད་པའི་མཐུ་ཆེ་བ་དང་། ངོ་མཚར་དང་། ལས་བཟང་པོ་ཡི་སྒོ་ནས་དེ་བསྟན་པ་ཡིན།"
23 ༢༣་ ཨེ་ལོ་ཧིམ་གྱི་ཐུགས་དགོངས་དང་སྔོན་མཁྱེན་བཞིན་དུ་བཟུང་བ་ཁོང་། ཁྱེད་ཀྱིས་བཀའ་ཁྲིམས་མེད་པའི་མིའི་ལག་ཏུ་བཏད་ནས་རྒྱང་ཤིང་ཁར་བཀྲོངས་པ་ཡིན།"
24 ༢༤་ འོན་ཀྱང་འཆི་བས་ཁོང་འཛིན་མི་སྲིད་པས། ཨེ་ལོ་ཧིམ་གྱིས་ཁོང་འཆི་བའི་ཟུག་གཟེར་ལས་སྐྱབས་ཏེ་སྐུ་གསོན་པོར་བསླངས་སོ།"
25 ༢༥་ ད༷་བིད་ཀྱིས་ཁོང་གི་སྐོར་ལ། །ང་ཡི་ཀྱུ་རི་བོ་ང་མདུན་རྒྱུན་དུ་མཐོང་། །ང་ཡི་གཡས་སུ་བཞུགས་པས་ང་མི་གཡོ།"
26 ༢༦་ །དེ་ཕྱིར་ང་སེམས་དགའ་ཞིང་ལྕེ་ཡིས་བསྔགས། །ང་ཡི་ལུས་ནང་རེ་བ་གནས་པར་འགྱུར།"
27 ༢༧་ །ཁྱེད་ཀྱིས་ང་སེམས་གཤིན་ཁམས་ནང་མི་བོར། །དམ་པའི་མི་འཇིག་པར་ཡང་མི་གནང་།"
28 ༢༨་ །ཁྱེད་ཀྱིས་ང་ལ་གསོན་ལམ་སྟོན་པར་མཛད། །ཁྱེད་ཀྱི་ཞལ་ངོར་དགའ་སྤྲོས་འགེངས་པར་བྱ། ཞེས་གསུངས་སོ།"
29 ༢༩་ །སྤུན་རྣམས། ང་ཚོའི་མེས་པོ་ད༷་བིད་ཀྱི་སྐོར་དུ་ངས་གསལ་པོར་སྨྲ་བར་བྱ་སྟེ། ཁོང་གྲོངས་ནས་དུར་དུ་བཅུག་སྟེ་ཁོང་གི་བང་སོ་དེ་རིང་གི་བར་དུ་ང་ཚོའི་རྩར་ཡོད།"
30 ༣༠་ ཁོང་ནི་ཕ༷་རོ་པེ་ཏེ་པ་ཡིན་ཏེ། ཨེ་ལོ་ཧིམ་གྱིས་ཁྱེད་ཀྱི་བརྒྱུད་ལས་མི་གཅིག་ཁྱེད་ཀྱི་རྒྱལ་ཁྲིར་སྐོའོ་ཞེས་དབུ་མནའ་བཞེས་པ་ཤེས་པས།"
31 ༣༡་ མ་ཤི་ཀ་སྐུ་གསོན་པོར་བཞེང་བ་མངོན་པ་ཤེས་ཏེ། ཁོང་གཤིན་ཁམས་ལ་མ་བོར། སྐུ་ཤ་འཇིག་པར་ཡང་མ་གནང་ཞེས་གསུངས་སོ།"
32 ༣༢་ །ཡེ་ཤུ་དེ་ཉིད་ཨེ་ལོ་ཧིམ་གྱིས་སྐུ་གསོན་པོར་བསླངས་པ་ལ་ང་ཚོ་ཐམས་ཅད་ཀྱིས་དཔང་པོ་བྱེད་དོ།"
33 ༣༣་ ཁོང་ནི་ཨེ་ལོ་ཧིམ་གྱི་ཕྱག་གཡས་སུ་ཕེབས་ཏེ། ཞལ་གྱིས་བཞེས་པའི་དམ་པའི་རུ་ཨཱག་ཡབ་ནས་ཐོབ་སྟེ། ཁྱེད་ཀྱིས་མཐོང་བ་དང་ཐོས་པ་འདི་ཐམས་ཅད་རུ་ཨག་དེ་འབེབས་པར་མཛད་པའི་མཐུའོ།"
34 ༣༤་ །ད༷་བིད་ནི་ནམ་མཁའ་ལ་ཡར་མ་ཕེབས་པས། ཁོང་རང་གིས། །ཨེ་ལོ་ཧིམ་གྱིས་ནི་ངའི་ཀྱུ་རི་བོར།"
35 ༣༥་ །ང་ཡིས་ཁྱེད་ཀྱི་དགྲ་བོ་རྣམས། ཁྱེད་ཀྱི་ཞབས་འོག་མ་བཞག་བར། །ང་ཡི་གཡས་སུ་བཞུགས་ཤིག་གསུངས། ཞེས་གསུངས་སོ།"
36 ༣༦་ །ཡི༷ས་ར་ཡེལ་གྱི་བརྒྱུད་པ་ཐམས་ཅད། ཁྱེད་ཀྱིས་བརྐྱངས་པའི་ཡེ་ཤུ་དེ་ཉིད་ཨེ་ལོ་ཧིམ་གྱིས་ཀྱུ་རི་བོ་དང་མ་ཤི་ཀར་མཛད་པ་ནན་ཏན་ཤེས་ཤིག་ཅེས་གསུངས་སོ།"
37 ༣༧་ །དེ་ཐོས་ནས་དེ་རྣམས་ཀྱི་སྙིང་ལ་ཟུག་སྟེ། པེ༷་ཏྲོ་དང་ཨ༷་པོ་ཏོ་ལོ་པ་གཞན་རྣམས་ལ། སྤུན་རྣམས། ང་ཚོས་ཅི་བྱ་ཞེས་ཞུས་པ་དང་། པེ༷་ཏྲོས།"
38 ༣༨་ ཁྱེད་ཐམས་ཅད་སེམས་སྒྱུར་ལ། སྡིག་པ་འདག་པའི་ཕྱིར་ཡེ་ཤུ་མ་ཤི་ཀའི་མཚན་བརྗོད་ཅིང་བ༷བ་ཐི་སོ་ལོང་ཞིག་དང་། གནང་སྦྱིན་དུ་དམ་པའི་རུ་ཨཱག་ཐོབ་པར་འགྱུར་རོ།"
39 ༣༩་ །ཞལ་ཆད་འདི་ནི་ཁྱེད་དང་ཁྱེད་ཀྱི་བུ་བརྒྱུད་དང་། ཀྱུ་རི་བོ་ཨེ་ལོ་ཧིམ་གྱིས་ཉིད་ཀྱི་དྲུང་དུ་འབོད་པར་འགྱུར་བའི་རིང་དུ་གནས་པ་རྣམས་ལའང་ཡིན་ཞེས་དང་།"
40 ༤༠་ གཏམ་གཞན་མང་པོས་བསླབ་བྱ་བསྟན་ཏེ། མི་བརྒྱུད་འཁྱོག་པོ་འདི་ལས་རང་ཉིད་སྲུངས་ཤིག་ཅེས་གསུངས་སོ།"
41 ༤༡་ །ཁོང་གི་གཏམ་དང་དུ་བླངས་པ་རྣམས་ལ་བ༷བ་ཐི་སོ་བླང་སྟེ། དེའི་ཉིན་པར་མི་སྟོང་ཕྲག་གསུམ་ཙམ་དེ་རྣམས་ཀྱི་གྲངས་སུ་འཇུག་པར་གྱུར་ཏོ།།"
42 ༤༢་ དེ་ཚོས་ཨ༷་པོ་ཏོ་ལོ་པ་རྣམས་ཀྱི་བསྟན་པ་ལ་སློབ་པ་དང་། འགྲོགས་པ་དང་། བག་ལེབ་གཅོག་པ་དང་། སྨོན་ལམ་འདེབས་པ་སོགས་ལ་འབུངས་སོ།"
43 ༤༣་ །ཐམས་ཅད་བག་དང་ལྡན་ཏེ། ཨ༷་པོ་ཏོ་ལོ་པ་རྣམས་ཀྱིས་ལས་བཟང་དང་ངོ་མཚར་ཆེ་བ་མང་པོ་བསྟན་ཏོ།"
44 ༤༤་ །དད་པ་བྱེད་པ་རྣམས་ལྷན་དུ་གནས་ཤིང་ཐམས་ཅད་སྤྱི་ནོར་བྱས་ཏེ།"
45 ༤༥་ ནོར་རྫས་གང་ཡོད་བཙོངས་ནས། རེ་རེའི་དགོས་པ་བཞིན་དུ་ཐམས་ཅད་ལ་བགོས་ནས་བཏང་ངོ་།"
46 ༤༦་ །ཉིན་རེ་བཞིན་ཡིད་མཐུན་པར་སྨོན་ལམ་ཁང་དུ་བར་མ་ཆད་པར་འགྲོ་ཞིང་། ཁྱིམ་དུ་བག་ལེབ་གཅོག་ཅིང་། སེམས་དགའ་བར་སྙིང་དྲང་པོས་ཁ་ཟས་བཟོས་སོ།"
47 ༤༧་ །ཨེ་ལོ་ཧིམ་ལ་བསྟོད་ཅིང་མི་སྡེ་ཐམས་ཅད་ཀྱིས་སྙིང་དུ་སྡུག་པར་བཟུང་ངོ་། །ཀྱུ་རི་བོས་ཉིན་རེ་བཞིན་སྐྱོབ་པར་མཛད་པ་རྣམས་མ་ཤི་ཀ་པ་རྣམས་དང་བསྲེ་བར་མཛད་དོ།། །།"
1 ༡་ །རྩོད་འཁྲུགས་དེ་ཞི་བའི་རྗེས་སུ་སློབ་མ་རྣམས་བོས་ནས་གདམས་ངག་གནང་སྟེ། ཕྱག་མཛད་ནས་མ༷་ཀེ་དོན་དུ་ཕེབས་སོ།"
2 ༢་ །ཡུལ་ཁག་དེ་ཚོ་རྒྱུད་ཅིང་གདམས་ངག་མང་པོ་གནང་སྟེ། ཧེ༷་ལེན་ཡུལ་དུ་ཕེབས་སོ།"
3 ༣་ །ཟླ་བ་གསུམ་དེར་བཞུགས་ནས་སི༷ར་ཡ་རུ་ཆུ་ཐོག་ཏུ་ཕེབས་པར་དགོངས་པ་ལས། ཡ༷་ཧུ་དཱ་པ་རྣམས་ཀྱིས་ཁོང་གི་ཕྱིར་གྲོས་ངན་བྱས་པ་ལས། མ༷་ཀེ་དོན་རྒྱུད་ནས་ཕེབས་པར་ཐག་བཅད་དོ།"
4 ༤་ ཁོང་དང་མཉམ་དུ་བེ༷་རོ་པ་པི༷ར་རུའི་བུ་སོ༷་པ་ཏེར་དང་། ཐེ༷་ས་ལོ་ནི་ཀེ་པ་ཨ༷་རིས་ཏར་ཀུ་དང་སེ༷་ཀུན་དུ་དང་། དེ༷ར་བེ་པ་ག༷་ཡུ་དང་ཏི༷་མོ་ཐེ༷འུ་དང་། ཨ༷་སི་ཨ་པ་ཏི༷་ཁི་ཀུ་དང་ཏྲོ༷་ཕི་མུ་བཅས་སོང་ངོ་།"
5 ༥་ །དེ་དག་སྔོན་དུ་སོང་ནས་ང་ཚོ་འོང་བའི་བར་དུ་ཏྲོ༷་ཡ་རུ་བསྒུགས་སོ།"
6 ༦་ །སྐྱུར་རྩི་མེད་པའི་བག་ལེབ་ཀྱི་དུས་ཆེན་རྫོགས་ནས་ང་ཚོ་ཕི༷་ལིབ་པི་ནས་ཆུ་ཐོག་ཏུ་ཐོན་ཏེ་ཞག་ལྔའི་ནང་ཏྲོ༷་ཡ་རུ་ཁོང་གི་རྩར་བསླེབས་ནས་ཞག་བདུན་དེར་བསྡད་དོ།།"
7 ༧་ །བདུན་ཕྲག་གི་ཞག་དང་པོ་ལ་ང་ཚོ་བག་ལེབ་གཅོག་ཕྱིར་འཛོམས་པའི་ཚེ། པ༷འུ་ལུས་དེ་ཚོ་དང་གསུང་གླེང་མཛད་ཅིང་། དེའི་སང་ཉིན་ཕེབས་པར་དགོངས་པས། མཚན་ཕྱེད་བར་དུ་གླེང་ཞིང་བཞུགས་སོ།"
8 ༨་ ང་ཚོ་འཛོམ་པའི་སྟེང་ཁང་དེ་ནང་སྣུམ་བཞུ་མང་པོ་སྤར་ཡོད་དོ།"
9 ༩་ །ཨེ༷འུ་ཏི་ཀུ་བྱ་བའི་གཞོན་ནུ་ཞིག་དཀར་ཁུང་གི་ཟུར་ལ་བསྡད་ཡོད་དོ། པ༷འུ་ལུས་ཡུན་རིང་པོར་གླེང་བས་ཁོ་གཉིད་ལྕི་བས་མནན་ཏེ་གསུམ་ཐོག་ནས་སར་ལྷུང་སྟེ་ཤིའོ།"
10 ༡༠་ །པ༷འུ་ལུ་མར་ཕེབས་ནས་རོ་ལ་འཁྱུད་ཅིང་མི་ཚོ་ལ། མ་འཇིགས་ཤིག་ཁོའི་ནང་སྲོག་ཡོད་དོ་གསུངས་སོ།"
11 ༡༡་ །དེ་ནས་སྟེང་དུ་ཕེབས་ནས་བག་ལེབ་བཅག་སྟེ་བཞེས་ནས། ཡུན་རིང་པོའི་བར་དུ་གསུང་གླེང་མཛད་ཅིང་ནམ་ལངས་པ་དང་ཡུལ་དེ་ནས་བཞེངས་སོ།"
12 ༡༢་ །ཁྱེའུ་དེ་གསོན་པས་དེ་ཚོའི་སེམས་བདེའོ།"
13 ༡༣་ །པ༷འུ་ལུས་ཁོང་རང་ཞབས་ཐང་ལ་ཕེབས་པར་དགོངས་ཤིང་། ང་ཚོ་ཨ༷་སུ་བར་དུ་སྔོན་ལ་ཆུ་ཐོག་ཏུ་སོང་བས། དེ་ནས་པ༷འུ་ལུས་ང་ཚོ་མཉམ་གྲུར་ཞུགས་པའི་གྲབས་བྱས་སོ།"
14 ༡༤་ །ཨ༷་སུ་རུ་ཁོང་ང་ཚོའི་རྗེས་ཟིན་ནས་ཁོང་གྲུ་རུ་དྲངས་ཏེ་མི༷་ཏི་ལེ་ནེ་རུ་བསླེབས་སོ།"
15 ༡༥་ །དེ་ནས་ཆུ་ཐོག་ཏུ་དེའི་ཕྱི་ཉིན་ཀི༷འུ་ཡི་ཐད་ཀར་བསླེབས། དེའི་ཕྱི་ཉིན་ས༷་མོར་བསླེབས། དེའི་ཕྱི་ཉིན་མི༷་ལེ་ཏུ་རུ་བསླེབས་སོ།"
16 ༡༦་ །བསླེབས་ཐུབ་ན་བ༷ན་དྭ་གོས་ཀྱི་དུས་ཆེན་ལ་ཡེ༷་རུ་ཤ་ལེམ་དུ་ཕེབས་པར་རིངས་ནས། པ༷འུ་ལུ་ཨ༷་སི་ཨ་རུ་མི་འགོར་བའི་ཕྱིར་ཨེ༷་ཕེ་སུ་འབོར་ནས་ཕེབས་པར་ཐུགས་ཐག་བཅད་དོ།།"
17 ༡༧་ །ཨེ༷་ཕེ་སུའི་མ་ཤི་ཀ་པའི་རྒན་མི་རྣམས་ལ་ལོན་མངགས་ནས་མི༷་ལེ་ཏུ་རུ་བོས་ནས།"
18 ༡༨་ དེ་ཚོ་བསླེབས་པ་དང་ཁོང་གིས་འདི་སྐད་དུ། ང་ཨ༷་སི་ཨ་རུ་གོམ་པ་བརྒྱབས་པའི་ཉིན་མོ་ནས་བཟུངས་ཁྱེད་མཉམ་རྒྱུན་དུ་ཇི་ལྟར་གནས་པ་དང་།"
19 ༡༩་ །དམན་ཆ་བཟུང་ཞིང་མཆི་མ་བླུག་སྟེ། ཡ༷་ཧུ་དཱ་པའི་ངན་གྲོས་ཀྱིས་ཕོག་པའི་ཚོད་ལྟ་ཐེག་ཅིང་ཀྱུ་རི་བོའི་ཞབས་ཏོག་བྱས་པ་དང་།"
20 ༢༠་ །ཁྱེད་ལ་ཕན་ཐོགས་པ་རྣམས་བཤད་པ་ལ་མ་འཛེམ་པར་མི་ཚོགས་དང་ཁང་པ་རེ་རེར་སློབ་ཁྲིད་བྱས་པ་དང་།"
21 ༢༡་ ཡ༷་ཧུ་དཱ་པ་དང་ཧེ༷་ལེན་པ་གཉིས་པོར་ཨེ་ལོ་ཧིམ་གྱི་ཕྱོགས་སུ་སེམས་སྒྱུར་བ་དང་ང་ཚོའི་ཀྱུ་རི་བོ་ཡེ་ཤུ་མ་ཤི་ཀ་ལ་དད་པར་དགོས་པའི་དཔང་པོ་བྱས་པ་རྣམས་ཁྱེད་རང་གིས་ཤེས་སོ།"
22 ༢༢་ །ད་ང་དམ་པའི་རུ་ཨག་གིས་འཁྲིད་དེ་ཡེ༷་རུ་ཤ་ལེམ་དུ་འགྲོ་སྟེ། དེར་ཅི་འབྱུང་མི་ཤེས་ཀྱང་།"
23 ༢༣་ གྲོང་ཁྱེར་རེ་རེར་དམ་པའི་རུ་ཨག་གིས་ངའི་ཕྱིར་བཙོན་དང་སྡུག་བསྔལ་ཡོད་པ་རྣམས་མངོན་པར་མཛད་པ་འབའ་ཞིག་ཤེས་སོ།"
24 ༢༤་ །འོན་ཀྱང་གལ་ཏེ་ཀྱུ་རི་བོ་ཡེ་ཤུ་ལས་ཐོབ་པའི་ཨེ་ལོ་ཧིམ་གྱི་ཐུགས་རྗེའི་འཕྲིན་བཟང་གི་ཞབས་ཏོག་དང་ལས་དོན་བསྒྲུབ་ན། རང་གི་སྲོག་ལ་གཅེས་པར་མི་འཛིན་ཞིང་ཅིའང་མི་རྩིའོ།"
25 ༢༥་ །གང་གི་ཁྲོད་དུ་ངས་རྒྱལ་སྲིད་ཀྱི་བཤད་ཅིང་རྒྱུ་བ་ཁྱེད་ཚོ་ཕྱིན་ཆད་ངའི་གདོང་མཐོང་བར་མི་འགྱུར་བ་ངས་ཤེས་སོ།"
26 ༢༦་ །དེའི་ཕྱིར་ཨེ་ལོ་ཧིམ་གྱི་དགོངས་པ་ཐམས་ཅད་ཁྱེད་ཚོར་བཤད་པ་ལ་ང་མ་བྱོལ་པས།"
27 ༢༧་ ཁྱེད་ལ་བཀའ་ཆད་འཕོག་ན་ང་ལ་ཁག་མེད་ཅེས་དེ་རིང་ཟེར་རོ།"
28 ༢༨་ །ཉིད་ཀྱི་སྐུ་ཁྲག་གི་རིན་གྱིས་བླུས་པའི་ཀྱུ་རི་བོའི་མ་ཤི་ཀ་པ་ཚོགས་སྐྱོང་བའི་ཕྱིར། རུ་ཨག་གྱིས་ཁྱེད་ཚོ་དོ་དམ་པར་བསྐོས་པས། ཁྱེད་ཅག་རང་དང་ཁྱུ་ཐམས་ཅད་སྲུངས་ཤིག"
29 ༢༩་ །ང་སོང་བའི་རྗེས་སུ་སྤྱང་ཀུ་དྲག་པོ་རྣམས་ཁྱེད་ཀྱི་ནང་དུ་འཛུལ་ཞིང་ལུག་ཁྱུར་སྙིང་རྗེ་མི་བྱ་བ་དང་།"
30 ༣༠་ ཁྱེད་ཅག་རང་གི་ནང་ནས་སློབ་མ་རྣམས་སོ་སོར་འཁྱེར་བའི་ཕྱིར་དུ་ལོག་པའི་གཏམ་བྱེད་པའི་མིའང་འཐོན་པར་འགྱུར་བ་ངས་ཤེས་སོ།"
31 ༣༡་ །དེའི་ཕྱིར་ངས་ལོ་གསུམ་ཉིན་མཚན་མེད་པར་མཆི་མ་དང་བཅས་ཁྱེད་རེ་རེ་ལ་བསྐུལ་བ་དེ་དྲན་ཞིང་བྱ་ར་བྱོས་ཤིག"
32 ༣༢་ ད་ཁྱེད་ཡར་བཞེང་བ་དང་དམ་པར་གྱུར་པ་རྣམས་ཀྱི་ཁྲོད་དུ་ནོར་སྐལ་གནང་ནུས་པའི་ཨེ་ལོ་ཧིམ་དང་ཁོང་གི་ཐུགས་རྗེའི་བཀའ་ལ་ཁྱེད་གཏོད་དོ།"
33 ༣༣་ །ངས་སུའི་དངུལ་ལམ་གསེར་རམ་གོས་ལ་ཧམ་པ་མ་བྱས་པས།"
34 ༣༤་ །ང་དང་མཉམ་ཡོད་པ་ཚོའི་དགོས་པ་ལག་པ་འདི་གཉིས་ཀྱིས་འབད་པ་ཁྱེད་ཚོས་ཤེས་སོ།"
35 ༣༥་ །ཀྱུ་རི་བོ་ཡེ་ཤུ་ཁོང་ཉིད་ཀྱིས་ལེན་པ་ལས་སྦྱིན་པ་བདེའོ་ཞེས་གསུངས་པ་དྲན་ཞིང་། ལས་བྱེད་ཅིང་རྒུད་པོ་ལ་གྲོགས་བྱེད་པའི་དཔེ་གང་ས་ནས་བསྟན་པ་ཡིན།"
36 ༣༦་ ཞེས་གསུངས་ནས་པུས་མོ་ས་ལ་བཙུགས་ཏེ། དེ་ཐམས་ཅད་དང་མཉམ་དུ་སྨོན་ལམ་བཏབ་བོ།"
37 ༣༧་ །ཐམས་ཅད་ངུ་ཞིང་པ༷འུ་ལུའི་མགུལ་ནས་འཁྱུད་ཏེ་འོ་བྱེད་ཅིང་།"
38 ༣༨་ ཁོང་གིས་ཁྱེད་ཀྱིས་ངའི་གདོང་སླར་མི་མཐོང་གསུངས་པ་དེས་སེམས་ཆེར་སྐྱོ་བར་གྱུར་ཏོ། །དེ་ནས་གྲུ་གཟིངས་སུ་གདན་འདྲེན་ཞུས་སོ།། །།"
1 ༡་ །དེ་རྣམས་དང་གྱེས་ནས་ང་ཚོ་གྲུའི་ནང་ཞུགས་ཏེ་ལམ་ཐད་ཀ་ནས་ཀོ༷་དང་། དེའི་ཕྱི་ཉིན་རོ༷་དུ་དང་། དེ་ནས་པ༷་ཏ་ར་རུ་བསླེབས་སོ།"
2 ༢་ །དེར་ཕེ༷་ནི་ཀེ་རུ་ཤར་རེ་འགྲོ་བའི་གྲུ་ཞིག་ཐོབ་ནས་ང་ཚོ་དེར་ཞོན་ནས།"
3 ༣་ ས༷་ཡིབ་པུ་རུས་མཐོང་སར་བསླེབས་ཤིང་དེ་གཡོན་ཕྱོགས་སུ་བཞག་ནས་སི༷ར་ཡ་རུ་སོང་སྟེ། ཚོ༷ར་བྱ་བར་གྲུའི་ཟོང་འདོན་དགོས་པས་དེར་གྲུ་ལས་བབས་སོ།"
4 ༤་ །སློབ་མ་རྣམས་བཙལ་ནས་དེར་ཞག་བདུན་བསྡད་དོ། དེ་ཚོས་རུ་ཨག་གི་ངང་ནས་པ༷འུ་ལུ་ཡེ༷་རུ་ཤ་ལེམ་དུ་མ་ཕེབས་ཤིག་ཞུས་ཀྱང་།"
5 ༥་ ཞག་དེ་ཚང་ནས་ང་ཚོ་ལམ་དུ་ཞུགས་པ་ལས། དེ་ཚོ་རང་གི་ཆུང་མ་དང་ཕྲུ་གུ་དང་བཅས་པས་གྲོང་ཁྱེར་གྱི་ཕྱི་རོལ་བར་དུ་ང་ཚོ་ལ་སྐྱེལ་མ་བྱས་ནས། རྒྱ་མཚོའི་འགྲམ་དུ་པུས་མོ་ས་ལ་བཙུགས་ཤིང་སྨོན་ལམ་བཏབ་བོ།"
6 ༦་ །དེ་ནས་ཕན་ཚུན་ཕྱི་ཕྱག་འཚལ་ནས་ང་ཚོ་གྲུའི་ནང་དུ་ཞུགས་ཤིང་དེ་ཚོ་ཁྱིམ་དུ་ཕྱིར་ལོག་གོ"
7 ༧་ །ཚོ༷ར་ནས་པེ༷་ཏོ་ལེ་མར་བསླེབས་ཏེ་སྤུན་རྣམས་ལ་ཕྱག་བྱས་ཤིང་། ཞག་གཅིག་དེ་ཚོ་དང་མཉམ་དུ་བསྡད་དོ།"
8 ༨་ །དེའི་སང་ཉིན་ཕྱིན་ཏེ་ཀེ༷་སར་ཡ་རུ་བསླེབས་ནས་ཆུ་ཐོག་གི་འགྲུལ་ཟིན་ཏོ། །དེར་ཡེ་ཤུའི་འཕྲིན་བཟང་བཤད་མཁན་བདུན་པོའི་ནང་ནས་ཕི༷་ལིབ་ཀྱི་ཁྱིམ་དུ་ཞུགས་ཤིང་ཁོང་དང་མཉམ་དུ་བསྡད་དོ།"
9 ༩་ །ཁོང་ལ་ལུང་བསྟན་དང་ལྡན་པའི་བུ་མོ་ན་ཆུང་མ་བཞི་ཡོད་དོ།"
10 ༡༠་ །ང་ཚོ་དེར་ཞག་ཁ་ཤས་བསྡད་པའི་ཚེ། ཕ༷་རོ་པེ་ཏེ་པ་ཨ༷་ག་བུ་བྱ་བ་ཞིག་ཡ༷་ཧུ་དཱ་ནས་དེར་བསླེབས་ཏེ།"
11 ༡༡་ ང་ཚོའི་རྩར་འོངས་ཏེ་པ༷འུ་ལུའི་སྐུ་རགས་བླངས་ནས། ཁོང་རང་གི་རྐང་ལག་བཅིངས་ཏེ། འདི་སྐད་དུ། སྐུ་རགས་འདིའི་བདག་པོ་ནི་ཡ༷་ཧུ་དཱ་པས་ཡེ༷་རུ་ཤ་ལེམ་དུ་འདི་ལྟར་བཅིངས་ཏེ་ཨེ་ལོ་ཧིམ་ངོ་མ་ཤེས་པའི་ལག་ཏུ་གཏད་པར་འགྱུར་ཞེས་དམ་པའི་རུ་ཨག་གིས་གསུང་ངོ་ཞེས་སྨྲས་པ་ཐོས་ནས།"
12 ༡༢་ ང་ཚོ་དང་ཡུལ་དེའི་མི་ཚོས་ཁོང་ཡེ༷་རུ་ཤ་ལེམ་དུ་མི་ཕེབས་པའི་ཕྱིར་ཞུས་སོ།"
13 ༡༣་ །པ༷འ་ལུས་བཀའ་ལེན་དུ། ཁྱེད་ངུ་ཞིང་ངའི་སྙིང་གས་པར་བྱེད་པ་དེ་ཅི་ཡིན། ང་ནི་ཀྱུ་རི་བོ་ཡེ་ཤུའི་མཚན་གྱི་དོན་དུ་འཆིང་བར་འགྱུར་བ་མ་ཟད་ཡེ༷་རུ་ཤ་ལེམ་དུ་སྲོག་གཏོང་བ་ལའང་གྲལ་སྒྲིག་ཡོད་གསུངས་པས།"
14 ༡༤་ ཐུགས་བསམ་དེ་ལས་ཁོང་བཟློག་མ་ནུས་པས། ཀྱུ་རི་བོའི་དགོངས་པ་བཞིན་དུ་གྱུར་ཅིག་ཅེས་སྨྲས་ནས་ཁ་རོག་བསྡད་དོ།"
15 ༡༥་ །དེའི་རྗེས་སུ་ང་ཚོས་ལམ་ཆས་རྣམས་བསྒྲིགས་ནས་ཡེ༷་རུ་ཤ་ལེམ་དུ་སོང་ངོ་།"
16 ༡༦་ །ཀེ༷་སར་ཡ་ནས་སློབ་མ་ཁ་ཤས་ཀྱང་ང་ཚོ་མཉམ་འོངས་ནས། བྲང་ས་ལ་སྔོན་གྱི་སློབ་མ་ཡིན་པའི་ས༷་ཡིབ་པུ་རུས་པ་མ༷་ན་སོན་ཀྱི་ཁྱིམ་དུ་ཁྲིད་དོ།"
17 ༡༧་ །ང་ཚོ་ཡེ༷་རུ་ཤ་ལེམ་དུ་བསླེབས་པ་དང་། སྤུན་ཚོས་ང་ཚོར་དགའ་བཞིན་དུ་བསུས་བྱུང་།།"
18 ༡༨་ །དེའི་སང་ཉིན་པ༷འུ་ལུ་ང་ཚོ་དང་བཅས་ཡ༷་ཀོབ་ཀྱི་རྩར་ཕེབས་ནས། རྒན་མི་ཐམས་ཅད་དེར་འཛོམས་སོ།"
19 ༡༩་ །དེ་ཚོར་ཕྱག་མཛད་ནས། ཉིད་ཀྱི་ཞབས་ཏོག་གི་སྒོ་ནས་ཨེ་ལོ་ཧིམ་ངོ་མ་ཤེས་པའི་ནང་དུ་ཨེ་ལོ་ཧིམ་གྱིས་ཇི་མཛད་པ་རྣམས་རིམ་བཞིན་དུ་ཞུས་སོ།"
20 ༢༠་ ཁོང་ཚོས་དེ་གསན་ནས་ཨེ་ལོ་ཧིམ་ལ་བསྟོད་བསྔགས་ནས་ཁོང་ལ། ཡ༷་ཧུ་དཱ་པའི་ནང་ནས་ཁྲི་ཁྲག་འདི་ཙམ་ཞིག་དད་པར་གྱུར་པ་སྤུན་ཁྱེད་ཀྱིས་གཟིགས་སོ། །དེ་ཐམས་ཅད་བཀའ་ཁྲིམས་ལ་བརྩོན་པ་ཤ་སྟག་གོ།"
21 ༢༡་ ཁྱེད་ཀྱིས་ཨེ་ལོ་ཧིམ་ངོ་མ་ཤེས་པའི་ཁྲོད་ཀྱི་ཡ༷་ཧུ་དཱ་པ་རྣམས་ལ། བུའི་མདུན་ལྤགས་མ་གཅོད་དང་། མོ་ཤེའི་ཁྲིམས་བཞིན་མ་འགྲུལ་ཞེས་ཟེར་ཞིང་། མོ༷་ཤེ་སྤང་བའི་བསླབ་བྱ་གཏོང་ངོ་ཞེས་དེ་ཚོས་ཐོས་འདུག་པས།"
22 ༢༢་ ཁྱེད་འདིར་བསླེབས་པ་དེ་ཚོས་ཚོར་ངེས་པས་ང་ཚོས་ཅི་བྱ།"
23 ༢༣་ དེའི་ཕྱིར་ང་ཚོས་སྨྲ་བ་བཞིན་དུ་མཛོད་ཅིག །འདིར་དམ་བཅའ་བླངས་པའི་མི་བཞི་ཡོད།"
24 ༢༤་ །དེ་ཚོ་འཁྲིད་ལ་ཁྱེད་ཀྱང་གཙང་སྦྲ་ཅིང་དེ་ཚའི་སྐྲ་འབྲེག་པའི་གཏོང་སྒོའང་གནོང་ཞིག །དེ་ནས་ཐམས་ཅད་ཀྱིས་ཁྱེད་ཀྱི་སྐོར་དུ་ཐོས་པའི་གཏམ་རྣམས་འཆོལ་བ་ཡིན་པ་མ་ཟེད། ཁྱེད་ཀྱང་བཀའ་ཁྲིམས་སྲུང་བ་ཤེས་པར་འགྱུར་རོ།"
25 ༢༥་ །དད་པར་གྱུར་པའི་ཨེ་ལོ་ཧིམ་ངོ་མ་ཤེས་པ་རྣམས་ལ། ཁྲག་དང་། དབུགས་བསུབས་པའི་ཤ་དང་། སྐུ་འདྲ་ལ་ཕུལ་བའི་རྫས་དང་། ལོག་གཡེམ་སྤོང་དགོས་སོ་ཞེས་ཐག་བཅད་ནས་ཡི་གེ་བཏང་བ་ཡིན་ཅེས་གསུངས་སོ།"
26 ༢༦་ །དེ་ནས་པ༷འུ་ལུས་མི་དེ་རྣམས་ཁྲིད་དོ། དེའི་སང་ཉིན་དེ་རྣམས་དང་མཉམ་དུ་གཙང་སྦྲའི་བྱ་བ་མཛད་ཅིང་སྨོན་ལམ་ཁང་དུ་ཕེབས་ནས། རེ་རེའི་ཕྱིར་དུ་མཆོད་པ་དབུལ་བ་དང་། གཙང་སྦྲ་འགྲུབ་པའི་ཞག་གི་གནས་ཚུལ་གནང་ངོ་།།"
27 ༢༧་ ཞག་བདུན་ཚང་ལ་ཁད་ལ་ཨ༷་སི་ཨ་ནས་ཡིན་པའི་ཡ༷་ཧུ་དཱ་པ་ཚོས་ཁོང་སྨོན་ལམ་ཁང་ན་མཐོང་ནས།"
28 ༢༨་ སྔོན་དུ་གྲོང་ཁྱེར་ན་པ༷འུ་ལུ་ཨེ༷་ཕེ་སུ་པ་ཏྲོ༷་ཕི་མུ་དང་མཉམ་དུ་མཐོང་བས། མི་དེ་པ༷འུ་ལུས་སྨོན་ལམ་ཁང་དུ་ཁྲིད་པ་ཡིན་བསམས་པས། མི་ཚོགས་དཀྲུགས་ནས།"
29 ༢༩་ སྐད་ཆེན་པོས། ཡི༷ས་ར་ཨེལ་པ་རྣམས་རོགས་བྱོས་ཤིག། །ཡུལ་ཀུན་ཏུ་མི་ཐམས་ཅད་ལ་བསླབ་ཅིང་། ང་ཚོའི་མི་སྡེ་དང་བཀའ་ཁྲིམས་དང་གནས་འདི་ལ་དགྲ་བྱེད་པའི་མི་འདི་ཡིན། དེ་མ་ཟད་ཁོས་ཧེ༷་ལེན་པ་སྨོན་ལམ་ཁང་གི་ནང་དུ་ཁྲིད་དེ་གནས་དམ་པ་འདི་མི་གཙང་བར་བྱས་སོ་སྨྲ་ཞིང་ཁོང་བཟུང་ངོ་།"
30 ༣༠་ གྲོང་ཁྱེར་ཡོངས་འཁྲུགས་ནས། མི་ཚོགས་ལྷན་ཅིག་ཏུ་བརྒྱུག་ཅིང་པ༷འུ་ལུ་བཟུང་ནས། སྨོན་ལམ་ཁང་གི་ཕྱི་རོལ་དུ་དྲུད་དེ་འཕྲལ་དུ་སྒོ་རྣམས་རྒྱབ་བོ།"
31 ༣༡་ །པ༷འུ་ལུ་གསོད་པར་བརྩམ་པའི་ཚེ། དམག་མིའི་སྟོང་དཔོན་ལ་ཡེ༷་རུ་ཤ་ལེམ་ཡོངས་འཁྲུགས་པའི་ལོན་བསླེབས་ཏེ།"
32 ༣༢་ འཕྲལ་དུ་དམག་མི་དང་བརྒྱ་དཔོན་རྣམས་ཁྲིད་ནས་དེ་ཚོའི་རྩར་དརྒྱུགས་སོ། །སྟོང་དཔོན་དང་དམག་མི་མཐོང་ནས་པ༷འུ་ལུ་ལ་བརྡུང་འཕྲོ་བཅད་དོ།"
33 ༣༣་ །སྟོང་དཔོན་འོངས་ནས་པ༷འུ་ལུ་བཟུང་སྟེ་ལྕགས་སྒྲོག་གཉིས་ཀྱིས་འཆིང་བའི་བཀའ་གནང་ནས། མི་འདི་སུ་ཡིན། ཉེས་པ་ཅི་བྱས་ཞེས་དྲིས་པ་དང་།"
34 ༣༤་ མི་ཚོགས་ཀྱི་ནང་ནས་ལ་ལས་སྐད་ཆེན་པོས་གཏམ་གཅིག་སྨྲས། ལ་ལས་ཡང་གཏམ་གཅིག་སྨྲས་པས། ཀུ་སྒྲའི་རྐེན་གྱིས་རྒྱུ་ངེས་པར་མ་ཤེས་ཏེ། ཁོ་རྫོང་དུ་ཁྲིད་ཅིག་ཅེས་བསྒོས་སོ།"
35 ༣༥་ ཁོང་ཚོའི་རྒྱབ་ནས་མི་ཚོགས་ཀྱིས་མི་དེ་མེད་པར་བྱོས་ཞེས་ཀུ་སྒྲ་བྱེད་ཅིང་འཚངས་པས།"
36 ༣༦་པ༷འུ་ལུ་ཐེམ་སྐས་ཀྱི་འགྲམ་དུ་བསླེབས་པའི་ཚེ། དམག་མིས་ཁོང་འཁུར་དགོས་སོ།"
37 ༣༧་ རྫོང་ནང་བཅུག་ལ་ཁད་དུ་ཁོང་གིས་སྟོང་དཔོན་ལ། ཁྱེད་ལ་ཇི་ཞིག་ཞུ་བར་རུང་ངམ་གསུངས་པ་དང་།"
38 ༣༨་ དེས་ཁྱོད་ཀྱིས་ཧེ༷་ལེན་སྐད་ཤེས་སམ། ཉེ་ཆར་ངོ་ལོག་ལང་ཞིང་འབྲོག་སྟོང་ན་མི་གསད་བཞི་སྟོང་ཁྲིད་པའི་མི༷་སེར་པ་དེ་ཁྱོད་མ་ཡིན་ནམ་སྨྲས་སོ།"
39 ༣༩་ །པ༷འུ་ལུས་ལན་དུ། ང་ནི་ཀི༷་ལིག་ཡུལ་གྲོང་ཁྱེར་གྲགས་པ་ཅན་ཏ༷ར་སུ་རུ་གནས་པའི་ཡ༷་ཧུ་དཱ་པ་ཡིན་ནོ། །མི་ཚོགས་ལ་གཏམ་ཞིག་བྱེད་པའི་གནང་བ་ཞུའོ་གསུངས་པས།"
40 ༤༠་ སྟོང་དཔོན་གྱིས་གནང་སྟེ། པ༷འུ་ལུ་ཐེམ་སྐས་ཀྱི་ཁར་བཞེངས་ནས་མི་ཚོགས་ལ་ཕྱག་བརྡ་མཛད་པ་དང་། ཐམས་ཅད་ཁ་རོག་བསྡད་དོ། ཁོང་གིས་ཨི༷བ་རིའི་སྐད་དུ་གསུངས་སོ།། །།"
1 ༡་ །ཡབ་དང་སྤུན་རྣམས། ངས་ཁྱེད་ཚོའི་དྲུང་བཤད་པའི་རྒྱུ་རྐྱེན་ལ་གསན་པར་མཛོད་གསུངས་པ་དང་།"
2 ༢་ ཁོང་གིས་ཨི༷བ་རིའི་སྐད་དུ་གསུང་བ་དེ་རྣམས་ཀྱིས་ཐོས་ནས་ལྷག་པར་ཅ་ཅོ་མེད་པར་གྱུར་ཏོ། ཁོང་གིས་གསུངས་པ།"
3 ༣་ ང་ནི་ཡ༷་ཧུ་དཱ་པ་ཡིན་ཏེ། ཀི༷་ལིག་ཡུལ་གྱི་གྲོང་ཁྱེར་ཏ༷ར་སུ་རུ་སྐྱེས་ནས། གྲོང་ཁྱིར་འདི་ལ་སྐྱེད་སྲིང་ཏེ། ག༷་མ་ལི་ཨེལ་གྱི་ཞབས་དྲུང་དུ་ང་ཚོའི་ཕ་མེས་ཀྱི་ཆོས་ཁྲིམས་དམ་པོ་བཞིན་དུ་བསླབས་ཤིང་། ཁྱེད་ཐམས་ཅད་དེ་རིང་ཨེ་ལོ་ཧིམ་གྱི་ཆོས་ལ་བརྩོན་པ་བཞིན་ངས་ཀྱང་བརྩོན་པ་ཡིན།"
4 ༤་ ངས་ཀྱུ་རི་བོའི་ལམ་འདི་ལ་འཚེ་ཞིང་སྐྱེས་པ་དང་བུད་མེད་རྣམས་བཅིང་ཏེ་བཙོན་དུ་བཅུག་པ་མ་ཟད་བསད་གཅུག་པའང་ཡིན།"
5 ༥་ ལེ༷་ཝི་ཆེན་དང་རྒན་མི་ཐམས་ཅད་ངའི་དཔང་པོ་ཡིན། ངས་ཁོང་ཚོ་ནས་ད༷་མེ་སེག་ཀྱི་སྤུན་ཚོའི་མིང་དུ་ཡི་གེ་བླངས་ཏེ། དེར་གནས་པ་རྣམས་བཅིངས་ནས། ཆད་པ་གཅོད་པའི་ཕྱིར་ཡེ༷་རུ་ཤ་ལེམ་དུ་འཁྲིད་པའི་དོན་དུ་ད༷་མེ་སེག་དུ་སོང་བ་ཡིན།"
6 ༦་ ད༷་མེ་སེག་དང་ཉེ་བར་བསླེབས་ཙ་ན། ཉིན་གུང་ཙམ་ལ་གློ་བུར་དུ་ངའི་ཕྱོགས་བཞིར་ནམ་མཁའ་ལས་འོད་ཆེན་པོ་ཤར་བས།"
7 ༧་ ང་ས་ལ་གྱེལ་བ་དང་། སྒྲ་ཞིག་གིས། ཤ༷་ཨུལ། ཤ༷་ཨུལ། ཁྱོད་ཀྱིས་ང་ལ་ཅིའི་ཕྱིར་འཚེ་ཞེས་གསུངས་པ་ཐོས་སོ།"
8 ༨་ །ངས་ཁྱེད་སུ་ལགས་ཞུས་པ་དང་། ང་ནི་ཁྱོད་ཀྱིས་འཚེ་བའི་ན༷་ཙ་རེད་པ་ཡེ་ཤུ་དེ་ཡིན་ནོ་ཞེས་གསུངས་སོ།"
9 ༩་ །ངའི་ལམ་གྲོགས་ཚོས་འོད་དེ་མཐོང་ཡང་ང་ལ་གསུང་མཁན་གྱི་གསུང་དེ་མ་ཐོས་སོ།"
10 ༡༠་ །ཀྱུ་རི་བོ་ངས་ཅི་བྱ་ཞུས་པ་དང་། ཀྱུ་རི་བོས་ང་ལ། ལོངས་ལ་ད༷་མེ་སེག་དུ་སོང་ཞིག་དང་། དེར་ཁྱོད་ཀྱིས་ཅི་བྱེད་དགོས་པ་བསྟན་པར་འགྱུར་ཞེས་གསུངས་བྱུང་།"
11 ༡༡་ འོད་དེའི་གཟི་བརྗིད་ཀྱིས་ངའི་མིག་མཐོང་མི་ནུས་པར་གྱུར་པས། ལམ་གྲོགས་ཚོས་ངའི་ལག་པ་ནས་ཁྲིད་དེ་ད༷་མེ་སེག་ཏུ་བསླེབས་སོ། "
12 ༡༢་ །བཀའ་ཁྲིམས་བཞིན་དུ་ཆོས་པ་དང་། དེར་གནས་པའི་ཡ༷་ཧུ་དཱ་པ་ཐམས་ཅད་ཀྱིས་བསྟོད་པའི་སྐྱེས་བུ་ཨ༷་ནན་ཡ་བྱ་བ་ཞིག་བྱོན་ནས།"
13 ༡༣་ ངའི་རྩར་བཞེངས་ཏེ་ང་ལ། སྤུན་ཤ༷་ཨུལ། ཁྱེད་ཀྱི་མིག་གཉིས་མཐོང་བར་གྱུར་ཅིག་ཅེས་གསུངས་མ་ཐག་ཏུ་ངས་ཁོང་མཐོང་བ་དང་།"
14 ༡༤་ ཁོང་གིས་ང་ལ། ང་ཚོའི་ཕ་མེས་ཀྱི་ཨེ་ལོ་ཧིམ་གྱིས་ཁོང་རང་གི་ཐུགས་དགོངས་རྟོགས་ཤིང་། སྐྱེས་བུ་དྲང་པོ་དེ་མཇལ་ཏེ། ཁོང་གི་ཞལ་ནས་གསུང་ཐོས་པའི་ཕྱིར་ཁྱོད་བསྐོས་པར་མཛད་དོ།"
15 ༡༥་ ཁྱེད་ནི་གང་མཐོང་བ་དང་ཐོས་པའི་སྐོར་མི་ཐམས་ཅད་ལ་ཁོང་གི་དཔང་པོ་བྱེད་མཁན་ཡིན་པས།"
16 ༡༦་ ད་ཅི་ལ་འགོར་བར་བྱེད། ལོངས་ལ་བ༷བ་ཐི་སོ་བླངས་ནས། ཁོང་གི་མཚན་བརྗོད་ཅིང་ཁྱོད་ཀྱི་སྡིག་པ་རྣམས་ཁྲུས་ཤིག་གསུངས་བྱུང་། "
17 ༡༧་ དེའི་རྗེས་སུ་ང་ཡེ༷་རུ་ཤ་ལེམ་དུ་ལོག་འོངས་ནས། སྨོན་ལམ་ཁང་ན་སྨོན་ལམ་འདེབས་པས། སེམས་མཉམ་བཞག་གི་ངང་ནས།"
18 ༡༨་ ངས་ཡེ་ཤུ་མཇལ་ཏེ་ཁོང་གིས། ཁྱོད་ཀྱིས་ང་ལ་དཔང་པོ་བྱེད་པར་འདི་ཚོས་མི་བརྩི་བས། མྱུར་དུ་ཡེ༷་རུ་ཤ་ལེམ་ནས་ཐོན་ཏེ་སོང་གསུངས་པ་དང་།"
19 ༡༩་ ཀྱུ་རི་བོ་ལགས། ཁྱེད་ལ་དད་པ་བྱེད་མཁན་ཚོར་ངས་སི༷ན་ན་གོས་དག་ནང་བརྡུང་ཞིང་བཙོན་དུ་བཅུག་པ་དང་།"
20 ༢༠་ ཁྱེད་ཀྱི་དཔང་པོ་སེ༷་ཏེ་ཕན་བཀྲོངས་སྐབས་སུ་ངའང་དེར་ཡོད་ཅིང་ཁ་འཆམ་སྟེ། ཁོང་གསོད་མཁན་རྣམས་ཀྱི་གོས་སྲུངས་པ་དེ་ཚོས་ཤེས་སོ་ཞུས་པས།"
21 ༢༡་ ཁོང་གིས། སོང་ཞིག །ངས་ཁྱོད་རིང་པོར་ཨེ་ལོ་ཧིམ་ངོ་མ་ཤེས་པ་རྣམས་ཀྱི་རྩར་རྫོང་བར་བྱ་ཞེས་བཀའ་གནང་ངོ་ཞེས་གསུངས་སོ།།"
22 ༢༢་ །མི་རྣམས་ཀྱིས་ཚིག་དེ་དག་གསུང་བའི་བར་དུ་ཉན་ནས། དེ་ནས་སྐད་ཆེན་པོས། མི་འདི་འདྲ་ཞིག་གསོན་པོར་བཞག་མི་འོས་པས། གསོད་ཅིག"
23 ༢༣་ །ཅེས་འབོད་བསྒྲགས་ཤིང་། རང་གི་གོས་རྣམས་གཡབ་ཅིང་ཐལ་བ་གཏོར་བ་དང་།"
24 ༢༤་ སྟོན་དཔོན་གྱིས། མི་འདི་རྫོང་དུ་ཁྲིད་ལ་རྟ་ལྕགས་ཞུས་ནས། མི་ཚོས་ཀུ་སྒྲ་འདི་འདྲ་བྱེད་པའི་རྒྱུ་ཅི་ཡིན་དྲིས་ཤིག་ཅེས་བསྒོས་སོ།"
25 ༢༥་ །དེ་ཚོས་རྟ་ལྕགས་གཞུ་ཕྱིར་ཁོང་བཅིངས་པ་དང་། པ༷འུ་ལུས་མདུན་དུ་ཡོད་པའི་བརྒྱ་དཔོན་ལ། ཉེས་པ་མ་བརྟག་པར་རོ༷་མ་པའི་མི་རྩ་ཞིག་ལ་རྟ་ལྕག་གཞུ་ཆོག་གམ།"
26 ༢༦་ ཞེས་གསུངས་པ་བརྒྱ་དཔོན་གྱིས་ཐོས་པས་སྟོང་དཔོན་གྱི་རྩར་སོང་ནས། མི་འདི་ནི་རོ༷་མ་པའི་མི་རྩ་ཡིན་པས་ཁྱེད་ཀྱིས་ཅི་མཛད་སྨྲས་པ་དང་།"
27 ༢༧་ སྟོང་དཔོན་འོངས་དེ། ཁྱོད་རོ༷་མ་པའི་མི་རྩ་ཡིན་ནམ་ཤོག་ཅིག་ཞུས་པས། ཁོང་གིས་ང་ཡིན་གསུངས་སོ།"
28 ༢༨་ །སྟོང་དཔོན་གྱིས་ངས་དངུལ་མང་པོ་བཅལ་ནས་རོ༷་མ་པའི་མི་རྩ་གྱུར་པ་ཡིན་ཞུས་པས། པ༷འུ་ལུས་ང་སྐྱེས་དུས་ནས་ཡིན་གསུངས་སོ། "
29 ༢༩་ །དེ་མ་ཐག་ཏུ་ཁོང་ལ་བརྟུང་བར་བརྩམ་པ་རྣམས་སོང་ངོ་། །སྟོང་དཔོན་ཡང་ཁོང་རོ༷་མ་པའི་མི་རྩ་ཡིན་པར་ཤེས་ནས་བཅིངས་པ་དེ་ལ་འཇིགས་སོ།"
30 ༣༠་ །དེའི་སང་ཉིན་ཡ༷་ཧུ་དཱ་པས་ཁོང་ལ་སྐྱོན་བཏགས་པའི་རྒྱུ་མཚན་བརྟག་པར་འདོད་དོ། ཁོང་བཀྲོལ་ནས། ལེ༷་ཝི་ཆེན་དང་གྲོས་མི་ཐམས་ཅད་འཛོམ་ཕྱིར་བསྐོས་ནས། པ༷འུ་ལུ་དེར་ཁྱེར་ཏེ། དེ་ཚོའི་མདུན་དུ་བཞག་གོ། །།"
1 ༡་ །པ༷འུ་ལུས་གྲོས་མི་རྣམས་ལ་སྤྱན་ཕུར་ཚུགས་སུ་གཟིགས་ནས། སྤུན་རྣམས། དེ་རིང་གི་བར་དུ་ཨེ་ལོ་ཧིམ་གྱི་ཞལ་ངོར་ངས་ཀུན་སློང་བཟང་པོར་སྤྱད་པ་ཡིན་གསུངས་པ་དང་།"
2 ༢་ ལེ༷་ཝི་ཆེན་ཨ༷་ནན་ཡས་ཁོང་གི་དྲུང་དུ་ཡོད་པ་ཚོར། ཁོའི་ཁར་བརྡུངས་ཤིག་བསྒོས་པ་དང་།"
3 ༣་ པ༷འུ་ལུས། དཀར་རྩི་བསྐུས་པའི་རྩིག་པ་འདྲ་བ་ཁྱོད། ཁྱོད་ལ་ཨེ་ལོ་ཧིམ་གྱིས་བརྡུང་ཡོང་། བཀའ་ཁྲིམས་བཞིན་དུ་ངའི་ཞལ་ཆེ་གཅོད་པར་བསྡད་དེ། བཀའ་ཁྲིམས་དང་མི་མཐུན་པར་ང་ལ་རྡུང་བར་བསྐོའམ་གསུངས་སོ།"
4 ༤་ །མདུན་ལ་ཡོད་པ་ཚོས་ཁྱེད་ཀྱིས་ཨེ་ལོ་ཧིམ་གྱི་ལེ༷་ཝི་ཆེན་ལ་སྨད་དམ་ཟེར་བས།"
5 ༥་ པ༷འུ་ལུས་ངས་ཁོང་ལེ༷་ཝི་ཆེན་ཡིན་པར་མ་ཤེས། མི་སྡེའི་དཔོན་པོ་ལ་མ་སྨད་ཅེས་བྲིས་འདུག་གསུངས་སོ།"
6 ༦་ །པ༷འུ་ལུས་དེ་ཚོ་ཁག་གཅིག་ས༷ད་དུ་ཀི་པ་དང་ཁག་གཅིག་ཕ༷་རུ་ཤི་པ་ཡིན་པར་མཁེན་ཏེ། སྐད་ཆེན་པོས་གྲོས་མི་ཚོར་སྤུན་རྣམས། ང་ནི་ཕ༷་རུ་ཤི་པའི་བུ། ཕ༷་རུ་ཤི་པ་ཞིག་ཡིན་གཤིན་པོ་རྣམས་ལང་བའི་རེ་བའི་སྐོར་དུ་ང་ལ་རྩོད་པ་བྱེད་དོ།"
7 ༧་ །ཞེས་གསུངས་པ་དང་། ཕ༷་རུ་ཤི་པ་དང་ས༷ད་དུ་ཀི་པའི་བར་ལ་མི་མཐུན་པ་བྱུང་སྟེ། ཚོགས་ནང་དབྱེན་པ་བྱུང་ངོ་།"
8 ༨་ །ས༷ད་དུ་ཀི་པས་གཤིན་པོ་ལང་བ་དང་། ཨ༷ན་ཇལ་དང་རུ་ཨག་མེད་ཟེར་རོ། །ཕ༷་རུ་ཤི་པས་ཡོད་ཟེར་རོ།"
9 ༩་ །ཅ་ཅོ་ཆེན་པོ་ལངས་ཏེ། ཕ༷་རུ་ཤི་པ་མོ༷་ཤེས་བཀའ་ཁྲིམས་མཁས་པ་རེ་ལངས་ནས་བརྩོད་པ་བྱེད་ཅིང་། ང་ཚོར་མི་འདིའི་ནང་སྐྱོན་ཅིའང་མི་རྙེད་དེ། རུ་ཨག་གམ་ཨ༷ན་ཇལ་གྱིས་གསུང་སྲིད་སྨྲས་སོ།"
10 ༡༠་ །དབྱེན་པ་དེ་དྲག་དུ་སོང་བ་དང་། པ༷འུ་ལུ་ཚལ་བུར་གཏོང་ཉེན་འདུག་བསམས་ནས། སྟོང་དཔོན་གྱིས་དམག་མི་རྣམས་ལ། སོང་ལ་དེ་ཚོའི་དཀྱིལ་ནས་ཁོ་དབང་ཤུགས་ཀྱིས་ཁྱེར་ཏེ་རྫོང་དུ་ཁྲིད་ཅིག་ཅེས་བསྒོས་སོ།"
11 ༡༡་ །དེའི་མཚན་ལ་ཁོང་གི་མདུན་དུ་ཀྱུ་རི་བོ་བྱོན་ནས། སེམས་ལྷོད་དེར་སྡོད། ཁྱོད་ཀྱིས་ཡེ༷་རུ་ཤ་ལེམ་དུ་ང་ལ་དཔང་པོ་བྱས་པ་ལྟར། རོ༷་མ་རུའང་དཔང་པོ་བྱེད་དགོས་གསུངས་སོ།།"
12 ༡༢་ །ནམ་ལངས་ནས་ཡ༷་ཧུ་དཱ་པ་ཚོས། པ༷འུ་ལུ་མ་བསད་པའི་བར་དུ་ཁ་ཟས་ཀྱང་མི་ཟ། ཆུའང་མི་འཐུང་ཞེས་མནའ་བསྐྱལ་ཏོ།"
13 ༡༣་ །གྲོས་ངན་འདི་བཤམས་པའི་མི་བཞི་བཅུ་ལྷག་གོ།"
14 ༡༤་ །དེ་ཚོས་ལེ༷་ཝི་ཆེན་དང་རྒན་མིའི་རྩར་སོང་ནས། པ༷འུ་ལུ་མ་བསད་པའི་བར་དུ་ཅིའང་མི་ཟ་ཞེས་མནའ་བསྐྱལ་ནས་དམ་བཅའ་བྱས་པ་ཡིན།"
15 ༡༥་ དེའི་ཕྱིར་ཁྱེད་དང་གྲོས་མི་ཚོས། མི་དེའི་རྒྱུ་རྐྱེན་ལ་ཞིབ་དཔྱོད་གཏོང་ཁུལ་བྱེས་ཏེ་འདིར་འཁྲིད་དགོས་ཞེས་སྟོང་དཔོན་ལ་ལོན་སྐུར་བར་མཛོད་ཅིག ཁོ་འདིར་མ་བསླེབ་པའི་སྔོན་དུ་གསོད་པར་བྱའོ་ཞེས་ཟེར་ཏོ།"
16 ༡༦་ །པ༷འུ་ལུའི་སྲིང་མོའི་བུས་དེ་ཚོ་འཇབ་ཡོད་པའི་གཏམ་ཐོས་པས། རྫོང་དུ་སོང་ནས་པ༷འུ་ལུ་ལ་ཞུས་སོ།"
17 ༡༧་ ཁོང་གིས་བརྒྱ་དཔོན་ཞིག་ལ། ཁྱེའུ་འདི་ལ་ཞུ་རྒྱུ་ཞིག་འདུག་པས། སྟོང་དཔོན་གྱི་དྲུང་དུ་ཁྲིད་ཅིག་གསུངས་པས།"
18 ༡༨་ ཁོས་ཁྱེའུ་དེ་སྟོང་དཔོན་གྱི་རྩར་ཁྲིད་དེ། བཙོན་པ་པ༷འུ་ལུས་ཁྱེའུ་འདི་ལ་ཞུ་རྒྱུ་ཞིག་འདུག་པས། ཁྱེད་ཀྱི་དྲུང་དུ་ཁྲིད་ཕྱིར་ཞུས་བྱུང་སྨྲས་པ་དང་།"
19 ༡༩་ སྟོང་དཔོན་གྱིས་ཁྱེའུའི་ལག་པ་ནས་བཟུང་སྟེ་ཟུར་དེ་ཁྲིད་ཅིང་། ང་ལ་ལབ་རྒྱུ་ཡོད་པ་དེ་གང་ཡིན་ཞེས་ཕག་དུ་དྲིས་པས་དེས།"
20 ༢༠ ཡ༷་ཧུ་དཱ་པ་ཚོས་པ༷འུ་ལུའི་རྒྱུ་རྐྱེན་སྐྱར་དུ་ཞིབ་དཔྱོད་གཏོང་ཁུལ་བྱས་ནས། སང་ཉིན་གྲོས་མིའི་དྲུང་དུ་འཁྲིད་ཕྱིར་ཁྱེད་ལ་ཞུ་བར་ཁ་འཆམ་པ་ཡིན།"
21 ༢༡་ འོན་ཀྱང་དེ་ཚོ་ནས་མི་བཞི་བཅུ་ལས་ལྷག་པས། པ༷འུ་ལུ་མ་བསད་པའི་བར་དུ་ཁ་ཟས་ཀྱང་མི་ཟ་ཆུ་ཡང་མི་འཐུང་བའི་མནའ་བསྐྱལ་ནས། ཁྱེད་ཀྱི་དགོངས་འཁྲོལ་གནང་བར་སྒུག་ཅིང་གྲལ་བསྒྲིག་འདུག་པས། དགོངས་པ་མི་གནང་བ་ཞུ་ཞེས་ཞུས་སོ།"
22 ༢༢་ །སྟོང་དཔོན་གྱིས་ང་ལ་ལོན་འཁྱེར་བ་དེ་སུ་ལའང་མ་འཆད་ཅེས་བསྐོས་ནས་ཁྱེའུ་བཏང་ངོ་།།"
23 ༢༣་ །དེ་ནས་བརྒྱ་དཔོན་གཉིས་བོས་ནས་དེ་དག་ལ། ཀེ༷་སར་ཡ་རུ་འགྲོ་བའི་ཕྱིར་ཕྱི་ཐོག་ཆུ་ཚོད་དགུ་པར་རྐང་དམག་ཉི་བརྒྱ་དང་རྟ་དམག་བདུན་ཅུ་དང་། མདུང་པ་ཉི་བརྒྱ་གྲབ་ཤོམས་ཤིག"
24 ༢༤་ པ༷འུ་ལུའི་ཕྱིར་ཞོན་པའང་བཤམས་ནས། དེ་བརྟན་པོར་སྤྱི་ཁྱབ་པེ༷་ལིག་གི་དྲུང་དུ་སྐྱོལ་ཞིག་ཅེས་བསྒོས་སོ།"
25 ༢༥་ །ཡང་ཞུ་ཡིག་འདི་བྲིས་སོ།"
26 ༢༦་ །མི་རྗེ་སྤྱི་ཁྱབ་ཕེ༷་ལིག་གི་དྲུང་དུ། ཀ༷་ལ་དེའུ་ལི་སི་ཨ་ནས་ཕྱག་འབུལ་ལོ།"
27 ༢༧་ མི་འདི་ཡ༷་ཧུ་དཱ་པས་བཟུང་སྟེ་གསོད་པར་བརྩམས་པ་ལས། ཁོ་རོ༷་མ་པའི་མི་རྩ་ཡིན་པ་ཐོས་ཏེ། ང་དམག་མི་དང་བཅས་པ་དེར་སོང་ཞིང་དེ་ཚོའི་ལག་ནས་བསྐྱབས་པ་ཡིན།"
28 ༢༨་ དེ་རྣམས་ཀྱིས་སྙད་བཏགས་པའི་རྒྱུ་མཚན་རྟོགས་པར་འདོད་དེ་ཁོ་དེ་ཚོའི་གྲོས་ཚོགས་སུ་ཁྲིད་ནས།"
29 ༢༩་ དེ་ཚོའི་ཆོས་ཁྲིམས་ཀྱི་སྐོར་ཞིག་མ་གཏོགས། གསོད་པའམ་བཙོན་དུ་འཇུག་པར་ཐུག་པའི་ཉེས་སྐྱོན་འགེལ་རྒྱུ་མེད་པར་ངས་ཤེས་སོ།"
30 ༣༠་ ཁོ་གསོད་པའི་གྲོས་ངན་གྱི་ལོན་བྱོར་འཕྲལ་དུ་ཁོ་ཁྱེད་ཀྱི་དྲུང་དུ་བཏང་ནས། སྐྱོན་འགེལ་མི་ཚོ་ལའང་ཁྱེད་ཀྱི་དྲུང་དུ་སོང་ལ་ཁོ་ལ་རྩོད་པ་རྒྱབ་དགོས་ཞེས་བསྒོས་པ་ཡིན། ཞེས་བྲིས་སོ།"
31 ༣༡་ །སྟོང་དཔོན་གྱི་བཀའ་བཞིན་དམག་མི་རྣམས་ཀྱིས་པ༷འུ་ལུ་མཚན་ལ་ཨ༷ན་ཏི་པ་ཏྲི་རུ་བསྐྱལ་ཏོ།"
32 ༣༢་ །དེའི་སང་ཉིན་རྟ་དམག་རྣམས་ཁོང་དང་མཉམ་དུ་འགྲོ་བའི་ཕྱིར་བཞག་ནས་གཞན་རྣམས་རྫོང་དུ་ལོག་གོ།"
33 ༣༣་ །རྟ་དམག་ཀེ༷་སར་ཡ་རུ་བསླེབས་པ་དང་། སྤྱི་ཁྱབ་ལ་ཞུ་ཡིག་དེ་དང་མཉམ་པ༷འུ་ལུའང་ཕུལ་ཏོ།"
34 ༣༤་ ཁོང་གིས་ཡི་གེ་དེ་བཀླགས་ནས་པ༷འུ་ལུ་ལ་ཡུལ་གང་ནས་ཡིན་དྲིས་པ་དང་། ཀི༷་ལིག་ནས་ཡིན་པ་ཐོས་ནས།"
35 ༣༥་ ཁྱོད་ལ་སྐྱོན་འགེལ་མི་རྣམས་བསླེབས་པའི་ཚེ་གཤགས་བྱའོ་ཞེས་སྨྲས་ནས། པ༷འུ་ལུ་ཧེ༷་རོ་དེའི་གཟིམ་ཁང་གི་བཅོན་ཁང་དུ་བཞག་པའི་བཀའ་གནང་ངོ་།། །།"
1 ༡་ །ཞག་ལྔའི་རྗེས་སུ་ལེ༷་ཝི་ཆེན་ཨ༷་ནན་ཡ་རྒན་མི་ཁ་ཤས་དང་། ཏེ༷ར་ཏུ་ལུ་བྱ་བའི་ཁ་པ་བཅས་འོངས་ཏེ། སྤྱི་ཁྱབ་ཀྱི་དྲུང་དུ་པ༷འུ་ལུའི་སྐོར་དུ་རྩོད་པ་བཞག་གོ"
2 ༢་ ཁོང་བོས་པ་དང་། ཏེ༷ར་དུ་ལུས་སྐྱོན་འགེལ་ཞིང་འདི་སྐད་དུ། མི་རྗེ་ཕེ༷་ལིག་ལགས། ཁྱེད་ཀྱི་སྒོ་ནས་བདག་ཅག་ཞི་བདེ་ལ་རབ་ཏུ་ལོངས་སྤྱོད་ཅིང་། ཁྱེད་ཀྱི་ཐུགས་བསམ་རྒྱ་ཆེ་ཡིས་མི་བརྒྱུད་འདིའི་དོན་དུ་ཕྱོགས་ཀུན་ཏུ་གང་ས་ནས་སྐྱར་བཟོ་རྣམས་མཛད་པའི།"
3 ༣་ བཀའ་དྲིན་དེའི་ཕྱིར་ཐུགས་རྗེ་ཆེ་ཞུའོ།"
4 ༤་ཁྱེད་ལྷག་པར་སྙན་སུན་མི་འཇུག་པའི་ཕྱིར། བདག་ཅག་རྣམས་ལ་ཐུགས་བརྩེ་བར་དགོངས་ཤིང་ཞུ་བའི་ཚིག་འགའ་ཞིག་གསན་དུ་གསོལ།"
5 ༥་ མི་འདི་བསྟན་བཤིག་ཡིན་པ་དང་། ན༷་ཙ་རེད་པའི་ཆོས་ལུགས་ཀྱི་འགོ་བྱེད་དང་། ས་ཆེན་ལ་གནས་པའི་ཡ༷་ཧུ་དཱ་པ་ཐམས་ཅད་ཀྱི་ནང་དུ་དཀྲུགས་ཤིང་བྱ་མི་ཡིན་པ་མ་ཟད།"
6 ༦་ སྨོན་ལམ་ཁང་ཡང་མི་གཙང་བ་བྱེད་ཕྱིར་བསྙེགས་པས། ང་ཚོས་བཟུང་བ་ཡིན་ནོ།"
7 ༧་ ཁྱེད་ཀྱིས་དེ་ལ་བཀའ་འདྲི་མཛད་ན།"
8 ༨་ ང་ཚོས་སྐྱོན་འགེལ་བ་ཐམས་ཅད་མཁྱེན་པར་འགྱུར་རོ་ཞུས་པ་དང་།"
9 ༩་ ཡ༷་ཧུ་དཱ་པ་ཚོས་ཀྱང་ཁ་མཐུན་པར་དེ་བཞིན་དུ་ལགས་སོ་ཞེས་ཞུས་སོ།"
10 ༡༠་ །སྤྱི་ཁྱབ་ཀྱིས་པ༷འུ་ལུ་ལ་གཏམ་བྱེད་པའི་ལག་བརྡ་བྱས་པས། ཁོང་གིས་ཞུ་ལན་དུ། ཁྱེད་ལོ་མང་པོ་ནས་མི་བརྒྱུད་འདིའི་ཁྲིམས་དཔོན་ལགས་པར་ངས་ཤེས་པས། ངས་དགའ་བཞིན་རྒྱུ་རྐྱེན་ཞུའོ།"
11 ༡༡་ ཁྱེད་ཀྱིས་མཁྱེན་པར་འགྱུར་འོང་བས་ང་ཡེ༷་རུ་ཤ་ལེམ་དུ་བསྙེན་བཀུར་བྱེད་དུ་བསླེབས་ནས་ཞག་བཅུ་གཉིས་ལས་མ་སོང་།"
12 ༡༢་ ངས་སྨོན་ལམ་ཁང་དང་སི༷ན་ན་གོས་དང་གྲོང་ཁྱེར་གྱི་ནང་སུ་ཞིག་དང་རྩོད་པ་དང་མི་ཚོགས་དཀྲུག་པར་ཁོང་ཚོས་མ་མཐོང་ངོ་།"
13 ༡༣་ །ད་ལྟ་ང་ལ་སྐྱོན་འགེལ་བའི་ཁུངས་ཀྱང་དེ་ཚོས་སྐྱེལ་པར་མི་ནུས་སོ།"
14 ༡༤་ །འོན་ཀྱང་ངས་མཐོལ་བ་ནི་འདི་སྟེ། འདི་ཚོས་ལུགས་སོ་སོ་ཞེས་བཏགས་པའི་ལམ་དེ་བཞིན་དུ། ངས་ཕ་མེས་ཀྱི་ཨེ་ལོ་ཧིམ་ལ་བསྙེན་བཀུར་བྱེད་ཅིང་། བཀའ་ཁྲིམས་དང་ཕ༷་རོ་པེ་ཏེ་པའི་བྲིས་པ་ལ་དད་པ་བྱེད་དོ།"
15 ༡༥་ །དྲང་པོ་དང་ལོག་པ་གཉིས་པོ་གསོན་པོར་ལང་བར་འགྱུར་བ་ལ་དེ་ཚོས་ཀྱང་རྩི་བ་ལྟར་ངས་ཀྱང་བརྩིས་ཤིང་ཨེ་ལོ་ཧིམ་ལ་རེ་བ་བྱེད་དོ།"
16 ༡༦་ །དེའི་ཕྱིར་ཨེ་ལོ་ཧིམ་དང་མི་ལ་བལྟས་ནས་རྟག་ཏུ་མནོངས་མེད་པར་སྤྱོད་པ་ལ་བརྩོན་པར་བྱེད་དོ།"
17 ༡༧་ །ལོ་ཁ་ཤས་ཀྱི་རྗེས་སུ་ངའི་མི་བརྒྱུད་ལ་སྦྱིན་པ་སྟེར་བ་དང་། མཆོད་པ་ཕུལ་དུ་འོངས་པས།"
18 ༡༨་ དེ་ལྟར་བྱེད་པའི་ཚེ། མི་ཚོགས་དང་ཅ་ཅོ་ཅིའང་མེད་པར་ང་སྨོན་ལམ་ཁང་ན་གཙང་སྦྲའི་ཆོ་ག་བསྒྲུབས་ཡོད་པ་དེ་ཚོས་མཐོང་ངོ་། མཐོང་མཁན་ནི་ཨ༷་སི་ཨ་པ་ཡ༷་ཧུ་དཱ་པ་ཁ་ཅིག་ཡིན།"
19 ༡༩་ དེ་ཚོས་ང་ལ་སྐྱོན་འགེལ་རྒྱུ་ཡོད་ན་འདིར་ཁྱེད་ཀྱི་དྲུང་དུ་འོངས་ནས་ཁྲིམས་ཞུ་བར་རིགས་སོ།"
20 ༢༠་ །དེ་མིན་ང་རྒན་མིའི་གྲོས་ཚོགས་སུ་ཁྲིད་སྐབས་སུ།"
21 ༢༡་ ངས་ལངས་ནས་སྐད་ཆེན་པོས་གཤིན་པོ་རྣམས་ལང་བའི་སྐོར་ལ་ང་དེ་རིང་ཁྱེད་ཀྱི་དྲུང་དུ་ཁྲིམས་གཅོད་དོ་ཞེས་སྨྲས་པ་ལས་སྐྱོན་གཞན་ཡོད་ན་ཁོང་ཚོས་ཁྱེད་ལ་ཞུ་དགོས་ཞེས་གསུངས་སོ།།"
22 ༢༢་ །ཕེ༷་ལིག་ལ་ལམ་དེའི་རྒྱུས་ཞིབ་པར་ཡོད་པས། སྟོང་དཔོན་ལི༷་སི་ཡ་འདིར་འོང་བའི་ཚེ་ཁྱེད་ཀྱི་ཁྲིམས་ཐག་གཅོད་ངེས་ཞེས་སྨྲས་ནས་ཁྲིམས་བཤོལ་ཏོ།"
23 ༢༣་ །དེ་ནས་ཁོང་བཙོན་དམ་པོ་མེད་པར་བཞག་སྟེ། ཁོང་ལ་བལྟ་བའི་གཉེན་བཤེས་འོང་ན་མ་འགེགས་ཤིག་ཅེས་བརྒྱ་དཔོན་ལ་བསྒོས་སོ།"
24 ༢༤་ །ཞག་ཁ་ཤས་ལོན་པ་དང་ཕེ༷་ལིག་རང་གི་ཆུང་མ་ཡ༷་ཧུ་དཱ་མ་དྲུ༷་སི་ལ་དང་མཉམ་དུ་འོངས་ཏེ། པ༷འུ་ལུ་བོས་ནས་མ་ཤི་ཀ་ཡེ་ཤུའི་བསྟན་པའི་སྐོར་ལ་ཉན་ཏོ།"
25 ༢༥་ །པ༷འུ་ལུས་དྲང་བ་ཉིད་དང་། རང་ཉིད་འཆུན་པ་དང་། འོང་བར་འགྱུར་བའི་ཞལ་ཆེའི་སྐོར་ལ་གསུངས་པས། ཕེ༷་ལིག་སེམས་མ་བདེ་ནས་ད་ལན་སོང་ཞིག །ལོང་ཡོད་པའི་སྐབས་སུ་ཁྱེད་འབོད་པར་བྱའོ་ཞེས་སྨྲས་སོ།"
26 ༢༦་ །པ༷འུ་ལུ་ནས་དངུལ་ཐོབ་པའི་རེ་བའང་བྱས་ཏེ། ཁོང་ལན་མང་བོས་ནས་གཏམ་བྱས་སོ།"
27 ༢༧་ །ལོ་གཉིས་ཚང་ནས་ཕེ༷་ལིག་གི་ཚབ་ལ་པོ༷ར་ཀིའུ་ཕེ༷ས་ཏུ་སྤྱི་ཁྱབ་ཏུ་བསླེབས་པ་དང་། ཕེ༷་ལིག་གིས་ཡ༷་ཧུ་དཱ་པ་རྣམས་ལ་དྲིན་འཇོག་པའི་ཕྱིར་པ༷འུ་ལུ་བཙོན་དུ་བཞག་གོ། །།"
1 ༡་ །ཕེ༷ས་ཏུ་ཡུལ་ལྗོངས་དེར་བསླེབས་ནས་ཞག་གསུམ་གྱི་རྗེས་སུ་ཀེ༷་སར་ཡ་ནས་ཡེ༷་རུ་ཤ་ལེམ་དུ་སོང་ངོ་།"
2 ༢་ །ལེ༷་ཝི་ཆེན་དང་ཡ༷་ཧུ་དཱ་པའི་རྩ་ཚེ་བའི་མི་རྣམས་ཀྱིས་དེའི་དྲུང་དུ་པ༷འུ་ལུའི་སྐོར་ལ་འོ་དོད་འབོད་ནས།"
3 ༣་ ཁོང་ཡེ༷་རུ་ཤ་ལེམ་དུ་འགུག་པའི་བཀའ་དྲིན་མཛད་ཕྱིར་ཞུས་ཤིང་། ཁོང་ལམ་ལ་གསོད་པའི་ཕྱིར་འཇབ་རྒྱུའི་གྲོས་བྱས་སོ།"
4 ༤་ །ཕེ༷ས་ཏུས་ལན་དུ། པ༷འུ་ལུ་ཀེ༷་སར་ཡ་རུ་བཙོན་དུ་བཅུག་ཡོད་པས། ང་མགྱོགས་པར་དེ་རུ་འགྲོ་སྟེ།"
5 ༥་ ཁྱེད་ཚོའི་ནང་ན་དབང་ཡོད་པ་ཚོ་ང་དང་མཉམ་དེར་སོང་ནས། མི་དེ་ལ་སྐྱོན་ཞིག་ཡོད་ན་སྐྱོན་འགེལ་བར་བྱ་དགོས་སྨྲས་སོ།"
6 ༦་ །ཕེ༷ས་ཏུ་ཞག་བརྒྱད་དགུ་ལས་ལྷག་པ་དེ་ཚོའི་དཀྱིལ་དུ་མ་བསྡད་པར་ཀེ༷་སར་ཡ་རུ་སོང་བ་དང་། དེའི་སང་ཉིན་ཁྲི་ལ་བསྡད་ནས་པ༷འུ་ལུ་འཁྲིད་ཤོག་ཅེས་བསྒོས་སོ།"
7 ༧་ ཁོང་ཕེབས་པ་དང་། ཡེ༷་རུ་ཤ་ལེམ་ནས་འོངས་པའི་ཡ༷་ཧུ་དཱ་པ་ཚོས་ཁོང་ལ་བསྐོར་ཏེ་སྐྱོན་འཚབས་ཆེ་བ་མང་པོ་བཀལ་ཀྱང་། ཁུངས་སྐྱེལ་བར་མ་ནུས་སོ།"
8 ༨་ པ༷འུ་ལུས་ངས་ཡ༷་ཧུ་དཱ་པའི་བཀའ་ཁྲིམས་སམ། སྨོན་ལམ་ཁང་ངམ། ཀེ༷་སར་ལ་བལྟས་ནས་ཉེས་སྐྱོན་ཅིའང་མ་བྱས་པ་ཡིན་ཞེས་རྒྱུ་རྐྱེན་ཞུས་སོ།"
9 ༩་ །ཕེ༷ས་ཏུས་ཡ༷་ཧུ་དཱ་པ་རྣམས་ལ་དྲིན་འཇོག་པར་འདོད་ནས་པ༷འུ་ལུ་ལ། ཞལ་ཆེ་འདི་ངས་ཡེ༷་རུ་ཤ་ལེམ་དུ་གཅོད་དུ་འགྲོ་བར་ཁྱེད་དགའ་འམ་ཞེས་དྲིས་པ་དང་།"
10 ༡༠་ པ༷འུ་ལུས། ང་ཀེ༷་སར་གྱི་ཁྲིམས་དཔོན་གྱི་དྲུང་དུ་ལངས་ཡོད་པས། འདི་གར་ངའི་ཞལ་ཆེ་གཅོད་པར་རིགས་སོ། །ངས་ཡ༷་ཧུ་དཱ་པ་ཚོར་ཉེས་པ་གང་ཡང་མ་བྱས་པ་ཁྱེད་ཀྱིས་ལེགས་པར་མཁྱེན་ནོ།"
11 ༡༡་ །གལ་ཏེ་ང་གསོད་པར་འོས་པའི་ལས་ངན་ཞིག་བྱས་ཡོད་ན། ང་འཆི་བ་ལ་མི་འཛེམ་མོ། ཇི་སྟེ་འདི་ཚོས་སྙད་བཅུགས་པ་རྣམས་གང་ཡང་མི་བདེན་ན། སུས་ཀྱང་ང་དེ་ཚོའི་ལག་ཏུ་གཏོང་བར་མི་ནུས་སོ། །ངས་ཀེ༷་སར་ལ་སྙན་ཞུ་འབུལ་ལོ་གསུངས་སོ།"
12 ༡༢་ །ཕེ༷ས་ཏུས་རང་གི་གྲོས་མི་དང་གྲོས་བྱས་ནས། ཁྱོད་ཀྱིས་ཀེ༷་སར་ལ་སྙན་འབུལ་བྱས་པས། ཀེ༷་སར་གྱི་དྲུང་དུ་འགྲོ་བར་འགྱུར་ཞེས་ལན་བཏབ་བོ།།"
13 ༡༣་ །དེ་ནས་ཞག་ཁ་ཅིག་ལོན་ནས། རྒྱལ་པོ་ཨ༷ག་རི་པ་དང་ལྕམ་བེ༷ར་ནི་ཀེ་གཉིས་ཀེ༷་སར་ཡ་རུ་ཕེ༷ས་ཏུ་ཕྲད་དུ་བསླེབས་སོ།"
14 ༡༤་ །དེར་ཡུན་རིང་བསྡད་པ་ལས། ཕེ༷ས་ཏུས་པ༷འུ་ལུའི་གཤགས་ཀྱི་སྐོར་རྒྱལ་པོ་ལ་བཤད་ཅིང་འདི་སྐད་དུ། ཕེ༷་ལིག་གིས་མི་ཞིག་བཙོན་དུ་བཞག་ནས་སོང་བས།"
15 ༡༥་ ང་ཡེ༷་རུ་ཤ་ལེམ་དུ་ཡོད་པའི་ཚེ་ཡ༷་ཧུ་དཱ་པའི་ལེ༷་ཝི་ཆེན་དང་རྒན་མི་ཚོས་ང་ལ་དེའི་སྐོར་དུ་ཟེར་ཞིང་ཁྲིམས་ཞུས་བྱུང་།"
16 ༡༦་ ངས་ལན་དུ། གཤགས་ཡ་པ་ལ་ཞུ་བ་པོའི་གདོང་ལ་ཁོ་རང་གི་རྒྱུ་རྐྱེན་བཤད་ལོང་མ་བྱུང་བར། ཉེས་ཆད་ཀྱི་ཕྱིར་གཏོད་པ་ནི་རོ༷་མ་པའི་ལུགས་སྲོལ་མ་ཡིན་སྨྲས་པས།"
17 ༡༧་ དེ་ཚོ་འདིར་མཉམ་དུ་འོངས་པ་དང་། ངས་མི་འགོར་བར། དེའི་ཕྱི་ཉིན་ཁྲི་ལ་འདུག་ནས་མི་དེ་བོས་པ་ཡིན།"
18 ༡༨་ ཞུ་བ་པོ་ཚོ་ལངས་ཀྱང་། ངའི་བློ་རྟོགས་བྱུང་ཚུལ་ལྟར་ན་མི་འདིར་འགལ་འཚབས་ཆེ་བ་གང་ཡང་མ་མཐོང་བས།"
19 ༡༩་ ཁོང་རང་ཚོའི་ལྟ་བ་དང་། ཡེ་ཤུ་བྱ་བ་ཞིག་གྲོངས་ནས་པ༷འུ་ལུས་དེ་ནི་གསོན་ནོ་ཞེས་སྨྲས་པའི་སྐོར་ཕན་ཚུན་ཆོས་ཀྱི་རྩོད་གླེང་ཞིང་ཡིན་འདུག"
20 ༢༠་ །འདི་འདྲའི་བྱ་བར་ངས་རྩད་གཅོད་མ་ཤེས་པས། ཁོར་ཡེ༷་རུ་ཤ་ལེམ་དུ་སོང་ལ་གཤགས་འབྱེད་པར་དགའ་འམ་དྲིས་པ་དང་།"
21 ༢༡་ པ༷འུ་ལུས་ཀེ༷་སར་གྱིས་ངའི་གཤགས་མཛད་ཕྱིར་འདི་ག་རང་དུ་གཞག་ཕྱིར་ཞུས་པས། ཁོ་ཀེ༷་སར་གྱི་དྲུང་དུ་མ་སྐྱེལ་བའི་བར་འདིར་འཇོག་པར་དགོས་པ་ཡིན་སྨྲས་པ་དང་།"
22 ༢༢་ ཨ༷ག་རི་པས་ཕེ༷ས་ཏུ་ལ། ངའང་མི་དེ་ལས་ཐོས་པར་དགའ་འོ་ཟེར་བས། དེས་ཁོང་ལ་སང་ཉིན་གསན་པར་འགྱུར་རོ་ཞེས་སྨྲས་སོ།"
23 ༢༣་ །དེའི་སང་ཉིན་ཨ༷ག་རི་པ་དང་བེ༷ར་ནི་ཀེ་གཉིས་རྔམ་བརྗིད་དང་ལྡན་པར་འོངས་ནས། སྟོང་དཔོན་ཚོ་དང་གྲོང་ཁྱེར་གྱི་རྩ་ཆེ་བ་དང་མཉམ་དུ་ཁྲིམས་རའི་ནང་དུ་ཞུགས་པ་དང་། ཕེ༷ས་ཏུས་བསྒོས་པ་བཞིན་པ༷འུ་ལུའང་ནང་དུ་ཁྲིད་དོ།"
24 ༢༤་ །དེ་ནས་ཕེ༷ས་ཏུས། ཀྱེ་རྒྱལ་པོ་ཨ༷ག་རི་པ་དང་འདིར་ཚོགས་པ་ལྷན་རྒྱས། ཁྱེད་ཀྱིས་གཟིགས་པའི་མི་འདིའི་ཕྱིར་ཡ༷་ཧུ་དཱ་པ་ཡོངས་ཀྱིས་ཡེ༷་རུ་ཤ་ལེམ་དང་འདིར་ང་ལ་ཞུ་ཞིང་། ཁོ་གསོན་པོར་གནས་པར་མི་རུང་ཞེས་འབོད་བསྒྲགས་ཀྱང་།"
25 ༢༥་ ཁོ་གསོད་པར་འོས་པའི་བྱ་བ་ཅི་ཞིག་ཀྱང་བྱས་པ་ངས་མ་བརྙེད་དོ། ཁོས་ཀེ༷་སར་ལ་སྙན་འབུལ་ཞུ་པས། ངས་དེར་གཏོང་བར་ཐག་བཅད་དོ།"
26 ༢༦་ །ངས་རང་གི་རྗེ་བོ་ལ་མི་འདིའི་སྐོར་གསལ་པོ་ཞིག་འབྲི་རྒྱུ་མེད།"
27 ༢༧་ བཙོན་པ་ཞིག་ལ་བཀལ་པའི་ཉེས་སྐྱོན་རྣམས་མ་བཤད་པར་རྫོང་བ་ནི་མི་རིགས་པར་སེམས་པས། ཁྱེད་ཚོ་དང་ཁྱད་པར་དུ་རྒྱལ་པོ་ཨ༷ག་རི་པ་ཁྱེད་ཀྱི་དྲུང་དུ་ཁོ་ཁྲིད་ཡོད་པ་ཡིན་ཏེ། ང་ཚོ་ཞིབ་དཔྱོད་བྱས་པའི་རྗེས་ལ་མདོ་དོན་འབྲི་རྒྱུ་ཞིག་འཐོན་འོང་ཞེས་སྨྲས་སོ།། །།"
1 ༡་ །ཨ༷ག་རི་པས་པ༷འུ་ལུ་ལ། ཁྱོད་ཀྱིས་རང་གི་རྒྱུ་རྐྱེན་བཤད་ཆོག་སྨྲས་པ་དང་། པ༷འུ་ལུས་ཕྱག་བརྐྱངས་དེ་རྒྱུ་རྐྱེན་འཆད་ཅིང་འདི་སྐད་དུ།"
2 ༢་ ཀྱེ་རྒྱལ་པོ་ཨ༷ག་རི་པ། ཡ༷་ཧུ་དཱ་པ་རྣམས་ཀྱིས་ང་ལ་ཉེས་མེད་སྙད་བཏགས་པའི་སྐོར་ལ་ངས་ལན་འདེབས་ཕྱིར་དེ་རིང་ཁྱེད་ཀྱི་དྲུང་དུ་བསླེབས་པ་ལ་ཤིན་ཏུ་དགའོ།"
3 ༣་ ཁྱད་པར་དུའང་ཁྱེད་ཀྱིས་ཡ༷་ཧུ་དཱ་པའི་ཁྲིམས་དང་ལྟ་བ་རྣམས་ལེགས་པར་མཁྱེན་པས། ཐུགས་མི་བསུན་པར་གསན་དུ་གསོལ།"
4 ༤་ ང་ཐོག་མ་ན་གཞོན་དུས་ནས་རང་གི་མི་བརྒྱུད་ཀྱི་དཀྱིལ་དང་། ཡེ༷་རུ་ཤ་ལེམ་དུའང་སྤྱོད་ལམ་ཇི་ལྟར་བྱས་པ་ནི་ཡ༷་ཧུ་དཱ་པ་ཐམས་ཅད་ཀྱིས་ཤེས་སོ།"
5 ༥་ །དེ་ཚོས་ང་ཡུན་རིང་ནས་ངོ་ཤེས་པས། ང་ནི་ང་ཚོའི་ཆོས་ལུགས་ཀུན་ནས་ཁྲིམས་དམ་པོ་ཕ༷་རུ་ཤི་པའི་སྤྱད་པ་སྤྱོད་པ་ལ་དེ་ཚོས་དཔང་པོ་བྱེད་ནུས་སོ།"
6 ༦་ །ང་ད་ལྟ་འདིར་གཤགས་ལ་ལང་བ་ནི། ཨེ་ལོ་ཧིམ་གྱིས་ཕ་མེས་ལ་ཞལ་གྱིས་བཞེས་པ་དེ་ལ་རེ་བ་བྱས་པའི་རྐྱེན་གྱིས་ཡིན།"
7 ༧་ གང་དེ་ང་ཚོའི་སྡེ་བཅུ་གཉིས་ཀྱིས་ཉིན་མཚན་མེད་པར་བསྙེན་བཀུར་བྱེད་ཅིང་རེ་བ་བྱེད། །ཀྱེ་རྒྱལ་པོ་རེ་བ་འདི་ཁོ་ནའི་ཕྱིར་དུ་ཡ༷་ཧུ་དཱ་པས་ང་ལ་སྐྱོན་འགེལ་ལོ།"
8 ༨་ །ཨེ་ལོ་ཧིམ་གྱིས་གཤིན་པོ་གསོན་པོར་མཛད་ན་ཁྱེད་ཀྱིས་མི་སྲིད་པ་ཡིན་པ་ཅི་ལ་སེམས།"
9 ༩་ སྔར་ང་རང་གིས་ཀྱང་ན༷་ཙ་རེད་པ་ཡེ་ཤུའི་མཚན་ལ་ཅི་ས་ནས་རྒོལ་བར་རིགས་སོ་སྙམ་སྟེ།"
10 ༡༠་ ཡེ༷་རུ་ཤ་ལེམ་དུ་དེ་ལྟར་བྱས་བས། ལེ༷་ཝི་ཆེན་ཚོ་ལས་དབང་ཐོབ་ནས། མ་ཤི་ཀ་པ་མང་པོ་བཙོན་དུ་བཅུག་པ་མ་ཟད། དེ་ཚོ་གསོད་པའི་ཕྱིར་ངའང་ཁ་འཆམ་པ་ཡིན།"
11 ༡༡་ སི༷ན་ན་གོས་ཐམས་ཅད་ནང་དེ་ཚོར་ལན་མང་པོ་ཆད་པས་བཅད་དེ། སྐུར་པ་འདེབས་འཇུག་ཅིང་། དེ་ཚོར་ཁྲོ་བས་སྨྱོས་ཤིང་། གྲོང་ཁྱེར་གཞན་དག་ལའང་སོང་སྟེ་དེ་ཚོར་བཙེས་སོ།"
12 ༡༢་ ལེ༷་ཝི་ཆེན་ཚོས་དབང་བསྐུར་ཞིང་ང་བཏང་སྟེ། དེ་ལྟར་ད༷་མེ་སེག་ཏུ་འགྲོ་བ་ལས།"
13 ༡༣་ །ཀྱེ་རྒྱལ་པོ་ལགས། ལམ་བར་དུ་ཉིན་གུང་ལ། ཉི་མ་ལས་འོད་ཆེ་བའི་འོད་ཅིག་ནམ་མཁའ་ནས་ང་དང་ལམ་གྲོགས་ཚོའི་ཕྱོགས་བཞིར་ཤར་བ་མཐོང་།"
14 ༡༤་ ང་ཚོ་ཐམས་ཅད་ས་ལ་འགྱེལ་བ་དང་། ང་ལ་ཨི༷བ་རིའི་སྐད་དུ། ཤ༷་ཨུལ། ཤ༷་ཨུལ། ཅིའི་ཕྱིར་ཁྱོད་ཀྱིས་ང་ལ་འཚེ། གླང་ལྕག་ལ་འཕྲ་རྒྱབ་ན་ཁྱོད་རང་ལ་འཕོག་ཅེས་གསུངས་པའི་སྒྲ་ཐོས་བྱུང་།"
15 ༡༥་ ངས་ཁྱེད་སུ་ལགས་ཞུས་པ་དང་། ཀྱུ་རི་བོས་ང་ནི་ཁྱེད་ཀྱིས་འཚེ་བའི་ཡེ་ཤུ་དེ་ཡིན།"
16 ༡༦་ ལོངས་ལ་ཀྲོང་ངེར་འདུག་ཅིག ཁྱོད་ཀྱིས་ང་མཇལ་བ་དང་། མཇལ་བར་འགྱུར་བའི་བྱ་བ་རྣམས་ལ་དཔང་པོ་བྱེད་པ་དང་ངའི་ཞབས་ཏོག་པར་སྐོ་བའི་ཕྱིར། ངས་ཁྱོད་ལ་ཞལ་གཟིགས་པ་ཡིན།"
17 ༡༧་ ངས་ཁྱོད་མི་སྟེ་འདི་དང་གང་ལ་རྫོང་བའི་ཨེ་ལོ་ཧིམ་ངོ་མ་ཤེས་པ་ཚོ་ལས་སྐྱབས་ཅིང་།"
18 ༡༨་ དེ་ཚོར་མུན་པ་ལས་འོད་དང་། ས༷་ཏན་གྱི་དབང་ནས་ཨེ་ལོ་ཧིམ་གྱི་ཕྱོགས་སུ་སྒྱུར་བ་དང་། སྡིག་པ་སེལ་བ་དང་། ང་ལ་དད་པའི་སྒོ་ནས་དམ་པར་གྱུར་པ་རྣམས་དང་སྐལ་བ་མཉམ་པའི་ཕྱིར་དེ་ཚོའི་མིག་འབྱེད་པའི་དོན་དུ་རྫོང་ངོ་ཞེས་གསུངས་བྱུང་ངོ་།"
19 ༡༩་ །དེའི་ཕྱིར་ཀྱེ་རྒྱལ་པོ་ཨ༷ག་རི་པ། ངས་ནམ་མཁའི་ཞལ་གཟིགས་ལ་ཉན་ནས།"
20 ༢༠་ དང་པོར་ད༷་མེ་སེག་དང་། གཉིས་པར་ཡེ༷་རུ་ཤ་ལེམ་དང་། ཡ༷་ཧུ་དཱ་ཡུལ་ཀུན་དང་ཨེ་ལོ་ཧིམ་ངོ་མ་ཤེས་པ་ཚོ་ལ། འགྱོད་ཚངས་བྱེད་ཅིང་། ཨེ་ལོ་ཧིམ་གྱི་ཕྱོགས་སུ་སེམས་སྒྱུར་ཞིང་། བསྒྱུར་པ་དང་བསྟུན་པའི་ལས་བྱེད་ཕྱིར་བཤད་པ་ཡིན།"
21 ༢༡་ རྒྱུ་མཚན་དེའི་ཕྱིར་ཡ༷་ཧུ་དཱ་པ་ཚོས་ང་སྨོན་ལམ་ཁང་ནང་བཟུང་སྟེ། གསོད་པར་བརྩམས་ཀྱང་།"
22 ༢༢་ དེ་རིང་གི་བར་དུ་ཨེ་ལོ་ཧིམ་གྱིས་སྐྱབས་ཤིང་། ང་གསོན་པོར་འགྲེང་ངོ་།"
23 ༢༣་ མ་ཤི་ཀས་སྡུག་བསྔལ་མྱང་དགོས་པ་དང་། གཤིན་པོ་རྣམས་ལས་བཞེངས་པའི་སྔོན་མ་ཡིན་ཏེ། མི་སྡེ་འདི་དང་ཨེ་ལོ་ཧིམ་ངོ་མ་ཤེས་པ་ལ་འོད་ཀྱི་ཕྲིན་སྒྲོག་པར་འགྱུར་ཞེས་ཕ༷་རོ་པེ་ཏེ་པ་དང་མོ༷་ཤེས་གསུངས་པ་དེ་མ་གཏོགས་པར་ཆེ་ཆུང་སུ་ལའང་ངས་གཏམ་གཞན་མ་སྨྲས་ཞེས་གསུངས་སོ།"
24 ༢༤་ །རྒྱུ་རྐྱེན་དེ་ལྟར་ཞུས་པ་ལས། ཕེ༷ས་ཏུས། པ༷འུ་ལུ་ཁྱོད་སྨྱོའོ། རིག་པ་ཆེ་བས་ཁྱོད་སྨྱོ་འཇུག་གོ་ཞེས་འབོད་བསྒྲགས་སོ།"
25 ༢༥་ །པ༷འུ་ལུས། མི་རྗེ་ཕེ༷ས་ཏུ། ང་མི་སྨྱོ་ཞིང་དྲན་པ་བརྟན་པོར་བདེན་པ་དེ་སྨྲའོ།"
26 ༢༦་ །རྒྱལ་པོས་འདི་ཚོ་མཁྱེན་པས། ངས་དགག་པ་མེད་པར་ཞུ་ཞིང་། བྱ་བ་འདི་ཚོ་ཁུག་ཀྱོག་ཅིག་ཏུ་མ་བྱུང་བས། ཐུགས་རྒྱུས་གསལ་པོར་ཡོད་པར་ཡིད་ཆེས་སོ།"
27 ༢༧་ །ཀྱེ་རྒྱལ་པོ་ཨ༷ག་རི་པ། ཕ༷་རོ་པེ་ཏེ་པ་ཚོ་ལ་ཁྱེད་ཐུགས་ཡིད་ཆེས་སམ། ཆེས་པར་ངས་ཤེས་སོ་གསུངས་པ་དང་།"
28 ༢༨་ ཨ༷ག་རི་པས། དུས་ཅུང་ཟད་ཅིག་ནང་ཁྱོད་ཀྱིས་ང་མ་ཤི་ཀ་པ་བཟོ་བར་བསམ་མམ་སྨྲས་སོ།"
29 ༢༩་ །པ༷འུ་ལུས། ཅུང་ཟད་དམ་རིང་པོ་ཅི་ཡིན་རུང་། ལྕགས་སྒྲོག་འདི་མ་གཏོགས་པར་ཁྱེད་མ་ཟད་ངའི་གཏམ་ལ་གསན་པ་ཐམས་ཅད་ང་དང་འདྲ་བར་འགྱུར་དུ་ཨེ་ལོ་ཧིམ་ལ་སྨོན་ནོ་ཞེས་གསུངས་སོ།"
30 ༣༠་ །དེ་ནས་རྒྱལ་པོ་དང་། སྤྱི་ཁྱབ་དང་། བ༷ར་ནི་ཀེ་དང་། འཁོར་ཐམས་ཅད་ལངས་ཏེ།"
31 ༣༡་ སོ་སོར་སོང་ནས་ཕན་ཚུན། མི་འདིས་གསོད་པའམ་བཙོན་དུ་འཇུག་པ་ལ་ཐུག་པའི་ཉེས་པ་མ་བྱས་སོ་ཞེས་སྨྲས་སོ།"
32 ༣༢་ །ཨ༷ག་རི་པས་ཕེ༷ས་ཏུ་ལ། མི་འདིས་ཀེ༷་སར་ལ་སྙན་ཞུ་ཕུལ་བ་མ་ཡིན་ན། ཐར་ཆོག་གོ་ཞེས་སྨྲས་སོ།། །།"
1 ༡་ །ང་ཚོ་ཨི༷་ཏ་ལི་རུ་ཆུ་ཐོག་ཏུ་འགྲོ་དགོས་པར་ཐག་ཆོད་པས། དེ་ཚོས་པ༷འུ་ལུ་དང་བཙོན་པ་གཞན་ཁ་ཅིག་ཨ༷འུ་གུས་ཏུའི་དམག་དཔུང་གི་བརྒྱ་དཔོན་ཡུ༷་ལིའུ་བྱ་བའི་ལག་ལ་བཏད་དོ།"
2 ༢་ །ཨ༷་སི་ཨའི་འགྲམ་གྱི་གནས་རྣམས་སུ་འགྲོ་བའི་ཨ༷་དྲ་མིད་ཡུལ་ནས་འོངས་པའི་གྲུ་ལ་ཞོན་ཏེ་ང་ཚོ་སོང་བ་ཡིན། མ༷་ཀེ་དོན་གྱི་ཐེ༷་ས་ལོ་ནི་ཀེ་པ་ཨ༷་རིས་ཏར་ཀུ་ང་ཚོ་དང་མཉམ་ཡོད་པ་ཡིན།"
3 ༣་ དེའི་ཕྱི་ཉིན་ང་ཚོ་ཚི༷་དོན་གྱི་འགྲམ་དུ་བསླེབས་སོ། །ཡུ༷་ལི་འུས་པ༷འུ་ལུ་ལ་ཐུགས་རྗེས་བསྐྱངས་ནས། ཁོང་ལ་ངོ་ཤེས་ཚོས་བདག་རྐྱེན་བྱེད་ཕྱིར་དེ་ཚོ་དང་ཕྲད་པའི་དགོངས་པ་གནང་ངོ་།"
4 ༤་ །དེ་ནས་ཆུ་ཐོག་ཏུ་སོང་ནས་མི་མཐུན་པའི་རླུང་བྱུང་ནས་ས༷་ཡིབ་པུ་རུ་སུའི་གླིང་ཕྲན་གྱི་སྐྱིབས་ནས་སོང་ངོ་།"
5 ༥་ །དེ་ནས་ཀི༷་ལིག་དང་ཕ༷མ་ཕིལ་གྱི་ཆུ་ལས་སོང་ནས། ལི༷ག་ཡིའི་གྲོང་ཁྱེར་མི༷་ར་རུ་ཕྱིན་པ་དང་།"
6 ༦་ དེར་བརྒྱ་དཔོན་ལ་ཨི༷་ཏ་ལི་རུ་འགྲོ་བའི་ཨ༷་ལེག་སན་དར་ཡའི་གྲུ་ཞིག་ཐོབ་སྟེ། ང་ཚོ་དེ་ནང་བཅུག་གོ"
7 ༧་ །ཡང་ཞག་འགའ་ཞིག་ག་སེར་སོང་བས། ཀེ༷་ནེ་དུའི་ཐད་དུ་དཀའ་ལས་ཁག་པོ་དང་བཅས་བསླེབས་ནས། རླུང་གིས་མདུན་དུ་འགྲོར་མ་བཅུག་པས། ས༷ལ་མོ་ནེའི་ཐད་ཀྱི་ཀ༷་རེ་ཏ་ཡི་གླིང་ཕྲན་གྱི་སྐྱིབས་ནས་སོང་ངོ་།"
8 ༨་ །དེའི་འགྲམ་ནས་དཀའ་ལས་ཁག་པོས་འགྲོ་ཞིང་གྲོང་ཁྱེར་ལ༷་ས་ཡ་དང་ཉེ་བའི་གྲུ་ཁ་མཛེས་པ་བྱ་བའི་གནས་སུ་བསླེབས་སོ།།"
9 ༩་ །དུས་ཡུན་རིང་འགོར་ཞིང་། བཟའ་བཏུང་གཅོད་པའི་ཟླ་དུས་ཀྱང་རྫོགས་པས། ཆུ་ཐོག་ལ་འགྲོ་བར་ཉེན་ཆེ་བས། པ༷འུ་ལུས་དེ་ཚོར་ཞལ་ཏ་མཛད་ཅིང་།"
10 ༡༠་ ཁྱེད་རྣམ་པ། ཆུ་ཐོག་གི་འགྲུལ་འདིས་གྲུ་དང་ཟོང་མ་ཟད་ང་ཚོའི་སྲོག་ལའང་བར་ཆད་གོད་ཁ་ཡོང་བར་བསམ་མོ་ཞེས་གསུངས་ཀྱང་།"
11 ༡༡་ བརྒྱ་དཔོན་གྱིས་པ༷འུ་ལུས་གསུངས་པ་ལས་གྲུའི་དེད་དཔོན་དང་བདག་བོས་སྨྲས་པ་ལ་ལྷག་པར་ཉན་ཏོ།"
12 ༡༢་ །གྲུ་ཁ་དེ་དགུན་སར་ལེགས་པ་ཞིག་མ་ཡིན་པས། མི་མང་ཆེ་བས་འདི་ནས་སོང་སྟེ་ལྷོ་ནུབ་དང་ནུབ་བྱང་གི་ཕྱོགས་སུ་ཁ་བཏད་ཡོད་པའི་ཀ༷་རེ་ཏའི་གྲུ་ཁ་ཕེ༷་ནིག་ལ་ཐབས་གང་རུང་གིས་བསླེབ་ཐུབ་ན་དེར་དགུན་ས་བྱེད་ཆོག་པའི་བསླབ་བྱ་བཏང་ངོ་།"
13 ༡༣་ །དེ་ནས་ལྷོ་ཕྱོགས་ནས་རླུང་འཇམ་པོ་ཞིག་བྱུང་བས། དེ་ཚོའི་དོན་གྲུབ་སྙམས་ནས། གཏིང་རྡོ་བཏེགས་ནས་ཀ༷་རེ་ཏཱའི་འགྲམ་ནས་སོང་ངོ་།"
14 ༡༤་ །རིང་པོར་མ་ལོན་པར་སྐམ་སའི་ཕྱོགས་ནས་བྱང་ཤར་གྱི་རླུང་འཚུབ་དྲག་པོ་ལང་བྱུང་སྟེ། གྲུ་བཟུང་བས།"
15 ༡༥་ དེ་ཕྱོགས་སུ་ཁ་སྒྱུར་མ་བཏུབ་པས། རླུང་པོས་གང་དགར་འཁྱེར་བཅུག་པ་དང་།"
16 ༡༦་ ཀ༷འུ་ད་བྱ་བའི་གླིང་ཕྲན་གྱི་སྐྱིབས་སུ་ཁྱེར་བས། དཀའ་ལས་ཆེན་པོས་གྲུ་ཆུང་འཛིན་ཞིང་།"
17 ༡༧་ ཡར་དྲངས་ཏེ་གྲུ་གཟིངས་ཐག་པས་སྡོམ་པའི་ཐབས་བྱས་སོ། །སི༷ར་ཏི་རུ་འཁྱེར་དོགས་ཀྱིས། གཡོར་མོ་རྣམས་མར་ཕབ་བོ།"
18 ༡༨་ །ང་ཚོ་རླུང་དྲག་གིས་ཤིན་ཏུ་སྐྱོད་སྟབས། དེའི་ཕྱི་ཉིན་ཟོང་རྣམས་ཆུར་སྐྱུར་བ་ལ་ཞུགས།"
19 ༡༩་ ཞག་གསུམ་པ་ལ་གྲུའི་ཡོ་བྱད་ཀྱང་རང་གི་ལག་པས་ཆུར་བསྐྱུར་ཏོ།"
20 ༢༠་ །ཞག་མང་པོའི་རིང་ཉི་མ་དང་སྐར་མ་མི་མཐོང་བའི་རླུང་དྲག་ཆེ་བས། ང་ཚོའི་སྲོག་ཐར་བའི་རེ་བ་ཡོངས་སུ་ཟད་དོ།"
21 ༢༡་ །དེ་ཚོས་ཡུན་རིང་ནས་ཁ་ཟས་མ་ཟོས་པས། པ༷འུ་ལུས་དཀྱིལ་དུ་བཞེངས་ཏེ། ཁྱེད་རྣམ་པ། ངས་སྔར་སྨྲས་པར་ཉན་ཏེ། ཀ༷་རེ་ཏ་རུ་བསྡད་པ་ཡིན་ན། བར་ཆད་དང་གོད་ཁ་འདི་ལྟར་མ་མྱོང་བ་ཡིན།"
22 ༢༢་ ད་ངས་ཁྱེད་ཚོར་སེམས་ལྷོད་བྱེད་པའི་ཕྱིར་སྐུལ་ལོ། །གྲུ་ལ་མ་གཏོགས་པར་ཁྱེད་སུ་ལའང་གནོད་པ་འབྱུང་བར་མི་འགྱུར་རོ།"
23 ༢༣་ །ང་སུ་ཡི་ཡིན་པའི་ངས་སྟེན་པའི་ཨེ་ལོ་ཧིམ་གྱི་ཨ༷ན་ཇལ་དེ་རིང་མཚན་མོར་ངའི་རྩར་ཕེབས་ནས།"
24 ༢༤་ པ༷འུ་ལུ་མ་འཇིགས་ཤིག ཁྱོད་ཀེ༷་སར་མཇལ་བ་གལ་ཆེའོ། ཁྱོད་ཀྱི་རྐྱེན་ གྱིས་ཁྱོད་མཉམ་གྲུའི་ནང་ཡོད་པ་ཐམས་ཅད་ཨེ་ལོ་ཧིམ་གྱིས་སྐྱབ་པ་ཡིན་ཞེས་གསུངས་པས།"
25 ༢༥་ གང་གསུངས་པ་བཞིན་དུ་ཨེ་ལོ་ཧིམ་གྱིས་མཛད་པར་ང་ཡིད་ཆེས་པས། ཁྱེད་ཚོ་སྙིང་ལྷོད་དེར་སྡོད་ཅིག"
26 ༢༦་ འོན་ཀྱང་ང་ཚོ་གླིང་ཕྲན་ཞིག་ལ་འདེད་པར་འགྱུར་རོ་ཞེས་གསུངས་སོ།"
27 ༢༧་ །དེ་ནས་མཚན་མོ་བཅུ་བཞི་པར་ང་ཚོ་ཨ༷་དྲི་ཡའི་རྒྱ་མཚོའི་ནང་དུ་ཕན་ཚུན་ཁྱེར་ཞིང་། ནམ་ཕྱེད་ཙམ་ལ་སྐམ་ས་དང་ཉེ་བར་བསླེབ་པའི་ཚོད་ཐོབ་སྟེ།"
28 ༢༨་ གཏིང་གི་ཚོད་བླངས་ནས་འདོམ་ཉི་ཤུ་དང་། ཅུང་ཟད་ཅིག་འགྱངས་ནས་ཡང་ཚོད་བླངས་ནས་འདོམ་བཅོ་ལྔ་ཡོད་པར་བརྟགས་སོ།"
29 ༢༩་ །གྲུ་བྲག་ལ་འཕོག་པའི་འཇིགས་པས། གྲུའི་མཇུག་ནས་གཏིང་རྡོ་བཞི་ཕབ་ནས། ཉི་མ་འཆར་བར་རིངས་སོ།"
30 ༣༠་ །གྲུ་པ་ཚོས་གྲུའི་མགོ་ལས་ཀྱང་གཏིང་རྡོ་འབེབས་སྙད་ཀྱིས་གྲུ་ནས་འབྲོས་ཐབས་འཚོལ་ཞིང་གྲུ་ཆུང་རྒྱ་མཚོར་ཕབ་ཀྱང་།"
31 ༣༡་ པ༷འུ་ལུས་བརྒྱ་དཔོན་དང་དམག་མིར། འདི་ཚོ་གྲུའི་ནང་མི་སྡོད་ན་ཁྱེད་ཚོའི་སྲོག་ཐར་བར་མི་ནུས་སོ་ཞེས་གསུངས་པས།"
32 ༣༢་ དམག་མིས་གྲུ་ཆུང་གི་ཐག་པ་བཅད་ནས་ཆུར་ཁྱེར་བཅུག་གོ"
33 ༣༣་ །ནམ་ཅུང་ཟད་མ་ལངས་པས། པ༷འུ་ལུས་ཚང་མར་ཁ་ཟས་ཟ་བར་བསྐུལ་ཞིང་། འདི་སྐད་དུ། ཁྱེད་ཚོ་ཐེ་ཚོམ་ཟ་བས་ཁ་ཟས་མ་ཟ་བར་དེ་རིང་བར་ཞག་བཅུ་བཞི་སོང་།"
34 ༣༤་ དེའི་ཕྱིར་ རང་སྲོག་སྐྱོབ་པར་ཁ་ཟས་ཟ་བར་བསྐུལ་ལོ། ཁྱེད་ཚོའི་སྐྲ་ཉག་གཅིག་ལའང་སྐྱོན་འབྱུང་བར་མི་འགྱུར་རོ།"
35 ༣༥་ །ཞེས་གསུངས་ནས་བག་ལེབ་ཕྱག་ཏུ་བཞེས་ཏེ་ཐམས་ཅད་ཀྱི་མདུན་དུ་ཨེ་ལོ་ཧིམ་ལ་བསྟོད་བསྔགས་ཕུལ་ནས་བཅག་སྟེ་བཞེས་སོ།"
36 ༣༦་ །དེ་ནས་ཐམས་ཅད་ཀྱི་སེམས་ལྷོད་པོར་སོང་ནས་ཁ་ཟས་ཀྱང་ཟོས་སོ།"
37 ༣༧་ །གྲུའི་ནང་ན་ང་ཚོ་ཁྱོན་བསྡོམས་མི་ཉི་བརྒྱ་དང་བདུན་ཅུ་དོན་དྲུག་ཡོད་པ་ཡིན།"
38 ༣༨་ ཁ་ཟས་འགྲངས་པར་ཟོས་ནས་འབྲུ་གྲོ་ཐམས་ཅད་རྒྱ་མཚོར་བསྐྱུར་ཏེ་གྲུ་ཡང་མོ་བཟོས་སོ།"
39 ༣༩་ །དེ་ནས་ནམ་ལངས་ཚེ་ཡུལ་གང་ཡིན་མ་ཤེས་ཀྱང་བྱེ་མ་ཡོད་པའི་ཆུ་ཁུག་ཅིག་མཐོང་བ་དང་། དེའི་ནང་དུ་ནུས་ན་གྲུ་དེད་པའི་གྲོས་བྱས་སོ།"
40 ༤༠་ །གཏིང་རྡོ་བཀྲོལ་ནས་རྒྱ་མཚོར་བཞག་སྟེ། གྲུ་སྐྱ་ཚོའི་ཐག་པ་བཀྲོལ་ཞིང་། མདུན་གྱི་གཡོར་མོ་རླུང་དང་བསྟུན་ནས་བསྒྲེང་ཏེ། བྱེ་འགྲམ་གྱི་ཕྱོགས་སུ་སོང་ངོ་།"
41 ༤༡་ །འོན་ཀྱང་བྱེ་སྲུབས་ཀྱི་སྒང་ཞིག་ལ་གྲུ་གཟུགས་ནས། གྲུའི་མགོ་ཁད་ནས་མཇུག་རྦ་རླབས་ཀྱི་ཤུགས་ཀྱིས་ཆག་གོ།"
42 ༤༢་ །བཙོན་པ་སུའང་རྐྱལ་རྒྱབ་ནས་མི་འབྲོས་པའི་ཕྱིར། དམག་མིས་དེ་ཚོ་གསོད་པའི་གྲབས་བྱས་སོ།"
43 ༤༣་ །འོན་ཀྱང་བརྒྱ་དཔོན་གྱིས་པ༷འུ་ལུ་སྐྱོབ་པར་འདོད་ཅིང་། གྲོས་བཞིན་བྱེད་དུ་མ་གནང་བར། རྐྱལ་རྒྱབ་ཐུབ་པ་ཚོ་ཆུར་མཆོངས་ཏེ་སྔོན་དུ་སྐམ་སར་འགྲོ་བ་དང་།"
44 ༤༤་ །གཞན་རྣམས་སྤང་ལེབ་བམ་གྲུའི་ཆག་དུམ་ལ་འཇུས་ནས་འགྲོ་ཕྱིར་བསྐོས་པས། ཐམས་ཅད་སྐམ་སར་བསླེབས་སོ།། །།"
1 ༡་ །ང་ཚོ་སྲོག་ཐར་ཞིང་གླིང་ཕྲན་དེའི་མིང་མ༷ལ་ཏ་ཡིན་པར་ཤེས་བྱུང་།"
2 ༢་ །གླིང་ཕྲན་དེའི་མི་ཚོས་ང་ཚོར་བཀའ་དྲིན་གཞན་དང་མི་འདྲ་བ་བྱས་བྱུང་། དེར་ཆར་པ་འབབ་པས་གནམ་གྲང་བས། དེ་ཚོས་མེ་བཏང་ནས་ང་ཚོ་དེར་བསུ་བ་བྱས་སོ།"
3 ༣་ །པ༷འུ་ལུས་ཤིང་གི་ཕོན་པོ་ཞིག་བསྒྲུགས་ནས་མེ་ལ་བརྒྱབ་པ་དང་། དྲོད་ཀྱི་རྐྱེན་གྱིས་དུག་སྦྲུལ་ཞིག་ཐོན་ནས་ཁོང་གི་ཕྱག་ལ་འཁྲིལ་བ་ལས།"
4 ༤་ མི་དེ་ཚོས་སྦྲུལ་དེ་ཁོང་གི་ཕྱག་ན་ལིང་ངེར་ཡོད་པ་མཐོང་སྟེ། མི་འདི་ཐེ་ཚོམ་མེད་པར་མི་བསད་ཅིག་ཡིན་པས། རྒྱ་མཚོ་ལས་ཐར་ཀྱང་། ལས་འབྲས་ཀྱིས་གསོན་པོར་མི་འཇོག་གོ་ཞེས་ཕན་ཚུན་ཟེར་ཏོ།"
5 ༥་ ཁོང་གིས་སྦྲུལ་དེ་མེའི་ནང་སྤྲུགས་པས་གནོད་པ་ཅིའང་མ་བྱུང་ངོ་།"
6 ༦་ །དེ་ཚོས་ཁོང་སྐྲང་བར་འགྱུར་རམ། ཡང་ན་གློ་བུར་དུ་ས་ལ་འགྱེལ་ནས་འཆི་འོང་སེམས་ཤིང་ཡུན་རིང་ཞིག་བསྒུགས་ཀྱང་། གནོད་པ་ཅིའང་མ་བྱུང་བར་མཐོང་ནས། བསམ་པ་བསྒྱུར་ཏེ་ཁོང་ནི་ལྷ་ཞིག་གོ་ཟེར་རོ། "
7 ༧་།དེའི་ཉེ་འཁོར་དུ་གླིང་ཕྲན་དེའི་དཔོན་པོ་པུ༷བ་ལིའུ་བྱ་བའི་གཞིས་ཀ་ཡོད་དེ། ང་ཚོ་བོས་ནས་ཞག་གསུམ་གྱི་བར་དུ་མགྲོན་བྱིན་ནོ།"
8 ༨་ །པུ༷བ་ལིའུ་ཡི་ཕ་ཚད་པ་དང་འཁྲུ་ནད་ཀྱིས་བཏབ་ཡོད་པས། པ༷འུ་ལུ་དེའི་རྩར་ཕེབས་ནས། སྨོན་ལམ་བཏབ་ནས་ཕྱག་བཞག་སྟེ་སོས་པར་མཛད་དོ།"
9 ༩་ །དེ་ལྟར་བྱུང་བ་དང་། གླིང་ཕྲན་དེ་ན་ཡོད་པའི་ནད་པ་གཞན་ཚོ་འང་འོངས་ནས་སོས་པར་གྱུར་ཏོ།"
10 ༡༠་ །དེ་ཚོས་ང་ཚོར་འབུལ་བ་མང་པོ་ཕུལ་ཞིང་། འགྲོ་དུས་སུ་ང་ཚོར་དགོས་པ་ཐམས་ཅད་སྟེར་རོ།།"
11 ༡༡་ །ཟླ་བ་གསུམ་གྱི་རྗེས་སུ་དགུན་ཁར་གླིང་ཕྲན་དེར་བསྡད་པའི་མཚེ་མའི་རྟགས་ཅན་གྱི་ཨ༷༷་ལེག་སན་དྲེ་ཡ་ཡི་གྲུ་ལ་ཞོན་ནས་ང་ཚོ་སོང་ངོ་།"
12 ༡༢་ །སི༷་ར་ཀུ་རུ་བསླེབས་ནས་ཞག་གསུམ་དེར་བསྡད་དོ།"
13 ༡༣་ །དེ་ནས་བསྐོར་ཏེ་སོང་ཞིང་རེ༷་གི་ཨུམ་དུ་བསླེབས་ནས། ཞག་གཅིག་གི་རྗེས་སུ་ལྷོ་ཕྱོགས་ནས་རླུང་ལངས་པས། ཞག་གཉིས་པ་ལ་པུ༷་དེའོ་ལི་རུ་བསླེབས་སོ།"
14 ༡༤་ །དེར་སྤུན་ཁ་ཤས་འདུག་སྟེ། དེ་ཚོ་དང་མཉམ་བདུན་ཕྲག་གཅིག་བསྡད་ཕྱིར་བོས་སོ། །དེ་ལྟར་ང་ཚོ་རོ༷་མ་དང་ཉེ་བར་བསླེབས་སོ།"
15 ༡༥་ །དེར་ཡོད་པའི་སྤུན་ཚོས་ང་ཚོའི་སྐོར་དུ་ཚོར་ནས། ཨ༷བ་པིའུ་ཡི་ཁྲོམ་དང་། འགྲོན་ཁང་གསུམ་གྱི་བར་དུ་ང་ཚོ་བསུ་རུ་འོངས་སོ། །པ༷འུ་ལུས་དེ་ཚོ་གཟིགས་ནས་ཨེ་ལོ་ཧིམ་ལ་བསྟོད་བསྔགས་ཕུལ་ཞིང་ཐུགས་སྟོབས་དང་ལྟན་པར་གྱུར་ཏོ།"
16 ༡༦་ །ང་ཚོ་རོ༷་མ་རུ་བསླེབས་པ་དང་པ༷འུ་ལུ་ལ་དམག་མི་སྲུང་མཁན་གཅིག་དང་མཉམ་དུ་རང་དགར་བཞུགས་པའི་དགོངས་པ་ཐོབ་བོ།།"
17 ༡༧་ །ཞག་གསུམ་གྱི་རྗེས་སུ་ཁོང་གིས་ཡ༷་ཧུ་དཱ་པའི་འགོ་བྱེད་ཚོ་བསྡུས་ནས་དེ་ཚོར་སྤུན་རྣམས། ངས་མི་སྡེའམ་ཕ་མེས་ཀྱི་ལུགས་སྲོལ་ལས་འགལ་བའི་ལས་གང་ཡང་མ་བྱས་ཀྱང་། ང་ཡེ༷་རུ་ཤ་ལེམ་དུ་བཙོན་དུ་བཅུག་ནས་རོ༷་མ་པའི་ལག་དུ་བཏང་ངོ་།"
18 ༡༨་ །དེ་ཚོས་ཞིབ་དཔྱོད་བཏང་ནས་ང་གསོད་པའི་རྒྱུ་ཅིའང་མ་བརྙེད་པས། ང་སྒྲོལ་བར་འདོད་ཀྱང་།"
19 ༡༩་ །ཡ༷་ཧུ་དཱ་པས་དགྲ་བྱས་པས། ངས་ཀེ༷་སར་ལ་སྙན་ཞུ་མི་འབུལ་ཀ་མེད་བྱུང་། རང་གི་མི་བརྒྱུད་ལ་སྙད་འདོགས་རྒྱུ་ང་ལ་མེད།"
20 ༢༠་ ང་ཡི༷ས་ར་ཨེལ་གྱི་རེ་བ་འདོད་དེའི་ཕྱིར་དུ་ལྕགས་སྒྲོག་འདིས་བཅིངས་པས། ཁྱོད་ཚོ་དང་ཐུག་པས་གཏམ་བྱེད་དུ་ངས་བོས་པ་ཡིན་གསུངས་ནས།"
21 ༢༡་ །དེ་ཚོས་ང་ཚོར་ཁྱེད་ཀྱི་སྐོར་ལ་ཡ༷་ཧུ་དཱ་ནས་ཡི་གེའང་མ་བསླེབས་ཤིང་། འདིར་འོངས་པའི་སྤུན་སུས་ཀྱང་ཁྱེད་ཀྱི་སྐོར་ལ་གཏམ་ངན་སྨྲའམ་ཤོད་མཁན་མ་བྱུང་།"
22 ༢༢་ །འོན་ཀྱང་ཆོས་ལུགས་འདི་ལ་ཡུལ་ཀུན་ཏུ་རྒོལ་བ་བྱུང་བ་ང་ཚོས་ཤེས་པས། ཁྱེད་ཀྱི་ལྟ་བ་གང་ཡིན་པ་དེ་ང་ཚོས་ཐོས་པར་འདོད་དོ་ཞེས་སྨྲས་སོ།"
23 ༢༣་ །དེ་ནས་ཞག་མའི་ཁ་ཆད་ཅིག་བྱས་ནས། ཞག་དེར་མི་མང་པོ་ཁོང་གི་བཞུགས་གནས་ལ་འོངས་པ་དང་། ཁོང་གིས་ཨེ་ལོ་ཧིམ་གྱི་རྒྱལ་སྲིད་ལ་དཔང་པོ་བྱེད་ཅིང་། མོ༷་ཤེའི་བཀའ་ཁྲིམས་དང་ཕ༷་རོ་པེ་ཏེ་པ་ཚོའི་བྲིས་པ་ལས་ཡེ་ཤུའི་སྐོར་དེ་ཚོའི་བློར་འཇུག་པའི་རྩོལ་བ་བྱེད་ཅིང་། སྔ་དྲོ་ནས་དགོང་མོའི་བར་དུ་བཀའ་བཤད་དོ།"
24 ༢༤་ །གདམས་ངག་དེར་མི་ལ་ལ་ཡིད་ཆེས་ཤིང་ལ་ལ་ཡིད་མ་ཆེས་སོ།"
25 ༢༥་ །དེ་དག་ཁ་མ་འཆམས་པར་འགྲོ་བ་ལས། པ༷འུ་ལུས་གསུང་ཞིག་བསྣན་ནས་འདི་སྐད་དུ། ཕ༷་རོ་པེ་ཏེ་པ་ཡེ༷་ཤ་ཡའི་སྒོ་ནས་དམ་པའི་རུ་ཨག་གྱིས་ཁྱེད་ཚོའི་ཕ་མེས་ལ་འདི་ལྟར་ལེགས་པར་གསུངས་ཏེ། །མི་རྒྱུད་འདི་ཡིས་མི་མཐོང་ཕྱིར།"
26 ༢༦་ །རྣ་བས་ཐོས་པར་མི་འགྱུར་ཕྱིར། །མི་གོ་སེམས་ནི་མི་སྒྱུར་ཕྱིར། །ངས་ཀྱང་དེ་ནད་མི་སེལ་ཕྱིར། དེ་ཡི་བློ་གྲོས་མུན་པར་གྱུར།"
27 ༢༧་ །དེ་ཡི་རྣ་བ་ལྗིད་པར་གྱུར། །དེ་ཡི་མིག་ཀྱང་བཙུམ་ཡོད་དོ། །དེ་ཕྱིར་ཐོས་ཀྱང་ཅང་མི་གོ །མིག་གིས་བལྟ་ཡང་མི་མཐོང་ཞེས། །མི་སྡེ་འདིའི་རྩར་སོང་ནས་ཟེར། གསུངས་ཏེ།"
28 ༢༨་ །ཨེ་ལོ་ཧིམ་གྱི་ཐར་ལམ་འདི་ནི་ཨེ་ལོ་ཧིམ་ངོ་མ་ཤེས་པ་ཚོར་གནང་སྟེ།"
29 ༢༩་ དེ་ཆོས་ཉན་པར་འགྱུར་བ་ཁྱེད་ཚོས་ཤེས་ཤིག་ཅེས་གསུངས་སོ།"
30 ༣༠་ གཡར་ཁང་ཞིག་གི་ནང་ལོ་ཧྲིལ་པོ་གཉིས་བཞུགས་ནས། མཇལ་མཁན་ཚོར་བསུ་བ་མཛད་ཅིང་།"
31 ༣༡་ །བར་ཆད་མེད་པར་དངོས་སུ་ཨེ་ལོ་ཧིམ་གྱི་རྒྱལ་སྲིད་བསྒྲགས་ཤིང་། ཀྱུ་རི་བོ་ཡེ་ཤུ་མ་ཤི་ཀའི་སློབ་ཁྲིད་པར་མཛད་དོ།། །།"
1 ༡་ །མི་རྣམས་ཀྱིས་སྐྱེས་དུས་ནས་རྐང་ལག་ཞ་བོ་ཡིན་པའི་མི་ཞིག་ཉིན་རེ་བཞིན་སྨོན་ལམ་ཁང་གི་སྒོ་མཛེས་པ་ཞེས་བྱ་བ་དེའི་འགྲམ་ལ་སྨོན་ལམ་ཁང་དུ་འགྲོ་བ་རྣམས་ནས་སློང་ཕྱིར་སྐྱེལ་བར་བྱེད་དོ།"
2 ༢་ །སྨོན་ལམ་གྱི་དུས་སུ་ཕྱི་ཐོག་ཆུ་ཚོད་གསུམ་པར་པེ༷་ཏྲོ་དང་ཡོ༷་ཧ་ནན་སྨོན་ལམ་ཁང་ནང་དུ་ཕེབས་པ་ལས།"
3 ༣་ཞ་བོ་དེས་པེ༷་ཏྲོ་དང་ཡོ༷་ཧ་ནན་སྨོན་ལམ་ཁང་ནང་ཞུགས་ལ་ཁད་མཐོང་སྟེ། སློང་མོ་བསླངས་སོ།"
4 ༤་ །ཡོ༷་ཧ་ནན་དང་མཉམ་དུ་པེ༷་ཏྲོས་དེ་ལ་ཞིབ་པར་གཟིགས་ནས། ང་ཚོར་ལྟོས་ཤིག་གསུངས།"
5 ༥་ དེས་ཇི་ཞིག་ཐོབ་འོང་བསམ་ཞིང་བལྟས་སོ།"
6 ༦་ །པེ༷་ཏྲོས། དངུལ་དང་གསེར་ནི་ང་ལ་མེད། གང་ཡོད་པ་དེ་ཁྱེད་ལ་སྟེར་རོ། །ན༷་ཙ་རེད་པ་ཡེ་ཤུ་མ་ཤི་ཀའི་མཚན་གྱི་དབང་གིས་ཁྱོད་འགྲུལ་བར་གྱུར་ཅིག་གསུངས་ནས།"
7 ༧་ །དེའི་ལག་པ་གཡས་པ་ནས་བཟུང་ཞིང་བསླང་མ་ཐག་ཏུ། དེའི་རྐང་པ་དང་ལོང་བུར་ཤེད་ཞུགས་ནས།"
8 ༨་ མཆོང་ཞིང་ལངས་ཏེ་འགྲུལ་ཐུབ་བོ། །དེ་ནས་མཆོང་ནས་འགྲུལ་ཞིང་ཨེ་ལོ་ཧིམ་ལ་བསྟོད་ཅིང་ཁོང་གཉིས་དང་མཉམ་དུ་སྨོན་ལམ་ཁང་དུ་སོང་ངོ་།"
9 ༩་ །མི་ཐམས་ཅད་ཀྱིས་དེ་འགྲུལ་ཞིང་ཨེ་ལོ་ཧིམ་ལ་བསྟོད་པར་མཐོང་བ་དང་།"
10 ༡༠་ སྔར་སྨོན་ལམ་ཁང་གི་སྒོ་མཛེས་པའི་འགྲམ་དུ་སློང་བའི་ཕྱིར་བསྡད་པའི་མི་དེ་ཡིན་པར་ངོ་ཤེས་ནས། ཁོང་ལ་དེ་ལྟར་གྱུར་པ་ལ་ཧ་ལས་ཤིང་ངོ་མཚར་དུ་གྱུར་ཏོ།"
11 ༡༡་ །མི་དེས་པེ༷་ཏྲོ་དང་ཡོ་ཧ་ནན་ལ་འཆང་ཞིང་ཡོད་པ་ལས། མི་ཐམས་ཅད་ཡ་མཚན་དུ་གྱུར་ནས། ཤ༷་ལོ་མོའི་གཡབ་རིང་བྱ་བར་དེ་དག་གི་རྩར་བརྒྱུགས་སོ།།"
12 ༡༢་ པེ༷་ཏྲོས་དེ་གཟིགས་ནས་མི་ཚོགས་ལ་འདི་སྐད་དུ། ཡི༷ས་ར་ཡེལ་པ་ཁྱེད་རྣམས། འདི་ལ་ཅིའི་ཕྱིར་ཡ་མཚན་སྐྱེད་ཅིང་ང་ཚོར་ལྟ། ང་ཚོ་རང་གི་མཐུའམ་ཆོས་སེམས་ཀྱི་ཐབས་ཀྱིས་ཁོང་འགྲུལ་བཅུག་པ་ཡིན་ནོ་མ་སེམས་ཤིག"
13 ༡༣་ །ཨ༷བ་ར་ཧམ་དང་། ཨི༷་སག་དང་། ཡ༷་ཀོབ་ཀྱི་ཨེ་ལོ་ཧིམ་ལགས་པའི། ང་ཚོའི་ཕ་མེས་ཀྱི་ཨེ་ལོ་ཧིམ་གྱིས། ཉིད་ཀྱི་ཞབས་ཕྱི་ཡེ་ཤུ་ནི་དཔལ་དང་ལྡན་པར་མཛད་དོ། ཁྱེད་ཀྱིས་ཁོང་དགྲ་བོར་བཏད་ནས། པི༷་ལ་ཏུས་ཁོང་སྒྲོལ་བར་ཐག་བཅད་ཀྱང་དེའི་རྩར་བརྒྱབ་ལོག་བྱས་སོ།"
14 ༡༤་ །མི་དམ་པ་དྲང་པོ་ལ་བརྒྱབ་ལོག་བྱས་ཏེ། མི་བསད་མཁན་ཞིག་སྒྲོལ་ཕྱིར་ཞུས་ནས།"
15 ༡༥་ སྲོག་གི་བདག་པོ་དེ་བསད་དོ། ཁོང་ནི་ཨེ་ལོ་ཧིམ་གྱིས་གཤིན་པོ་རྣམས་ལས་བསླངས་པ་ལ་ང་ཚོས་དཔང་པོ་བྱེད་དོ།"
16 ༡༦་ །ཁོང་གི་མཚན་ལ་དད་པ་བྱས་པས། མཚན་དེས་ཁྱེད་ཀྱིས་མཐོང་ཞིང་ཤེས་པའི་མི་འདི་ལ་སྟོབས་གནང་ངོ་། ཁོང་ལས་བྱུང་བའི་དད་པས་ཁྱེད་ཐམས་ཅད་ཡོད་སར་ཁོང་ལ་ཁམས་བཟང་བ་འདི་བྱུང་བ་ཡིན་ནོ།"
17 ༡༧་ །ད་ངའི་སྤུན་རྣམས། ཁྱེད་ཀྱི་དཔོན་པོ་རྣམས་དང་འདྲ་བར་ཁྱེད་ཀྱིས་ཀྱང་མ་ཤེས་པར་དེ་ལྟར་བྱས་པ་ངས་ཤེས་སོ།"
18 ༡༨་ །འོན་ཀྱང་ཨེ་ལོ་ཧིམ་གྱིས་ཕ༷་རོ་པེ་ཏེ་པ་ཐམས་ཅད་ཀྱི་ཞལ་གྱི་སྒོ་ནས་ཉིད་ཀྱི་མ་ཤི་ཀས་སྡུག་བསྔལ་མྱོང་བར་དགོས་ཞེས་ལུང་སྟན་པ་དེ་ནི་དེ་ལྟར་དུ་བསྒྲུབས་པ་ཡིན།"
19 ༡༩་ དེའི་ཕྱིར་སྡིག་པ་སེལ་བའི་དོན་དུ་འགྱོད་ཚངས་བྱེད་ཅིང་སེམས་སྒྱུར་ཅིག །དེ་ནས་ཀྱུ་རི་བོའི་སྤྱན་སྔ་ནས་དབུགས་དབྱུང་ཐོབ་ཅིང་།"
20 ༢༠་ ཁྱེད་ཀྱི་དོན་དུ་བསྐོས་པའི་མ་ཤི་ཀ་ཡེ་ཤུ་མངག་པར་ཡང་སྲིད་དོ།"
21 ༢༡་ །ཨེ་ལོ་ཧིམ་གྱིས་ཉིད་ཀྱི་ཕ༷་རོ་པེ་ཏེ་པ་དམ་པ་རྣམས་ཀྱི་ངག་གི་སྒོ་ནས་གསུངས་པ་རྣམས་གསར་དུ་གྲུབ་པའི་བར་དུ། ཡེ་ཤུ་ནི་ནམ་མཁའ་རུ་བཞུགས་དགོས་སོ།"
22 ༢༢་ །མོ༷་ཤེས། ཀྱུ་རི་བོ་ཨེ་ལོ་ཧིམ་གྱིས་ཁྱེད་ཀྱི་དོན་དུ་ང་མངགས་པ་ལྟར་ཁྱེད་ཀྱི་སྤུན་གྱི་ནང་ནས་ཕ༷་རོ་པེ་ཏེ་པ་ཞིག་མངག་པར་འགྱུར། དེས་གསུང་བ་ཐམས་ཅད་ལ་ཉོན་ཅིག"
23 ༢༣་ །ཕ༷་རོ་པེ་ཏེ་པ་དེའི་གསུང་ལ་མི་ཉན་པ་རྣམས་མི་སྡེའི་ནང་ནས་མེད་པར་བྱོས་ཤིག་ཅེས་གསུངས་པ་མ་ཟད།"
24 ༢༤་ ཤ༷་མུ་ཨེལ་ནས་བཟུང་སྟེ་ཕ༷་རོ་པེ་ཏེ་པ་ཐམས་ཅད་དང་། རྗེས་ལ་བྱོན་པ་རྣམས་ཀྱིས་དུས་འདི་ལུང་དུ་བསྟན་ཏོ།"
25 ༢༥་ །ཨ༷བ་ར་ཧམ་ལ། ཁྱེད་ཀྱི་བུ་བརྒྱུད་ནས་ས་གཞིའི་ཁྱིམ་ཚང་ཐམས་ཅད་བྱིན་གྱིས་རློབ་པར་འགྱུར་གསུངས་པ་བཞིན། ཁྱེད་ནི་ཕ༷་རོ་པེ་ཏེ་པ་དེ་རྣམས་དང་ཨེ་ལོ་ཧིམ་གྱིས་ཁྱེད་ཀྱི་ཕ་མེས་ལ་མཛད་པའི་ཞལ་ཆད་ཀྱི་བུ་རྣམས་ཡིན།"
26 ༢༦་ ཁྱེད་རེ་རེ་རང་གི་སྡིག་པ་ནས་སྒྱུར་ཏེ་བྱིན་གྱིས་རློབ་པའི་ཕྱིར། ཨེ་ལོ་ཧིམ་གྱིས་ཉིད་ཀྱི་ཞབས་ཕྱི་ལངས་ནས་སྔོན་ལ་ཁྱེད་ཀྱི་རྩར་གནང་ངོ་ཞེས་གསུངས་སོ།། །།"
1 ༡་ ཁོང་གཉིས་མི་ཚོགས་ལ་གཏམ་བྱེད་ཅིང་ཡོད་པ་ལས། ལེ༷་ཝི་པ་རྣམས་དང་། སྨོན་ལམ་ཁང་གི་བརྒྱ་དཔོན་དང་། ས༷ད་དུ་ཀི་པ་རྣམས་བྱུང་ནས།"
2 ༢་ དེ་གཉིས་ཀྱིས་མི་ཚོགས་ལ་སློབ་ཁྲིད་བྱེད་ཅིང་། ཡེ་ཤུ་གཤིན་པོ་རྣམས་ལས་གསོན་པོར་བཞེངས་བའི་གཏམ་སྒྲོག་པ་ལ་མི་དགའ་བར་གྱུར་ཏེ།"
3 ༣་ དེ་གཉིས་བཟུང་སྐབས་སྲོད་རུབ་ཡོད་པས་སང་ཉིན་བར་བཙོན་དུ་བཅུག་གོ།"
4 ༤་ །གསུང་ཐོས་པ་མང་པོ་དད་པར་གྱུར་ཏེ། སྐྱེས་པ་རྣམས་ཀྱི་གྲངས་ནི་སྟོང་ཕྲག་ལྔ་ཙམ་མོ།"
5 ༥་ །དེའི་སང་དཔོན་པོ་དང་། རྒན་པོ་དང་། མོ༷་ཤེའི་བཀའ་ཁྲིམས་མཁས་པ་རྣམས།"
6 ༦་ ལེ༷་ཝི་ཆེན་ཨ༷ན་ན་དང་། ཀ༷་ཡ་ཕ་དང་། ཡོ༷་ཧ་ནན་དང་། ཨ༷་ལེག་སན་དེར་དང་། ལེ༷་ཝི་ཆེན་གྱི་བརྒྱུད་པ་ཡིན་ཚད་དང་བཅས་ཡེ༷་རུ་ཤ་ལེམ་དུ་འཛོམས་ཏེ།"
7 ༧་ དེ་གཉིས་དཀྱིལ་དུ་བསླངས་ནས། ཁྱེད་ཀྱིས་སུའི་དབང་དང་། སུའི་མིང་གིས་འདི་ལྟར་བྱས་པ་ཡིན་ཞེས་དྲིས་པ་དང་།"
8 ༨་ པེ༷་ཏྲོ་དམ་པའི་རུ་ཨག་གིས་ཁྱབ་སྟེ། དེ་ཚོར། ཁྱེད་མི་སྡེའི་དཔོན་པོ་དང་རྒན་མི་རྣམས།"
9 ༩་ དེ་རིང་ང་གཉིས་ཀྱིས་ཞ་བོ་ཞིག་ཐང་པོར་བཟོས་པའི་ལས་བཟང་པོ་དེའི་སྐོར་རྩད་གཅོད་བྱུང་ན།"
10 ༡༠་ ཁྱེད་དང་ཡ༷ས་ར་ཨེལ་གྱི་མི་སྡེ་ཐམས་ཅད་ཀྱིས་འདི་ཤེས་པར་གྱིས་ཤིག །ཁྱེད་ཚོས་རྒྱང་ཤིང་ཁར་བཀྲོངས་པ་ན༷་ཙ་རེད་པ་ཡེ་ཤུ་མ་ཤི་ཀ །ཨེ་ལོ་ཧིམ་གྱིས་གཤིན་པོའི་ཁྲོད་ལས་གསོན་པོར་བསླངས་པ་ཁོང་གི་མཚན་བརྗོད་པའི་དབང་གིས། མི་འདི་ཁྱེད་ཚོའི་མདུན་དུ་ཐང་པོར་འགྲེང་ངོ་།"
11 ༡༡་ །ཁོང་ནི་ཁྱེད་རྩིག་དཔོན་རྣམས་ཀྱིས་སྦངས་པའི་རྩིག་རྡོ་ད་ལྟ་ཟུར་རྡོར་གྱུར་པ་དེ་ཡིན་ནོ།"
12 ༡༢་ ང་ཚོ་ཐར་བའི་ཕྱིར་མིའི་ནང་ན་མཚན་འདི་མི་གཏོགས་པར་གཞན་ཞིག་ནམ་མཁའི་འོག་ཏུ་གནང་བ་མ་ཡིན་པས། གཞན་སུ་ལས་ཀྱང་ཐར་པ་མི་འབྱུང་ངོ་།"
13 ༡༣་ དེ་ཚོས་པེ༷་ཏྲོ་དང་ཡོ༷་ཧ་ནན་རིག་པ་མ་བསླབས་པ་དང་ཐ་མལ་པ་ཡིན་པར་གོ་ཡང་དེ་གཉིས་ཀྱི་སྙིང་སྟོབས་མཐོང་སྟེ་ངོ་མཚར་དུ་གྱུར་ཞིང་། དེ་གཉིས་ཡེ་ཤུ་དང་མཉམ་དུ་ཡོད་པར་རྟོགས་སོ།"
14 ༡༤་ །ཞ་བོ་སོས་པར་གྱུར་པ་དེའང་དེ་གཉིས་ཀྱི་ལོགས་སུ་ལངས་ནས་ཡོད་པ་མཐོང་སྟེ། ལན་སྨྲ་མ་ནུས་སོ།"
15 ༡༥་ །དེ་གཉིས་ལ་གྲོས་ཁང་ནས་ཕྱི་རོལ་དུ་སོང་ཞེས་སྨྲས་ནས་ཕན་ཚུན་འདི་སྐད་དུ།"
16 ༡༦་ འདི་གཉིས་ཀྱིས་ངོ་མཚར་ཅན་ཞིག་བསྟན་པ་ཡེ༷་རུ་ས་ལེམ་པ་ཐམས་ཅད་ལ་མངོན་དུ་གྱུར་པས། ང་ཚོས་མིན་ཟེར་མི་ཐུབ་སྟེ། འདི་དག་ལ་ཅི་བྱེད་པར་བྱ།"
17 ༡༧་ འོན་ཀྱང་བྱ་བ་འདི་མི་སྡེའི་ནང་མི་དར་ཕྱིར་ཕྱིན་ཆད་སུ་ལའང་མིང་དེ་མི་རྗོད་པའི་བརྡ་ནན་གཏོང་བར་བྱའོ་སྨྲས་ནས།"
18 ༡༨་ དེ་གཉིས་བོས་ཏེ། ད་ནམ་ཡང་ཡེ་ཤུའི་མིང་རྗོད་ཅིང་གཏམ་དང་སློབ་ཁྲིད་བྱེད་མི་ཆོག་ཇེར་མོད།"
19 ༡༩་ པེ༷་ཏྲོ་དང་ཡོ༷་ཧ་ནན་གྱིས་ལན་དུ། ཨེ་ལོ་ཧིམ་ལས་ཁྱེད་ལ་ལྷག་པར་ཉན་པ་ཨེ་ལོ་ཧིམ་གྱི་སྤྱན་སྔར་རིགས་པ་ཡིན་མིན་ཁྱེད་ཚོས་ཤན་ཕྱེས་ཤིག"
20 ༢༠་ །ང་ཚོས་གང་མཐོང་བ་དང་ཐོས་པ་དེ་མ་འཆད་པར་སྡོད་མི་ཐུབ་གསུངས་པ་དང་།"
21 ༢༡་ མི་སྡེས་མཛད་པ་དེའི་ཕྱིར་ཨེ་ལོ་ཧིམ་ལ་བསྟོད་པས། དེའི་རྐྱེན་གྱིས་ཆད་པ་གཅོད་ཐབས་མ་བརྙེད་ཅིང་བརྡ་ནན་ཆེར་བཏང་ནས་འགྲོར་བཅུག་གོ"
22 ༢༢་ །ལས་བཟང་པོ་དེས་ཞ་བོ་སོས་པར་གྱུར་པའི་མི་དེ་ལོ་བཞི་བཅུ་ལས་ལྷག་ཙམ་ལོན་པ་ཞིག་གོ། །།"
23 ༢༣་ །དེ་གཉིས་ཐར་ནས་གྲོགས་པོ་རྣམས་ཀྱི་རྩར་འོངས་ཏེ། ལེ༷་ཝི་ཆེན་པོ་དང་རྒན་མིས་སྨྲས་པ་ཐམས་ཅད་བཤད་དོ།"
24 ༢༤་ །དེ་ཐོས་ནས་སྐད་ཆེན་པོས་ལྷན་ཅིག་ཏུ་ཨེ་ལོ་ཧིམ་ལ། ཀྱེ་ཀྱུ་རི་བོ། གནམ་དང་། ས་དང་། རྒྱ་མཚོ་དང་། དེ་ནང་ཡོད་པ་ཐམས་ཅད་མཛད་མཁན་ལགས།"
25 ༢༥་ །ཁྱེད་ཀྱི་ཕྱག་ཕྱི་ང་ཚོའི་ཕ་ད༷་བིད་ཀྱི་ངག་གི་སྒོ་ནས་དམ་པའི་རུ་ཨག་གིས་འདི་སྐད་དུ། །ཨེ་ལོ་ཧིམ་ངོ་མ་ཤེས་པ་རྣམས་ཀྱིས་ཁོང་ཁྲོ་ཅི་ལ་བྱས། །མི་སྡེས་བསམ་པ་དོན་མེད་ཅི་ལ་སྐོར།"
26 ༢༦་ །ཀྱུ་རི་བོ་དང་ནི་ཀྱུ་རི་བོའི་བྱུགས་པ་ལ། །ས་ཡི་རྒྱལ་པོ་རྣམས་ཀྱིས་རུ་སྒྲིག་ཅིང་། །དཔོན་པོ་ཐམས་ཅད་འདུ་ཞིང་རྒོལ་དུ་ལངས། ཅེས་གསུངས་སོ།"
27 ༢༧་ ཁྱེད་ཀྱི་བྱུགས་པའི་ཞབས་ཕྱི་དམ་པ་ཡེ་ཤུར་རྒོལ་དུ་གྲོང་ཁྱེར་འདིར། ཧེ༷་རོ་དེ་དང་པོ༷ན་ཏིའུ་པི་ལ་ཏུ་དང་། ཨེ་ལོ་ཧིམ་ངོ་མ་ཤེས་པ་རྣམས་དང་། ཡི༷ས་ར་ཡེལ་གྱི་མི་སྡེ་རྣམས་འདུས་པ་ནི་བདེན་པའོ།"
28 ༢༨་ ཁྱེད་ཀྱི་དབང་དང་དགོངས་པས་སྔར་ཐག་བཅད་པ་རྣམས་སྒྲུབ་ཏུ་ཟིན་ཀྱང་།"
29 ༢༩་ ཀྱེ་ཀྱུ་རི་བོ། ད་དེ་རྣམས་ཀྱིས་འཇིགས་སྣང་གཏོང་བ་ལ་གཟིགས་ཏེ། ཁྱེད་ཀྱི་ཞབས་ཕྱི་རྣམས་ལ་ཁྱེད་ཀྱི་བཀའ་སྒྲོག་ཐུབ་པའི་སྤོབས་པ་གནོང་ཞིག"
30 ༣༠་ ཁྱེད་ཀྱི་ཞབས་ཕྱིས་ཡེ་ཤུའི་མཚན་བརྗོད་ཅིང་ངོ་མཚར་ཆེ་བའི་ལྟས་སྟོན་ཕྱིར། ནད་གསོ་རུ་ཁྱེད་ཀྱི་མཐུ་གནོང་བར་མཛོད་ཅིག"
31 ༣༡་ །ཅེས་སྨོན་ལམ་བཏབ་པ་དང་། དེ་དག་འཛོམས་པའི་གནས་གཡོས་ཏེ། ཐམས་ཅད་ལ་དམ་པའི་རུ་ཨག་གིས་ཁྱབས་ནས་ཨེ་ལོ་ཧིམ་གྱི་བཀའ་སྤོབས་པ་ཆེན་པོས་བསྒྲགས་སོ།།"
32 ༣༢་ དད་ལྡན་གྱི་ཚོགས་དེ་སྙིང་སེམས་གཅིག་ཏུ་གྱུར་ཏེ། སུས་ཀྱང་རང་གི་ནོར་ལ་ང་ཡིར་མ་འཛིན་པར་ཐམས་ཅད་སྤྱི་ནོར་བྱས་སོ།"
33 ༣༣་ །ཨ༷་པོ་ཏོ་ལོ་པ་རྣམས་ཀྱིས་ཀྱུ་རི་བོ་ཡེ་ཤུ་སྐུ་གསོན་པོར་བཞེངས་པ་ལ་སྤོབས་པ་ཆེན་པོས་དཔང་པོ་བྱས་པས། དེ་ཐམས་ཅད་ལ་བྱིན་རླབས་ཆེན་པོ་ཐོབ་བོ།"
34 ༣༤་ །ཞིང་དང་ཁང་པ་ཡོད་པ་དེ་ཚོས་དེ་བཙོངས་ནས།"
35 ༣༥་ དེའི་རིན་ཨ༷་པོ་ཏོ་ལོ་པ་རྣམས་ཀྱི་ཞབས་དྲུང་དུ་ཕུལ་ནས་རེ་རེར་མཁོ་བ་བཞིན་བགོས་པས། དེ་ཚོའི་དཀྱིལ་དུ་དབུལ་པོ་སུའང་མེད་དོ།"
36 ༣༦་ ཨ༷་པོ་ཏོ་ལོ་པ་རྣམས་ཀྱིས་བ༷ར་ན་བ་བོད་སྐད་དུ་སེམས་གསོ་བའི་བུར་གཏགས་པའི་ས༷་ཡིབ་པུ་རུས་པ་ཡིན་པའི་ལེ༷་ཝི་པ་ཡོ༷་སེབ་ལ་ཞིང་ཞིག་ཡོད་པ་དེ་བཙོངས་ནས།"
37 ༣༧་ རིན་ཨ༷་པོ་ཏོ་ལོ་པ་རྣམས་ཀྱི་ཞབས་དྲུང་དུ་ཕུལ་ཏོ།། །།"
1 ༡་ ཨ༷་ནན་ཡ་བྱ་བ་དང་དེའི་ཆུང་མ་ས༷བ་ཕི་རས་གཞིས་ཀ་བཙོངས་ནས།"
2 ༢་ རིན་གྱི་ཆ་གཅིག་རང་དང་མཉམ་དུ་བཞགས་ནས་ཡོད་པ་ཆུང་མས་ཀྱང་ཤེས་ཤིང་ཆ་གཅིག་ཨ༷་པོ་ཏོ་ལོ་པ་རྣམས་ཀྱི་ཞབས་དྲུང་དུ་ཕུལ་ཏོ།"
3 ༣་ །པེ༷་ཏྲོས་དེ་ལ། ཨ༷་ནན་ཡ། ཁྱེད་ཀྱིས་སའི་རིན་ཆ་གཅིག་རང་ལ་བཞག་པས་དམ་པའི་རུ་ཨག་ལ་རྫུན་ཞུ་ཕྱིར། ཁྱེད་ཀྱི་སྙིང་ས༷་ཏན་གྱིས་ཁེངས་པ་དེ་ཅི་ཡིན།"
4 ༤་ དེ་མ་བཙོངས་པའི་སྔོན་དུའང་ཁྱེད་ཀྱི་ཡིན་ཅིང་། བཙོངས་པའི་རྗེས་སུའང་ཁྱེད་ཀྱི་དབང་ལ་ཡོད་དེ། ཁྱེད་ཀྱི་སྙིང་ནང་བྱ་བ་འདི་བརྩམས་པ་ཅི་ཡིན། ཁྱེད་ཀྱིས་མི་ལ་རྫུན་མ་སྨྲས་ཀྱིས་ཨེ་ལོ་ཧིམ་ལ་ཞུས་སོ།"
5 ༥་ །ཞེས་གསུངས་པ་ཐོས་ནས། ཨ༷་ནན་ཡ་སར་འགྱེལ་ནས་ཤིའོ། །འདི་ཐོས་པ་ཐམས་ཅད་འཇིགས་སྐྲགས་སོ།"
6 ༦་ །གཞོན་ནུ་ཚོས་ཁོའི་རོ་བཏུམ་སྟེ་ཁྱེར་ནས་དུར་དུ་བཅུག་གོ"
7 ༧་ །དེ་ནས་ཆུ་ཚོད་གསུམ་སོང་བ་དང་། དེའི་ཆུང་མས་ཁོར་ཅི་བྱུང་བ་ཆ་མེད་པར་ནང་དུ་འོངས་ཏེ།"
8 ༨་ པེ༷་ཏྲོས་མོ་ལ། ཁྱེད་ཀྱིས་ཞིང་དེའི་རིན་དེ་ཙམ་ལ་བཙོངས་སམ་ཤོད་ཅིག་གསུངས་པའི་ལན་དུ། དེ་ཙམ་རང་ལའོ་ཞུས་སོ།"
9 ༩་ །པེ༷་ཏྲོས། ཀྱུ་རི་བོའི་ཐུགས་སད་པའི་ཕྱིར་ཁྱོད་གཉིས་གཅིག་ཏུ་ཅི་ལ་གྱུར། ཁྱོད་ཀྱི་ཁྱོ་དུར་དུ་སྦེད་མཁན་རྣམས་སྒོ་རྩ་ན་འདུག་སྟེ། ཁྱེད་ཀྱང་འཁྱེར་འོང་གསུངས་མ་ཐག་ཏུ།"
10 ༡༠་ མོ་ཡང་ཁོང་གི་ཞབས་དྲུང་དུ་འགྱེལ་ཏེ་ཤི་བ་དང་། གཞོན་ནུ་ཚོས་ནང་དུ་འོངས་ཏེ་མོ་ཤི་བ་མཐོང་ནས། ཁྱེར་ཏེ་ཁྱོའི་རྩར་སྦས་སོ།"
11 ༡༡་ །མ་ཤི་ཀ་པ་རྣམས་དང་། གནས་ལུགས་དེ་ལྟར་གྱུར་པའི་གཏམ་ཐོས་ཚད་འཇིགས་སྐྲགས་སོ།།"
12 ༡༢་ །མི་སྡེའི་དཀྱིལ་དུ་ཨ༷་པོ་ཏོ་ལོ་པ་རྣམས་ཀྱི་སྒོ་ནས་ལས་བཟང་དང་ངོ་མཚར་མང་པོ་བྱུང་ངོ་། ཁོང་ཐམས་ཅད་ཡིད་མཐུན་པར་ཤ༷་ལོ་མོའི་གཡབ་རིང་ནང་འཛོམས་སོ།"
13 ༡༣་ །གཞན་རྣམས་ཉེ་བར་འོང་དུ་མ་སྤོབས་ཤིང་། ཡུལ་མི་ཚོས་དེ་རྣམས་ལ་བསྟོད་དོ།"
14 ༡༤་ །དད་པར་གྱུར་པའི་སྐྱེས་པ་དང་བུད་མེད་ཀྱི་ཚོགས་མང་པོ་མ་ཤི་ཀ་པ་ཚོགས་ནང་འདྲེས་སོ།"
15 ༡༥་ །པེ༷་ཏྲོ་ཕེབས་སྐབས་ཁོང་གི་གྲིབ་མ་ཙམ་ཡང་ཁ་ཤས་ལ་འཕོག་ཕྱིར་ནད་པ་རྣམས་ལམ་སྲང་དུ་ཁྱེར་ནས། མལ་སྟན་དང་ཉལ་ཁྲིར་བཞག་གོ"
16 ༡༦་ །ནད་པ་དང་ས༷་ཏན་ཞུགས་རྣམས་ཁྱེར་ནས། ཡེ༷་རུ་ཤ་ལེམ་གྱི་མཐའ་འཁོར་ལ་ཡོད་པའི་གྲོང་ཁྱེར་རྣམས་ནས། མི་ཚོགས་འཛོམས་ཏེ། དེ་ཐམས་ཅད་སོས་པར་གྱུར་ཏོ།།"
17 ༡༧་ ལེ༷་ཝི་ཆེན་དང་དེའི་ཕྱོགས་གཏོགས་ཆོས་ལུགས་ས༷ད་དུ་ཀྱི་པ་རྣམས། ཕྲག་དོག་གིས་ཁྱབ་ཅིང་ལངས་ནས།"
18 ༡༨་ ཨ༷་པོ་ཏོ་ལོ་པ་རྣམས་བཟུང་སྟེ་སྤྱིའི་བཙོན་ཁང་ནང་བཅུག་གོ"
19 ༡༩་ །འོན་ཀྱང་མཚན་མོར་ཀྱུ་རི་བོའི་ཨ༷ན་ཇལ་གྱིས་བཙོན་ཁང་གི་སྒོ་རྣམས་ཕྱེས་ནས་དེ་དག་ཕྱི་རོལ་དུ་ཁྲིད་ནས་འདི་སྐད་དུ།"
20 ༢༠་ སོང་ལ་སྨོན་ལམ་ཁང་དུ་ལངས་ནས་མི་སྡེ་ལ་ཚེ་གསར་པ་འདིའི་གཏམ་ཐམས་ཅད་ཤོག་ཅིག"
21 ༢༡་ །ཅེས་གསུངས་པ་ཐོས་ནས། ནམ་ལངས་དུས་སུ་སྨོན་ལམ་ཁང་གི་ནང་དུ་སོང་ནས་འཕྲིན་བཟང་བཤད་དོ། ལེ༷་ཝི་ཆེན་དང་དེའི་ཕྱོགས་གཏོགས་པ་རྣམས་ཀྱིས་ནི། རྒན་མི་དང་ཡི༷ས་ར་ཨེལ་གྱི་བུ་བརྒྱུད་ཀྱི་གྲོས་མི་ཐམས་ཅད་གྲོས་འདུན་དུ་བསྡུས་ནས།"
22 ༢༢་ བཙོན་པ་རྣམས་འཁྲིད་འོང་བའི་ས་དེར་སོང་བ་དང་བཙོན་ཁང་ན་ཁོང་མ་བརྙེད་པས། ལོག་འོངས་ཏེ་འདི་སྐད་དུ།"
23 ༢༣་ བཙོན་ཁང་དམ་དུ་བཅད་དེ་སྲུང་མཁན་སྒོ་སྲུང་རྣམས་འདུག་ཀྱང་། སྒོ་ཕྱེས་པས་དེའི་ནང་སུའང་མི་འདུག་གོ་ཞེས་སྨྲས་སོ།"
24 ༢༤་ །སྨོན་ལམ་ཁང་གི་བརྒྱ་དཔོན་དང་ལེ༷་ཝི་ཆེན་ཚོས་དེ་ཐོས་ནས། མཐར་ཐུག་ཅི་འོང་སེམས་ཤིང་དེ་ཚོའི་སྐོར་ད་ཅི་བྱ་མ་ཤེས་པ་ལས།"
25 ༢༥་ མི་ཞིག་འོངས་ཏེ། ཁྱེད་ཀྱིས་བཙོན་དུ་བཅུག་པ་ཚོས་ནི། སྨོན་ལམ་ཁང་ནང་ལངས་ཏེ་མི་སྡེ་ལ་སློབ་ཁྲིད་བྱེད་དོ་ཞེས་སྨྲས་སོ།"
26 ༢༦་ །བརྒྱ་དཔོན་དེ་ལས་སྣེ་པ་རྣམས་དང་བཅས་སོང་ནས། མི་སྡེས་ཁོ་ཚོར་རྡོ་རུབ་གཏང་བའི་འཇིགས་པས། དེ་དག་ལ་གནོད་འཚེ་མེད་པར་ཁྲིད་འོངས་སོ།"
27 ༢༧་ །དེ་ནས་འཁྲིད་དེ་གྲོས་འདུན་པའི་མདུན་དུ་བཞག་གོ །ལེ༷་ཝི་ཆེན་གྱིས་དེ་ཚོར།"
28 ༢༨་ ང་ཚོས་ཁྱེད་ལ་མིང་འདི་རྗོད་ཅིང་སློབ་ཁྲིད་བྱེད་མི་ཆོག་བརྗོད་ཀྱང་། ཁྱེད་ཀྱིས་ཡེ༷་རུ་ཤ་ལེམ་སློབ་ཁྲིད་དེས་ཁྱབ་པར་བྱས་ཤིང་། མི་དེ་གསད་པའི་ཁག་ང་ཚོར་འགེལ་བར་འདོད་དོ་ཞེས་སྨྲས་སོ།"
29 ༢༩་ །པེ༷་ཏྲོ་དང་ཨ༷་པོ་ཏོ་ལོ་པ་ཚོས་ལན་དུ། ང་ཚོས་མི་ལས་ཨེ་ལོ་ཧིམ་གྱི་བཀའ་ལ་ལྷག་པར་ཉན་དགོས་ཏེ།"
30 ༣༠་ ཁྱེད་ཚོས་རྒྱང་ཤིང་ལ་བརྐྱངས་ཏེ་བཀྲོངས་པའི་ཡེ་ཤུ་དེ་ནི། ང་ཚོའི་ཕ་མེས་ཀྱི་ཨེ་ལོ་ཧིམ་གྱིས་སྐུ་གསོན་པོར་བསླངས་པར་མཛད་དོ། ཁོང་ནི་ཨེ་ལོ་ཧིམ་གྱིས་ཀྱུ་རི་བོ་དང་སྐྱབས་མགོན་དུ་འགྱུར་ཕྱིར། ཉིད་ཀྱི་ཕྱག་གཡས་སུ་མཐོ་སར་བཏེགས་སོ།"
31 ༣༡་ །དེ་ནི་ཨི༷ས་ར་ཨེལ་ལ་འགྱོད་ཚངས་དང་སྡིག་སེལ་གནང་བའི་ཕྱིར་རོ།"
32 ༣༢་ །བྱ་བ་འདི་དག་ལ་ང་ཚོ་ཙམ་མ་ཟད། བཀའ་འབངས་རྣམས་ལ་ཨེ་ལོ་ཧིམ་གྱིས་གནང་བའི་དམ་པའི་རུ་ཨག་གིས་ཀྱང་དཔང་པོ་མཛད་དོ། །ཞེས་གསུངས་སོ།"
33 ༣༣་ །དེ་ཚོས་དེ་ཐོས་ནས་ཁྲོས་ཏེ་ཁོང་ཚོ་གསོད་པར་འདོད་དོ།"
34 ༣༤་ །འོན་ཀྱང་ཐམས་ཅད་ཀྱིས་བཀུར་བའི་ཕ༷་རུ་ཤི་པ་ག༷་མ་ལི་ཨེལ་བྱ་བ་བཀའ་ཁྲིམས་ཀྱི་དགེ་རྒན་གྲོས་འདུན་པར་ཡོད་པ་དེ་ལངས་ཏེ་ཨ༷་པོ་ཏོ་ལོ་པ་རྣམས་ཅུང་ཟད་ཅིག་ཕྱི་རོལ་དུ་འཁྲིད་ཕྱིར་བསྒོས་ནས་འདི་སྐད་དུ།"
35 ༣༥་ ཨི༷ས་ར་ཨེལ་པ་རྣམས། ཁྱེད་ཚོས་མི་འདི་ཚོར་ཅི་བྱེད་པར་བརྩམ་པར་བག་ཟོན་བྱོས་ཤིག"
36 ༣༦་ །འདི་ལས་སྔོན་ལ་ཐེ༷འུ་དཱ་ཐོན་ཏེ་ཁོ་རང་ཅི་ཞིག་ཡིན་ཟེར་ནས། མི་བཞི་བརྒྱ་ཙམ་ཁོ་དང་མཉམ་འབྲེལ་ཀྱང་། ཁོ་བསད་པའི་རྗེས་སུ་ཁོ་ལ་འབྲང་མཁན་ཐམས་ཅད་ཡན་ནས་མེད་པར་གྱུར་ཏོ།"
37 ༣༧་ །དེའི་རྗེས་སུ་མི་རྩིས་ཀྱི་སྐབས་སུ་ག༷་ལིལ་པ་ཡུ༷་དཱ་བྱ་བ་ཞིག་ཐོན་ཏེ། ཁོ་རང་གི་ཕྱོགས་སུ་མི་རྣམས་ཁྲིད་པ་ཡིན། ཁོའང་མེད་པར་བྱས་པའི་རྗེས་སུ་ཁོ་ལ་འབྲང་མཁན་ཐམས་ཅད་ཀྱང་ཡན་ཏོ།"
38 ༣༨་ །ངས་ཁྱེད་ལ་ཟེར་ན། མི་འདི་རྣམས་རང་གར་ཞོག །གལ་ཏེ་ཐབས་སམ་བྱ་བ་འདི་མི་ནས་བྱུང་བ་ཡིན་ན་ནུབ་པར་འགྱུར།"
39 ༣༩་ བདེན་པར་ཨེ་ལོ་ཧིམ་ནས་བྱུང་བ་ཡིན་ན། ཁྱེད་ཀྱིས་སྣུབ་མི་ནུས་པ་མ་ཟད། ཁྱེད་ཚོ་ཨེ་ལོ་ཧིམ་ལ་རྒོལ་མཁན་དུ་འགྱུར་ཉེན་ཡོད། སྨྲས་སོ།"
40 ༤༠་ །དེ་ཚོས་ཁོའི་ཁ་ལ་ཉན་ཏེ། ཨ༷་པོ་ཏོ་ལོ་པ་རྣམས་བོས་ནས། བརྡུངས་ཏེ་ཡེ་ཤུའི་མཚན་རྗོད་ཅིང་གཏམ་མི་བྱེད་པའི་བཀའ་བསྒོས་ནས་བཏང་ངོ་།"
41 ༤༡་ །དེ་ཚོས་ཁོང་གི་མཚན་གྱི་ཕྱིར་དམའ་འབེབས་མྱོང་འོས་པ་བརྩིས་པར་མཛད་པས། ཁྲིམས་ར་ནས་དགའ་མགུ་རང་ཞིང་སོང་ངོ་།"
42 ༤༢་ །ཡང་ཞག་རེ་བཞིན་སྨོན་ལམ་ཁང་དང་ཁྱིམ་དུ་ཡེ་ཤུ་ནི་མ་ཤི་ཀ་ཡིན་པའི་སློབ་ཁྲིད་རྒྱུན་ཆད་མེད་པར་བཤད་དོ།། །།"
1 ༡་ །དེའི་དུས་སུ་སློབ་མའི་གྲངས་འཕེལ་བ་ལས། ཧེ༷་ལེན་མ་མོ་རེང་མ་ཚོར་ཉིན་རེའི་ཁ་ཟས་འབྲེམ་པ་ལ་སྣང་བ་ཡེལ་བས། ཧེ༷་ལེན་པའི་སྤུན་ཚོས་ཨི༷བ་རི་པ་ཚོར་ཟུར་ཟ་བྱས་སོ།"
2 ༢་ །བཅུ་གཉིས་པོས་སློབ་མའི་ཚོགས་བཀུག་ནས་དེ་ཚོར། ང་ཚོས་ཨེ་ལོ་ཧིམ་གྱི་བཀའ་འཆད་པ་བཞག་ནས། ཁ་ཟས་འབྲེམ་པའི་ལས་བྱེད་པ་མི་རིགས་སོ།"
3 ༣་ །དེའི་ཕྱིར་སྤུན་རྣམས། ལས་ཚན་འདིར་བསྐོ་བའི་ཕྱིར་དུ། ཁྱེད་ཀྱི་ནང་ནས་མིང་བཟང་ཞིང་དམ་པའི་རུ་ཨག་དང་ཤེས་རབ་ཀྱིས་གང་བའི་མི་བདུན་འདོམས་ཤིག"
4 ༤་ །ཡང་ང་ཚོ་སྨོན་ལམ་དང་བཀའ་སྒྲོག་པའི་ཞབས་ཏོག་ལ་འབུང་བར་བྱའོ།"
5 ༥་ །ཞེས་གསུངས་པར་ཐམས་ཅད་དགའ་སྟེ། དད་པ་ཆེ་ཞིང་དམ་པའི་རུ་ཨག་གིས་གང་བའི་སེ༷་ཏེ་ཕན་བྱ་བའི་སྐྱེས་བུ་དང་། པི༷་ལིབ་དང་། པོ༷་རོ་ཀོ་རུ་དང་། ནི༷་ཀ་ནོར་དང་། ཏི༷་མོན་དང་། པ༷ར་མེ་ན་དང་། ཨ༷ན་ཏི་ཡོག་པ་སློབ་གསར་ནི༷་ཀོ་ལ་འདམས་སོ།"
6 ༦་ །དེ་དག་ཨ༷་པོ་ཏོ་ལོ་པ་རྣམས་ཀྱི་དྲུང་དུ་ཕུལ་བ་དང་། ཁོང་ཚོས་སྨོན་ལམ་བཏབ་ནས། ཕྱག་དབང་གནང་ངོ་།"
7 ༧་ །ཨེ་ལོ་ཧིམ་གྱི་བཀའ་དར་ནས། ཡེ༷་རུ་ཤ་ལེམ་དུ་སློབ་མའི་གྲངས་ཤིན་ཏུ་འཕེལ་ཏེ། ལེ༷་ཝི་ཆེན་མང་པོའང་དད་པ་འདིའི་བཀའ་འབངས་སུ་གྱུར་ཏོ།།"
8 ༨་ །སེ༷་ཏེ་ཕན་ལ་ཐུགས་རྗེ་དང་མཐུ་སྟོབས་ཀྱིས་གང་སྟེ་མི་སྡེའི་ནང་དུ་ངོ་མཚར་ཆེ་བའི་ལས་དང་ལྟས་བསྟན་ཏོ།"
9 ༩་ །ལི༷་བེར་ཏིན་དང་། ཀི༷་རེ་ནི་དང་། ཨ༷་ལེག་སན་དྲི་ཡ་དང་། ཀྱི༷་ལིག་དང་ཨ༷་སི་ཨ་པའི་སི༷ན་ན་གོས་ལ་གཏོགས་པ་ཁ་ཤས་ལངས་ནས་སེ༷་ཏེ་ཕན་དང་རྩོད་པ་བྱས་ནས།"
10 ༡༠་ སེ༷་ཏེ་ཕན་གྱིས་ཤེས་རབ་དང་རུ་ཨག་གྱི་ངང་ནས་གསུངས་པར་ཁ་ཡ་མ་ཐུབ་པས།"
11 ༡༡་ མི་འདིས་མོ༷་ཤེ་དང་ཨེ་ལོ་ཧིམ་ལ་སྐུར་པ་བཏབ་པ་ང་ཚོས་ཐོས་སོ་ཞེས་སྨྲ་བར་དེ་ཚོས་མི་ཁ་ཅིག་ལ་བསླབས་སོ།"
12 ༡༢་ །ཡང་དེ་ཚོས་ཡུལ་མི་དང་། རྒན་མི་དང་། མོ་ཤེའི་བཀའ་ཁྲིམས་ཀྱི་མཁས་པ་རྣམས་དཀྲུགས་ནས། ཁོང་གི་ཐོག་ཏུ་འོངས་ཏེ་བཟུང་ནས་གྲོས་འདུན་པའི་དྲུང་དུ་ཁྲིད་དེ།"
13 ༡༣་ རྫུན་གྱི་དཔང་པོར་ལངས་ཏེ་འདི་སྐད་དུ། མི་འདིས་ན༷་ཙ་རེད་པ་ཡེ་ཤུས་གནས་འདི་བཤིག་ནས་མོ༷་ཤེས་ང་ཚོར་བཏད་པའི་སྲོལ་རྣམས་སྒྱུར་བར་བྱའོ། །ཟེར་བ་ང་ཚོས་ཐོས་ཤིང་།"
14 ༡༤་ གནས་དམ་པ་འདི་དང་བཀའ་ཁྲིམས་ལ་རྒྱུན་ཆད་མེད་པར་སྐུར་པ་འདེབས་སོ། ཞེས་སྨྲས་པ་དང་།"
15 ༡༥་ འདུན་སར་ཚོགས་པ་ཐམས་ཅད་ཀྱིས་སེ༷་ཏེ་ཕན་ལ་མིག་ཕུར་ཚུགས་སུ་བལྟས་པ་ལས། ཁོང་གི་ཞལ་རས་ནི་ཨ༷ན་ཇལ་གྱི་ཞལ་རས་དང་འདྲ་པ་ཡོད་པ་མཐོང་ངོ་།། །།"
1 ༡་ །ལེ༷་ཝི་ཆེན་གྱིས་དེ་ལྟར་ཡིན་ནམ་དྲིས་པ་དང་།"
2 ༢་ སེ༷་ཏེ་ཕན་གྱིས་ངའི་སྤུན་དང་ཕ་རྣམས་གསོན་ཅིག །ང་ཚོའི་མེས་པོ་ཨ༷བ་ར་ཧམ་གྱིས་གནས་ཧ༷་རན་དུ་གཞི་མ་བཟུང་བའི་སྔོན། ཨ༷་རམ་ན་གནས་པའི་དུས་སུ། དཔལ་དང་ལྡན་པའི་ཨེ་ལོ་ཧིམ་གྱིས་ཞལ་གཟིགས་ནས་དེ་ལ།"
3 ༣་ ཁྱེད་ཀྱི་ཡུལ་དང་གཉེན་བཤེས་རྣམས་ཞོག་ལ་ངས་སྟོན་པར་བྱ་བའི་ཡུལ་དུ་སོང་ཞིག་གསུངས་ནས།"
4 ༤་ ཀ༷ལ་དིའི་ཡུལ་སྤངས་ནས་ཧ༷་རན་དུ་གནས་སོ། །ཕ་གྲོངས་པའི་རྗེས་སུ། ཨེ་ལོ་ཧིམ་གྱིས་ཁོང་དེ་ནས་ཕྱུང་སྟེ་ད་ལྟ་ཁྱེད་གནས་པའི་ཡུལ་འདིར་ཁྲིད་དེ།"
5 ༥་ ནོར་སྐལ་མ་གནང་བ་མ་ཟད་ཁྲུ་གང་ཙམ་གྱི་ས་ཡང་མ་གནང་བར། བུ་མེད་རུང་ཁྱོད་དང་ཁྱོད་ཀྱི་བུ་བརྒྱུད་ཀྱི་ལག་ཏུ་གནང་འོང་ཞེས་ཞལ་ཆད་མཛད་དོ།"
6 ༦་ །ཡང་ཨེ་ལོ་ཧིམ་གྱིས་འདི་སྐད་དུ། ཁྱེད་ཀྱི་བུ་བརྒྱུད་གཞན་གྱི་ཡུལ་ལ་གནས་ཏེ། གཞན་དེས་ཁོང་རྣམས་ཚེ་གཡོག་ཏུ་བཞག་ནས། ལོ་བཞི་བརྒྱའི་བར་དུ་ངན་བྱེད་པར་འགྱུར་རོ།"
7 ༧་ ཁོ་ཚོ་ཚེ་གཡོག་ཏུ་བཞག་པའི་མི་བརྒྱུད་ལ་ངས་ཆད་པ་གཅོད་པར་བྱ། དེའི་རྗེས་སུ་ཁོ་ཚོ་ཕྱིར་ཐོན་ཞིང་གནས་འདིར་ང་ལ་བསྙེན་བཀུར་བྱེད་པར་འགྱུར་རོ་ཞེས་གསུངས་ནས།"
8 ༨་ མདུན་ལྤགས་གཅོད་པའི་སྲུང་བྱ་གནང་ངོ་། །དེ་ལྟར་ཨ༷བ་ར་ཧམ་ནས་ཨི༷་སག་ཆད་ནས། ཞག་བརྒྱད་པ་ལ་དེའི་མདུན་ལྤགས་བཅད་དོ། །ཨི༷་སག་ལས་ཡ༷་ཀོབ་ཆད། ཡ༷་ཀོབ་ལས་མེས་པོ་བཅུ་གཉིས་ཆད་ནས། དེ་ལྟར་བྱས་སོ།"
9 ༩་ །མེས་པོ་དེ་ཚོས་ཕྲག་དོག་གིས་ཡོ༷་སེབ་མི༷་སེར་ཡུལ་དུ་བཙོངས་ཀྱང་། ཁོང་མཉམ་ཨེ་ལོ་ཧིམ་བཞུགས་པས།"
10 ༡༠་ སྡུག་བསྔལ་ཐམས་ཅད་ལས་སྐྱབས་ཏེ། མི༷་སེར་ཡུལ་གྱི་རྒྱལ་པོའི་དྲུང་དུ་ཐུགས་རྗེ་དང་ཤེས་རབ་གནང་བས། རྒྱལ་པོས་ཁོང་མི༷་སེར་ཡུལ་དང་རྒྱལ་པོའི་གཟིམ་ཁང་ལ་གཏོགས་པ་ཐམས་ཅད་ཀྱི་གོང་དུ་སྤྱི་ཁྱབ་ལ་བསྐོས་སོ།"
11 ༡༡་ །དེ་ནས་མི༷་སེར་དང་ཀ༷་ན་ཨན་ཡུལ་ཐམས་ཅད་ལ་མུ་གེ་དང་སྡུག་བསྔལ་ཆེན་པོ་བྱུང་སྟེ། ང་ཚོའི་ཕ་མེས་ལ་ཟ་རྒྱུ་མ་ཐོབ་བོ།"
12 ༡༢་ ཡ༷་ཀོབ་ཀྱིས་མི༷་སེར་ན་འབྲུ་ཡོད་པ་ཐོས་ནས། ང་ཚོའི་མེས་པོ་རྣམས་ཐེངས་དང་པོར་དེར་བཏང་ངོ་།"
13 ༡༣་ །འགྲོ་རེས་གཉིས་པར་ཡོ༷་སེབ་ཀྱིས་སྤུན་ཚོར་རང་སུ་ཡིན་བཤད་དེ། རྒྱལ་པོས་ཡོ༷་སེབ་ཀྱི་རིགས་བརྒྱུད་གང་ཡིན་པ་ཤེས་སོ།"
14 ༡༤་ །ཡོ༷་སེབ་ཀྱིས་རང་གི་ཕ་ཡ༷་ཀོབ་དང་གཉེན་བཤེས་ཐམས་ཅད་བཅས་མི་གྲངས་བདུན་ཅུ་དོན་ལྔར་འབོད་མི་བཏང་ངོ་།"
15 ༡༥་ །ཡ༷་ཀོབ་མི༷་སེར་དུ་ཕྱིན་ནས། དེར་ཁོང་རང་དང་ང་ཚོའི་ཕ་མེས་ཚེ་འདས་ནས།"
16 ༡༦་ དེ་ཚོའི་སྤུར་སི༷་ཀེམ་དུ་ཁྱེར་ཏེ། ཨ༷བ་ར་ཧམ་གྱིས་ཧ༷་མོར་གྱི་བུ་ཚོ་ལས་དངུལ་བཅལ་ནས་ཉོས་པའི་བང་སོའི་ནང་བཅུག་གོ"
17 ༡༧་ །ཨེ་ལོ་ཧིམ་གྱིས་ཨ༷བ་ར་ཧམ་ལ་ཞལ་གྱིས་བཞེས་པའི་དུས་ཉེ་བ་ན།"
18 ༡༨་ མི༷་སེར་དུ་མི་སྡེ་འཕེལ་ཞིང་རྒྱས་སོ། །དེ་ནས་ཡོ༷་སེབ་ཀྱི་རྒྱུས་མེད་པའི་རྒྱལ་པོ་ཞིག་འབྱུང་སྟེ།"
19 ༡༩་ ང་ཚོའི་མི་བརྒྱུད་ལ་གཡོ་སྒྱུ་བྱས་ཏེ། ཕ་མེས་ལ་ཕྲུ་གུ་རྣམས་མི་གསོན་པའི་ཕྱིར་དབྱུག་དགོས་པར་ཐུག་པའི་བར་ངན་བྱས་སོ།"
20 ༢༠་ །དེའི་དུས་སུ་མོ༷་ཤེ་སྐྱེས་ནས་ཤིན་ཏུ་མཛེས་པ་ཞིག་ཡོད་དེ། ཟླ་བ་གསུམ་གྱི་བར་དུ་ཕའི་ཁང་པར་གསོས་པའི་རྗེས་སུ།"
21 ༢༡་ དབྱུགས་ནས་རྒྱལ་པོའི་བུ་མོས་བླངས་ཏེ་རང་གི་བུ་ལྟར་གསོས་སོ།"
22 ༢༢་ །མོ་ཤེས་མི༷་སེར་གྱི་རིག་གནས་ཐམས་ཅད་བསླབས་ཏེ། ངག་དང་ལས་གཉིས་སྟོབས་ཅན་དུ་གྱུར་ཏོ།"
23 ༢༣་ །ལོ་བཞི་བཅུ་ཙམ་ལོན་པ་དང་། རང་གི་སྤུན་ཡི༷ས་ར་ཨེལ་པ་རྣམས་ཀྱི་གནས་ཚུལ་བལྟའོ་སྙམ་སྟེ།"
24 ༢༤་ གཅིག་ལ་ངན་བྱེད་པར་མཐོང་བས། དེ་སྐྱབས་ཏེ་གནོད་ལན་དུ་མི༷་སེར་པ་དེ་བསད་དོ།"
25 ༢༥་ །ད་ཨེ་ལོ་ཧིམ་གྱིས་ང་རྒྱུད་ནས་དེ་ཚོ་སྐྱོབ་པར་དེ་ཚོས་གོ་འོང་བསམས་ཀྱང་དེ་ཚོས་མ་གོའོ།"
26 ༢༦་ །དེའི་ཕྱི་ཉིན་ཁོང་དེ་ཚོའི་ནང་ནས་ཕན་ཚུན་འཐབ་ཅིང་ཡོད་པ་གཉིས་ཀྱི་རྩར་བསླེབས་ཏེ། ནང་སྒྲིག་བྱེད་པར་འདོད་ཅིང་། སྐྱེ་བོ་ཁྱེད་སྤུན་ཡིན་པར་ཕན་ཚུན་ཅི་ལ་ངན་བྱེད་སྨྲས་སོ།"
27 ༢༧་ ཁྱིམ་མཚེས་ལ་ངན་བྱེད་མཁན་དེས་ཁོང་ཕར་འཕུལ་ནས། ཁྱེད་ང་ཚོའི་དཔོན་པོ་དང་ཁྲིམས་དཔོན་དུ་སུས་བསྐོས་བྱུང་།"
28 ༢༨་ ཁྱོད་ཀྱིས་མདང་མི༷་སེར་པ་དེ་བསད་པ་ལྟར་ངའང་གསོད་པར་འདོད་དམ་སྨྲས་པ་དང་།"
29 ༢༩་ གཏམ་དེ་ཐོས་ནས་མོ༷་ཤེ་བྲོས་ཏེ། མི༷ད་ཡན་ཡུལ་དུ་འཁྱམ་ཞིང་དེར་བུ་གཉིས་ཀྱི་ཕར་གྱུར་ཏོ།"
30 ༣༠་ །དེ་ནས་ལོ་བཞི་བཅུ་ཚང་བ་དང་། རི་སི༷་ནའི༷་འབྲོག་སྟོང་ན་ཚེར་མ་འབར་བའི་མེ་ལྕེའི་ནང་ན་ཨ༷ན་ཇལ་ཞིག་སྣང་བྱུང་ངོ་།"
31 ༣༡་ །མོ་ཤེས་དེ་མཐོང་ནས་སྣང་དེ་ལ་ངོ་མཚར་དུ་གྱུར་ཏེ། བལྟ་ཕྱིར་ཉེ་བར་སོང་བས། ཀྱུ་རི་བོའི་གསུང་སྐད་བྱུང་སྟེ།"
32 ༣༢་ ང་ནི་ཁྱེད་ཀྱི་ཕ་མེས་ཨ༷བ་ར་ཧམ་དང་། ཨི༷་སག་དང་། ཡ༷་ཀོབ་ཀྱི་ཨེ་ལོ་ཧིམ་ཡིན་གསུངས་པ་དང་། མོ་ཤེ་འདར་ཞིང་ལྟ་བར་མ་སྤོབས་སོ།"
33 ༣༣་ །ཀྱུ་རི་བོས། ཁྱེད་འགྲེང་བའི་གནས་འདི་ནི་དམ་པ་ཡིན་པས། རྐང་པ་ནས་ལྷམ་ཕུད་ཅིག"
34 ༣༤་ །མི༷་སེར་དུ་ཡོད་པའི་ངའི་མི་སྡེའི་སྡུག་བསྔལ་ངས་ངེས་པར་གཟིགས་ཏེ། དེའི་སྡུག་བསྔལ་གི་སྐད་ཀྱང་གསན་ནས། དེ་ཐར་བར་བྱེད་དུ་ང་མར་བབས་པས། ད་ཤོག་ལ་ངས་ཁྱེད་མི༷་སེར་ཡུལ་དུ་རྫོང་བར་བྱའོ་གསུངས་སོ།"
35 ༣༥་ །ཁྱེད་དཔོན་པོ་དང་ཁྲིམས་དཔོན་དུ་སུས་བསྐོས་ཟར་ཞིང་སྤངས་པའི་མོ༷་ཤེ་དེ། ཚེར་མའི་ནང་སྣང་བའི་ཨ༷ན་ཇལ་གྱི་སྒོ་ནས་ཨེ་ལོ་ཧིམ་གྱིས་དཔོན་པོ་དང་མགོན་དུ་བརྫངས་སོ།"
36 ༣༦་ ཁོང་གིས་དེ་ཚོ་ཕྱུངས་ནས། མི༷་སེར་དང་། རྒྱ་མཚོ་དམར་པོ་དང་། འབྲོག་སྟོང་ནང་ལོ་བཞི་བཅུ་ངོ་མཚར་ཆེ་བའི་ལས་དང་ལྟས་བསྟན་ཏོ། "
37 ༣༧་ །ཨེ་ལོ་ཧིམ་གྱིས་ཁྱེད་ཚོའི་དོན་དུ་ཁྱེད་ཚོའི་སྤུན་གྱི་ནང་ནས་ང་ལྟར་ཕ༷་རོ་པེ་ཏེ་པ་ཞིག་འདོན་པར་འགྱུར་ཞེས་ཡི༷ས་ར་ཨེལ་པ་ལ་གསུང་མཁན་མོ༷་ཤེ་ཁོང་ཉིད་ཡིན་ནོ།"
38 ༣༨་ །རི་སི༷་ན་རུ་གསུང་གླེང་མཛད་པའི་ཨ༷ན་ཇལ་དང་བཅས་འབྲོག་སྟོང་གི་ཚོགས་ནང་ཕ་མེས་མཉམ་བཞུགས་ཤིང་། ང་ཚོར་གནང་ཕྱིར་གསོན་པོའི་བཀའ་ཐོབ་པ་ཁོང་ཉིད་ཡིན་ནོ།"
39 ༣༩་ །འོན་ཀྱང་ང་ཚོའི་ཕ་མེས་ཁོང་ལ་ཉན་པར་མ་དགའ་བས། ཁོང་ཟུར་དུ་བཞག་ནས་སྙིང་ནང་མི༷་སེར་ཡུལ་ལ་ལོག་འདོད་ཅིང་།"
40 ༤༠་ ཨ༷་རོན་ལ། ང་ཚོའི་གདོང་དུ་འགྲོ་བའི་ལྷ་སྐུ་བཟོ་བར་མཛོད་ཅིག །ང་ཚོ་མི་སེར་ནས་ཁྲིད་པའི་མོ༷་ཤེ་དེ་ལ་ཅི་བྱུང་བ་མི་ཤེས་སོ་ཞུས་སོ།"
41 ༤༡་ །དེའི་དུས་སུ་གླང་བུ་ཞིག་གི་སྐུ་འདྲ་བཟོས་ནས། དེ་ལ་མཆོད་པ་ཕུལ་ཞིང་། རང་གི་ལག་པའི་ལས་ལ་ཡི་རངས་སོ།"
42 ༤༢་ ཕ༷་རོ་པེ་ཏེ་པ་ཚོའི་བྲིས་པ་ཡོད། །འབྲོག་སྟོང་ནང་དུ་ང་ལ་ལོ་བཞི་བཅུ། །དམར་མཆོད་ཕུལ་ལམ་ཡི༷ས་ར་ཨེལ་གྱི་ཁྱིམ།"
43 ༤༣་ །ཁྱེད་ཚོས་མོ༷་ལོག་ལྷ་ཡི་ཕོ་བྲང་དང་། །དེ་བཞིན་རི༷མ་ཕན་ལྷ་ཡི་སྐར་མ་དང་། །རང་བཟོའི་སྐུ་འདྲར་རྟེན་ཅིང་མཆོད་པས་ན། །ཁྱེད་རྣམས་བ༷་བེལ་མཐའ་རུ་འདོན་པར་བྱའོ། ཞེས་བྲིས་པ་བཞིན། ཨེ་ལོ་ཧིམ་གྱིས་དེ་ཚོར་སྐུ་རྒྱབ་བསྒྱུར་ནས། ནམ་མཁའི་སྐར་མ་རྣམས་ལ་རང་དགར་བསྙེན་བཀུར་བྱེད་བཅུག་གོ"
44 ༤༤་།མོ༷་ཤེ་དང་གསུང་གླེང་མཛད་མཁན་གྱིས་མོ༷་ཤེ་ལ། ཁྱོད་ཀྱིས་མཐོང་བའི་དཔེ་བཞིན་དུ་དཔང་པོའི་གུར་འཛོམ་དེ་བཟོ་བར་དགོས་གསུངས་ཤིང་། གུར་འཛོམ་དེ་ནི་འབྲོག་སྟོང་ནང་ང་ཚོའི་ཕ་མེས་དང་མཉམ་ཡོད་པས།"
45 ༤༥་ དེ་ཚོའི་མདུན་ནས་ཨེ་ལོ་ཧིམ་གྱིས་ཕྱིར་བསྐྲད་པར་མཛད་པའི་མི་བརྒྱུད་སོ་སོའི་ཡུལ་དུ། ང་ཚོའི་མེས་པོ་རྣམས་ཀྱིས་ཡོ༷་ཤུ་ཨ་དང་མཉམ་དུ་ཁྱེར་ནས། ད༷་བིད་ཀྱི་བར་དུ་གུར་འཛོམ་དེ་ཡོད་དོ།"
46 ༤༦་ །ད༷་བིད་ནི་ཨེ་ལོ་ཧིམ་གྱི་ཐུགས་སུ་འབྱོན་ཞིང་། ཡ༷་ཀོབ་ཀྱི་ཨེ་ལོ་ཧིམ་ལ་བཞུགས་གནས་ཤིག་བཞེང་བའི་དགོངས་པ་ཞུས་ཀྱང་།"
47 ༤༧་ གཟིམ་ཁང་བཞེངས་མཁན་ནི་ཤ༷་ལོ་མོའོ།"
48 ༤༨་ འོན་ཀྱང་ཕ༷་རོ་པེ་ཏེ་པས།"
49 ༤༩་ །ཀྱུ་རི་བོས་གསུངས་པ་ནམ་མཁའ་ངའི་ཁྲི་ཡིན། །ས་གཞི་ངའི་ཞབས་སྟེགས་ཡིན་པས་ན། །ང་ལ་ཁྱེད་ཀྱིས་ཇི་ལྟའི་ཁང་པ་རྩིག །ཡང་ན་ང་ཡི་བསྟི་བའི་གནས་གང་ཡིན།"
50 ༥༠་ །དངོས་པོ་ཐམས་ཅད་ང་ཡིས་མ་བཀོད་དམ། ཞེས་གསུངས་པ་བཞིན་དུ། ཀུན་དབང་གི་ཨེ་ལོ་ཧིམ་ནི་མིའི་ལག་པས་བརྩིགས་པའི་ཁང་པའི་ནང་མི་བཞུགས་སོ།"
51 ༥༡་ །ཀྱེ་གཉའ་བ་རེངས་ཤིང་སྙིང་དང་རྣ་བ་མ་དུལ་བ་རྣམས། ཁྱེད་ཀྱིས་དམ་པའི་རུ་ཨག་ལ་དུས་རྒྱུན་དུ་རྒོལ་ལོ། །མེས་པོ་རྣམས་ཀྱིས་བྱས་པ་བཞིན་དུ་ཁྱེད་ཀྱིས་ཀྱང་བྱེད་དོ།"
52 ༥༢་ །ཕ་མེས་ཀྱིས་གནོད་པ་མ་བྱས་པའི་ཕ༷་རོ་པེ་ཏེ་པ་སུ་ཡོད། སྐྱེས་བུ་དྲང་པོ་ཁོང་ཕེབས་པའི་ཕ༷་རོ་པེ་ཏེ་པ་རྣམས་བཀྲོངས། ད་ཁྱེད་ཚོས་ཁོང་རང་ཡང་དགྲ་བོར་བཏད་དེ་བཀྲོངས།"
53 ༥༣་ ཨ༷ན་ཇལ་གྱིས་གསུངས་པའི་བཀའ་ཁྲིམས་ཐོབ་ཀྱང་མ་བསྲུངས་པ་ཁྱེད་ཚོ་ཅེས་གསུངས་སོ།"
54 ༥༤་ །འདུན་མི་རྣམས་ཀྱིས་དེ་ཐོས་ནས་སྙིང་ལ་འཕོགས་ཏེ་སོ་ཁྲིག་ཁྲིག་བྱས་སོ།"
55 ༥༥་ སེ༷་ཏེ་ཕན་ནི་དམ་པའི་རུ་ཨག་གིས་ཁྱབ་སྟེ། ནམ་མཁར་སྤྱན་ཕུར་ཚུགས་སུ་གཟིགས་ནས། ཨེ་ལོ་ཧིམ་གྱི་གཟི་བརྗིད་དང་། ཨེ་ལོ་ཧིམ་གྱི་ཕྱག་གཡས་སུ་ཡེ་ཤུ་བཞེངས་པ་མཇལ་བ་དང་།"
56 ༥༦་ ལྟོས་ཤིག །ནམ་མཁའ་བྱེ་སྟེ། ཨེ་ལོ་ཧིམ་གྱི་ཕྱག་གཡས་སུ་མིའི་བུ་བཞེངས་པ་མཇལ་ལོ་གསུངས་ཀྱང་།"
57 ༥༧་ དེ་ཚོས་ཀུ་སྒྲ་བརྒྱབས་ནས་རྣ་བ་བཀག་སྟེ་ལྷན་ཅིག་ཏུ་ཁོང་ལ་རུབ་བོ།"
58 ༥༨་ །དེ་ནས་གྲོང་ཁྱེར་གྱི་ཕྱི་རོལ་དུ་བཏོན་ཏེ་ཁོང་རྡོ་རུབ་ལ་བཏང་ངོ་། །རྩོད་པ་པོ་རྣམས་ཀྱིས་རང་གི་གོས་ཕུད་ནས། ཤ༷་ཨུལ་ཟེར་བའི་གཞོན་ནུ་ཞིག་གི་མདུན་དུ་བཞག་གོ"
59 ༥༩་ །རྡོ་རུབ་ལ་གཏོང་བའི་ཚེ་སེ༷་ཏེ་ཕན་གྱིས་སྨོན་ལམ་འདེབས་ཤིང་། ཀྱུ་རི་བོ་ཡེ་ཤུ། ངའི་རུ་ཨག་བཞེས་སུ་གསོལ་ཅེས་ཞུས་སོ།"
60 ༦༠་ །དེ་ནས་པུས་མོ་བཙུགས་ནས་སྐད་ཆེན་པོས། ཀྱེ་ཀྱུ་རི་བོ། སྡིག་པ་འདིའི་ལན་དེ་རྣམས་ནས་ལེན་པར་མ་མཛད་ཅེས་ཞུས་ནས་སྐུ་གཤེགས་སོ། ཁོང་བཀྲོང་བ་ལ་ཤ༷་ཨུལ་ཁ་འཆམ་པ་ཡིན་ནོ།། །།"
1 ༡་ །ཉིན་དེ་ལ་ཡེ༷་རུ་ས་ལེམ་ན་ཡོད་པའི་མ་ཤི་ཀ་པ་རྣམས་ལ་འཚེ་བ་དྲག་པོ་བྱུང་བས། ཨ༷་པོ་ཏོ་ལོ་པ་རྣམས་མ་གཏོགས་པར་གཞན་ཐམས་ཅད་ཡ༷་ཧུ་ཏཱ་དང་། ས༷་མར་ཡ་ཡུལ་ཀུན་ཏུ་གྱེས་པར་གྱུར་ཏོ།"
2 ༢་ མ་ཤི་ཀ་པ་རེས་སེ༷་ཏེ་ཕན་གྱི་སྤུར་དུར་དུ་བཅུག་ནས། ཁོང་གི་ཕྱིར་མྱ་ངན་ཆེན་པོ་བྱས་སོ།"
3 ༣་ །ཤ༷་ཨུལ་གྱིས་ཁང་པ་རེ་རེའི་ནང་ཞུགས་ནས། སྐྱེས་པ་དང་བུད་མེད་རྣམས་དྲུད་ནས་བཙོན་དུ་འཇུག་ཕྱིར་བཏད་དེ། མ་ཤི་ཀ་པ་རྣམས་བཤིག་གོ"
4 ༤་ །གྱེས་པར་གྱུར་པ་རྣམས་བཀའ་བསྒྲག་ཅིང་ཕར་ཚུར་རྒྱུའོ།"
5 ༥་ །ཕི༷་ལིབ་ས༷་མར་ཡའི་གྲོང་ཁྱེར་ཞིག་ཏུ་སོང་ནས། མ་ཤི་ཀའི་འཕྲིན་བཟང་བཤད་པ་དང་།"
6 ༦་ དེ་ཐོས་ཤིང་ཁོང་གིས་མཛད་པའི་ལས་བཟང་མཐོང་ནས་མི་ཚོགས་ཀྱིས་ཡིད་མཐུན་པར་ཁོང་གི་གསུངས་པ་ལ་ཉན་ཏོ།"
7 ༧་ །ས༷་ཏན་ཞུགས་མང་པོའི་ས༷་ཏན་ཀུ་སྒྲ་བྱེད་ཅིང་ཐོན་ནོ། །གཟའ་ཕོག་དང་ཞ་བོ་མང་པོའང་གསོས་པས།"
8 ༨་ གྲོང་ཁྱེར་དེར་དགའ་སྤྲོ་ཆེ་བ་བྱུང་ངོ་།"
9 ༩་ །དུས་དེའི་སྔོན་ལ་གྲོང་ཁྱེར་དེ་ན་ཤི༷་མོན་བྱ་བ་ཞིག་གིས་ཁོང་རང་ཆེན་པོ་ཞིག་ཡིན་སྨྲ་ཞིང་སྒྱུ་འཕྲུལ་གྱིས་ས༷་མར་ཡ་པ་རྣམས་ཧ་ལས་སུ་བཅུག་པས།"
10 ༡༠་ རྒན་གཞོན་ཐམས་ཅད་ཀྱིས་མི་འདི་ནི་ཨེ་ལོ་ཧིམ་གྱི་དབང་ཆེན་པོ་ཞེས་བྱ་བ་དེ་ཡིན་སྨྲས་ནས་དེ་ལ་བརྟེན་ཏོ།"
11 ༡༡་ །ཡུན་རིང་པོ་ཞིག་ནས་སྒྱུ་འཕྲུལ་མཐོང་བས་ཧ་ལས་ཤིང་བརྩིས་སོ།"
12 ༡༢་ །འོན་ཀྱང་ཕི༷་ལིབ་ཀྱིས་ཨེ་ལོ་ཧིམ་གྱི་རྒྱལ་སྲིད་དང་། ཡེ་ཤུ་མ་ཤི་ཀའི་མཚན་གྱི་འཕྲིན་བཟང་བཤད་པ་ལ་ཡིད་ཆེས་པས། ཕོ་མོ་ཐམས་ཅད་ལ་བ༷བ་ཐི་སོ་ཐོབ་བོ།"
13 ༡༣་ །ཤི༷་མོན་དེ་རང་ཡིད་ཆེས་ཏེ་བ༷བ་ཐི་སོ་བླང་ནས། ཕི༷་ལིབ་དང་འགྲོགས་ཏེ། ཁོང་གིས་མཛད་པའི་ལྟས་དང་ངོ་མཚར་རྣམས་མཐོང་བས་ཡ་མཚན་དུ་གྱུར་ཏོ།"
14 ༡༤་ །ཡེ༷་རུ་ས་ལེམ་ན་ཡོད་པའི་ཨ༷་པོ་ཏོ་ལོ་པ་རྣམས་ཀྱིས། ས༷་མར་ཡ་པ་རྣམས་ཀྱིས་ཨེ་ལོ་ཧིམ་གྱི་བཀའ་བླངས་པ་ཐོས་པའི་ཚེ། པེ༷་ཏྲོ་དང་ཡོ༷་ཧ་ནན་དེ་རྣམས་ཀྱི་རྩར་བཏང་ངོ་།"
15 ༡༥་ །དེ་གཉིས་དེར་སོང་ནས་དེ་རྣམས་ཀྱུ་རི་བོ་ཡེ་ཤུའི་མཚན་གྱི་སྒོ་ནས་བ༷བ་ཐི་སོ་ཐོབ་ཀྱང་།"
16 ༡༦་ དེའི་བར་དུ་དམ་པའི་རུ་ཨག་སུ་ལའང་མ་བབས་པས། དེ་རྣམས་ལ་རུ་ཨག་བརྙེད་པའི་ཕྱིར་སྨོན་ལམ་བཏབ་བོ།"
17 ༡༧་ །དེ་ནས་ཁོང་གཉིས་ཀྱིས་དེ་རྣམས་ལ་ཕྱག་དབང་གནང་བས་དམ་པའི་རུ་ཨག་དང་ལྡན་པར་གྱུར་ཏོ།"
18 ༡༨་ །ཤི་མོན་གྱིས་ཨ༷་པོ་ཏོ་ལོ་པ་རྣམས་ཀྱི་ཕྱག་དབང་ལས་དམ་པའི་རུ་ཨག་ཐོབ་པ་མཐོང་སྟེ། དངུལ་ཕུལ་ནས་ཁོང་ལ།"
19 ༡༩་ ངས་སུ་ལ་ལག་པ་བཞག་ན། དེ་ལ་དམ་པའི་རུ་ཨག་འབེབས་པའི་དབང་ང་ལའང་གནང་དུ་གསོལ་ཞེས་ཞུས་སོ།"
20 ༢༠་ །པེ༷་ཏྲོས་དེ་ལ། ཁྱེད་ཀྱིས་ཨེ་ལོ་ཧིམ་གྱི་གནང་སྤྱིན་དངུལ་གྱིས་ཐོབ་པར་བསམས་པས། ཁྱེད་ཀྱི་དངུལ་དང་ཁྱོད་མེད་པར་གྱུར་ཅིག"
21 ༢༡་ ཁྱོད་ཀྱི་སྙིང་ཨེ་ལོ་ཧིམ་གྱི་དྲུང་དུ་དྲང་པོ་མ་ཡིན་པས། ཁྱོད་ལ་འདིའི་ཆ་ཙམ་ཡང་སྐལ་བ་མེད་དོ།"
22 ༢༢་ ཁྱོད་ནི་མཁྲིས་པའི་ཁ་བ་དང་། སྡིག་པའི་འཆིང་བའི་ནང་ཡོད་པར་ངས་མཐོང་བས།"
23 ༢༣་ ངན་པ་འདི་ལས་སེམས་སྒྱུར་ལ་ཀྱུ་རི་བོ་ལ་སྨོན་ལམ་ཐོབ་ཅིག་དང་། ཁྱོད་ཀྱི་སྙིང་གི་བསམ་པ་དེ་སེལ་བའང་སྲིད་དོ་གསུངས་པ་དང་།"
24 ༢༤་ ཤི༷་མོན་གྱིས་ཞུ་ལན་དུ། ཁྱེད་ཀྱིས་གསུངས་པའི་ནང་ནས་ང་ལ་ཅིའང་མི་འབྱུང་བའི་ཕྱིར་ངའི་དོན་དུ་ཀྱུ་རི་བོ་ལ་སྨོན་ལམ་འདེབས་སུ་གསོལ་ཞུས་སོ།"
25 ༢༥་ ཁོང་གཉིས་ཀྱིས་དཔང་བྱེད་ཅིང་ཀྱུ་རི་བོའི་བཀའ་བཤད་ནས། ས༷་མར་ཡ་པའི་ཡུལ་ཚོ་མང་པོར་འཕྲིན་བཟང་འཆད་ཅིང་ཡེ༷་རུ་ཤ་ལེམ་དུ་ཕྱིར་ལོག་གོ།"
26 ༢༦་ ཀྱུ་རི་བོའི་ཨ༷ན་ཇལ་གྱིས་ཕི༷་ལིབ་ལ། ལོངས་ལ་ཉིན་གུང་དུ་ཡེ༷་རུ་ཤ་ལེམ་ནས་ག༷་ཟ་རུ་འགྲོ་བའི་ཐང་ལམ་དུ་སོང་ཞིག །ཅེས་བཀའ་སྩལ་པ་དང་།"
27 ༢༧་ ཁོང་ལངས་ཏེ་སོང་བ་ལས། ཧེ༷་བེ་ཤ་པ་ཉུག་རུམ་ཧེ༷་བེ་ཤའི་རྒྱལ་མོ་ཀ༷ན་ད་ཀེའི་ཕྱག་མཛོད་དབང་དང་ལྡན་པ་དེ། ཡེ༷་རུ་ཤ་ལེམ་མཇལ་དུ་འོངས་ནས།"
28 ༢༨་ ཤིང་རྟ་ལ་ཞོན་ཏེ་ཕྱིར་ལོག་ཅིང་ཕ༷་རོ་པེ་ཏེ་པ་ཡེ༷་ཤ་ཡའི་དེབ་ཀློག་གིན་ཡོད་དོ།"
29 ༢༩་ །རུ་ཨག་གིས་ཕི༷་ལིབ་ལ། སོང་ལ་ཤིང་རྟ་པ་དང་འགྲོགས་ཤིག་ཅེས་གསུངས་པ་དང་།"
30 ༣༠་ ཕི༷་ལིབ་བརྒྱུགས་ནས་ཤིང་རྟའི་རྗེས་ནོན་ཏེ། ཁོང་གིས་ཕ༷་རོ་པེ་ཏེ་པ་ཡེ༷་ཤ་ཡའི་དེབ་ཀློག་པར་ཐོས་ཏེ། ཁྱེད་ཀྱིས་ཀློག་པ་དེའི་དོན་གོའམ་ཞེས་དྲིས་པ་དང་དེས།"
31 ༣༡་ འཁྲིད་མཁན་མེད་པར་ངས་ཇི་ལྟར་གོ་སྨྲས་ནས། ཤིང་རྟའི་ནང་དེ་དང་མཉམ་དུ་བཞུགས་ཕྱིར་ཕི༷་ལིབ་ལ་ཞུས་སོ།"
32 ༣༢་ །དེས་ཀློག་པའི་ཨེ་ལོ་ཧིམ་གྱི་བཀའི་ཚིག་མཚམས་འདིའོ། །ཁོང་ནི་ལུག་ལྟར་གསོད་ཕྱིར་ཁྲིད་པ་ཡིན། །སྤུ་བལ་འབྲེག་མཁན་མདུན་དུ་ལུག་གུ་ཡིས། །སྐད་ཀྱང་མི་འདོན་ལྟར་དུ་ཞལ་མི་འབྱེད།"
33 ༣༣་ །དམའ་འབེབས་བྱས་ཤིང་ཁོང་ལ་གཤགས་མ་བྱུང་། ཁོང་གི་སྐུ་སྲོག་ས་ལས་ལེན་པས་ན། ཁོང་གི་གདུང་བརྒྱུད་སུ་ཡིས་སྟོན་པར་འགྱུར།"
34 ༣༤་ ཉུག་རུམ་གྱིས་ཕི༷་ལིབ་ལ། འདི་ནི་ཕ༷་རོ་པེ་ཏེ་པས་སུའི་སྐོར་ལ་གསུང་། ཁོང་རང་ངམ་མི་གཞན་ཞིག་གི་སྐོར་གསུང་བ་ང་ལ་འཆད་དུ་གསོལ་ཞུས་པ་དང་།"
35 ༣༥་ ཕི༷་ལིབ་ཀྱིས་ཞལ་ཕྱེས་ཏེ་གསུང་འདི་ལས་བཟུང་སྟེ། ཡེ་ཤུའི་འཕྲིན་བཟང་བཤད་དོ།"
36 ༣༦་ །ལམ་དེ་ལ་སོང་བ་ལས་ཆུ་ཡོད་སར་བསླེབས་པ་དང་།"
37 ༣༧་ ཉུག་རུམ་གྱིས། འདིར་ཆུ་འདུག །ངས་བ༷བ་ཐི་སོ་བླང་བ་ལ་འགག་བྱ་ཅི་ཡོད་སྨྲས་སོ།"
38 ༣༨་ །ཤིང་རྟ་འགེགས་ཕྱིར་བསྒོས་ནས། ཕི༷་ལིབ་དང་ཉུག་རུམ་གཉིས་ཆུར་ཞུགས་ནས་ཕི༷་ལིབ་ཀྱིས་དེར་བ༷བ་ཐི་སོ་གནང་ངོ་།"
39 ༣༩་ །ཆུ་ནས་ཕྱིར་ཐོན་པ་དང་། ཀྱུ་རི་བོའི་རུ་ཨག་གིས་ཕི༷་ལིབ་ཁྱེར་ནས། ཉུག་རུམ་གྱིས་སླར་ཁོང་མ་མཇལ་ཀྱང་སེམས་དགའ་ཞིང་ལམ་ནས་སོང་ངོ་།"
40 ༤༠་ །ཕི༷་ལིབ་ནི་གྲོང་ཁྱེར་ཨ༷་ཟོད་དུ་ཐོན་ཏེ། ཀེ༷་སར་ཡར་བསླེབས་པའི་བར་གྲོང་ཁྱེར་ཐམས་ཅད་ལ་འཕྲིན་བཟང་བཤད་དོ།། །།"
1 ༡་ །ཤ༷་ཨུལ་ནི་ད་དུང་ཡང་ཀྱུ་རི་བོའི་སློབ་མ་རྣམས་སྐྲག་པར་བྱེད་པ་དང་གསོད་པ་ལ་རྔམས་ནས། ལེ༷་ཝི་ཆེན་གྱི་དྲུང་དུ་སོང་ནས།"
2 ༢་ ལྟ་བ་དེ་ལ་ཞུགས་པའི་ཕོ་མོ་རྙེད་ཚད་བཅིངས་ཏེ་ཡེ༷་རུ་ཤ་ལེམ་དུ་འཁྲིད་འོང་བའི་ཕྱིར། ད༷་མེ་སེག་གི་དད་པ་རྣམས་སྡེ་ལ་སྟོན་ཕྱིར་ལེ༷་ཝི་ཆེན་ནས་ཡི་གེ་ཞུས་སོ།"
3 ༣་ །ལམ་ལ་ད༷་མེ་སེག་དང་ཉེ་བར་བསླེབས་པའི་ཚེ། གློ་བུར་དུ་ཁོའི་ཕྱོགས་བཞི་རུ་ནམ་མཁའ་ནས་འོད་ཅིག་སྣང་བར་གྱུར་ཏེ།"
4 ༤་ ཁོང་ས་ལ་འགྱེལ་བ་དང་། ཤ༷་ཨུལ། ཤ༷་ཨུལ། ཁྱེད་ཀྱིས་ང་ལ་ཅིའི་ཕྱིར་འཚེ། ཅེས་གསུང་བའི་སྒྲ་ཐོས་ནས།"
5 ༥་ ཁྱེད་སུ་ལགས་ཞུས་པ་དང་། ང་ནི་ཁྱེད་ཀྱིས་འཚེ་བའི་ཡེ་ཤུ་དེ་ཡིན་ནོ།"
6 ༦་ །ལོངས་ལ་གྲོང་ཁྱེར་ནང་དུ་སོང་ཞིག་དང་ཁྱེད་ཀྱིས་ཅི་བྱེད་དགོས་པ་བསྟན་པར་འགྱུར་གསུངས་སོ།"
7 ༧་ །ལམ་གྲོགས་རྣམས་ཀྱིས་སྒྲ་དེ་ཐོས་ཀྱང་སུའང་མ་མཐོང་བས་གང་ཡང་མི་སྨྲ་བར་ལུས་སོ།"
8 ༨་ །ཤ༷་ཨུལ་ས་ལས་ལངས་ཏེ་མིག་ཕྱེས་ཀྱང་མཐོང་མ་ནུས་པས། དེ་ཚོས་ལག་པ་ནས་བཟུང་སྟེ་ད༷་མེ་སེག་ཏུ་ཁྲིད་དོ།"
9 ༩་ །དེར་ཞག་གསུམ་གྱི་བར་དུ་མིག་གིས་མཐོང་མི་ནུས་པར་ལུས་ཏེ། ཁ་ཟས་ཀྱང་མ་ཟོས་ཆུ་ཡང་མ་བཏུང་ངོ་།"
10 ༡༠་ །ད༷་མེ་སེག་ན་ཨ༷་ནན་ཡ་བྱ་བའི་སློབ་མ་ཤིག་ཡོད་པ་ཡིན། ཀྱུ་རི་བོས་ཞལ་གཟིགས་ནང་ཨ༷་ནན་ཡ་ཞེས་གསུངས་པ་དང་། ང་འདིར་ཡོད་ཀྱུ་རི་བོ་ལགས་ཞུས་པས།"
11 ༡༡་ ཀྱུ་རི་བོས་ཁོང་ལ། ལོངས་ལ་དྲང་པོ་ཟེར་བའི་ལམ་སྲང་ལ་སོང་སྟེ། ཡུ༷་དའི་ཁང་པར་ཏ༷ར་སུ་པ་ཤ༷་ཨུལ་ཞེས་པ་ཚོལ་ཞིག །ཁོང་སྨོན་ལམ་འདེབས་ཀྱིན་འདུག་པ་མ་ཟད།"
12 ༡༢་ ཨ༷་ནན་ཡ་བྱ་བ་ཞིག་འོངས་ནས་མིག་འབྱེད་པའི་ཕྱིར་ཕྱག་དབང་གཏོང་བ་ཁོས་ཞལ་གཟིགས་ནང་མཐོང་ངོ་གསུངས་སོ།"
13 ༡༣་ །ཨ༷་ནན་ཡས་ཞུ་ལན་དུ། ཀྱུ་རི་བོ། མི་དེས་ཡེ༷་རུ་ཤ་ལེམ་ན་ཁྱེད་ཀྱི་ཡིན་པ་རྣམས་ལ་ཅི་ཙམ་གྱི་ངན་བྱས་པ་མི་མང་པོའི་ཁ་ནས་ཐོས།"
14 ༡༤་ འདིར་ཡང་ཁྱེད་ཀྱི་མཚན་བརྗོད་པ་ཐམས་ཅད་འཆིང་བའི་ཕྱིར་ཁོང་ལ་ལེ༷་ཝི་ཆེན་གྱི་ཕྱོགས་ནས་དབང་ཡོད་དོ་ཞུས་པས།"
15 ༡༥་ ཀྱུ་རི་བོས། སོང་ཞིག་དང་། ཁོང་ནི་ངའི་མཚན་ཨེ་ལོ་ཧིམ་ངོ་མ་ཤེས་པ་དང་། རྒྱལ་པོ་རྣམས་དང་། ཡི༷ས་ར་ཡེལ་པ་རྣམས་ལ་འཁྱེར་བའི་སྣོད་ངས་འདམས་པ་ཞིག་ཡིན་པས།"
16 ༡༦་ ངའི་མཚན་གྱི་དོན་དུ་ཁོང་གིས་སྡུག་བསྔལ་ཇི་ཙམ་མྱོང་དགོས་པ་ངས་ཁོང་ལ་སྟོན་པར་བྱའོ་གསུངས་སོ།"
17 ༡༧་ །ཨ༷་ནན་ཡ་སོང་སྟེ་ཁང་པ་དེར་ཞུགས་ནས་དེ་ལ་ཕྱག་དབང་བཏང་ཞིང་། ཀྱེ་སྤུན་ཤ༷་ཨུལ། ཁྱེད་འོངས་པའི་ལམ་ལ་མཇལ་བའི་ཀྱུ་རི་བོ་ཡེ་ཤུ་ཉིད་ཀྱིས། ཁྱེད་ཀྱི་མིག་འབྱེད་པ་དང་དམ་པའི་རུ་ཨག་གིས་ཁྱབ་པའི་ཕྱིར་ང་འདིར་མངགས་སོ།"
18 ༡༨་ །ཞེས་སྨྲས་མ་ཐག་ཏུ་ཁོང་གི་མིག་ནས་ཤུན་པ་འདྲ་བ་རེ་སར་བྲུལ་ཏེ་མིག་མཐོང་ནུས་སོ། །དེ་ནས་ལངས་ཏེ་བ༷བ་ཐི་སོ་ཐོབ་ཅིང་།"
19 ༡༩་ ཁ་ཟས་ཟོས་པས་གཟུང་སྟོབས་རྒྱས་སོ།།"
20 ༢༠་ །ཉི་མ་ཁ་ཤས་ད༷་མེ་སེག་ཏུ་ཡོད་པའི་སློབ་མ་རྣམས་དང་མཉམ་དུ་བཞུགས་ནས། །སི༷ན་ན་གོས་རྣམས་སུ་ཡེ་ཤུ་ནི་ཨེ་ལོ་ཧིམ་གྱི་སྲས་ལགས་པའི་སློབ་ཁྲིད་བྱེད་དོ།"
21 ༢༡་ །དེ་ཐོས་པ་ཐམས་ཅད་ངོ་མཚར་དུ་གྱུར་ཏེ། འདི་ནི་ཡེ༷་རུ་ཤ་ལེམ་དུ་མཚན་དེ་བརྗོད་པ་རྣམས་མེད་པར་བྱེད་མཁན་དང་། འདིར་ཡང་དེ་རྣམས་བཅིངས་ནས་ལེ༷་ཝི་ཆེན་གྱི་མདུན་དུ་འཁྲིད་པའི་ཕྱིར་འོངས་མཁན་དེ་མ་ཡིན་ནམ་ཟེར་ཏོ།"
22 ༢༢་ །ཤ༷་ཨུལ་གྱི་སྙིང་སྟོབས་རྒྱས་ཤིང་། ཡེ་ཤུ་ནི་མ་ཤི་ཀ་ལགས་པ་གསལ་པོར་བཤད་དེ། ད༷་མེ་སེག་ན་གནས་པའི་ཡ༷་ཧུ་དཱ་པ་རྣམས་ཁ་སྐྱེངས་པར་བྱས་སོ།"
23 ༢༣་ །དུས་རེ་ཞིག་སོང་མཚམས་ཡ༷་ཧུ་དཱ་པས་ཁོང་གསོད་པའི་ཕྱིར་གྲོས་བྱས་ཀྱང་།"
24 ༢༤་ ཤ༷་ཨུལ་གྱིས་དེ་རྟོགས་ཏེ། དེ་ཚོས་ཁོང་གསོད་པའི་ཕྱིར་གྲོང་ཁྱེར་གྱི་རྟ་སྒོ་ཉིན་མཚན་མེད་པར་བསྲུངས་ཀྱང་།"
25 ༢༥་ སློབ་མ་རྣམས་ཀྱིས་ཁོང་མཚན་མོར་ཁྲིད་ནས་ཟེབ་མའི་ནང་དུ་བཅུག་སྟེ་ལྕགས་རི་ནས་དཔྱང་ཐག་ལ་ཕབ་བོ།།"
26 ༢༦་ ཁོང་ཡེ༷་རུ་ཤ་ལེམ་དུ་བསླེབས་ནས་སློབ་མ་རྣམས་དང་འགྲོགས་པར་བརྩོན་ཀྱང་། ཁོང་སློབ་མ་རུ་གྱུར་པར་ཡིད་མ་ཆེས་ནས་དེ་ཐམས་ཅད་འཇིགས་སོ།"
27 ༢༧་ །འོན་ཀྱང་བ༷ར་ན་བས་ཁོང་ཨ༷་པོ་ཏོ་ལོ་པ་རྣམས་ཀྱི་མདུན་དུ་ཁྲིད་དེ། ཤ༷་ཡུལ་ལ་ལམ་དུ་ཀྱུ་རི་བོ་མཇལ་བ་དང་། གསུང་གླེང་མཛད་པ་དང་། ད༷་མེ་སེག་ཏུ་ཡེ་ཤུའི་དབང་གིས་སྙིང་སྟོབས་ཆེན་པོས་སློབ་ཁྲིད་བྱས་སོ།"
28 ༢༨་ །དེ་ནས་ཁོང་དེ་ཚོ་དང་འགྲོགས་ཏེ་ཡེ༷་རུ་ཤ་ལེམ་ལ་རྒྱུ་ཞིང་ཀྱུ་རི་བོའི་མཚན་བརྗོད་ཅིང་མ་འཇིགས་པར་སློབ་ཁྲིད་བྱས་སོ།"
29 ༢༩་ །ཡེ༷་ཧུ་དཱ་པའི་སློབ་གསར་རྣམས་དང་གླེང་ཞིང་རྩོད་པ་ལས་དེ་ཚོས་ཁོང་གསོད་ཐབས་བཙལ་ཏོ།"
30 ༣༠་ །སྤུན་རྣམས་ཀྱིས་དེ་གོ་ནས་ཁོང་ཀེ༷་སར་ཡ་རུ་བསྐྱལ་ནས་ཏ༷ར་སུ་རུ་བཏང་ངོ་།"
31 ༣༡་ །དེའི་ཚེ་ཡ༷་ཧུ་དཱ་དང་། ག༷་ལིལ་དང་། ས༷་མར་ཡ་སོགས་ཡུལ་ཀུན་གྱི་མ་ཤི་ཀ་པ་རྣམས་ནང་བདེ་ཞིང་ཡར་བསྐྱེད་བྱུང་ནས། ཀྱུ་རི་བོ་ལ་འཇིགས་ཤིང་། དམ་པའི་རུ་ཨག་གི་སེམས་བདེའི་ནང་འགྲུལ་ཞིང་མ་ཤི་ཀ་པ་རྣམས་ཀྱང་རྒྱས་པར་གྱུར་ཏོ།།"
32 ༣༢་ །པེ༷་ཏྲོ་ཕར་ཚུར་རྒྱུ་ཞིང་ལི༷ད་ད་རུ་གནས་པའི་མ་ཤི་ཀ་པ་རྣམས་ཀྱི་རྩར་ཕྱིན་ཏེ།"
33 ༣༣་ དེར་ཨེ༷་ནི་ཡ་བྱ་བ་ཉལ་ས་ལ་ཉལ་ནས་ལོ་བརྒྱད་སོང་བའི་གཟའ་ཕོག་ཅིག་གཟིགས་ནས་དེ་ལ།"
34 ༣༤་ ཨེ༷་ནི་ཡ། ཡེ་ཤུ་མ་ཤི་ཀས་ཁྱེད་གསོ་བར་མཛད་པས། ལོངས་ལ་རང་གི་ཉལ་སྟན་སྒྲིལ་ཞིག་གསུངས་མ་ཐག་ཏུ་དེ་ལངས་སོ།"
35 ༣༥་ །ལི༷ད་ད་དང་ཤ༷་རོན་ལ་གནས་པ་ཐམས་ཅད་ཀྱིས་དེ་མཐོང་སྟེ། ཀྱུ་རི་བོའི་ཕྱོགས་སུ་སེམས་བསྒྱུར་ཏོ།"
36 ༣༦་ །ཡོ༷་ཕ་རུ་ཏ༷་བི་ཐ་བོད་སྐད་དུ་གནའ་མོ་ཟེར་བའི་སློབ་མ་ཞིག་ཡོད་དེ། དེས་སྦྱིན་པ་སྦྱིན་པ་དང་། ལས་བཟང་མང་པོ་བྱེད་དོ།"
37 ༣༧་ །དེའི་དུས་སུ་མོ་ནད་ཀྱིས་བཏབ་སྟེ་ཤི་ནས། བཀྲུས་ཏེ་སྟེང་ཁང་དུ་བཞག་གོ"
38 ༣༨་ །ཡོ༷་ཕ་ནི་ལི༷ད་ད་དང་ཐག་ཉེ་བས། སློབ་མ་རྣམས་ཀྱིས་པེ༷་ཏྲོ་ལི༷ད་ད་རུ་བཞུགས་པ་ཐོས་ནས། མི་གཉིས་བཏང་སྟེ། མ་འགོར་བར་ང་ཚོའི་རྩར་ཕེབས་ཤིག་ཅེས་ཞུས་སོ།"
39 ༣༩་ །པེ༷་ཏྲོས་བཞེངས་ནས་དེ་དག་དང་མཉམ་དུ་ཕེབས་སོ། །དེར་ཕེབས་པ་དང་། ཁོང་སྟེང་ཁང་དུ་ཁྲིད་དོ། །མོ་རེང་མ་ཐམས་ཅད་ཁོང་གི་དྲུང་དུ་ངུ་ཞིང་། དེ་ཚོ་དང་མཉམ་དུ་ཡོད་པའི་ཚེ་གནའ་མོས་བཅོས་པའི་གོས་དང་ཆུ་པ་རྣམས་པེ༷་ཏྲོར་བསྟན་ཏོ།"
40 ༤༠་ པེ༷་ཏྲོས་དེ་ཐམས་ཅད་ཕྱིར་བཏོན་ནས། པུས་མོ་སར་བཙུགས་ནས་སྨོན་ལམ་འདེབས་སོ། །དེ་ནས་རོའི་ཕྱོགས་སུ་ཞལ་སྒྱུར་ཏེ། ཏ༷་བི་ཐ་ལོངས་ཤིག་གསུངས་པ་དང་། མོས་མིག་ཕྱེས་ཏེ། པེ༷་ཏྲོ་མཇལ་ནས་ཙོག་པུར་ལངས་སོ།"
41 ༤༡་ །པེ༷་ཏྲོས་དེའི་ལག་པ་ནས་བཟུང་སྟེ། བསླངས་ནས་མ་ཤི་ཀ་པ་རྣམས་དང་མོ་རེང་མ་རྣམས་བོས་ནས་མོ་གསོན་པོར་བསྟན་ཏོ།"
42 ༤༢་ །གཏམ་དེ་ཡོ༷་ཕ་ཀུན་དུ་གྲགས་ནས། མི་མང་པོས་ཀྱུ་རི་བོ་ལ་དད་པ་བྱས་སོ།"
43 ༤༣་ །དེ་ནས་ཁོང་ཡོ༷་ཕ་རུ་ཀོ་མཉེད་པ་ཤི༷་མོན་བྱ་བ་མཉམ་དུ་རེ་ཞིག་བཞུགས་སོ།། །།"