1

1 ༡་ ཐོག་མར་བཀའ་ཡོད་ལགས་པ་དང་། བཀའ་དེ་ཨེ་ལོ་ཧིམ་མཉམ་དུ་བཞུགས། བཀའ་དེ་ཨེ་ལོ་ཧིམ་ཡིན་པ་དང་།"

2 ༢་ གདོད་ནས་ཨེ་ལོ་ཧིམ་མཉམ་དུ་བཞུགས།"

3 ༣་ ཡོད་ཚད་ཐམས་ཅད་བཀའ་དེས་མཛད། ཁོང་མེད་ཅི་ཡང་མ་བྱུང་ངོ་།"

4 ༤་ ཁོང་གི་ནང་ན་གསོན་པ་སྟེ། གསོན་པ་མི་ཡི་འོད་དེ་ཡིན།"

5 ༥་ འོད་དེ་མུན་པའི་ནང་དུ་ཤར། མུན་པས་ནོན་པར་མི་ནུས་སོ།"

6 ༦་ ཨེ་ལོ་ཧིམ་གྱིས་མི་ཞིག་མངགས། ཡོ༷་ཧ་ནན་ཞེས་མིང་ དུ་བསྒྲགས།"

7 ༧་ ཁོང་རྒྱུད་ཐམས་ཅད་དད་པའི་ཕྱིར། འོད་ལ་དཔང་པོ་བྱེད་དུ་འོངས།"

8 ༨་ ཁོང་ནི་འོད་དེ་མ་ཡིན་ཀྱང་། འོད་ལ་དཔང་པོ་བྱེད་ཕྱིར་རོ།"

9 ༩་ །སྐྱེས་པ་ཡོངས་ལ་འོད་གནང་དུ་། བདེན་པའི་འོད་གསལ་ས་གཞིར་བྱོན།"

10 ༡༠་ འཇིག་རྟེན་ཁོང་གིས་བཀོད་མཛད་ཅིང་། འཇིག་རྟེན་དུ་ནི་བཞུགས་ཡོད་ཀྱང་། འཇིག་རྟེན་པ་ཡིས་ངོ་མ་ཤེས།"

11 ༡༡་ ཁོང་ནི་རང་ཁྱིམ་དུ་བྱོན་ཀྱང་། རང་མི་རྣམས་ཀྱིས་མ་བསུས་སོ།"

12 ༡༢་ སུས་ཁོང་བསུ་ཞིང་ཁོང་མཚན་ལ། དད་པ་བྱེད་རྣམས་ཨེ་ལོ་ཧིམ་གྱི། སྲས་སུ་འགྱུར་བའི་དབང་བསྐུར་ཏོ།"

13 ༡༣་ དེ་རྣམས་ཨེ་ལོ་ཧིམ་ལས་ཆད་དེ། ཤ་ཁྲག་ལས་མིན་མི་ལས་མིན་།"

14 ༡༤་ བཀའ་དེ་སྐུ་ལུས་ལྡན་པར་ཆགས། ང་ཚོའི་ཁྲོད་དུ་བཞུགས་མཛད་དོ། ཡབ་ནས་བྱུང་བའི་སྲས་གཅིག་པོ། ཐུགས་རྗེ་བདེན་པས་གང་བ་ཡི། དཔལ་བརྗིད་ཁོ་ནར་ང་ཚོས་མཐོང་།"

15 ༡༥་ །ཡོ༷་ཧ་ནན་གྱིས་ཁོང་གི་བསྐོར། ངའི་རྗེས་སུ་ཕེབས་པ་ཁོང་། ང་ལས་སྔོན་དུ་བཞུགས་པས་ན། ང་ཡི་གོང་དུ་གྱུར་པ་ཡིན། ངས་སྔོན་སྨྲས་པའི་སྐྱེས་པ་དེའོ།ཞེས་དཔང་བྱེད་ཅིང་འབོད་བསྒྲགས་སོ།"

16 ༡༦་ ཁོང་གི་ཕུན་སུམ་ཚོགས་པ་ལས། ང་ཚོ་ཡོངས་ལ་ཐོབ་གྱུར་ནས། ཐུགས་རྗེ་སྟེང་དུ་ཐུགས་རྗེ་རྙེད་།"

17 ༡༧་ མོ༷་ཤེ་རྒྱུད་ནས་བཀའ་ཁྲིམས་བྱུང་། ཡེ་ཤུ་མ་ཤི་ཀ་རྒྱུད་ནས། ཐུགས་རྗེ་དང་ནི་བདེན་པ་བྱུང་།"

18 ༡༨་ སུས་ཀྱང་ཨེ་ལོ་ཧིམ་མ་མཇལ་ནའང་། ཡབ་ཀྱི་སྐུ་པང་ལ་བཞུགས་པའི། སྲས་ནི་གཅིག་པོས་ངོ་སྤྲད་དོ།"

19 ༡༩་ །ཡོ༷་ཧ་ནན་གྱིས་དཔང་པོ་བྱེད་པ་འདི་ལྟར་རོ། །ཡ༷་ཧུ་དཱ་པ་རྣམས་ཀྱིས་ཡེ༷་རུ་ཤ་ལེམ་ནས་། ཁྱེད་སུ་ཡིན་ཞེས་འདྲི་རུ། ལེ༷་ཝི་པ་རྣམས་གཏང་བའི་ཚེ།"

20 ༢༠་ ཁོང་གིས་ཁ་བསངས་ཏེ་ང་ནི་མ་ཤི་ཀ་མིན་ཞེས་དྲང་པོར་གསུངས་སོ།"

21 ༢༡་ །འོ་ན་ཅི། ཨེ༷་ལི་ཡ་ཡིན་ནམ་ཞུས་པས། མིན་གསུངས། ཕ༷་རོ་པེ་ཏེ་པ་དེ་ཡིན་ནམ་ཞུས་པས། མིན་གསུངས།"

22 ༢༢་ །འོ་ན་ཁྱེད་སུ་ཡིན། ང་ཚོ་བཏང་མཁན་རྣམས་ལ་ལན་ཞིག་དགོས། རང་གི་སྐོར་དུ་གསུང་རྒྱུ་ཅི་ཡོད་ཞུས་པས།"

23 ༢༣་ ཁོང་གིས་། ཕ༷་རོ་པེ་ཏེ་པ་ཡེ༷་ཤ་ཡས་གསུངས་པ་ལྟར། ཀྱུ་རི་བོའི་ལམ་སྲོང་ཞིག་ཅེས་འབྲོག་སྟོང་ནང་འབོད་པའི་སྒྲ་དེ་ང་ཡིན།"

24 ༢༤་ དེ་ཚོ་ཕ༷་རུ་ཤི་པས་བཏང་བ་ཡིན་པས།"

25 ༢༥་ ཁྱེད་མ་ཤི་ཀའམ། ཨེ༷་ལི་ཡཱ་འམ། ཕ༷་རོ་པེ་ཏེ་པ་དེ་མིན་བཞིན་དུ། ཆུའི་བ༷བ་ཐི་སོ་ཅི་ལ་གནང་ཞེས་དྲིས་པ་དང་།"

26 ༢༦་ །ཡོ༷་ཧ་ནན་གྱིས་ལན་དུ། ངས་ཆུའི་བ༷བ་ཐི་སོ་གཏོང་སྟེ། ཁྱེད་ཀྱི་དཀྱིལ་དུ་ཁྱེད་ཀྱིས་ངོ་མི་ཤེས་པའི་སྐྱེས་པ་ཞིག་འདུག"

27 ༢༧་ །ཁོང་ངའི་རྗེས་སུ་འབྱོན་ཞིང་། ང་ཁོང་གི་ཞབས་ལྷམ་གྱི་སྒྲོག་བུ་སྒྲོལ་དུའང་འོས་མ་ཡིན་གསུངས་སོ།"

28 ༢༨་ །དེ་ཡོ༷་ཧ་ནན་གྱིས་བ༷བ་ཐི་སོ་གནང་ས་ཆུ་བོ་ཡོ༷ར་དན་གྱི་ཕ་རོལ་དུ་བེ༷ད་ཨན་ཡཱར་བྱུང་ངོ་།"

29 ༢༩་ །དེའི་སང་ཉིན་ཡེ་ཤུ་དེར་ཕེབས་པ་མཐོང་ནས་ཡོ༷་ཧ་ནན་གྱིས་དཔང་པོ་བྱེད་ཅིང་འདི་སྐད་དུ། འཇིག་རྟེན་གྱི་སྡིག་པ་འཁྱེར་བའི་ཨེ་ལོ་ཧིམ་གྱི་ལུག་གུ་དེ་ལ་ལྟོས་ཤིག"

30 ༣༠་ །ང་ཡི་རྗེས་སུ་ཕེབས་པ་ཁོང་། །ང་ལས་སྔོན་དུ་བཞུགས་པས་ན། །ང་ཡི་གོང་དུ་ཁོང་གྱུར་ཏོ།། ཞེས་ངས་སྨྲས་པའི་སྐྱེས་པ་འདི་ཡིན་ནོ།"

31 ༣༡་ ངས་ཁོང་ངོ་མ་ཤེས་ཀྱང་། ཁོང་ཡི༷ས་ར་ཨེལ་ལ་ངོ་སྤྲོད་པའི་དོན་དུ། ཆུའི་བ༷བ་ཐི་སོ་གཏོང་ཞིང་འོངས་པ་ཡིན།"

32 ༣༢་ རུ་ཨག་ཕུག་རོན་ལྟར་ནམ་མཁའ་ནས་བབས་ཏེ། ཁོང་གི་སྟེང་དུ་གནས་པ་ངས་མཐོང་ངོ་།"

33 ༣༣་ །ངས་ཁོང་ངོ་མ་ཤེས་ཀྱང་། ང་ཆུའི་བ༷བ་ཐི་སོ་གཏང་དུ་མངགས་མཁན་གྱིས་ང་ལ། སུའི་སྟེང་དུ་རུ་ཨཱག་འབབ་ཅིང་གནས་པ་ཁྱེད་ཀྱིས་མཐོང་བ་དེ། དམ་པའི་རུ་ཨག་གི་བ༷བ་ཐི་སོ་གནང་མཁན་དེ་ཡིན་གསུང་པས།"

34 ༣༤་ ངས་དེ་མཇལ་ནས། འདི་ནི་ཨེ་ལོ་ཧིམ་གྱི་སྲས་ཡིན་ཟེར་ཞིང་དཔང་པོ་བྱེད་དོ་ཞེས་གསུངས་སོ།།"

35 ༣༥་ །དེའི་སང་ཉིན་ཡོ༷་ཧ་ནན་དང་དེའི་སློབ་མ་གཉིས་སླར་དེར་ཡོད་པ་ལས།"

36 ༣༦་ ཡེ་ཤུ་ཕེབས་པར་མཇལ་ཏེ། ཡོ༷་ཧ་ནན་གྱིས། ཨེ་ལོ་ཧིམ་གྱི་ལུག་གུ་དེ་ལ་ལྟོས་ཤིག་ཞེས་གསུངས་སོ།"

37 ༣༧་ །སློབ་མ་དེ་གཉིས་ཀྱིས་དེ་ཐོས་ནས། ཡེ་ཤུའི་རྗེས་སུ་འབྲངས་སོ།"

38 ༣༨་ །ཡེ་ཤུས་ཕྱི་མིག་གཟིགས་པས་དེ་དག་འབྲང་བར་གཟིགས་ཏེ། ཅི་འཚོལ་གསུངས་པས་། དེ་དག་གིས་། ར༷བ་བི། བོད་སྐད་དུ་འཁྲིད་མཁན། ཁྱེད་ག་རུ་བཞུགས་ཞུས་པས།"

39 ༣༩་ ཤོག་ཅིག་དང་མཐོང་འོང་གསུངས། དེ་དག་སོང་ནས་བཞུགས་ས་མཐོང་། དེ་ཙ་ན་ཉིན་མོའི་ཆུ་ཚོད་བཞི་པ་ཙམ་ཡིན་པས་དེ་ཉིན་ཁོང་དང་མཉམ་དུ་བསྡད་དོ་།"

40 ༤༠་ །ཡོ༷་ཧ་ནན་ལས་ཐོས་ཏེ། ཡེ་ཤུའི་རྗེས་སུ་འབྲངས་མཁན་གཉིས་པོ་ལས་གཅིིག་ཤི༷་མོན་པེ་ཏྲོའི་ནུ་བོ་ཨ༷ན་དྲེ་ཨཱ་ཡིན།"

41 ༤༡་ དང་པོར་ཕུ་བོ་ཤི༷་མོན་དང་འཕྲད་ནས་དེ་ལ། མ་ཤི་ཀ་དང་མཇལ་བྱུང་ཞེས་སྨྲས་སོ། །མ་ཤི་ཀ་ནི་བོད་སྐད་དུ་བྱུགས་པའོ།"

42 ༤༢་ །ཡེ་ཤུའི་སྐུ་དྲུང་དུ་འཁྲིད་དེ། ཡེ་ཤུས་གཟིགས་ནས། ཁྱེད་ཡོ༷་ནའི་བུ་ཤི༷་མོན་མ་ཡིན་ནམ། ཁྱེད་ལ་ཀེ༷་ཕཱ་ཟེར་བར་གྱུར་གསུངས་སོ། །ཀེ༷་ཕཱའམ་ཕེ༷་ཏྲོ་ནི་བོད་སྐད་དུ་བྲག་གོ"

43 ༤༣་ དེའི་སང་ཉིན་ཡེ་ཤུ་ག༷་ལིལ་ཡུལ་དུ་ཕེབས་པར་དགོངས་ནས་། ཕི༷་ལིབ་གཟིགས་ནས་དེ་ལ། ངའི་རྗེས་སུ་འབྲོངས་ཤིག་གསུངས་སོ།"

44 ༤༤་ །ཕི༷་ལིབ་ནི་ཨ༷ན་དྲེ་ཡཱ་དང་པེ༷་ཏྲོའི་ཡུལ་གཅིག་པ་བེ༷དཱ་ཙ་ཡི་དཱ་པ་ཡིན་ནོ།"

45 ༤༥་ །ཕི༷་ལིབ་ནི་ན༷་ཐན་ཨེལ་དང་འཕྲད་ནས་འདི་སྐད་དུ། མོ༷་ཤེས་བཀའ་ཁྲིམས་ཀྱི་འབྲི་པའི་ནང་དང་། ཕ༷་རོ་པེ་ཏེ་པ་རྣམས་ཀྱིས་བྲིས་པའི་སྐྱེས་པ་། ཡོ༷་སེབ་ཀྱི་སྲས་ན༷་ཙ་རེད་པ་ཡེ་ཤུ་མཇལ་ཞེས་སྨྲས་པ་དང་།"

46 ༤༦་ ན༷་ཐན་ཨེལ་གྱིས་དེ་ལ། ན༷་ཙ་རེད་ནས་བཟང་པོ་ཞིག་འཐོན་སྲིད་དམ་སྨྲས་པས། ཕི༷་ལིབ་ཀྱིས། ཤོག་ལ་ལྟོས་ཤིག་ཟེར་ཏོ།"

47 ༤༧་ །ཡེ་ཤུས་ན༷་ཐན་ཨེལ་འོང་བར་གཟིགས་ནས། ལྟོས་ཤིག འདི་ནི་གཡོ་སྒྱུ་མེད་པའི་ཡི༷ས་ར་ཨེལ་པ་ངོ་མ་ཞིག་ཡིན་ནོ་གསུངས་པས།"

48 ༤༨་ ན༷་ཐན་ཨེལ་གྱིས། ང་ཅི་ལྟར་མཁྱེན་ཞུས་པའི་བཀའ་ལན་དུ། ཕི༷་ལིབ་ཀྱིས་མ་འབོད་པའི་སྔོན་དུ། ངས་ཁྱེད་སེ་ཡབ་ཤིང་གི་འོག་ལ་ཡོད་པ་མཐོང་བྱུང་གསུངས་སོ།"

49 ༤༩་ །ན༷་ཐན་ཨེལ་གྱིས། ར༷བ་བི། ཁྱེད་ནི་ཨེ་ལོ་ཧིམ་གྱི་སྲས་ལགས། ཁྱེད་ནི་ཡི༷ས་ར་ཡེལ་གྱི་རྒྱལ་པོ་ལགས་ཞུས་སོ།"

50 ༥༠་ །ཡེ་ཤུས་བཀའ་ལན་དུ། ངས་ཁྱེད་སེ་ཡབ་ཤིང་གི་འོག་ལ་མཐོང་ཞེས་སྨྲས་པས། དད་པ་བྱེད་དམ། དེ་ལས་ཆེ་བའི་བྱ་བ་མཐོང་བར་འགྱུར།"

51 ༥༡་ ནམ་མཁའ་བྱེས་ནས། ཨེ་ལོ་ཧིམ་གྱི་8ཨ༷ན་ཇལ་འཛེག་པ་དང་མིའི་བུའི་ཐོག་དུ་འབབ་པ་མཐོང་བར་འགྱུར་རོ་ངས་བདེན་པར་ཟེར་ཞེས་གསུངས་སོ།། །།"

10

1 ༡་ །ལུག་རའི་ནང་དུ་སྒོ་ནས་མི་འོང་བར།
ཕྱོགས་གཞན་ནས་འཛེགས་ཏེ་འོང་བ་དེ། རྐུན་མ་དང་ཇག་པ་ཡིན།"

2 ༢་ སྒོ་ནས་འོང་བ་དེ་ལུག་གི་རྫི་བོ་ཡིན་ཏེ།"

3 ༣་ སྒོ་སྲུང་གིས་དེ་ལ་སྒོ་ཕྱེ་སྟེ། ལུག་རྣམས་དེའི་སྐད་ལ་ཉན་ནོ། །རང་གི་ལུག་མིང་ནས་འབོད་ཅིང་ཕྱི་རོལ་དུ་འཁྲིད་དོ།"

4 ༤་ །རང་གི་ལུག་ཐམས་ཅད་བཏོན་ཟིན་པ་དང་། སྔོན་ལ་འགྲོ་སྟེ། ལུག་རྣམས་ཀྱིས་དེའི་སྐད་ངོ་ཤེས་པས། ཕྱི་བཞིན་འབྲང་ངོ་།"

5 ༥་ །མི་གཞན་དག་གི་སྐད་ངོ་མི་ཤེས་པས། དེའི་ཕྱི་བཞིན་མི་འབྲང་ཞིང་འབྲོས་སོ།"

6 ༦་ །ཞེས་པའི་དཔེ་ཡེ་ཤུས་གསུངས་ཀྱང་། ཅི་གསུང་བ་མ་གོའོ།"

7 ༧་ །ཡེ་ཤུས་སླར་དེ་ཚོར། ལུག་རའི་སྒོ་དེ་ང་ཡིན་ཞེས། །བདག་གིས་ཁྱེད་ལ་བདེན་པར་ཟེར།"

8 ༨་ །ང་ཡི་སྔོན་དུ་འོངས་པ་རྣམས་། །རྐུན་མ་ཇག་པ་ཡིན་པས་ན། །ལུག་རྣམས་དེ་ལ་མ་ཉན་ཏོ།"

9 ༩་ །ང་ནི་སྒོ་ཡིན་ང་རྒྱུད་ནས། །ཞུགས་མཁན་ཐར་ཞིང་ཕྱི་ནང་རྒྱུ། །འཚོ་བའི་རྩྭ་ ཁར་འཁྲིད་པར་འགྱུར།"

10 ༡༠་ །རྐུན་མ་རྐུ་དང་གསོད་པ་དང་། །མེད་པར་བྱེད་པའི་དོན་དུ་འོངས། །ང་ནི་མི་ཚེ་རྒྱུན་དུ་པ་དེ། ལྷུག་པར་གཏོང་བའི་དོན་དུ་འོངས།"

11 ༡༡་ །ལུག་རྫི་བཟང་པོ་དེ་ང་ཡིན། ལུག་གི་དོན་དུ་རང་སྲོག་གཏོང་།"

12 ༡༢་ །ལུག་རྫི་མིན་པའི་གླ་པ་དེ། ལུག་གི་བདག་པོ་མ་ཡིན་པས། །སྤྱང་ཀི་འོང་བར་མཐོང་བའི་ཚེ། ལུག་རྣམས་བོར་ནས་འབྲོས་འགྱུར་ཏེ། སྤྱང་ཀིས་འཁྱེར་ཞིང་གཏོར་བར་བྱེད།"

13 ༡༣་ །ཁོང་ནི་གླ་པ་ཡིན་པས་ན། །ལུག་ཕྱིར་བདག་གཅེས་མེད་པས་འབྲོས།"

14 ༡༤་ །ལུག་རྫི་བཟང་པོ་དེ་ང་ཡིན། །ཇི་ལྟར་ཡབ་ཀྱིས་ང་ངོ་མཁྱེན། །ཡབ་ཀྱི་ཞལ་ངོ་ངས་ཤེས་ལྟར།"

15 ༡༥་ །ང་ཡི་ཡིན་པ་ངས་ངོ་ཤེས། །དེ་ཚོས་ང་ལ་ངོ་ཤེས་པས། །དེ་ཚོའི་དོན་དུ་རང་སྲོག་གཏོང།"

16 ༡༦་ །ལུག་ར་འདི་ལ་མི་གཏོགས་པའི། །ལུག་གཞན་རྣམས་ཀྱང་ང་ལ་ཡོད། །དེ་དག་རྣམས་ཀྱང་ངས་འཁྲིད་དགོས། །དེ་ཚོས་ང་ཡི་སྐད་ལ་ཉན། །རྫི་གཅིག་ཁྱུ་གཅིག་འགྱུར་བར་འགྱུར།"

17 ༡༧་ །ངས་རང་གི་སྲོག་འབུལ་བས། །ཡབ་ཀྱིས་ང་ལ་བྱམས་པ་མཛད། །སྲོག་དེ་ཕུལ་ནས་ཕྱིར་བླང་ངོ་།"

18 ༡༨་ །གཞན་གྱིས་ངའི་སྲོག་མི་ལེན་གྱིས། །ང་རང་གིས་ནི་དེ་གཏོང་ངོ་། །ང་ལ་རང་སྲོག་གཏོང་དབང་ཡོད། །ཕྱིར་ལོག་བླང་བའི་དབང་ཡང་ཡོད། །ཡབ་ནས་བཀའ་གནང་དེ་ཐོབ་བོ། །ཞེས་གསུངས་སོ།"

19 ༡༩་ །ཞལ་གདམས་དེའི་རྐྱེན་གྱིས། ཡ༷་ཧུ་དཱ་པའི་ཁྲོད་དུ་སླར་མི་མཐུན་པ་བྱུང་ནས།"

20 ༢༠་ མང་པོས། ཁོང་ས༷་ཏན་ཞུགས་ཤིང་སྨྱོ་བས། ཅི་ཉན་སྨྲས།"

21 ༢༡་ གཞན་རེས། གསུང་འདི་ས༷་ཏན་ཞུགས་ཀྱི་རྒྱ་ལབ་མིན། ས༷་ཏན་གྱིས་ལོང་བའི་མིག་འབྱེད་ནུས་སམ་སྨྲས་སོ།།"

22 ༢༢་ །དགུན་ཁ་ཡེ༷་རུ་ཤ་ལེམ་དུ་བསྔོ་བའི་དུས་ཆེན་གྱི་དུས་སུ།"

23 ༢༣་ ཡེ་ཤུ་སྨོན་ལམ་ཁང་དུ་ཤ༷་ལོ་མོའི་ཡབ་རིང་ནང་འཆག་པ་དང་།"

24 ༢༤་ ཡ༷་ཧུ་དཱ་པ་རྣམས་ཁོང་ལ་འཁོར་ནས། ནམ་ཐུག་ང་ཚོ་ཐེ་ཚོམ་སྐྱེད་དུ་འཇུག ཁྱེད་མ་ཤི་ཀ་ཡིན་ན། གསལ་པོར་གསུང་ཞིག་ཞུས་སོ།"

25 ༢༥་ །ཡེ་ཤུས་བཀའ་ལན་དུ། ངས་སྨྲས་ཀྱང་ཁྱེད་ཚོ་ཡིད་མི་ཆེས་སོ། །ཡབ་ཀྱི་དབང་ལས་བྱེད་པའི་ངའི་བྱ་བ་འདི་ཚོས། ང་ལ་དཔང་པོ་བྱེད་དོ།"

26 ༢༦་ །ཁྱེད་ངའི་ལུག་མིན་པས་ཡིད་མི་ཆེས་སོ།"

27 ༢༧་ །ངའི་ལུག་གིས་ངའི་སྐད་ལ་ཉན་ཏེ། ངས་དེ་རྣམས་ངོ་ཤེས་པས། ང་ལ་འབྲང་ངོ་།"

28 ༢༨་ །ངས་དེ་ཚོར་མི་ཚེ་རྒྱུན་དུ་པ་གཏོང་བས། དེ་རྣམས་ནམ་ཡང་མི་འཆི། སུས་ཀྱང་ངའི་ལག་ནས་འཕྲོག་མི་ཐུབ་བོ།"

29 ༢༩་ །ང་ལ་དེ་རྣམས་གནང་བའི་ངའི་ཡབ་ཀུན་ལས་མཆོག་ཡིན་ཏེ། ཡབ་ཀྱི་ཕྱག་ནས་སུས་ཀྱང་འཕྲོག་མི་ཐུབ་བོ།"

30 ༣༠་།ང་དང་ཡབ་གཅིག་ཡིན་ཞེས་གསུངས་སོ།།"

31 ༣༡་ །ཡ༷་ཧུ་དཱ་པ་རྣམས་ཀྱིས་ཁོང་རྡོ་རུབ་ལ་གཏོང་དུ་སླར་རྡོ་བླངས་ཏེ།"

32 ༣༢་ ཡེ་ཤུས། ངས་ཁྱེད་ལ་ཡབ་ཀྱི་ཕྱོགས་ནས་ལས་བཟང་མང་པོ་བསྟན་པ་ཡིན། དེ་ལས་གང་གི་ཕྱིར་ང་རྡོ་རུབ་ལ་གཏོང་གསུངས་སོ།"

33 ༣༣་ །ཞུ་ལན་དུ། ལས་བཟང་གི་ཕྱིར་མིན་ཏེ། ཁྱེད་མི་ཡིན་བཞིན་ཨེ་ལོ་ཧིམ་ཡིན་སྨྲ་ཞིང་། སྐུར་པ་འདེབས་པས་རྡོ་རུབ་གཏོང་ངོ་ཞུས་སོ།"

34 ༣༤་ །ཡེ་ཤུས་བཀའ་ལན་དུ། ཁྱེད་ཀྱི་བཀའ་ཁྲིམས་ནང་ཁྱེད་རྣམས་ཨེ་ལོ་ཧིམ་ཡིན་ངས་སྨྲས། ཞེས་བྲིས་མི་འདུག་གམ།"

35 ༣༥་ བི༷་བལ་བཤིག་མི་ཐུབ། ཨེ་ལོ་ཧིམ་གྱི་དཀའ་ཐོབ་པ་རྣམས་ལ་ཨེ་ལོ་ཧིམ་འདོགས་པ་ཡིན་ནོ།"

36 ༣༦་ ངས་ཨེ་ལོ་ཧིམ་གྱི་སྲས་ཡིན་ཟེར་བས། ཡབ་ཀྱིས་འདམས་ནས། འཇིག་རྟེན་དུ་མངགས་པ་དེ་ལ། སྐུར་པ་འདེབས་སོ་སྨྲའམ།"

37 ༣༧་ གལ་ཏེ་ངས་ངའི་ཡབ་ཀྱི་བྱ་བ་མི་བྱེད་ན་ང་ལ་ཡིད་མ་ཆེས་ཞིག"

38 ༣༨་ ཇི་སྟེ་བྱེད་ན། ང་ལ་ཡིད་མི་ཆེས་ཀྱང་བྱ་བ་ལ་ཡིད་ཆེས་ཤིག །དེ་ནས་ཡབ་ངའི་ནང་ཡོད་པ་དང་། ང་ཡབ་ཀྱི་ནང་དུ་ཡོད་པ་ཁྱེད་ཀྱིས་ཤེས་ཤིང་། ཁོང་དུ་ཆུད་པར་འགྱུར་གསུངས་སོ།"

39 ༣༩་ །དེ་ཚོས་སླར་ཁོང་འཛིན་པར་རྩམ་ཡང་། དེ་ཚོའི་ལག་ནས་ཐར་ཏོ།"

40 ༤༠་ །ཁོང་སླར་ཡོ༷ར་དན་ཆུ་བོའི་ཕ་རོལ་དུ། ཡོ༷་ཧ་ནན་གྱིས་བ༷བ་ཐི་སོ་གནང་སར་ཕེབས་ནས་བཞུགས་སོ།"

41 ༤༡་ །དེར་མི་མང་པོ་མཇལ་ནས། འདི་སྐད་དུ། ཡོ༷་ཧ་ནན་གྱིས་ལས་བཟང་པོ་མ་བྱེད་ཀྱང་། མི་འདིའི་སྐོར་དུ་བཤད་ཚད་བདེན་ནོ་ཟེར་ཞིང་།"

42 ༤༢་ ཁོང་ལ་དད་པར་གྱུར་ཏོ།། །།"

11

1 ༡་ །མ༷་རི་ཡཱ་དང་དེའི་ཨ་ཅེ་མ༷ར་ཐཱའི་ཡུལ་ཚོ་བེ༷ད་ཨན་ཡ་པ་ལ༷་ཟར་བྱ་བ་ན་བར་གྱུར་ཏོ།"

2 ༢་ །ན་བའི་ལ༷་ཟར་ནི། ཀྱུ་རི་བོ་ལ་སྤོས་ཆུ་བྱུགས་ནས། ཁོང་གི་ཞབས་སྐྲས་ཕྱིས་པའི་མ༷་རི་ཡ་ཡི་མིང་པོ་ཡིན་པས།"

3 ༣་ སྲིང་མོ་གཉིས་ཀྱིས། ཀྱུ་རི་བོ། ཁྱེད་ཀྱི་གཅེས་པའི་ལ༷་ཟར་ནའོ་ཞེས་ཞུ་ལོན་ཕུལ་ཏོ།"

4 ༤་ །ཡེ་ཤུས་དེ་གསན་ནས། ནད་འདི་འཆི་བའི་རྒྱུ་མ་ཡིན། ཨེ་ལོ་ཧིམ་གྱི་དཔལ་གྱི་ཕྱིར་དུ་ཡིན། དེའི་སྒོ་ནས་ཨེ་ལོ་ཧིམ་གྱི་སྲས་ལ་དཔལ་འབྱུང་ངོ་གསུངས་སོ།"

5 ༥་ །ཡེ་ཤུས་མ༷ར་ཐཱ་དང་དེའི་ནུ་མོ་དང་ལ༷་ཟར་ལ་བྱམས་པར་མཛད་དོ།"

6 ༦་ །ཁོང་ན་བ་གསན་ཀྱང་། ཁོང་བཞུགས་ཡོད་ས་དེར་ད་དུང་ཞག་གཉིས་བཞུགས་སོ།"

7 ༧་ །དེའི་རྗེས་སུ་སློབ་མ་རྣམས་ལ། སླར་ཡ༷་ཧུ་དཱ་ཡུལ་ལ་འགྲོའོ་གསུངས་ནས།"

8 ༨་ །དེ་ཚོས། ར༷བ་བི། ཁ་སང་རང་ཡ༷་ཧུ་དཱ་པ་རྣམས་ཀྱིས་ཁྱེད་རྡོ་རུབ་ལ་གཏོང་བར་བརྩམས་ཀྱང་། དེར་སླར་ཕེབས་སམ་ཞུས་པས།"

9 ༩་ །བཀའ་ལན་དུ། ཉིན་མོ་གཅིག་ལ་ཆུ་ཚོད་བཅུ་གཉིས་མེད་དམ། ཉིན་མོ་ལ་འགྲུལ་བ་དེས། འཇིག་རྟེན་གྱི་འོད་མཐོང་བས། རྐང་པ་མི་འཁད་དོ།"

10 ༡༠་ །མཚན་མོར་འགྲུལ་བ་དེའི་ནང་ན་འོད་མེད་པས། རྐང་པ་འཁད་དོ།"

11 ༡༡་ །ཞེས་དང་། ང་ཚོའི་མཛའ་བོ་ལ༷་ཟར་གཉིད་ལ་སོང་ཡང་། ང་ཁོང་གི་གཉིད་སད་དུ་འགྲོའོ། །གསུངས་པས།"

12 ༡༢་ སློབ་མ་ཚོས། ཀྱུ་རི་བོ། ཁོང་གཉིད་ལ་སོང་ཡོད་ན་ཕན་འོང་ཞུས་སོ།"

13 ༡༣་ །ཡེ་ཤུས་ཁོང་ཤི་བའི་སྐོར་དུ་གསུངས་ཀྱང་། དེ་ཚོས་ངལ་གསོའི་གཉིད་ཡིན་བསམས་པས།"

14 ༡༤་ ཡེ་ཤུས་དེ་ཚོར་གསལ་པོར། ལ༷་ཟར་ཤིའོ།"

15 ༡༥་ ཁྱེད་ཀྱིས་དད་པའི་ཕྱིར། ཁྱེད་ལ་ལྟ་སྟེ། ང་སྔོན་དུ་དེར་མེད་པས་དགའ་འོ། །ད་ཤོག། དེའི་རྩར་འགྲོའོ་གསུངས་པས།"

16 ༡༦་ །སློབ་མ་མཚེ་མའམ་ཐོ༷་མས་སློབ་མ་གཞན་རྣམས་ལ། ཁོང་དང་མཉམ་དུ་འཆི་བར་ང་ཚོའང་འགྲོའོ་སྨྲས་སོ།"

17 ༡༧་ །ཡེ་ཤུ་དེར་ཕེབས་ནས། ལ༷་ཟར་དུར་དུ་སྦས་ནས་ཞག་བཞི་སོང་བ་མཁྱེན་ཏོ།"

18 ༡༨་ །བེ༷ད་ཨན་ཡཱ་ནི། ཡེ༷་རུ་ཤ་ལེམ་དང་ཉེ་བར་དཔག་ཚད་གཅིག་ཙམ་ན་ཡོད་དེ།"

19 ༡༩་ ཡ༷་ཧུ་དཱ་པ་མང་པོ་མ༷ར་ཐཱ་དང་མ༷་རི་ཡ་ལ་མིང་པོའི་ཕྱིར་སེམས་གསོ་གཏོང་ཕྱིར་འོངས་སོ།"

20 ༢༠་ །མ༷ར་ཐཱས་ཡེ་ཤུ་ཕེབས་པ་ཐོས་ནས་བསུ་རུ་སོང་ཞིང་། མ༷་རི་ཡ་ཁྱིམ་ན་བསྡད་དོ།"

21 ༢༡་ །མ༷ར་ཐཱས་ཡེ་ཤུ་ལ། ཀྱུ་རི་བོ། ཁྱེད་འདིར་བཞུགས་ཡོད་པ་ཡིན་ན། ངའི་མིང་པོ་མ་ཤི་བ་ཡིན།"

22 ༢༢་ ཁྱེད་ཀྱིས་ཨེ་ལོ་ཧིམ་ལ་ཅི་ཞུ་ནའང་གནང་བ་ངས་ཤེས་ཞུས་སོ།"

23 ༢༣་ །ཡེ་ཤུས། ཁྱེད་ཀྱི་མིང་པོ་གསོན་པོར་ལང་འོང་གསུངས་པས།"

24 ༢༤་ མ༷ར་ཐཱས་མཐའ་མའི་ཉིན་མོར་ཐམས་ཅད་ལང་ཙ་ན། ཁོང་ཡང་ལང་བ་ངས་ཤེས་ཞུས་སོ།"

25 ༢༥་ །ཡེ་ཤུས་། ལང་བ་དང་གསོན་པ་ཉིད་ནི་ང་ཡིན། སུའང་ང་ལ་དད་པ་དེ་འཆི་ནའང་གསོན་འོང་།"

26 ༢༦་ གསོན་པ་དེ་ནམ་ཡང་མི་འཆིའོ། །འདི་ལ་ཁྱེད་དད་དམ་གསུངས་སོ།"

27 ༢༧་ །མོས། དད་དོ་ཀྱུ་རི་བོ། ཁྱེད་ཨེ་ལོ་ཧིམ་གྱི་སྲས་མ་ཤི་ཀ་འཇིག་རྟེན་དུ་འབྱོན་པ་དེ་ཡིན་པར་དད་དོ།"

28 ༢༨་ །ཞེས་ཞུས་ནས་སོང་སྟེ། གསང་བར་མ༷་རི་ཡ་བོས་ཏེ། ར༷བ་བི་ཕེབས་ཤིང་ཁྱེད་ལ་བཀའ་གནང་ངོ་སྨྲས་པ་དང་།"

29 ༢༩་ མ༷་རི་ཡས་ཐོས་པ་ཙམ་གྱིས་ལངས་ནས་ཁོང་གི་དྲུང་དུ་སོང་ངོ་།"

30 ༣༠་ །ཡེ་ཤུ་ད་དུང་ཡུལ་ཚོར་མ་ཕེབས་པར། མ༷ར་ཐཱས་མཇལ་ས་རུ་བཞུགས་ཡོད་དེ།"

31 ༣༡་ ཁང་པར་མ༷་རི་ཡ་ལ་སེམས་གསོ་གཏོང་བའི་ཡ་ཧུ་དཱ་པ་རྣམས་ཀྱིས། མ༷་རི་ཡ་བྲེལ་འཚུབ་ངང་ལངས་ནས་འགྲོ་བ་མཐོང་བས། དུར་ཁུང་དུ་ངུ་རུ་འགྲོའོ་བསམས་ཏེ། ཕྱི་བཞིན་སོང་ངོ་།"

32 ༣༢་ །མ༷་རི་ཡ་ཡེ་ཤུ་བཞུགས་སར་བསླེབས་ཏེ། མཇལ་བ་དང་ཞབས་ཀྱི་དྲུང་དུ་འགྱེལ་དེ། ཀྱུ་རི་བོ། ཁྱེད་འདི་རུ་བཞུགས་ཡོད་པ་ཡིན་ན། ངའི་མིང་པོ་མ་ཤི་བ་ཡིན་ཞུས་སོ།"

33 ༣༣་ །མོ་དང་དེ་མཉམ་འོངས་པའི་ཡ༷་ཧུ་དཱ་པ་རྣམས་ངུ་བ་གཟིགས་ནས། ཤིན་ཏུ་ཐུགས་འཚེར་ཞིང་འཁྲུགས་ཏེ།"

34 ༣༤་ ཁོང་ག་རུ་བཞག་ཡོད་གསུངས་པས། དེ་ཚོས་ཀྱུ་རི་བོ། ཕེབས་ནས་གཟིགས་ཤིག་ཞུས་སོ།"

35 ༣༥་ །ཡེ་ཤུ་ཡང་བཤུམས་སོ།"

36 ༣༦་ །ཡ༷་ཧུ་དཱ་པ་ཚོས། ལྟོས། ཁོང་གིས་དེ་ལ་ཇི་ཙམ་བྱམས་སོ་སྨྲས་སོ།"

37 ༣༧་ །འོན་ཀྱང་ཁ་ཅིག་གིས། ལོང་བའི་མིག་ཕྱེ་མཁན་འདིས། ལ༷་ཟར་འཆི་བ་ལས་སྐྱོབ་མ་ཐུབ་བམ་སྨྲས་སོ།"

38 ༣༨་ །ཡེ་ཤུ་སླར་ཐུགས་འཚེར་ཞིང་དུར་ཁུང་གི་རྩར་ཕེབས་སོ། །དེ་ནི་རྡོ་ཆེན་པོས་བཀབ་ཡོད་པའི་བྲག་ཕུག་ཅིག་སྟེ།"

39 ༣༩་ །ཡེ་ཤུས་རྡོ་སྒྲིལ་ཞིག་གསུངས་པས། གཤིན་པོའི་སྲིང་མོ་མ༷ར་ཐཱས། ཀྱུ་རི་བོ། ད་ཞག་བཞི་སོང་བས། དྲི་མ་བྲོ་ལས་ཆེ་ཞུས་པ་དང་།"

40 ༤༠་ ཡེ་ཤུས། ཁྱེད་ཀྱིས་དད་པ་བྱེད་ན། ཨེ་ལོ་ཧིམ་གྱི་ནུས་མཐུ་མཐོང་འོང་ངས་མ་སྨྲས་སམ་གསུངས་པས།"

41 ༤༡་ དེ་ཚོས་རྡོ་སྒྲིལ་ཏོ། །ཡེ་ཤུས་ནམ་མཁར་གཟིགས་ཤིང་། ཡབ་ལགས། ཁྱེད་ཀྱིས་ང་ལ་གསན་པས། ངས་ཐུགས་རྗེ་ཆེ་འབུལ་ལོ།"

42 ༤༢་ །ཁྱེད་ཀྱིས་རྟག་ཏུ་ང་ལ་གསན་པ་ངས་ཤེས་ཀྱང་། འཁོར་ཡོད་པའི་མི་ཚོགས་འདིས། ང་མངགས་མཁན་ནི་ཁྱེད་རང་ཡིན་པར་དད་པའི་ཕྱིར། ཞུ་བ་འདི་འབུལ་ལོ།"

43 ༤༣་ །ཞེས་གསུངས་ཏེ། གསུངས་སྐད་ཆེན་པོས། ལ༷་ཟར། ཐོན་ཤོག། གསུངས་སོ།"

44 ༤༤་ །རྐང་ལག་རས་ཀྱིས་བསྡམས་ནས་། གདོང་ལ་ལག་ཕྱིས་བཏུམ་ཡོད་པར། གཤིན་པོ་ཐོན་འོངས་སོ། །ཡེ་ཤུས་དེ་ཚོར། ཁོང་བཀྲོལ་ནས་འགྲོར་ཆུག་གསུངས་སོ།།"

45 ༤༥་ །མ༷་རི་ཡའི་རྩར་འོངས་ནས། ཡེ་ཤུའི་མཛད་རྒྱ་མཐོང་བའི་ཡ༷་ཧུ་དཱ་པ་མང་པོས་ཁོང་ལ་དད་པ་བྱས་སོ།"

46 ༤༦་ །ཁ་ཅིག་ཕ༷་རུ་ཤི་པ་རྣམས་ཀྱི་རྩར་སོང་ནས། ཡེ་ཤུའི་མཛད་རྒྱ་བཤད་པས།"

47 ༤༧་ ལེ༷་ཝི་ཆེན་པོ་དང་ཕ་རུ་ཤི་པ་རྣམས་འཛོམས་ནས་གྲོས་བྱས་ཏེ། མི་འདིས་ལས་བཟང་མང་པོ་མཛད་པས། ཅི་བྱ།"

48 ༤༨་ ཁོང་འདི་ལྟར་བྱེད་འཇུག་ན། ཐམས་ཅད་ཁོང་ལ་དད་པར་འགྱུར། ཡང་རོ༷་མ༷་པ་འོངས་ནས། ང་ཚོའི་གནས་དམ་པ་དང་མི་བརྒྱུད་རྣམས་ལེན་པར་འགྱུར་སྨྲས་སོ།"

49 ༤༩་ །ལོ་དེའི་ལེ༷་ཝི་ཆེན་ཡིན་པའི་ཀ༷་ཡ་ཕ་བྱ་བ་དེས། ཁྱེད་ཀྱིས་ཅིའང་མི་ཤེས་སོ།"

50 ༥༠་ །མི་བརྒྱུད་ཧྲིལ་པོ་མི་སྟོངས་པར། མི་སྡེའི་དོན་དུ་མི་གཅིག་འཆི་བ་དེ་ལེགས་པ་ཁྱེད་ཀྱིས་མི་ཤེས་སོ་ཞེས་སྨྲས་སོ།"

51 ༥༡་ །དེ་རང་བཞིན་གྱིས་མ་སྨྲས་ཀྱི་ལོ་དེའི་ལེ༷་ཝི་ཆེན་ཡིན་བས། ཡེ་ཤུ་མི་བརྒྱུད་ཀྱི་དོན་དུ་མ་ཟད།"

52 ༥༢་ དེར་ཡོད་པའི་ཨེ་ལོ་ཧིམ་གྱི་སྲས་རྣམས་གཅིག་ཏུ་བསྡུ་བའི་ཕྱིར་འགྲོང་བའི་ལུང་བསྟན་པ་ཡིན་ནོ།"

53 ༥༣་ །དེ་ནས་ཕྱིན་དེ་ཚོས་ཁོང་དཀྲོང་བའི་གྲོས་བྱས་པས།"

54 ༥༤་ཡེ་ཤུ་ཡ༷་ཧུ་དཱ་པའི་ཁྲོད་དུ་མི་རྒྱུ་ཞིང་། འབྲོག་སྟོང་དང་ཉེ་བའི་ཨེ༷བ་ར་ཡིམ་བྱ་བའི་གྲོང་ཁྱེར་དུ་ཕེབས་ཏེ། སློབ་མ་དང་མཉམ་དུ་བཞུགས་སོ།"

55 ༥༥་ །ཡ༷་ཧུ་དཱ་པའི་པེ༷་སག་གི་དུས་ཆེན་དང་ཉེ་བས། པེ༷་སག་གི་ལས་སྔོན་ལ་ཕྱོགས་མི་མང་པོ་གཙང་སྦྲ་བྱེད་པར་ཡེ་རུ་ཤ་ལེམ་དུ་སོང་ངོ་།"

56 ༥༦་ །དེ་རྣམས་ཡེ་ཤུ་བཙལ་ཞིང་སྨོན་ལམ་ཁང་ནང་ཡོད་པ་ལས། ཕན་ཚུན་གླེང་ཞིང་། ཅི་སེམས། དུས་ཆེན་ལ་མི་ཕེབས་སམ་ཟེར་ཏོ།"

57 ༥༧་ །སུས་ལ་ཡེ་ཤུ་བཞུགས་སའི་རྒྱུས་ཡོད་ན་ང་ཚོར་འཆད་དགོས་སོ་ཞེས་ལེ༷་ཝི་ཆེན་དང་ཕ༷་རུ་ཤི་པ་རྣམས་ཀྱིས། ཁོང་འཛིན་པའི་ཕྱིར་བཀའ་བཀོད་དོ།།"

12

1 ༡་ །པེ༷་སག་གི་དུས་ཆེན་ལས་ཞག་དྲུག་གི་སྔོན་ལ། གཤིན་པོའི་ཁྲོད་ལས་བསླངས་པའི་ལ༷་ཟར་གྱི་ཡུལ་བེ༷ད་ཨན་ཡཱ་རུ་ཡེ་ཤུ་བྱོན་ནོ།"

2 ༢་ །དགོང་ཟས་བཤམས་ནས། མ༷ར་ཐཱས་འདྲེན་ཞིང་། ལ༷་ཟར་ཁོང་མཉམ་མགྲོན་པོའི་ཁྲོད་དུ་ཡོད་དོ།"

3 ༣་ །མ༷་རི་ཡས་ཧ་ཅང་རིན་ཆེ་བའི་སྤོས་ཆུ་དཱངས་མ་ཉ་ག་གསུམ་བླངས་ནས། ཡེ་ཤུའི་ཞབས་ལ་བསྐུས་ཏེ། སྐྲ་དང་མཉམ་ཕྱིས་པ་དང་། ཁང་པ་སྤོས་ཆུའི་དྲི་ཞིམ་གྱིས་གང་ངོ་།"

4 ༤་ །ཁོང་འཛིན་དུ་འཇུག་པའི། སློབ་མ་ཡིན་པ་ཀ༷ར་ཡོད་པ་ཡུ༷་དཱས།"

5 ༥་ སྤོས་ཆུ་འདི་དངུལ་དི༷་ནཱར་གསུམ་བརྒྱ་ལ་བཙོངས་ནས་དབུལ་པོར་ཅི་ལ་མ་བཏང་།"

6 ༦་ ཞེས་དབུལ་པོ་ལ་བརྩེ་བས་མ་སྨྲས། ཁོང་རྐུན་མ་ཡིན་ཏེ། དངུལ་ཁུག་ཁོང་གི་ལག་ཏུ་ཡོད་ཅིང་། དེའི་ནང་དུ་བླུག་པ་རྣམས་ཁོང་གིས་ལོངས་སྤྱོད་པས་དེ་ལྟར་སྨྲས་སོ།"

7 ༧་ །ཡེ་ཤུས། ཅོག་གེར་འཇོག ང་བསྐུང་བའི་ཉིན་མོའི་བར་སྤོས་ཆུ་འདི་འཇོག་ཏུ་ཆུག"

8 ༨་ དབུལ་པོ་རྒྱུན་དུ་ཁྱེད་རྩར་ལུས་ཀྱང་། ང་རྒྱུན་དུ་ཁྱེད་རྩར་མི་ལུས་གསུངས་སོ།"

9 ༩་ །ཡ༷་ཧུ་དཱ་པའི་མི་ཚོགས་ཀྱིས་ཁོང་དེར་བཞུགས་པ་ཐོས་ནས། ཡེ་ཤུ་མ་ཟད། གཤིན་པོའི་ཁྲོད་ལས་བསླངས་པར་མཛད་པའི་ལ༷་ཟར་ཡང་བལྟ་རུ་འོངས་སོ།"

10 ༡༠་ །ལ༷་ཟར་གྱི་རྐྱེན་གྱིས་ཡ༷་ཧུ་དཱ་པ་མང་པོ་སོང་ནས་ཡེ་ཤུ་ལ་དད་པ་བྱས་པས། "

11 ༡༡་ལེ༷་ཝི་ཆེན་རྣམས་ཀྱིས་ལ༷་ཟར་ཡང་གསོད་པའི་ཇུས་བཤམས་སོ།།"

12 ༡༢་ །དེའི་སང་ཉིན་དུས་ཆེན་ལ་འོངས་པའི་མི་ཚོགས་ཀྱིས། ཡེ་ཤུ་ཡེ༷་རུ་ཤ་ལེམ་ལ་ཕེབས་པ་ཐོས་ནས།"

13 ༡༣་ ཁ་ཟུར་ཤིང་གི་ཡལ་ག་འཁུར་ཏེ་གདན་བསུ་ཞུ་བར་ཐོན་ཏེ། ཧོ༷་ཤི་ཨན་ན། བོད་སྐད་དུ། སྐྱབས་སུ་གསོལ། ཀྱུ་རི་བོའི་ཕྱོགས་ནས་འབྱོན་པའི་ཡི༷ས་ར་ཨེལ་གྱི་རྒྱལ་པོ་རྒྱལ་པོར་བྱིན་རླབས་འོང་བར་ཤོག་ཅེས་འབོད་བསྒྲགས་སོ། །བྲིས་པ་ཡོད། "

14 ༡༤་ ཙི༷་ཡོན་བུ་མོ་མ་འཇིགས་ཤིག་། བོང་བུའི་ཀུ་རུག་ལ་ཆིབས་ཏེ་།"

15 ༡༥་ཁྱེད་ཀྱི་རྒྱལ་པོ་ཕེབས་པ་ལྟོས་། ཞེས་བྲིས་པ་བཞིན་དུ་། བོང་གསར་ཞིག་ཐོབ་ནས་ཡེ་ཤུ་དེ་ལ་བཅིབ་སོ།"

16 ༡༦་ །སློབ་མ་རྣམས་ཀྱིས་འདིའི་དོན་སྔོན་ལ་མ་གོ་ནའང་། ཡེ་ཤུ་དཔལ་དང་ལྡན་པའི་རྗེས་སུ། གསུང་དེ་ཁོང་གི་སྐོར་བྲིས་ཡོད་པ་དང་། དེ་དག་གིས་ཁོང་ལ་དེ་བཞིན་དུ་བྱས་པ་དྲན་ནོ།"

17 ༡༧་ །ལ༷་ཟར་དུར་ཁུང་གི་ནང་ནས་བོས་ཏེ་གཤིན་པོའི་ཁྲོད་ནས་བསླངས་པའི་ཚེ་ཁོང་མཉམ་ཡོད་པའི་མི་ཚོགས་ཀྱིས་དཔང་པོ་བྱས་པས།"

18 ༡༨་ མང་པོས་ཁོང་གིས་བསྟན་པའི་ལས་བཟང་དེའི་སྐོར་ཐོས་ནས། ཁོང་གདན་བསུ་ཞུ་རུ་སོང་ངོ་།"

19 ༡༩་ །ཕ༷་རུ་ཤི་པ་རྣམས་ཀྱིས། མི་ཐམས་ཅད་ཁོང་གི་རྗེས་སུ་འབྲང་བས། ང་ཚོས་ཅི་བྱེད་ཀྱང་མི་ཕན་པར་མཐོང་ངོ་ཞེས་ཕན་ཚུན་སྨྲས་སོ།།"

20 ༢༠་ །དུས་ཆེན་གྱི་སྐབས་སུ་བསྙེན་བཀུར་བྱེད་དུ་འོངས་པའི་ཁྲོད་ན་ཧེ༷་ལེན་པ་འགའ་རེ།"

21 ༢༡་ ག༷་ལིལ་གྱི་བེ༷ད་ཙེ་དཱ་པ་པི༷་ལིབ་ཀྱི་རྩར་འོངས་ནས། རྒན་ལགས། ང་ཚོ་ཡེ་ཤུ་མཇལ་བར་འདོད་དོ་ཟེར་བ་དང་།"

22 ༢༢་ པི༷་ལིབ་སོང་ནས་ཨ༷ན་དྲེ་ཡཱ་ལ་བཤད་དོ། །ཨ༷ན་དྲེ་ཡཱ་དང་པི༷་ལིབ་སོང་ནས་ཡེ་ཤུ་ལ་ཞུས་སོ།"

23 ༢༣་ །ཡེ་ཤུས་དེ་གཉིས་ལ། མིའི་བུ་དཔལ་དང་ལྡན་པའི་དུས་ཚོད་རན།"

24 ༢༤་ གྲོའི་འབྲུ་རྡོག་སའི་ནང་ལྷུང་ནས་མ་ཤི་ན་གཅིག་པོར་ལུས། ཤི་ན་འབྲས་བུ་མང་པོ་སྐྱེས་ཞེས་ངས་བདེན་པར་ཟེར།"

25 ༢༥་ རང་སྲོག་ལ་གཅེས་པ་དེས་སྲོག་བརླག་པར་འགྱུར། འཇིག་རྟེན་འདིར་རང་སྲོག་ལ་མི་གཅེས་པ་དེས། མི་ཚེ་རྒྱུན་དུ་པའི་ཕྱིར་སྲོག་སྐྱོབ་པར་འགྱུར།"

26 ༢༦་ ང་ལ་ཞབས་ཏོག་ཞུ་འདོད་པ་དེ། ངའི་རྗེས་སུ་འབྲོངས་ཤིག །ང་ཡོད་སར་ངའི་ཞབས་ཕྱིའང་ཡོད་པར་འགྱུར། ང་ལ་ཞབས་ཏོག་བྱེད་པ་དེ་ལ། ཡབ་ཀྱི་བཀུར་སྟི་མཛད་འོང་།"

27 ༢༧་ ད་ངའི་སེམས་འཁྲུགས་སོ། །ཡབ་ལགས། དུས་ཚོད་འདི་ལས་ང་སྐྱོབ་པར་མཛོད་ཅེས་ཞུའམ། མ་ཡིན་ཏེ། དོན་འདིའི་ཕྱིར་དུས་ཚོད་འདིའི་བར་ཐུག་ང་འོངས་པ་ཡིན།"

28 ༢༨་ ཡབ་ལགས། ཁྱེད་ཉིད་དཔལ་དང་ལྡན་པར་མཛོད་ཅིག་གསུངས་པ་དང་། ནམ་མཁའ་ནས་དཔལ་དང་ལྡན་ཏེ། སླར་དཔལ་དང་ལྡན་པར་འགྱུར་། ཞེས་པའི་སྒྲ་བྱུང་ངོ་།"

29 ༢༩་ །དེར་ཡོད་པའི་མི་ཚོགས་ཀྱིས་སྒྲ་ཐོས་ནས། ལ་ལས་འབྲུག་ལྡིར་བྱུང་སྨྲས་སོ། །ལ་ལས་ཨ༷ན་ཇལ་གྱིས་གསུང་བྱོན་པ་ཡིན་སྨྲས་སོ།"

30 ༣༠་ །ཡེ་ཤུས། སྒྲ་འདི་ངའི་དོན་དུ་མ་འོངས་ཀྱིས། ཁྱེད་ཀྱི་དོན་དུ་འོངས་པ་ཡིན། ད་འཇིག་རྟེན་འདི་ལ་ཞལ་ཆེ་གཅད་པའི་དུས་ཡིན།"

31 ༣༡་ ད་འཇིག་རྟེན་གྱི་དབང་པོ་ཕྱིར་བསྐྲད་འོང་།"

32 ༣༢་ ས་གཞི་ལས་སྒྲེངས་ནས། མི་ཐམས་ཅད་ངའི་རྩར་འདྲེན་པར་བྱའོ།"

33 ༣༣་ །ཞེས་ཉིད་ཀྱི་འགྲོང་ལུགས་བསྟན་པར་མཛད་དོ།"

34 ༣༤་ །མི་ཚོགས་ཀྱིས། ང་ཚོས་བཀའ་ཁྲིམས་ལས། མ་ཤི་ཀ་རྒྱུན་དུ་བཞུགས་པར་འགྱུར་ཞེས་ཐོས་ཀྱང་། ཁྱེད་ཀྱིས་མིའི་བུ་སྒྲེང་བར་དགོས་གསུང་བ་དེ་ཅི་ཡིན། མིའི་བུ་དེ་སུ་ཡིན་ཞུས་པས།"

35 ༣༥་ །ཡེ་ཤུས། ད་དུང་རེ་ཞིག་ཁྱེད་ཀྱི་དཀྱིལ་དུ་འོད་ཡོད། མུན་པས་ཁྱེད་ལ་མི་ནོན་པའི་ཕྱིར། འོད་ཡོད་རིང་འགྲུལ་ཞིག་མུན་པར་འགྲུལ་བ་དེས་གར་འགྲོ་བ་མི་ཤེས་སོ།"

36 ༣༦་ །འོད་ཡོད་རིང་དུ་འོད་ཀྱི་སྲས་ལ་འགྱུར་བའི་ཕྱིར། འོད་ལ་དད་པ་བྱོས་ཤིག་ཅེས་གསུངས་ཏེ་། དེ་ཚོར་མི་སྣང་བར་བཞུགས་སོ།།"

37 ༣༧་ །ཡེ་ཤུས་དེ་ཚོའི་མདུན་དུ་ལས་བཟང་དེ་ཙམ་སྟོན་པར་མཛད་ཀྱང་། ཁོང་ལ་དད་པ་མ་བྱས་པས།"

38 ༣༨་ ཕ༷་རོ་པེ་ཏེ་པ་ཡེ༷་ཤ་ཡཱས། ཀྱེ་ ཀྱུ་རི་བོ། ང་ཚོའི་འཕྲིན་ལ་སུས་ཡིད་ཆེས། །ཀྱུ་རི་བོའི་ཕྱག་ཀྱང་མི་མངོན་ནོ། །ཞེས་གསུངས་པ་དེ་གྲུབ་བོ།"

39 ༣༩་ །ཡེ༷་ཤ་ཡཱས་སླར་འདི་སྐད་དུ།"

40 ༤༠་ །དེ་ཚོས་མིག་གིས་མི་མཐོང་ཕྱིར། །དེ་ཚོས་སྙིང་གིས་མི་གོ་ཕྱིར། །གསོ་རུ་ང་དྲུང་མི་འོངས་ཕྱིར། །ཁོང་གིས་དེ་ཚོ་མཐོང་པར་མཛད། །དེ་ཚོའི་སྙིང་ཡང་གྱོང་པོར་མཛད། ཞེས་གསུངས་པ་ལྟར། དེ་ཚོས་དད་པ་བྱེད་མ་ཐུབ་བོ།"

41 ༤༡་ །ཡེ༷་ཤ་ཡས་ཁོང་གི་དཔལ་མཐོང་ནས། ཁོང་གི་སྐོར་དེ་སྐད་སྨྲས་པ་ཡིན་ནོ།"

42 ༤༢་ །དེ་ནས་མི་མང་པོ་མ་ཟད་དཔོན་པོ་རེས་ཀྱང་ཁོང་ལ་དད་པ་ཞུས་མོད། འོན་ཀྱང་ཕ༷་རུ་ཤི་པས་སི༷ན་ན་གོས་ཀྱི་ཁྱུ་ནས་འབུད་པའི་འཇིགས་པས། ཁས་མ་བླངས་སོ།"

43 ༤༣་ །དེ་ཚོ་ཨེ་ལོ་ཧིམ་གྱི་བཀུར་སྟི་ལས། མིའི་བཀུར་སྟི་ལ་ལྷག་པར་ཆགས་པས་སོ།། "

44 ༤༤་ །དེ་ནས་ཡེ་ཤུས་གསུང་སྐད་ཆེན་པོས་འདི་སྐད་དོ། །ང་ལ་དད་པ་བྱེད་པ་དེས། །ང་ལ་དད་པ་མི་བྱེད་ཀྱིས། །མངགས་མཁན་ཁོང་ལ་དད་པ་བྱེད།"

45 ༤༥་ །ང་ཉིད་སུས་མཐོང་དེ་ཡིས་ནི། །ང་ཉིད་མངགས་མཁན་ཉིད་མཇལ་ལོ།"

46 ༤༦་ །ང་ལ་དད་པ་བྱེད་པ་རྣམས། །མུན་པའི་ནང་དུ་མི་ལུས་ཕྱིར། །ང་ནི་འོད་ལྟར་ས་གཞིར་འོངས།"

47 ༤༧་ །ངའི་བཀའ་ཐོས་མི་སྲུང་ན། །ཞལ་ཆེ་གཅོད་མཁན་ང་མིན་ནོ། །ཞལ་ཆེ་གཅོད་དུ་ང་མ་འོངས། །འཇིག་རྟེན་སྐྱོབ་དུ་ང་འོངས་སོ།"

48 ༤༨་ །སུས་ང་སྤངས་བཀའ་མི་བླང་། །དེ་ལ་ཞལ་ཆེ་གཅོད་མཁན་ཡོད། །ངའི་ཞལ་གདམས་དེ་རང་གིས། །མཐའ་མའི་ཉིན་མོར་ཞལ་ཆེ་གཅད།"

49 ༤༩་ ངས་ང་རང་གིས་བསམ་བློ་མ་བཤད་པ་དང་བཤད་པ་ནི་། །ང་མངགས་པའི་ཡབ་ཀྱིས་བཀའ་གནང་ཡོད།"

50 ༥༠་ །ཁོང་གིས་གནང་བའི་བཀའ་དེ་ངས་། །མི་ཚེ་རྒྱུན་དུ་པ་ཡིན་པར་ཤེས། །མདོར་ན་ངས་ཅི་སྨྲ་བ་། ཡབ་ཀྱིས་གསུངས་བཞིན་སྨྲས་པའོ།། །།"

13

1 ༡་ །དུས་ཆེན་པེ༷་སག་གི་སྔོན་དུ། ཡེ་ཤུས་འཇིག་རྟེན་འདི་ནས་ཡབ་ཀྱི་དྲུང་དུ་ཕེབས་པའི་དུས་ལ་བབས་པ་མཁྱེན་ཞིང་། འཇིག་རྟེན་འདི་ན་ཁོང་གི་གང་ཡིན་པ་རྣམས་ལ་སྔར་ཡང་བྱམས་ཤིང་། དུས་མཐའ་མའི་བར་དུ་ཡང་བྱམས་པར་མཛད་དོ།"

2 ༢་ །ཤི༷་མོན་གྱི་བུ་ཀ༷ར་ཡོད་པ་ཡུ༷་དཱའི་སྙིང་ནང་། ས༷་ཏན་གྱིས་ཁོང་དགྲར་གཏད་པའི་བསམ་པ་སྐྱེད་དོ།"

3 ༣་ །ཡེ་ཤུས་ཡབ་ཀྱིས་ཐམས་ཅད་ཁོང་ལ་བཏད་པ་དང་། ཁོང་ཉིད་ཨེ་ལོ་ཧིམ་ནས་བྱུང་སྟེ། ཨེ་ལོ་ཧིམ་གྱི་དྲུང་དུ་ཡར་འདེགས་བར་མཁྱེན་ཏེ། གསོལ་བ་བཞེས་པའི་ཚེ།"

4 ༤་ གྲལ་ནས་བཞེངས་ཤིང་། ན་བཟའ་ཕུད་དེ། ལག་ཕྱིས་སྐུ་རྐེད་ལ་དཀྲིས་ཤིང་།"

5 ༥་ གཞོང་པའི་ནང་ཆུ་བླུགས་ནས། སློབ་མ་རྣམས་ཀྱི་རྐང་པ་འཁྲུད་ཅིང་། དཀྲིས་ཡོད་པའི་ལག་ཕྱིས་ཀྱིས་འཕྱིས་སོ།"

6 ༦་ །ཤི༷་མོན་པེ༷་ཏྲོའི་རྩར་ཕེབས་པ་དང་། དེས་ཀྱུ་རི་བོ་ཁྱེད་ཀྱིས་ངའི་རྐང་པ་བཀྲུའམ་ཞུས་པས།"

7 ༧་ ཡེ་ཤུས་། ངས་བྱེད་པ་འདི་ཁྱེད་ཀྱིས་ད་ལྟ་མི་གོ་ཡང་། རྗེས་སུ་གོ་འོང་གསུངས་སོ།"

8 ༨་ །པེ༷་ཏྲོས། ཁྱེད་ཀྱིས་ངའི་རྐང་པ་བཀྲུ་བ་ནམ་ཡང་མི་རིགས་སོ། །ཞུས་པས། ཡེ་ཤུས། ངས་ཁྱོད་མི་བཀྲུ་ན། ཁྱོད་ལ་ང་དང་མཉམ་འབྲེལ་བ་མེད་གསུངས་སོ།"

9 ༩་ །ཤི༷་མོན་པེ༷་ཏྲོས། ཀྱུ་རི་བོ། ངའི་རྐང་པ་མ་ཟད་མགོ་ལག་ཀྱང་འཁྲུད་པར་མཛོད་ཞུས་སོ།"

10 ༡༠་ །ཡེ་ཤུས། ཁྲུས་བྱས་པས་ལུས་མི་དག་པ་མེད་པས་རྐང་པ་མ་གཏོགས་འཁྲུད་དགོས་མེད། ཁྱོད་དག་པ་ཡིན། འོན་ཀྱང་ཐམས་ཅད་ནི་དག་པ་མིན་གསུངས་སོ།"

11 ༡༡་ །ཁོང་དགྲར་གཏད་མཁན་དེ་མཁྱེན་པས། ཐམས་ཅད་ནི་དག་པ་མིན་གསུངས་སོ།"

12 ༡༢་ །དེ་ཚོའི་རྐང་པ་བཀྲུས་ཟིན་པ་དང་། ན་བཟའ་གསོལ་ནས། སླར་བཞུགས་ཏེ་དེ་ཚོར། ངས་ཁྱེད་ཚོར་ཅི་བྱས་པ་ཤེས་སམ།"

13 ༡༣་ ཁྱེད་ཚོས་ང་ལ་དགེ་རྒན་དང་ཀྱུ་རི་བོ་ཟེར། ང་དེ་ཉིད་ཡིན་པས་དེ་ལེགས་པར་སྨྲས་སོ།"

14 ༡༤་ །ཀྱུ་རི་བོ་དང་དགེ་རྒན་ཡིན་བཞིན་དུ་ངས་ཁྱེད་ཚོའི་རྐང་པ་བཀྲུས་པས། ཁྱེད་ཚོས་ཀྱང་གཅིག་གིས་གཅིག་ལ་རྐང་པ་ལོས་ཀྱང་བཀྲུ་དགོས་སོ།"

15 ༡༥་ །ངས་ཁྱེད་ཚོར་གང་བྱས་པ་བཞིན་དུ། ཁྱེད་ཚོས་ཀྱང་བྱེད་པའི་ཕྱིར་དཔེར་བཞག་གོ།"

16 ༡༦་ །དཔོན་པོ་ལས་གཡོག་པོ་མི་ཆེ། མངགས་མཁན་ལས་སྐུ་ཚབ་མི་ཆེ་ཞེས་ངས་བདེན་པར་ཟེར།"

17 ༡༧་ དེ་ཧ་གོ་ན་དེ་བཞིན་དུ་བྱེད་ན་ཁྱེད་ཚོ་བདེའོ།"

18 ༡༨་ །ངས་ཁྱེད་ཚང་མའི་སྐོར་མི་ཟེར་གྱིས། ངས་འདམས་པ་རྣམས་ངས་ཤེས་སོ། །བྲིས་པ་ཡོད། ང་དང་མཉམ་དུ་བཟས་བཟའ་མཁན་ཞིག་གི་ང་ལ་ངོ་རྒོལ་བྱེད་དོ། །ཞེས་གསུངས་པ་དེ་སྒྲུབ་པའི་ཚེ་ན།"

19 ༡༩་ ཁྱེད་ཚོས་ང་དེ་ཉིད་ཡིན་པར་དད་པའི་ཕྱིར་དུ། མ་འབྱུང་བའི་སྔོན་དུ་ད་ལྟ་ཟེར་རོ།"

20 ༢༠་ །ངས་མངགས་པ་ཞིག་བསུ་བ་དེས་ང་རང་བསུའོ། །ང་བསུ་བ་དེས་ང་མངགས་པ་ཁོང་བསུའོ་ཞེས་ངས་བདེན་པར་ཟེར་གསུངས་སོ།།"

21 ༢༡་ །དེ་གསུངས་ནས་ཡེ་ཤུ་ཐུགས་འཁྲུགས་ཏེ། ཁྱེད་ཚོ་ལས་གཅིག་གིས་ང་དགྲར་གཏད་འོང་ཞེས་ངས་བདེན་པར་ཟེར་གསུང་ཞིང་དཔང་པོ་མཛད་དོ།"

22 ༢༢་ །སློབ་མ་རྣམས་ཀྱིས་ཁོང་གིས་སུ་ལ་དམིགས་ནས་གསུངས་པར་རྣམ་རྟོག་སྐྱེས་ནས། གཅིག་གིས་གཅིག་ལ་བལྟས་སོ།"

23 ༢༣་ །སློབ་མའི་ནང་ནས་ཡེ་ཤུའི་ཐུགས་སུ་བྱོན་པ་དེ། ཡེ་ཤུའི་གཞོགས་ལ་བསྙེས་ཡོད་པ་ལས།"

24 ༢༤་ ཤི༷་མོན་པེ་ཏྲོས་དེ་ལ། སུ་ལ་དམིགས་ནས་གསུངས་པ་ཡིན་ཞུས་ཤིག་ཟེར་ཏེ་བརྡ་བཏང་ངོ་།"

25 ༢༥་ །དེས་ཡེ་ཤུའི་སྐུ་བྲང་ལ་བསྙེས་ནས། ཀྱུ་རི་བོ། སུ་ཡིན་ཞུས་པས།"

26 ༢༦་ ཡེ་ཤུས། སུ་ལ་ངས་ཁམ་ཚད་འདི་སྦང་ནས་བཏང་བ་དེ་ཡིན་གསུངས་ནས། ཁམ་ཚད་སྦང་སྟེ་ཀ༷ར་ཡོད་པ་ཤི༷་མོན་གྱི་བུ་ཡུ་དཱ་ལ་གནང་ངོ་།"

27 ༢༧་ །ཁམ་ཚད་ཟོས་པ་ཙམ་གྱིས་ཁོང་ལ་ས༷་ཏན་ཞུགས་སོ། །ཡེ་ཤུས་ཁོང་ལ་ཅི་བྱེད་པ་དེ་མྱུར་དུ་བྱོས་ཤིག་གསུངས་སོ།"

28 ༢༨་ །ཁོང་ལ་ཅིའི་ཕྱིར་དེ་ལྟར་གསུངས་པ་གྲལ་དུ་ཡོད་པ་སུས་ཀྱང་མ་གོའོ།"

29 ༢༩་ །ཡུ༷་དཱའི་ལག་ཏུ་དངུལ་ཁུག་ཡོད་པས། འགའ་རེས་ཡེ་ཤུས་ཁོང་ལ། དུས་ཆེན་གྱི་ཕྱིར་དགོས་པ་རྣམས་ཉོས་ཤིག ཡང་ན་དབུལ་པོ་ལ་ཅི་ཞིག་ཐོང་གསུངས་པ་ཡིན་ནམ་བསམས་སོ།"

30 ༣༠་ །ཁམ་ཚད་དེ་ཟོས་མ་ཐག་ཏུ་ཁོང་སོང་ངོ་། །དེ་དུས་མཚན་མོ་ཡིན་ནོ།།"

31 ༣༡་ །ཁོང་སོང་བ་དང་། ཡེ་ཤུས། ད་མིའི་བུ་དཔལ་དང་ལྡན་ཏེ། ཨེ་ལོ་ཧིམ་ཀྱང་ཁོང་གི་སྒོ་ནས་དཔལ་དང་ལྡན་ཏོ།"

32 ༣༢་ །ཨེ་ལོ་ཧིམ་གྱིས་ཀྱང་ཉིད་ཀྱི་ངང་ན་ཁོང་མྱུར་དུ་དཔལ་དང་ལྡན་པར་མཛད་པར་འགྱུར་རོ།"

33 ༣༣་ །ཀྱེ་བུ་རྣམས། རེ་ཞིག་ང་ཁྱེད་དང་མཉམ་ཡོད། ཁྱེད་ཚོས་ང་འཚོལ་ཡང་། ཡ་ཧུ་དཱ་པ་རྣམས་ལ་ངས་སྨྲས་པ་ལྟར། ང་འགྲོ་སར་ཁྱེད་འོང་མི་ཐུབ་ཟེར་རོ།"

34 ༣༤་ །ངས་ཁྱེད་ལ་བཀའ་གསར་པ་ཞིག་གནང་ངོ་། །གཅིག་གིས་གཅིག་ལ་བྱམས་པ་བྱོས་ཤིག །ངས་ཁྱེད་ལ་བྱམས་པ་ལྟར། ཁྱེད་ཀྱང་གཅིག་གིས་གཅིག་ལ་བྱམས་པར་རིགས་སོ།"

35 ༣༥་ །ཕན་ཚུན་བྱམས་པ་བྱེད་ན། ཁྱེད་ཚོ་ངའི་སློབ་མ་ཡིན་པར་ཚང་མས་ཤེས་འོང་གསུངས་སོ།།"

36 ༣༦་ །ཤི༷་མོན་པེ༷་ཏྲོས། ཀྱུ་རི་བོ། ཁྱེད་གང་དུ་ཕེབས་ཞུས་པའི་བཀའ་ལན་དུ། ང་འགྲོ་སར་ཁྱེད་ད་ལྟ་འབྲང་མི་ཐུབ་ཀྱང་། རྗེས་མར་འབྲང་བར་འགྱུར་རོ་གསུངས་སོ།"

37 ༣༧་ །པེ༷་ཏྲོས་ཀྱུ་རི་བོ། ཁྱེད་ཀྱི་རྗེས་སུ་ང་ད་ལྟ་ཅི་ལ་འབྲང་མི་ཐུབ། ངས་ཁྱེད་ཀྱི་ཕྱིར་སྲོག་ཀྱང་གཏོང་བར་བྱའོ་ཞུས་སོ། །ཡེ་ཤུས་བཀའ་ལན་དུ་། སྲོག་གཏང་ངམ། ཁྱེད་ཀྱིས་ལན་གསུམ་ང་ལ་རྒྱབ་ལོག་མ་བྱས་པའི་བར་དུ་བྱ་སྐད་མི་གཏང་ཞེས་ངས་བདེན་པར་ཟེར།། །།"

14

1 ༡་ །ཁྱེད་ཀྱི་སྙིང་མ་འཁྲུག་ཅིག ཨེ་ལོ་ཧིམ་ལ་དད་ཅིང་། ང་ལའང་དད་པར་བྱོས་ཤིག"

2 ༢་ །ངའི་ཡབ་ཀྱི་གཟིམ་ཁང་ནང་ཁང་བཟང་མང་པོ་ཡོད། དེ་མིན་ང་ཁྱེད་ཕྱིར་འདུག་སའི་གྲལ་བྱེད་དུ་འགྲོའོ་མི་ཟེར་།"

3 ༣་ །ང་སོང་སྟེ་ཁྱེད་ཀྱི་ཕྱིར་འདུག་ས་བཤམ་པའི་རྗེས་སུ། ང་ཡོད་སར་ཁྱེད་ཀྱང་བསླེབས་པའི་ཕྱིར། ང་ལོག་འོང་སྟེ་ཁྱེད་ངའི་རྩར་འཁྲིད་འོང་།"

4 ༤་ །ང་འགྲོ་སའི་ལམ་ཁྱེད་ཀྱིས་ཤེས་སོ་གསུངས་སོ།"

5 ༥་ །ཐོ༷་མཱས་ཁོང་ལ་ཀྱུ་རི་བོ། ཁྱེད་གང་དུ་ཕེབས་པ་མི་ཤེས་པས། ལམ་ཇི་ལྟར་དུ་ཤེས་ཞུས་པས་།"

6 ༦་ །ཡེ་ཤུས་ང་ནི་ལམ་དང་། བདེན་པ་ཉིད་དང་། སྲོག་དེ་ཡིན། ང་མ་རྒྱུད་པར་སུའང་ཡབ་ཀྱི་དྲུང་དུ་མི་བསླེབ།"

7 ༧་ །ཁྱེད་ཀྱིས་ང་ཤེས་ན་ངའི་ཡབ་ཀྱང་ཤེས། ད་ནས་ཕྱིན་ཁོང་མཇལ་བས་ཤེས་སོ་གསུངས་པས་།"

8 ༨ །ཕི༷་ལིབ་ཀྱིས། ཀྱུ་རི་བོ། ང་ཚོར་ཡབ་སྟོན་པར་མཛོད་ཅིག་དང་། ང་ཚོ་ཚིམ་པར་འགྱུར་རོ་ཞུས་སོ།"

9 ༩་ །ཡེ་ཤུས། ཕི༷་ལིབ། ང་ཁྱེད་མཉམ་འདི་ཙམ་བསྡད་ཀྱང་ད་དུང་ང་མ་ཤེས་སམ། ང་མཐོང་མཁན་དེས་ཡབ་མཇལ་བས། ཁྱེད་ཀྱིས་ཡབ་སྟོན་ཅི་ལ་ཟེར།"

10 ༡༠་ །ང་ཡབ་ཀྱི་ནང་ཡོད་དེ་ཡབ་ངའི་ནང་བཞུགས་པར་ཁྱེད་དད་པ་མི་བྱེད་དམ། ངས་འཆད་པའི་བཀའ་ངའི་ཕྱོགས་ནས་མིན། ངའི་ནང་བཞུགས་པའི་ཡབ་ཀྱིས་ཉིད་ཀྱི་ཕྲིན་ལས་མཛད་དོ།"

11 ༡༡་ །ང་ཡབ་ནང་དང་ཡབ་ངའི་ནང་བཞུགས་སོ་ཞེས་ངས་ཟེར་བ་ལ་དད་པ་བྱོས་ཤིག"

12 ༡༢་ ང་ཡབ་ཀྱི་དྲུང་དུ་འགྲོ་བས། ང་ལ་དད་པ་དེས་ངས་བྱས་པའི་ལས་བྱེད་པ་མ་ཟད། དེ་ལས་ཆེ་བའང་བྱེད་པར་འགྱུར།"

13 ༡༣་ །ཡབ་ལ་སྲས་ཀྱི་སྒོ་ནས་དཔལ་འབྱུང་བའི་དོན་དུ། ཁྱེད་ཀྱིས་ངའི་མིང་བརྗོད་ཅིང་ཞུ་བ་དེ་ངས་སྒྲུབ་འོང་།"

14 ༡༤་ །ངའི་མིང་བརྗོད་ཅིང་ང་ལ་ཅི་ཞུ་ནའང་། ངས་དེ་སྒྲུབ་པར་བྱའོ།།"

15 ༡༥་ །ཁྱེད་ཀྱིས་ང་ལ་གཅེས་ན་ངའི་བཀའ་སྲུང་བར་འགྱུར།"

16 ༡༦་ །ངས་ཡབ་ལ་ཞུས་ནས། ཁྱེད་དང་མཉམ་རྒྱུན་དུ་བཞུགས་པའི་རོགས་པ་གཞན་ཞིག་གནང་འོང་།"

17 ༡༧་ །ཁོང་བདེན་པའི་རུ་ཨག་དེ་ཡིན་ཏེ། འཇིག་རྟེན་པས་མི་མཐོང་ཞིང་མི་ཤེས་པས་བླང་བར་མི་ཐུབ་ཀྱང་། ཁོང་ཁྱེད་མཉམ་དུ་ཡོད་པ་མ་ཟད་ཁྱེད་ནང་བཞུགས་པས། ཁྱེད་ཀྱིས་ཁོང་ཤེས་སོ།"

18 ༡༨་ །ངས་ཁྱེད་དཱ་ཕྲུག་ལ་མི་འབོར་། ཁྱེད་ཀྱི་རྩར་འོང་བར་བྱའོ་།"

19 ༡༩་ །ཅུང་ཟད་ཅིག་ནས། འཇིག་རྟེན་གྱིས་ང་མི་མཐོང་ཡང་། ང་གསོན་པས་ཁྱེད་ཀྱང་གསོན་ཏེ། ཁྱེད་ཀྱིས་ང་མཐོང་འོང་།"

20 ༢༠་ །དེའི་ཚེ་ང་ཡབ་མཉམ་དང་། ཁྱོད་ང་མཉམ་ང་ཁྱེད་མཉམ་ཡོད་པ་དེ་ཁྱོད་ལ་ངོ་འཕྲོད་འོང་།"

21 ༢༡་ །ངའི་བཀའ་རྒྱ་ཤེས་ཏེ་སྲུང་མཁན་དེས་ང་ལ་གཅེས་སོ། །ང་ལ་གཅེས་པ་དེ་ཡབ་ཀྱི་གཅེས་པར་འགྱུར་འོང་། ངས་དེ་ལ་གཅེས་ཤིང་། ང་རང་མངོན་པར་བྱའོ་གསུངས་སོ།"

22 ༢༢་ །ཀ༷ར་ཡོད་པ་མིན་པའི་ཡུ༷་དཱས། ཀྱུ་རི་བོ། ང་ཚོར་ཁྱེད་མངོན་པར་དགྱེས་ཀྱང་། འཇིག་རྟེན་ལ་མངོན་པར་མི་དགྱེས་པ་དེ་ཅི་ལགས་ཞུས་པས།"

23 ༢༣་།ཡེ་ཤུས་བཀའ་ལན་དུ། ང་ལ་གཅེས་པ་དེས་ངའི་བཀའ་སྲུང་ངོ་། །དེ་ནས་ངའི་ཡབ་ཀྱིས་ཁོང་ལ་བྱམས་ཤིང་། ང་ཚོ་དེའི་རྩར་ཕེབས་ནས། ཁོང་དང་མཉམ་དུ་བཞུགས་པར་འགྱུར་རོ།"

24 ༢༤་།ང་ལ་མི་གཅེས་པ་དེས་ངའི་བཀའ་མི་སྲུང་ངོ་། །ཁྱེད་ཀྱིས་ཐོས་པའི་བཀའ་ངའི་མིན་ཏེ། ང་མངགས་པའི་ཡབ་ཀྱི་བཀའ་ཡིན་ནོ།"

25 ༢༥་།ང་ཁྱེད་མཉམ་ཡོད་རིང་འདི་དག་འཆད་ཀྱང་།"

26 ༢༦་ཡབ་ཀྱིས་ངའི་ཚབ་ཏུ་གནང་འོང་བའི་རོགས་པ་དམ་པའི་རུ་ཨག་དེས་། ཁྱེད་ལ་ཐམས་ཅད་བསླབ་ཅིང་། ངས་བཤད་པ་ཐམས་ཅད་དྲན་སྐུལ་བྱེད་འོང་ངོ་།"

27 ༢༧་ ཞི་བདེ་བར་གྱུར་ཅིག ངའི་ཞི་བདེ་ཁྱེད་ལ་གཏོང་ངོ་། འཇིག་རྟེན་གྱི་ལུགས་སུ་མ་ཡིན་པར་ངས་གཏོང་ངོ་། སྙིང་མི་འཁྲུག་ཅིང་མ་འཇིགས་ཤིག"

28 ༢༨་།ང་འགྲོ་ཡང་ཁྱེད་རྩར་ལོག་འོང་ཞེས་ངས་ཁྱེད་ལ་སྨྲས་པ་ཐོས་ཡོད། ཁྱེད་ཀྱིས་ང་ལ་གཅེས་ན། ང་ལས་ཡབ་ཆེ་བས། ང་ཡབ་ཀྱི་དྲུང་དུ་འགྲོའོ་སྨྲས་པས་ཁྱེད་དགའ་རུང་ངོ་།"

29 ༢༩་།དེ་བྱུང་བའི་ཚེ་ཁྱེད་དད་པའི་ཕྱིར་། མ་བྱུང་བའི་སྔོན་དུ་བཤད་པ་ཡིན་།"

30 ༣༠་འཇིག་རྟེན་གྱི་དབང་པོ་དེ་འོང་བས། ཕྱིན་ཆད་ངས་ཁྱེད་མཉམ་དུ་མང་པོ་མི་གླེང་། ཁོང་ལ་ངའི་ཐོག་དབང་མེད་ཀྱང་།"

31 ༣༡་ངས་ཡབ་ལ་གཅེས་པ་འཇིག་རྟེན་གྱིས་ཤེས་པའི་ཕྱིར། ཡབ་ཀྱི་བཀའ་བཞིན་ངས་སྒྲུབ་བོ། །ལོངས་ཤིག་ང་ཚོ་འགྲོའོ་གསུངས་སོ།། །།"

15

1 ༡་།ང་ནི་ཡང་དག་པའི་རྒུན་ཤིང་ཡིན་། ངའི་ཡབ་རྒུན་ཚལ་མཁན་དེ་ཡིན།"

2 ༢་ །འབྲས་བུ་མི་ཆགས་པའི་ངའི་ཡལ་ག་ཐམས་ཅད་ཁོང་གིས་གཅོད་ཅིང་། འབྲས་བུ་ཆགས་པའི་ཡལ་ག་ཐམས་ཅད་ལ་འབྲས་བུ་ལྷག་པར་ཆགས་པའི་ཕྱིར་ཡལ་གཅོད་རྒྱབ་པར་མཛད་དོ།"

3 ༣་།ངས་སྨྲས་པའི་བཀའ་ཡིས་ཁྱེད་དག་པ་ཡིན།"

4 ༤་ །ངའི་ནང་གནས་ཤིག །ང་ཁྱེད་ནང་གནས་པར་བྱའོ། ཡལ་ག་རྒུན་ཤིང་ནང་མི་གནས་པར། དེ་རང་ལ་འབྲས་བུ་མི་ཆགས་པ་ལྟར། ཁྱེད་ཀྱང་ངའི་ནང་མི་གནས་པར་འབྲས་བུ་མི་ཆགས།"

5 ༥་ །ང་རྒུན་ཤིང་དེ་ཡིན། ཁྱེད་ཡལ་ག་དེ་ཡིན། ངའི་ནང་དུ་གནས་ཏེ། ང་ཁོང་གི་ནང་དུ་གནས་པ་དེ་ལ་འབྲས་བུ་མང་པོ་ཆགས་སོ། ང་དང་བྲལ་ཏེ་ཁྱེད་ཀྱིས་ཅིའང་བྱེད་མི་ཐུབ་བོ།"

6 ༦་ །ངའི་ནང་དུ་མི་གནས་པ་དེ། ཡལ་ག་ལྟར་ཕངས་ནས། སྐམས་ཤིང་བསྡུད་ནས་མེ་ལ་བཏབ་སྟེ་ཚིག་གོ"

7 ༧་ །ཁྱེད་ངའི་ནང་དུ་གནས་ཏེ། ངའི་བཀའ་ཁྱེད་ཀྱི་ནང་དུ་གནས་ན། ཅི་འདོད་པ་ཞུས་ཤིག་དང་འགྲུབ་པར་འགྱུར་རོ།"

8 ༨་ །ཁྱེད་ལ་འབྲས་བུ་མང་པོ་ཆགས་ཏེ། ཁྱེད་ངའི་སློབ་མ་ཡིན་པ་མངོན་པའི་སྒོ་ནས། ངའི་ཡབ་ལ་དཔལ་བརྗིད་འབྱུང་ངོ་།"

9 ༩་ །ཡབ་ཀྱིས་ང་ལ་བྱམས་པ་ལྟར། ངས་ཁྱེད་ལ་བྱམས་སོ་། ངའི་བྱམས་པའི་ནང་གནས་ཤིག"

10 ༡༠་ །ངས་ཡབ་ཀྱི་བཀའ་བསྲུངས་ཏེ། ཁོང་གི་བྱམས་པའི་ནང་གནས་པ་ལྟར། ཁྱེད་ཀྱིས་ཀྱང་ངའི་བཀའ་བསྲུང་ན་ངའི་བྱམས་པའི་ནང་གནས་འོང་།"

11 ༡༡་ །ངའི་དགའ་སྤྲོ་ཁྱེད་ལ་ཡོད་པ་དང་། ཁྱེད་ཀྱི་དགའ་སྤྲོ་ཕུལ་དུ་བྱུང་བའི་ཕྱིར། ངས་ཁྱེད་ལ་དེ་གདམས་སོ།"

12 ༡༢་།ངའི་བཀའ་འདི་ལྟ་སྟེ། ངས་ཁྱེད་ལ་བྱམས་པ་ལྟར། ཁྱེད་གཅིག་གིས་གཅིག་ལ་བྱམས་པ་བྱོས་ཤིག"

13 ༡༣་ །མཛའ་བོའི་དོན་དུ་རང་སྲོག་གཏོང་བ་ལས་ལྷག་པའི་བྱམས་པ་མེད་དོ།"

14 ༡༤་ །ངའི་བཀའ་བཞིན་སྒྲུབ་ན་ཁྱེད་ངའི་མཛའ་བོ་ཡིན།"

15 ༡༥་ །དཔོན་པོས་ཅི་བྱེད་པ་གཡོག་པོས་མི་ཤེས་པས། ད་ངས་ཁྱེད་ལ་གཡོག་པོ་མི་ཟེར་ཞིང་། ཡབ་ལས་ཐོས་པ་ཐམས་ཅད་ཁྱེད་ལ་བཤད་པས་། ངས་ཁྱེད་ལ་མཛའ་བོ་ཟེར་རོ།"

16 ༡༦་ །ཁྱེད་ཀྱིས་ང་མ་འདམས་ཤིང་། ངས་ཁྱེད་འདམས་སོ། །ཁྱེད་འགྲོ་ཞིང་འབྲས་བུ་ཆགས་པ་དང་། འབྲས་བུ་དེ་རྟག་ཏུ་གནས་པའི་ཕྱིར་ངས་ཁྱེད་བསྐོས་སོ་། །དེ་ནས་ངའི་མིང་བརྗོད་ཅིང་ཡབ་ལ་ཅི་ཞུ་བ་དེ་ཁྱེད་ལ་གནང་བར་འགྱུར་རོ།"

17 ༡༧་ །གཅིག་གིས་གཅིག་ལ་བྱམས་པའི་བཀའ་འདི་ངས་གནང་ངོ་།།"

18 ༡༨་ །འཇིག་རྟེན་གྱིས་ཁྱེད་ལ་སྡང་ན། ཁྱེད་ལས་སྔོན་དུ་ང་ལ་སྡང་བ་ཁྱེད་ཀྱིས་ཤེས་སོ།"

19 ༡༩་།གལ་ཏེ་ཁྱེད་འཇིག་རྟེན་པ་ཡིན་ན། འཇིག་རྟེན་གྱིས་རང་གི་ཡིན་པ་ལ་ཆགས་དགོས་ཀྱང་། ཁྱེད་འཇིག་རྟེན་པ་མིན་ཅིང་། ངས་འཇིག་རྟེན་ལས་འདམས་པས། འཇིག་རྟེན་གྱིས་ཁྱེད་ལ་སྡང་ངོ་།"

20 ༢༠་ །དཔོན་པོ་ལས་གཡོག་པོ་མི་ཆེ་ཞེས་ངས་སྨྲས་པ་དྲོན་ཞིག །མི་ཚོས་ང་ལ་འཚེ་བས་། ཁྱེད་ལའང་འཚེ་འོང་། དེ་ཚོས་ང་ལ་ཉན་པ་ཡིན་ན། ཁྱེད་ལའང་ཉན་པ་ཡིན།"

21 ༢༡་ དེ་ཚོས་ང་མངགས་པ་ཁོང་མི་ཤེས་པས། ངའི་རྐྱེན་གྱིས་ཁྱེད་ལ་འདི་ཐམས་ཅད་བྱེད་པར་འགྱུར་རོ།"

22 ༢༢་། ང་འོངས་ནས་དེ་ཚོར་མ་བཤད་པ་ཡིན་ན། དེ་ཚོར་སྡིག་པ་མེད་པ་ཡིན། ད་དེ་ཚོའི་སྡིག་པ་ལ་སྙད་འདོགས་མེད།"

23 ༢༣་ །ང་ལ་སྡང་བ་དེས་ངའི་ཡབ་ལའང་སྡང་ངོ་།"

24 ༢༤་ །གཞན་སུས་ཀྱང་མ་བྱས་པའི་བྱ་བ་ངས་དེ་ཚོའི་ཁྲོད་དུ་མ་བྱས་པ་ཡིན་ན། སྡིག་པ་མེད་པ་ཡིན། དེ་ཚོས་མཐོང་ནས་ཀྱང་ང་དང་ཡབ་ལ་སྡང་ངོ་།"

25 ༢༥་ །དེ་ནི་བཀའ་ཁྲིམས་ནང་། དེ་ཚོས་ང་ལ་དོན་མེད་དུ་སྡང་ཞེས་བྲིས་པ་གྲུབ་པའི་ཕྱིར་དེ་ལྟར་བྱུང་ངོ་།"

26 ༢༦་ །ཡབ་ནས་འབྱུང་བའི་རོགས་པ་བདེན་པ་ཉིད་ཀྱི་རུ་ཨག་དེ། ངས་ཡབ་ཀྱི་དྲུང་ནས་བཏང་སྟེ་། ཁྱེད་རྩར་འབྱོན་དུས་སུ་ང་ལ་དཔང་པོ་མཛད་པར་འགྱུར།"

27 ༢༧་ །ཁྱེད་ཀྱང་ཐོག་མ་ནས་ང་དང་མཉམ་དུ་ཡོད་པས། དཔང་པོ་བྱེད་པར་འགྱུར་རོ།། །།"

16

1 ༡་ །།དེ་ལྟར་ཁྱེད་དད་པ་མི་ལོག་པའི་ཕྱིར་སྨྲས་པ་ཡིན།"

2 ༢་ །ཁྱེད་སི༷ན་ན་གོས་གི་གྲལ་ནས་འབུད་པ་མ་ཟད། ཁྱེད་གསོད་པ་དེས་ཨེ་ལོ་ཧིམ་ལ་བསྙེན་བཀུར་བྱེད་དོ་སྙམ་པའི་དུས་ལ་འབབ་ཅིང་།"

3 ༣་ ཡབ་ཀྱང་མི་ཤེས་ངའང་མི་ཤེས་པས་དེ་ལྟར་བྱ་འོང་།"

4 ༤་ དུས་ཚོད་དེ་འབབ་པའི་ཚེ། ངས་སྨྲས་པ་རྣམས་ཁྱེད་ཀྱིས་དྲན་པའི་ཕྱིར་བཤད་དོ། །ང་ཁྱེད་མཉམ་དུ་ཡོད་པས་སྔོན་ལ་བཤད་པ་ཡིན།"

5 ༥་ ད་ང་ནི་ང་མངགས་མཁན་གྱི་དྲུང་དུ་འགྲོ་ཞིང་།"

6 ༦་དེ་བཤད་པས་ཁྱེད་ཀྱི་སྙིང་ལ་མྱ་ངན་གྱིས་གང་སྟེ། སུས་ཀྱང་ང་ལ་གང་དུ་འགྲོ་བར་མི་འདྲིའོ།"

7 ༧་ །ང་འགྲོ་བ་ནི་ཁྱེད་ལ་ཕན་ནོ་ཞེས་ངས་བདེན་པར་ཟེར། ང་མི་འགྲོ་ན་རོགས་པ་བདེན་པའི་རུ་ཨག་དེ་ཁྱེད་ཀྱི་རྩར་མི་ཕེབས། ང་འགྲོ་ན་ཁོང་ཁྱེད་རྩར་གཏང་འོང་།"

8 ༨་ ཁོང་ཕེབས་ནས་འཇིག་རྟེན་གྱི་སྡིག་པ་དང་། ངའི་དྲང་བ་ཉིད་དང་ཁྲིམས་གཅོད་པ་གསུམ་འཇིག་རྟེན་པར་གོ་བ་སྤྲད་པར་འགྱུར་རོ།"

9 ༩་ །སྡིག་པའི་དོན་ནི། དེ་ཚོས་ང་ལ་མ་དད་པ་དང་།"

10 ༡༠་ དྲང་བ་ཉིད་ཀྱི་དོན་ནི། ང་ཁྱེད་ཚོའི་མཐོང་ལམ་ནས་ཡབ་ཀྱི་དྲུང་དུ་འགྲོ་བ་དང་།"

11 ༡༡་ ཞལ་ཆེ་གཅོད་པའི་དོན་ནི། འཇིག་རྟེན་འདིའི་དབང་པོའི་ཞལ་ཆེ་བཅད་ཚར་བས་སོ།"

12 ༡༢་།ད་དུང་ང་ལ་བཤད་རྒྱུ་མང་པོ་ཡོད་ཀྱང་། ད་ལྟ་ཁྱེད་ཀྱིས་བཟོད་མི་ཐུབ་བོ།"

13 ༡༣་ །ཁོང་བདེན་པའི་རུ་ཨག་དེ་བྱོན་དུས་སུ། ཉིད་ཀྱི་ཕྱོགས་ནས་མི་གསུང་བར། ཡབ་ནས་ཅི་གསན་པ་དེ་གསུང་ཞིང་། མ་འོངས་པ་རྣམས་འཆད་ཅིང་། ཁྱེད་བདེན་པ་ཐམས་ཅད་ཀྱི་ནང་དུ་འཁྲིད་པར་འགྱུར་རོ།"

14 ༡༤་ །ཁོང་གིས་ངའི་ཡིན་པ་དེ་བཞེས་ནས། ཁྱེད་ལ་འཆད་ཅིང་ངའི་དཔལ་བརྗིད་བསྟན་པར་འགྱུར་རོ།"

15 ༡༥་ །ཡབ་ཀྱི་ཅི་ཡིན་པ་དེ་ངའི་ཡིན་པས། ངའི་ཡིན་པ་དེ་བཞེས་ཏེ་ཁྱེད་ལ་འཆད་པར་འགྱུར་རོ་ཞེས་ངས་སྨྲས་སོ།།"

16 ༡༦་ །ཅུང་ཟད་ཅིག་ནས་ཁྱེད་ཀྱིས་ང་མི་མཐོང་། ཡང་ཅུང་ཟད་ཅིག་ནས་ང་མཐོང་བར་འགྱུར་གསུངས་པས།"

17 ༡༧་།སློབ་མ་ཁ་ཤས་ཀྱིས་འདི་སྐད་དུ། ཁོང་གིས་ཅུང་ཟད་ཅིག་ནས་ཁྱེད་ཀྱིས་ང་མི་མཐོང་། ཡང་ཅུང་ཟད་ཅིག་ནས་ང་མཐོང་བར་འགྱུར། ཡང་ང་ཡབ་ཀྱི་དྲུང་དུ་འགྲོའོ་གསུང་བ་དེ་ཅི་ཡིན།"

18 ༡༨་ ཅུང་ཟད་ཅིག་གསུང་བ་དེ་ཅི་ཡིན་ང་ཚོས་མི་གོའོ་ཞེས་ཕན་ཚུན་སྨྲས་སོ། "

19 ༡༩་ །དེ་ཚོས་བཀའ་འདྲི་ཞུ་འདོད་པ་ཡེ་ཤུས་མཁྱེན་ཏེ་དེ་ཚོར་ཅུང་ཟད་ཅིག་ནས་ཁྱེད་ཀྱིས་ང་མི་མཐོང་། ཡང་ཅུང་ཟད་ཅིག་ནས་ང་མཐོང་བར་འགྱུར་ཞེས་ངས་སྨྲས་པ་ཅི་ཡིན་ཕན་ཚུན་འདྲིའམ།"

20 ༢༠་ ཁྱེད་ངུ་ཞིང་མྱ་ངན་བྱེད་ཀྱང་འཇིག་རྟེན་དགའ་བར་འགྱུར་ཞེས་ངས་བདེན་པར་ཟེར་། ཁྱེད་ཚོ་སྡུག་བསྔལ་བྱེད་ཀྱང་ཁྱེད་ཀྱི་སྡུག་བསྔལ་དེ་དག་དགའ་སྤྲོར་འགྱུར་རོ།"

21 ༢༡་ །སྐྱེ་རན་པའི་བུད་མེད་ལ་སྐྱེ་གཟེར་གྱིས་སྡུག་བསྔལ་འབྱུང་ཡང་། བུ་སྐྱེས་ནས་འཇིག་རྟེན་དུ་མི་ཞིག་སྐྱེས་པའི་དགའ་སྤྲོས་ཟུག་ཟེར་དེ་དག་མི་དྲན་ནོ།"

22 ༢༢་ །དེ་བཞིན་དུ་ད་ལྟ་ཁྱེད་ལ་སྡུག་བསྔལ་ཡོད་ཀྱང་། སླར་ཡང་ང་ཁྱེད་དང་འཕྲད་འོང་བས་ཁྱེད་དགའ་བར་འགྱུར་ཞིང་། ཁྱེད་ཀྱི་དགའ་སྤྲོ་སུས་ཀྱང་འཕྲོག་པར་མི་འགྱུར་རོ།"

23 ༢༣་ །དེའི་ཚེ་ཁྱེད་ཀྱིས་ང་ལ་དྲི་བ་མི་འདྲི། ཁྱེད་ཀྱིས་ཡབ་ལ་ཅི་ཞུ་ནའང་། ངའི་མིང་གི་ངང་ན་གནང་བར་འགྱུར་རོ།"

24 ༢༤་ །ད་ལྟ་བར་དུ་ངའི་མིང་བརྗོད་ཅིང་ཅིའང་མ་ཞུས་། ད་ཁྱེད་ཀྱི་དགའ་སྤྲོ་ཕུལ་དུ་འབྱུང་བའི་ཕྱིར་ཞུས་ཤིག་དང་། ཐོབ་པར་འགྱུར་རོ།"

25 ༢༥་ །ངས་ཁྱེད་ལ་དེ་རྣམས་དཔེའི་སྒོ་ནས་བཤད་དོ། །ད་དཔེའི་སྒོ་ནས་མ་ཡིན་པར་ཡབ་ཀྱི་སྐོར་ལ་ཚིག་གསལ་པོར་གླེང་བའི་དུས་ལ་འབབ་བོ།"

26 ༢༦་ །དེའི་ཚེ་ཁྱེད་ཀྱིས་ངའི་མིང་བརྗོད་ཅིང་ཞུ་བར་འགྱུར། ངས་ཁྱེད་ཀྱི་དོན་དུ་ཡབ་ལ་ཞུ་སྣ་བྱའོ་མི་ཟེར།"

27 ༢༧་ ཁྱེད་ཀྱིས་ང་ལ་བྱམས་ཤིང་། ང་ཡབ་ནས་བྱུང་བ་ལ་དད་པ་བྱས་པས། ཡབ་ཉིད་ཀྱིས་ཁྱེད་ལ་བྱམས་པ་མཛད་དོ།"

28 ༢༨་ །ང་ཡབ་ནས་བྱུང་སྟེ་། འཇིག་རྟེན་ལ་འོངས། ད་འཇིག་རྟེན་བཞག་ནས་ཡབ་ཀྱི་དྲུང་དུ་ལོག་གོ་གསུངས་སོ།"

29 ༢༩་ །སློབ་མ་ཚོས། ལེགས་སོ། ད་དཔེའི་སྒོ་ནས་མ་གསུང་བར་། །ཚིག་གསལ་པོར་གསུང་ངོ་།"

30 ༣༠་ །ད་ཁྱེད་ཐམས་ཅད་མཁྱེན་པ་དང་། སུས་ཀྱང་ཁྱེད་ཀྱི་སྐོར་བཀའ་འདྲི་ཞུ་དགོས་མེད་པ་ང་ཚོས་ཤེས་པས། ཁྱེད་ཨེ་ལོ་ཧིམ་ནས་བྱུང་བ་ལ་དད་པ་བྱེད་དོ་ཞུས་སོ།"

31 ༣༡་ །ཡེ་ཤུས་བཀའ་ལན་དུ། ད་དད་པར་བྱེད་དམ།"

32 ༣༢་ ང་གཅིག་པུར་བཞག་སྟེ། ཁྱེད་ཕྱོགས་སོ་སོར་བྲོས་པའི་དུས་ཉེ་བའི་མ་ཟད་དུས་ལ་འབབ་བོ། །འོན་ཀྱང་ཡབ་ང་མཉམ་བཞུགས་པས། ང་གཅིག་པོ་རང་མ་ཡིན་ནོ།"

33 ༣༣་ །ངའི་ནང་དུ་ཁྱེད་ལ་ཞི་བདེ་ཐོབ་པའི་དོན་དུ། ངས་ཁྱེད་ལ་དེ་གདམས་སོ། །འཇིག་རྟེན་ནང་ཁྱེད་ཀྱིས་སྡུག་བསྔལ་མྱོང་ཡང་།སེམས་ལྷོད་དེར་སྡོད་ཅིག །ང་འཇིག་རྟེན་ལས་རྒྱལ་ལོ་གསུངས་སོ།། །།"

17

1 ༡་ །དེ་ནས་ཡེ་ཤུས་ནམ་མཁའ་ལ་སྤྱན་གཟིགས་ཏེ། འདི་སྐད་དུ། ཡབ་ལགས། དུས་རན་ནོ། །སྲས་ཀྱིས་ཁྱེད་ཀྱི་དཔལ་བརྗིད་སྟོན་པའི་ཕྱིར་དུ། །ཁྱེད་ཀྱིས་ཉིད་ཀྱི་སྲས་ཀྱི་དཔལ་བརྗིད་སྟོན་པར་མཛོད་ཅིག"

2 ༢་ །ཁྱེད་ཀྱིས་ཁོང་ལ་གནང་བ་ཐམས་ཅད་ལ། ཁོང་གིས་མི་ཚེ་རྒྱུན་དུ་པ་གནང་བའི་ཕྱིར། ཁྱེད་ཀྱིས་མི་ཐམས་ཅད་ཁོང་གི་དབང་དུ་གནང་བ་ཡིན་ནོ།"

3 ༣་ །ཁྱེད་གཅིག་པོ་བདེན་པའི་ཨེ་ལོ་ཧིམ་ལགས་པ་དང་། ཁྱེད་ཀྱིས་མངགས་པའི་ཡེ་ཤུ་མ་ཤི་ཀ་ངོ་འཕྲོད་པ་ནི། མི་ཚེ་རྒྱུན་དུ་པའོ། "

4 ༤་ །ཁྱེད་ཀྱིས་ང་ལ་མངགས་པའི་བྱ་བ་བསྒྲུབས་ནས། ས་སྟེང་དུ་ཁྱེད་ཀྱི་དཔལ་བརྗིད་བསྟན་པ་ཡིན།"

5 ༥་ ཡབ་ལགས་། འཇིག་རྟེན་མ་བཀོད་པའི་སྔོན་དུ་། ཁྱེད་དང་ལྷན་དུ་ང་ལ་ཡོད་པའི་དཔལ་བརྗིད་དེ་ཉིད་སླར་ང་ལ་གནོང་མཛོད།"

6 ༦་ །ཁྱེད་ཀྱིས་འཇིག་རྟེན་གྱི་ནང་ནས་ང་ལ་གནང་བའི་མི་རྣམས་ལ། ཁྱེད་ཀྱི་མཚན་མངོན་པར་བྱས་སོ། །དེ་ཚོ་སྔར་ཁྱེད་ཀྱི་ཡིན་ཏེ། ཁྱེད་ཀྱིས་ང་ལ་གནང་ནས། དེ་ཚོས་ཁྱེད་ཀྱི་བཀའ་བསྲུངས་སོ།"

7 ༧་ །ཁྱེད་ཀྱིས་ང་ལ་ཅི་གནང་བ་ཐམས་ཅད་ཁྱེད་ནས་ཡིན་པ་དེ་ཚོས་ཤེས་སོ།"

8 ༨་ །ཁྱེད་ཀྱིས་ང་ལ་གནང་བའི་བཀའ་དེ་ངས་དེ་ཚོར་སྦྱིན་ནས་། དེ་ཚོས་བླངས་ཏེ། ང་ཁྱེད་ནས་བདེན་པར་བྱུང་བ་ཤེས་ཏེ། ཁྱེད་ཀྱིས་ང་མངགས་པ་མཛད་པར་དད་པ་བྱེད་དོ།"

9 ༩་ །འཇིག་རྟེན་གྱི་ཕྱིར་མི་ཞུ་བར། དེ་ཚོའི་དོན་དུ་ཞུ་ཞིང་། ཁྱེད་ཀྱིས་ང་ལ་གནང་བ་ཁྱེད་ཀྱི་ཡིན་པས། དེ་ཚོའི་དོན་དུ། སྨོན་ལམ་འདེབས་སོ།"

10 ༡༠་ །ངའི་ཡིན་པ་དེ་ཚོ་ཁྱེད་ཀྱི་ཡིན། ཁྱེད་ཀྱི་ཡིན་པ་དེ་ངའི་ཡིན་པས། དེའི་སྒོ་ནས་ང་དཔལ་བརྗིད་དང་ལྡན་ནོ།"

11 ༡༡་ །ང་ཁྱེད་ཀྱི་དྲུང་དུ་འོང་ཞིང་། འཇིག་རྟེན་དུ་མི་ལུས་ཀྱང་། འདི་ཚོ་ལུས་འོང་། ཡབ་དམ་པ་ལགས། ཁྱེད་ཀྱིས་ང་ལ་གནང་བའི་མི་རྣམས་། ང་གཉིས་ལྟར་གཅིག་ཏུ་འགྱུར་བའི་ཕྱིར། ཁྱེད་ཀྱི་མཚན་བརྗོད་པས་སྲུང་བར་མཛོད་ཅིག"

12 ༡༢་ །ཁྱེད་ཀྱིས་ང་ལ་གནང་བ་རྣམས་དང་མཉམ་ང་ཡོད་རིང་དུ། ང་ཚོ་ཁྱེད་ཀྱི་མཚན་བརྗོད་པའི་སྒོ་ནས་ང་བསྲུངས་ཤིང་བསྐྱབས་ཏེ། བི༷་བལ་ནང་གསུངས་པ་འགྲུབ་པའི་ཕྱིར། སྟོར་བའི་བུ་གཅིག་པུ་མ་གཏོགས་པར་གཞན་གཅིག་ཀྱང་མ་སྟོར་རོ།"

13 ༡༣་ །ད་ང་ཁྱེད་ཀྱི་དྲུང་དུ་འོང་ངོ་། ངའི་དགའ་སྤྲོ་དེ་ཚོའི་ནང་དུ་ཕུལ་དུ་བྱུང་བའི་ཕྱིར་། འཇིག་རྟེན་ན་འདི་རྣམས་ཞུའོ་།"

14 ༡༤་།ངས་དེ་ཚོར་ཁྱེད་ཀྱི་བཀའ་སྦྱིན་པ་ཡིན། ང་འཇིག་རྟེན་པ་མིན་པ་ལྟར། དེ་ཚོ་འཇིན་རྟེན་པ་མིན་པས་། འཇིག་རྟེན་གྱིས་དེ་ཚོར་སྡང་ངོ་།"

15 ༡༥་ །ཁྱེད་ཀྱིས་དེ་ཚོ་འཇིག་རྟེན་ནས་ཡར་འདྲེན་ཕྱིར་མི་ཞུའོ། །ངན་པ་ལས་སྲུང་བའི་ཕྱིར་ཞུའོ།"

16 ༡༦་ །ང་འཇིག་རྟེན་པ་མིན་པ་ལྟར། དེ་ཚོ་འཇིག་རྟེན་པ་མིན་ནོ།"

17 ༡༧་ །བདེན་པའི་ངང་ནས་དེ་ཚོ་དམ་པར་མཛོད་ཅིག །ཁྱེད་ཀྱི་བཀའ་བདེན་པའོ།"

18 ༡༨་།ཁྱེད་ཀྱིས་ང་འཇིག་རྟེན་དུ་མངགས་པ་ལྟར། ངས་དེ་ཚོ་འཇིག་རྟེན་དུ་མངགས་སོ།"

19 ༡༩་ །དེ་རྣམས་བདེན་པའི་སྒོ་ནས་དམ་པར་བྱེད་པའི་ཕྱིར། ང་རང་དམ་པར་བྱེད་དོ།"

20 ༢༠་།འདི་ཚོ་གཅིག་པུ་མ་ཟད། འདི་ཚོའི་བསླབ་བྱའི་སྒོ་ནས་ང་ལ་དད་པ་ཐམས་ཅད་ཀྱི་ཕྱིར་དུའང་སྨོན་ལམ་འདེབས་སོ།"

21 ༢༡་ །ཡབ་ཁྱེད་ངའི་ནང་དང་ང་ཁྱེད་ནང་ཡོད་པ་ལྟར། དེ་རྣམས་ང་གཉིས་ནང་ཡོད་པས། ཐམས་ཅད་གཅིག་ཏུ་འགྱུར་བ་དང་། འཇིག་རྟེན་པས་ཁྱེད་ཀྱིས་ང་མངགས་པར་དད་པའི་ཕྱིར་སྨོན་ལམ་འདེབས་སོ།"

22 ༢༢་ །ང་གཉིས་གཅིག་ཡིན་པ་ལྟར། དེ་ཚོ་གཅིག་ཏུ་འགྱུར་བའི་ཕྱིར། ཁྱེད་ཀྱིས་ང་ལ་གནང་བའི་དཔལ་བརྗིད་དེ་ཚོར་སྦྱིན་ནོ།"

23 ༢༣་ །དེ་ཚོ་ཡང་དག་པར་གཅིག་ཏུ་འགྱུར་ཏེ། ཁྱེད་ཀྱིས་ང་མངགས་ཤིང་བྱམས་པ་ལྟར། དེ་ཚོར་བྱམས་པར་མཛད་པ། འཇིག་རྟེན་པས་ཤེས་པའི་ཕྱིར། ང་དེ་ཚོའི་ནང་ཡོད། ཁྱེད་ངའི་ནང་བཞུགས་སོ།"

24 ༢༤་ །ཡབ་ལགས། འཇིག་རྟེན་མ་བཀོད་པའི་སྔོན་དུ་ཁྱེད་ཀྱིས་ང་ལ་བྱམས་ཤིང་གནང་བའི་དཔལ་བརྗིད། དེ་ཚོས་མཐོང་བའི་ཕྱིར། ཁྱེད་ཀྱིས་ང་ལ་གནང་བ་རྣམས་ཀྱང་ང་ཡོད་སར་མཉམ་དུ་ཡོད་པར་དགའོ།"

25 ༢༥་ །ཡབ་དྲང་བ་ཉིད་ལགས་། འཇིག་རྟེན་པས་ཁྱེད་མ་ཤེས་ཀྱང་། ངས་ཤེས་ཏེ། དེ་ཚོས་ཀྱང་ཁྱེད་ཀྱིས་ང་མངགས་པ་ཤེས་སོ།"

26 ༢༦་ །ཁྱེད་ཀྱིས་ང་ལ་མཛད་པའི་བྱམས་པ་དེ་ཚོའི་ནང་གནས་ཤིང་། ངའང་དེ་ཚོའི་ནང་གནས་ཕྱིར། དེ་ཚོར་ཁྱེད་ཀྱི་མཚན་ངོ་སྤྲད་དེ། ད་དུང་འང་ངོ་སྤྲོད་པར་བྱའོ། །ཞེས་སྨོན་ལམ་བཏབ་བོ།། །།"

18

1 ༡་ །དེའི་རྗེས་སུ་སློབ་མ་དང་བཅས་སུ་ཡེ་ཤུ་ཀི༷ད་རོན་གྲོག་ཆུའི་ཕ་རོལ་དུ་ཕེབས་ཏེ། དེར་ཡོད་པའི་སྐྱེད་ཚལ་ནང་ཕེབས་སོ།"

2 ༢་ །ཡེ་ཤུ་སློབ་མ་དང་མཉམ་དེར་ལན་མང་ཕེབས་པས། ཁོང་དགྲར་བཏད་པའི་ཡུ་དཱ་ལ་གནས་དེའི་རྒྱུས་ཡོད་དེ།"

3 ༣་ དམག་མིའི་དཔུང་དང་། ལེ༷་ཝི་ཆེན་དང་ཕ༷་རུ་ཤི་པའི་ལས་སྣེ་པ་བཅས་སྣུམ་བཞུ་དང་། སྤ་འབར་དང་། ཚོན་ཆ་ཁུར་བ་མཉམ་དུ་འཁྲིད་ནས་དེར་བསླེབས་སོ།"

4 ༤་ །ཡེ་ཤུས་ཉིད་ལ་ཅི་འབྱུང་བ་ཐམས་ཅད་མཁྱེན་ནས་། ཕྱི་རོལ་དུ་ཕེབས་ཏེ་དེ་ཚོར། སུ་འཚོལ་གསུངས་པ་དང་།"

5 ༥་ ན༷་ཙ་རེད་པ་ཡེ་ཤུ་འཚོལ་ལོ་ཞུས་སོ། །ཁོང་གིས། ང་ཡིན་གསུངས་པས། ཁོང་བཏད་པའི་ཡུ༷་དཱའང་དེ་ཚོ་དང་མཉམ་དུ་ཡོད་དོ།"

6 ༦་ ཁོང་གིས་ང་ཡིན་གསུངས་པ་ཙམ་གྱིས་དེ་ཚོ་ཕྱི་ནུར་རྒྱབ་ནས་ས་ལ་འགྱེལ་ཏོ།"

7 ༧་ །སླར་དེ་ཚོར་སུ་འཚོལ་ཞེས་བཀའ་འདྲི་མཛད་པས། ན༷་ཙ་རེད་པ་ཡེ་ཤུ་འཚོལ་ལོ་ཞུས་སོ།"

8 ༨་ །ཡེ་ཤུས། ང་ཡིན་ཞེས་ངས་སྨྲས་སོ། །ང་འཚོལ་ན་འདི་ཚོ་འགྲོར་ཆུག་གསུངས་སོ།"

9 ༩་ །དེ་ལྟར་ཁྱེད་ཀྱིས་གནང་བ་རྣམས་ལས་ངས་གཅིག་ཀྱང་མ་རླགས་ཞེས་གསུངས་པ་དེ་གྲུབ་བོ།"

10 ༡༠་ །ཤི༷་མོན་པེ་ཏྲོས་་རལ་གྲི་ཡོད་པ་དེ་བཏོན་ནས། ལེ༷་ཝི་ཆེན་གྱི་གཡོག་པོ་མ༷ལ་ཀུ་བྱ་བ་ལ་བརྒྱབས་ཏེ། རྣ་བ་གཡས་པ་བཅད་དོ།"

11 ༡༡་ །ཡེ་ཤུས་པེ༷་ཏྲོར། རལ་གྱི་ཤུབས་ནང་ཆུག། ཡབ་ཀྱི་གནང་བའི་ཕོར་པ་ངས་མི་འཐུང་ངམ་གསུངས་སོ།"

12 ༡༢་ །དམག་དཔུང་དང་། དམག་དཔོན་དང་། ཡ༷་ཧུ་དཱ་པའི་ལས་སྣེ་རྣམས་ཀྱིས་ཡེ་ཤུ་བཟུང་ནས་བཅིངས་ཏེ།"

13 ༡༣་ དང་པོར་ཨ༷ན་ནའི་རྩར་ཁྲིད་དོ། །ཁོང་ལོ་དེའི་ལེ༷་ཝི་ཆེན་ཀ༷་ཡཱ་པའི་སྒྱུག་པོ་ཡིན་ནོ།"

14 ༡༤་ །ཀ༷་ཡཱ་ཕ་ནི་སྔར་ཡ༷་ཧུ་དཱ་པ་རྣམས་ལ། མི་སྡེའི་དོན་དུ་མི་གཅིག་འཆི་ནའང་རུང་ཞེས་གྲོས་བཏབ་པ་དེ་ཡིན་ནོ།།"

15 ༡༥་ །ཤི༷་མོན་པེ༷་ཏྲོ་སློབ་མ་གཞན་ཞིག་དང་བཅས་ཡེ་ཤུའི་སྐུ་རྒྱབ་ནས་འབྲངས་སོ། །སློབ་མ་དེ་ལེ༷་ཝི་ཆེན་གྱི་ངོ་ཤེས་ཡིན་པས། ཡེ་ཤུ་དང་མཉམ་དུ་ལེ༷་ཝི་ཆེན་གྱི་ཁྲིམས་རའི་ནང་དུ་སོང་ངོ་།"

16 ༡༦་ །པེ༷་ཏྲོ་ཕྱི་རོལ་དུ་སྒོ་རྩར་ལུས། ལེ༷་ཝི་ཆེན་གྱིས་ངོ་ཤེས་པའི་སློབ་མ་ཕྱིར་བྱུང་ནས། སྒོ་སྲུང་མར་སྨྲས་ནས། པེ༷་ཏྲོ་ནང་དུ་ཁྱེར་ཏོ།"

17 ༡༧་ །སྒོ་སྲུང་མ་དེས་པེ༷་ཏྲོར། ཁྱེད་ཀྱང་མི་འདིའི་སློབ་མ་མིན་ནམ་ཞེས་སྨྲས་པས། ང་མིན་ཟེར་ཏོ།"

18 ༡༨་ །གཡོག་པོ་དང་ལས་སྣེ་པ་རྣམས་གྲང་བས་སོལ་བའི་མེ་བཏང་ནས་མེ་འདེ་བ་ལས། པེ༷་ཏྲོའང་དེ་ཚོ་དང་མཉམ་དུ་མེ་འདེས་སོ།"

19 ༡༩་ །ལེ༷་ཝི་ཆེན་གྱིས་ཡེ་ཤུ་ལ། སློབ་མ་དང་བསྟན་པའི་སྐོར་རྩར་བཅད་དེ།"

20 ༢༠་ ཡེ་ཤུས། ངས་ཅིའང་མ་གསང་བར་འཇིག་རྟེན་ལ་མངོན་སུམ་དུ་སྨྲས་ཏེ། རྟག་ཏུ་ཡ༷་ཧུ་དཱ་པ་ཐམས་ཅད་འཛོམ་པའི་སི༷ན་ན་གོས་དང་སྨོན་ལམ་ཁང་གི་ནང་དུ་སློབ་ཁྲིད་བྱས་པས།"

21 ༢༡་ ང་ལ་ཅིའི་ཕྱིར་འདྲི། ངས་གང་སྨྲས་པ་ཐོས་པའི་མི་རྣམས་ལ་དྲིས་ཤིག །ངས་གང་སྨྲས་པ་དེ་ཚོས་ཤེས་སོ།"

22 ༢༢་ །གསུངས་པ་དང་། མདུན་དུ་ཡོད་པའི་ལས་སྣེ་པ་གཅིག་གིས། ཡེ་ཤུ་ལ་འགྲམ་ལྕག་བརྒྱབས་ནས། ལེ༷་ཝི་ཆེན་ལ་འདི་འདྲའི་ལན་ཟློག་གམ་ཞུས་སོ།"

23 ༢༣་ །ཡེ་ཤུས་དེ་ལ། ངས་མི་རིགས་པ་ཞིག་སྨྲས་ཡོད་ན། དེ་སྟོན་ཞིག །རིགས་པ་ཞིག་སྨྲས་ཡོད་ན། ང་ཅི་ལ་རྡུང་གསུངས་སོ།"

24 ༢༤་ །ཨ༷ན་ནས་ཁོང་བཅིངས་བཞིན་ལེ༷་ཝི་ཆེན་ཀ༷་ཡཱ་ཕའི་རྩར་བཏང་ངོ་།"

25 ༢༥་ །ཤི༷་མོན་པེ༷་ཏྲོ་མེ་འདེ་བ་ལས་དེ་ཚོས་ཁྱེད་ཀྱང་ཁོང་གི་སློབ་མ་མིན་ནམ་ཟེར་བས་། ང་མིན་ཟེར་ཞིང་རྒྱབ་ལོག་གོ"

26 ༢༦་ །པེ༷་ཏྲོས་རྣ་བ་བཅད་པའི་ལེ༷་ཝི་ཆེན་གྱི་གཡོག་པོའི་གཉེན་ཞིག་གིས། ངས་ཁྱེད་སྐྱེད་ཚལ་ནང་ཁོང་དང་མཉམ་དུ་ཡོད་པ་མཐོང་ངོ་ཟེར་བས།"

27 ༢༧་ པེ༷་ཏྲོས་ང་མིན་ཟེར་ཞིང་སླར་རྒྱབ་ལོག་མ་ཐག་ཏུ། བྱ་སྐད་བཏང་ངོ་།།"

28 ༢༨་ །སྔ་དྲོ་སྔ་བར་ཡེ་ཤུ་ཀ༷་ཡཱ་ཕའི་རྩ་ནས་གཟིམ་ཁང་ལ་གདན་ཞུས་ཏེ། ཁོང་ཚོར་གྲིབ་མི་ཕོག་པར་པེ༷་སག་གི་དུས་ཆེན་བའི་ཕྱིར་གཟིམ་ཁང་ནང་མ་ཞུགས་པས།"

29 ༢༩་ པི༷་ལ་ཏུ་ཕྱིར་བྱུང་ནས། མི་འདི་ལ་སྐྱོན་ཅི་འགལ་ཞེས་དྲིས་སོ།"

30 ༣༠་ །མི་ཚོས། མི་འདི་ལས་ངན་བྱེད་མཁན་མིན་ན། ཁྱེད་ལ་མི་བཏད་སྨྲས་པས།"

31 ༣༡་ པི༷་ལ་ཏུས། ཁྱེད་རང་གིས་ཁྱེར་ནས། རང་གི་བཀའ་ཁྲིམས་བཞིན་དུ་གཤགས་བྱོས་ཤིག་ཟེར་ཏོ། །ཡ༷་ཧུ་དཱ་པ་རྣམས་ཀྱིས། ང་ཚོས་མི་གསོད་པའི་དབང་མེད་སྨྲས་སོ།"

32 ༣༢་ །ཡེ་ཤུས་ཉིད་ཇི་འདྲའི་ལུགས་སུ་སྐུ་འགྲོང་བའི་བརྡ་རྩལ་བ་དེ་གྲུབ་བོ།"

33 ༣༣་ །པི༷་ལ་ཏུ་སླར་གཟིམ་ཁང་་ནང་སོང་ནས། ཡེ་ཤུ་བོས་ཏེ། ཁྱེད་ཡ༷་ཧུ་དཱ་པའི་རྒྱལ་པོ་ཡིན་ནམ་ཞུས་པས།"

34 ༣༤་ ཡེ་ཤུས། འདི་ཁྱེད་རང་གིས་ཟེར་རམ། གཞན་གྱིས་ངའི་སྐོར་བཤད་གསུངས་སོ།"

35 ༣༥་ །པི༷་ལ་ཏུས། ང་ཡ༷་ཧུ་དཱ་པ་ཡིན་ནམ། ཁྱེད་རང་གི་མི་བརྒྱུད་དང་ལེ༷་ཝི་ཆེན་གྱིས་ཁྱེད་ངའི་ལག་ཏུ་བཏད། ཁྱེད་ཀྱིས་ཅི་བྱས་ཞུས་སོ།"

36 ༣༦་ །ཡེ་ཤུས་། ངའི་རྒྱལ་སྲིད་ནི་འཇིག་རྟེན་འདི་ནས་མིན། ཡིན་ན་ངའི་འཁོར་གཡོག་ཚོས། ང་ཡ༷་ཧུ་དཱ་པའི་ལག་ཏུ་མི་བསླེབ་ཕྱིར་འཐབ་མོ་བཏང་བ་ཡིན། ངའི་རྒྱལ་སྲིད་ནི་འདི་ནས་མིན་གསུངས་སོ།"

37 ༣༧་ །པི༷་ལ་ཏུས། འོ་ན་རྒྱལ་པོ་ཡིན་ནམ་ཞུས་པས། ཡེ་ཤུས། ཁྱེད་ཀྱིས་སྨྲས་པ་བཞིན་ནོ། །ང་རྒྱལ་པོ་ཡིན་ཏེ། བདེན་པ་ཉིད་ལ་དཔང་བྱེད་དུ་ང་སྐྱེས། དེའི་དོན་དུ་འཇིག་རྟེན་དུ་འོངས། བདེན་པ་ཉིད་ཀྱི་ཡིན་པ་ཐམས་ཅད་ཀྱིས་ངའི་སྐད་ལ་ཉན་ནོ་གསུངས་སོ།"

38 ༣༨་ །པི༷་ལ་ཏུས། བདེན་པ་ཉིད་ཅི་ཡིན་ཞུས་སོ། །དེ་ལྟར་ཞུས་ཏེ། ཡ༷་ཧུ་དཱ་པ་རྣམས་ཀྱི་རྩར་སླར་འཐོན་ནས་། ངས་ཁོང་གི་ནང་འགལ་སྐྱོན་ཅི་འང་མི་མཐོང་ངོ་།"

39 ༣༩་ །པེ༷་སག་གི་དུས་ཆེན་ལ་ཁྱེད་ཚོའི་ཕྱིར། ངས་མི་ཞིག་སྒྲོལ་སྲོལ་ཡོད་པས། ཁྱེད་ཀྱི་ཕྱིར་ཡ༷་ཧུ་དཱ་པའི་རྒྱལ་པོ་སྒྲོལ་བ་ལ་དགའ་འམ་ཞེས་དྲིས་པས།"

40 ༤༠་ སྐད་ཆེན་པོས་། མི་འདི་མ་སྒྲོལ་བ༷་རབ་བཱ་སྒྲོལ་ཞིག་ཅེས་སྨྲས་སོ། །བ༷་རབ་བཱ་བྱ་བ་ནི་ཇག་པ་ཞིག་ཡིན་ནོ།། །།"

19

1 ༡་ །དེ་ནས་པི༷་ལ་ཏུས་ཡེ་ཤུ་ཁྱེར་ནས་རྟ་ལྕག་བརྒྱབས་སོ།"

2 ༢་ །དམག་མིས་ཚེར་མའི་ཅོད་པན་ལྷས་ནས་དབུ་ལ་གསོལ། ན་བཟའ་མཚལ་ཁ་ཞིག་བསྐོན་ནས།"

3 ༣་ སྐུ་དྲུང་དུ་འོངས་ཏེ། ཡ༷་ཧུ་དཱ་པའི་རྒྱལ་པོར་པུས་མོ་ས་ལ་འཛུགས་ཞུས་ཤིང་འགྲམ་ལྕག་བརྒྱབས་སོ།"

4 ༤་ །པི༷་ལ་ཏུ་སླར་འཐོན་ནས་མི་ཚོར། ངས་ཁོང་ཕྱི་རོལ་དུ་ཁྱེད་ཀྱི་མདུན་དུ་ཁྱེར་འོང་སྟེ། ཁོང་གི་ནང་ན་ཉེས་སྐྱོན་ཅིའང་མ་ཐོབ་པ་ཤེས་ཤིག་སྨྲས་སོ།"

5 ༥་ །ཚེར་མའི་ཅོད་པན་དང་ན་བཟའ་མཚལ་ཁ་གསོལ་ནས་ཡེ་ཤུ་ཕྱི་རོལ་དུ་ཕེབས་པ་དང་།"

6 ༦་ པི༷་ལ་ཏུས། མི་འདིའོ་སྨྲས་པས། ལེ༷་ཝི་ཆེན་དང་ལས་སྣེ་པ་ཚོས་ཁོང་མཇལ་བས་སྐད་ཆེན་པོས། རྒྱང་ཤིང་ལ་རྐྱོངས་རྒྱང་ཤིང་ལ་རྐྱོངས་ཞེས་འབོད་བསྒྲགས་སོ། །པི༷་ལ་ཏུས་། ངས་ཁོང་གི་ནང་ཉེས་སྐྱོན་ཅིའང་མ་མཐོང་བས། ཁྱེད་རང་གིས་ཁྱེར་ནས་རྐྱོངས་ཤིག་ཅེས་སྨྲས་སོ།"

7 ༧་ །ཡ༷་ཧུ་དཱ་པ་ཚོས་ང་ཚོར་བཀའ་ཁྲིམས་ཡོད་དེ། ཁོང་གིས་རང་ཉིད་ཨེ་ལོ་ཧིམ་གྱི་སྲས་སུ་བཅོས་པས་དེའི་སྒོ་ནས་གསོད་འོས་སོ་ཟེར་བས།"

8 ༨་ །པི༷་ལ་ཏུས་དེ་ཐོས་ནས་མང་དུ་འཇིགས་ཏེ།"

9 ༩་ །གཟིམ་ཁང་ནང་ལོག་ནས་ཡེ་ཤུ་ལ་། ཁྱེད་གང་ནས་ཡིན་ཞུས་ཀྱང་། ཡེ་ཤུས་བཀའ་ལན་ཅིའང་མ་གནང་ངོ་།"

10 ༡༠་ །པི༷་ལ་ཏུས་། ང་ལ་མི་ལབ་བམ། ང་ལ་ཁྱེད་སྒྲོལ་བའི་དབང་དང་རྒྱང་ཤིང་ལ་རྐྱོང་བའི་དབང་ཡོད་པ་མི་ཤེས་སམ་ཞུས་སོ།"

11 ༡༡་ །ཡེ་ཤུས། སྟེང་ཕྱོགས་ནས་གནང་བ་མ་ཡིན་ན། ངའི་ཐོག་ཏུ་ཁྱེད་ལ་དབང་ཅིའང་མེད། ཁྱེད་ལས་ང་ཁྱེད་ཀྱི་ལག་ཏུ་གཏད་མཁན་དེ་ལ་སྡིག་པ་ཆེའོ། ཞེས་གསུངས་སོ།"

12 ༡༢་ །དེ་ཐོས་པ་དང་པི༷་ལ་ཏུས་ཁོང་ཐར་ཐབས་བཙལ་ཡང་། ཡ༷་ཧུ་དཱ་པ་ཚོས། སུས་རང་རྒྱལ་པོར་བཅོས་ན་དེ་ཀེ༷་སར་གྱི་དགྲ་བོ་ཡིན་པས། མི་འདི་ཐར་དུ་འཇུག་ན་ཁྱེད་ཀེ༷་སར་གྱི་མཛའ་བོ་མ་ཡིན་ཞེས་ཀུ་སྒྲ་སྒྲོགས་པས།"

13 ༡༣་ པི༷་ལ་ཏུས་གཏམ་དེ་ཐོས་ནས། ཡེ་ཤུ་ཕྱི་རོལ་དུ་གདན་དྲངས་ནས། རྡོ་གཅལ་ལམ་ཡ༷་ཧུ་དཱ་སྐད་དུ་ག༷བ་བཱ་ཐཱ་ཟེར་སར་ཁྲིམས་དཔོན་གྱི་ཁྲིར་བསྡད་དོ།"

14 ༡༤་ །དུས་ཚོད་ནི་པེ༷་སག་གི་སྟ་གོན་གྱི་ཉིན་ཕྱེད་ལའོ་། པི༷་ལ་ཏུས་ཡ༷་ཧུ་དཱ་པ་ཚོར་། ཁྱེད་ཀྱི་རྒྱལ་པོ་འདིའོ་ཞེས་སྨྲས་ནས་།"

15 ༡༥་ །དེ་ཚོས་ཁོང་གསོད་ཁོང་གསོད། རྒྱང་ཤིང་ལ་རྐྱོངས་ཞེས་ཀུ་སྒྲ་བསྒྲགས་སོ། །པི༷་ལ་ཏུས། ཁྱེད་ཀྱི་རྒྱལ་པོ་བརྐྱང་ངམ་སྨྲས་པས། ལེ༷་ཝི་ཆེན་རྣམས་ཀྱིས། ཀེ༷་སརམ་གཏོགས་པར་ང་ཚོར་རྒྱལ་པོ་གཞན་མེད་སྨྲས་པས།"

16 ༡༦་ པི༷་ལ་ཏུས་ཁོང་རྒྱང་ཤིང་ལ་བརྐྱང་བར་དེ་ཚོའི་ལག་ཏུ་བཏད་དོ།།"

17 ༡༧་ །དེ་ཚོས་ཡེ་ཤུ་འཁྲིད་དེ། ཁོང་གིས་ཉིད་ཀྱི་རྒྱང་ཤིང་རྒྱབ་ཏུ་བསྣམས་ནས་ཡེ༷་རུ་ཤ་ལེམ་གྱི་ཕྱི་རོལ་དུ་ཐོད་པའི་གནས་སམ་ཡ༷་ཧུ་དཱའི་སྐད་དུ་གོ༷ལ་གོ་ཐཱ་ཟེར་སར་ཕེབས་སོ།"

18 ༡༨་ །དེར་དཀྱིལ་དུ་ཡེ་ཤུ་དང་། གཞོགས་གཉིས་སུ་མི་རེ་རྒྱང་ཤིང་ལ་བརྐྱངས་སོ།"

19 ༡༩་ །པི༷་ལ་ཏུས། ན༷་ཙ་རེད་པ་ཡེ་ཤུ་ཡ༷་ཧུ་དཱ་པའི་རྒྱལ་པོ་ཞེས་བྲིས་པའི་བྱང་བུ་ཞིག་ཀྱང་རྒྱང་ཤིང་གི་མགོ་ལ་བཏགས་སོ།"

20 ༢༠་ །ཡེ་ཤུ་རྒྱང་ཤིང་ལ་བརྐྱངས་པའི་གནས་གྲོང་ཁྱེར་དང་ཉེ་ཞིང་། བྱང་བུ་དེར་ཡ༷་ཧུ་དཱ། རོ༷་མ། ཧེ༷་ལེན་སྐད་སྣ་གསུམ་ནང་བྲིས་ཡོད་པས། ཡ༷་ཧུ་དཱ་པ་མང་པོས་བཀླགས་ནས།"

21 ༢༡་ ལེ༷་ཝི་ཆེན་གྱིས་པི༷་ལ་ཏུ་ལ། ཡ༷་ཧུ་དཱ་པའི་རྒྱལ་པོ་ཞེས་མ་འབྲི་བར། ཁོང་གིས་ང་ཡ༷་ཧུ་དཱ་པའི་རྒྱལ་པོ་ཡིན་ཟེར་རོ་ཞེས་འབྲི་བར་མཛོད་ཅིག"

22 ༢༢་ །ཅེས་སྨྲས་པའི་ལན་དུ་པི་ལ་ཏུས། ངས་ཅི་བྲིས་པ་བྲིས་ཟིན་ནོ་ཞེས་སྨྲས་སོ།"

23 ༢༣་ །དམག་མི་ཚོས་ཡེ་ཤུ་བརྐྱངས་ནས། ན་བཟའ་ཁྱེར་ཏེ་མི་རེ་རེ་ལ་རེ་རེ་ཐོབ་ཕྱིར་ཁག་བཞིར་བྱས་སོ། །ནང་གོས་ཚེམ་སྲུབ་མེད་པ་མགོ་ནས་འཇུག་ཐུག་འཐག་སྒྲུབ་ཡིན་པས།"

24 ༢༤་ དེ་ཚོས་ཕན་ཚུན་འདི་མི་ཧྲལ་བར་སུ་ཐོབ་ལ་རྒྱན་རྒྱོབ་ཅིག་སྨྲས་སོ། །བྲིས་པ་ཡོད། །ངའི་གྱོན་པ་རྣམས་བགོས་ཏེ། ངའི་གོས་ལ་རྒྱན་བརྒྱབས་སོ།། ཞེས་གསུངས་པ་དེ་གྲུབ་ཅིང་དམག་མིས་དེ་བཞིན་དུ་བྱས་སོ།"

25 ༢༥་ །ཡེ་ཤུའི་རྒྱང་ཤིང་གི་མདུན་དུ་ཁོང་གི་ཡུམ་དང་། ཡུམ་གྱི་ནུ་མོ་དང་། ཀ༷་ལོ་པའི་ཆུང་མ་མ༷་རི་ཡ་དང་། མ༷ག་དལ་མ་མ༷་རི་ཡ་ལངས་ཡོད་པ་དང་།"

26 ༢༦་ ཡེ་ཤུས་ཡུམ་དང་ཐུགས་སུ་བྱོན་པའི་སློབ་མ་དེར་ལངས་པ་གཟིགས་ནས་ཡུམ་ལ། མ། འདི་ཁྱེད་ཀྱི་བུ་ཡིན་གསུངས་ནས།"

27 ༢༧་ སློབ་མ་དེ་ལ། འདི་ཁྱེད་ཀྱི་མ་ཡིན་གསུངས་སོ། །སློབ་མ་དེས་དེ་ཕྱིན་ཡུམ་ཁོང་རང་གི་ཁྱིམ་དུ་འཁྲིད་དོ།"

28 ༢༨་ །དེའི་རྗེས་སུ་ཡེ་ཤུས་ཐམས་ཅད་གྲུབ་པ་མཁྱེན་ཏེ། བྲིས་པ་གསུངས་པ་འགྲུབ་པའི་ཕྱིར། ང་སྐོམ་མོ་གསུངས་པ་དང་།"

29 ༢༩་ དེར་སྐྱུར་རྩིས་གང་བའི་སྣོད་ཅིག་ཡོད་པས། ཆུ་བལ་ཞིག་སྐྱུར་རྩིར་སྦངས་ནས་རྩྭ་ཡི༷་སོབ་ཀྱི་རྩེ་ལ་བསྐོན་ཏེ་ཞལ་ལ་བསྐྱལ་ཏོ།"

30 ༣༠་ །ཡེ་ཤུས་སྐྱུར་རྩི་བཞེས་ནས། བསྒྲུབས་སོ། །ཞེས་གསུངས་ནས་དབུ་དགུས་ནས་སྐུ་སྲོག་གནང་ངོ་།"

31 ༣༡་ །དེའི་ཉིན་སྟ་གོན་གྱི་ཉིན་མོ་ཡིན་ཏེ། འོང་རྒྱུའི་ཤ༷བ་བད་དེ་ནི་ཆེ་བ་ཞིག་ཡིན་པས། ཤ༷བ་བད་ཞག་ལ་སྤུར་རྒྱང་ཤིང་གི་ཁར་མི་ལུས་པའི་ཕྱིར། ཡ༷་ཧུ་དཱ་པ་ཚོས་པི༷་ལ་ཏུ་ལ། རྐང་བཅག་ནས་རོ་རྣམས་འཁྱེར་བའི་ཕྱིར་ཞུས་སོ།"

32 ༣༢་ །དེའི་ཕྱིར་དམག་མི་འོངས་ནས། ཁོང་མཉམ་བརྐྱངས་པའི་མི་གཉིས་པོའི་རྐང་པ་བཅག་གོ"

33 ༣༣་ །ཡེ་ཤུའི་དྲུང་དུ་བསླེབས་ནས་སྐུ་གྲོངས་ཟིན་པ་མཐོང་སྟེ་ཞབས་མ་བཅག་པར།"

34 ༣༤་ གཅིག་གིས་སྐུའི་གཞོགས་ལ་མདུང་བཙུགས་མ་ཐག་ཏུ། སྐུ་ཁྲག་དང་ཆུ་ཐོན་ཏོ།"

35 ༣༥་ །ཁྱེད་ཚོའང་དད་པའི་ཕྱིར། གང་མཐོང་བ་དེས་དཔང་པོ་བྱེད་དེ། དཔང་པོ་དེ་ནི་བདེན་པ་ཡིན་ཅིང་། ཁོང་རང་གིས་སྨྲས་བ་དྲང་པོ་ཡིན་པར་ཤེས་སོ།"

36 ༣༦་ །བྲིས་པ་ཡོད། ཁོང་གི་གདུང་རུས་གཅིག་ཀྱང་མི་བཅག་ཞེས་དང་།"

37 ༣༧་ དེ་ཚོས་མདུང་གིས་ཕུག་པར་དེ་ཚོས་བལྟ། ཞེས་བྲིས་པ་འགྲུབ་པའི་ཕྱིར་བྱ་བ་དེ་བྱུང་ངོ་།"

38 ༣༨་ །དེའི་རྗེས་སུ་ཡ༷་ཧུ་དཱ་པར་འཇིགས་ཏེ་གསང་ནས་ཡེ་ཤུའི་སློབ་མ་ཡིན་པའི་ཨ༷་རི་མ་ཐ་ཡཱ་པ་ཡོ༷་སེབ་ཀྱིས། ཡེ་ཤུའི་སྐུ་སྤུར་འཁྱེར་བའི་དགོངས་པ་པི༷་ལ་ཏུ་ལས་ཞུས་པ་པི་ལ་ཏུས་གནང་བས། ཁོང་འོངས་ནས་ཡེ་ཤུའི་སྐུ་སྤུར་གདན་འདྲེན་ཞུས་སོ།"

39 ༣༩་ །སྔར་མཚན་མོ་ཡེ་ཤུ་མཇལ་བའི་ནི༷་ཀོ་དེམ། ག༷ན་དྷ་ར་ས་དང་ཨ༷་ག་རུ་བསྲེས་མ་ཉ་ག་གསུམ་བརྒྱ་ཙམ་འཁུར་འོངས་པ་དང་།"

40 ༤༠་ ཡ༷་ཧུ་དཱ་པའི་དུར་དུ་སྦས་པའི་ལུགས་སྲོལ་བཞིན་དུ། ཡེ་ཤུའི་སྐུ་སྤུར་བླངས་ཏེ། སྤོས་དང་བཅས་རས་ཀྱིས་བཏུམ་མོ།"

41 ༤༡་ །ཁོང་རྒྱང་ཤིང་ལ་བརྐྱངས་པའི་ས་རུ་སྐྱེད་ཚལ་ཞིག་ཡོད་དེ། དེའི་ནང་སྔར་ནམ་ཡང་རོ་མ་བཞག་པའི་དུར་ཁུང་གསར་པ་ཞིག་ཡོད་པས།"

42 ༤༢་ དེ་ཐག་ཉེ་ཞིང་། ཡ༷་ཧུ་དཱ་པའི་སྟ་གོན་གྱི་ཉིན་མོ་ཡིན་པས་ཡེ་ཤུ་དེར་གདན་འདྲེན་ཞུས་སོ།། །།"

2

1 ༡་ །དེའི་ཞག་གསུམ་པ་ལ། ག༷་ལིལ་གྱི་ཀ༷་ནཱ་རུ་བག་སྟོན་ཞིག་ཡོད་དེ། ཡེ་ཤུའི་ཡུམ་ཡང་དེར་བཞུགས་སོ།"

2 ༢་ །ཡེ་ཤུའང་སློབ་མ་དང་བཅས་དེར་གདན་དྲངས་སོ།"

3 ༣་ །རྒུན་ཆང་རྫོགས་ནས་ཡེ་ཤུའི་ཡུམ་གྱིས་ཁོང་ལ། རྒུན་ཆང་མི་འདུག་ཞུས་པ་དང་།"

4 ༤་ ཡེ་ཤུས། མ། དེ་ནི་ཅི་ཡང་མི་སྟོ། ངའི་དུས་ཚོད་ད་དུང་མ་རན་གསུངས་སོ།"

5 ༥་ །ཡུམ་གྱིས་གཡོག་པོ་ཚོར། ཡེ་ཤུས་ཅི་གསུང་བྱོས་ཤིག་གསུངས་སོ། "

6 ༦་ །ཡ༷་ཧུ་དཱ་པའི་གཙང་སྦྲའི་ཕྱིར་འབྲུ་ཁལ་བཅུ་ཙམ་ཤོང་བའི་རྡོ་བེན་དྲུག་དེ་རུ་ཡོད་པ་ཡིན།"

7 ༧་ ཡེ་ཤུས་དེ་ཚོར་ཆུ་བེན་དེ་ཚོ་ཆུས་ཁོང་ཞིག་གསུངས་པས། ལྟེམ་མེར་བཀང་ངོ་།"

8 ༨་ ་བཅུས་ཏེ་ལས་དཔོན་ལ་ཁྱེར་ཞིག་གསུངས་པས་ཁྱེར་ཏོ།"

9 ༩་ །ལས་དཔོན་གྱིས་ཆུར་བྲོ་བ་མྱངས་པ་དང་རྒུན་ཆང་ལ་གྱུར་ཡོད་དོ། །ཆུ་བཅུ་བའི་གཡོག་པོ་ལ་རྒྱུས་ཡོད་ཀྱང་། ལས་དཔོན་གྱིས་དེ་ག་ནས་བྱུང་མ་ཤེས་པས། མག་པ་བོས་ནས་དེ་ལ།"

10 ༡༠་ མི་ཀུན་གྱིས་སྔོན་ལ་རྒུན་ཆང་ལེགས་པ་དེ་སྟེར་ནས་མགྲོན་པོ་ར་བཟི་བ་དང་། ཞན་པ་དེ་བསྟེར་ཀྱང་། ཁྱེད་ཀྱིས་རྒུན་ཆང་ལེགས་པ་དེ་ད་ལྟ་བར་བཞག་གོ་ཅེས་སྨྲས་སོ།"

11 ༡༡་ ལས་བཟང་དང་པོ་དེ་ཡེ་ཤུས་ག༷་ལིལ་ཡུལ་གྱི་ཀ༷་ན་རུ་བསྟན་ཏེ། ཉིད་ཀྱི་དཔལ་མངོན་པར་མཛད་ནས། སློབ་མ་རྣམས་ཁོང་ལ་དད་དོ།"

12 ༡༢་ །དེའི་རྗེས་སུ་ཡུམ་དང་སྐུ་མཆེད་སློབ་མ་རྣམས་བཅས་ཁོང་ཀ༷་ཕར་ན་ཧུམ་དུ་ཕེབས་ནས་ཞག་ཁ་ཤས་བཞུགས་སོ།།"

13 ༡༣་ །ཡ༷་ཧུ་དཱ་པའི་པེ༷་སག་གི་དུས་ཆེན་ཉེ་བས་། ཡེ་ཤུ་ཡེ༷་རུ་ཤ་ལེམ་དུ་ཕེབས་སོ།"

14 ༡༤་ །སྨོན་ལམ་ཁང་ནང་གླང་དང ལུག་ ཕུག་རོན་ཚོང་མཁན་དང་ དངུལ་རྗེ་མཁན་རྣམས་ཉོ་ཚོང་བྱེད་པར་གཟིགས་ནས།"

15 ༡༥་ ཐག་པའི་རྟ་ལྕག་མཛད་ནས་སྨོན་ལམ་ཁང་ནས་དེ་ཚོ་ལུག་དང་གླང་བཅས་ཕྱིར་བཏོན་ཏེ། དངུལ་རྗེ་མཁན་གྱི་དངུལ་དེ་ཚོ་གཏོར། ལྕོག་ཙེ་སློག"

16 ༡༦་ །ཕུག་རོན་ཚོང་མཁན་རྣམས་ལ་། འདི་ཚོ་ཕར་ཁྱེར་ཤིག ངའི་ཡབ་ཀྱི་གཟིམ་ཁང་ཚོང་ཁང་དུ་མ་བྱེད་ཅིག་གསུངས་སོ།"

17 ༡༧་ །བྲིས་པ་ཡོད། ཁྱེད་ཀྱི་གཟིམ་ཁང་ལ་གདུང་བས་ང་ཟའོ་ཞེས་བྲིས་པ་སློབ་མ་རྣམས་ཀྱི་ཡིད་ལ་དྲན་ནོ།"

18 ༡༨་ །ཡ་ཧུ་དཱ་པ་རྣམས་ཀྱིས་ཁོང་ལ། ཁྱེད་ཀྱིས་འདི་འདྲ་མཛད་པ་ལ། ལྟས་སྟོན་རྒྱུ་ཅི་ཡོད་ཞུས་པ་དང་།"

19 ༡༩་ ཡེ་ཤུས་བཀའ་ལན་དུ། སྨོན་ལམ་ཁང་འདི་ཤིག་ཅིག་དང་། ངས་ཞག་གསུམ་ནང་བཞེང་ངོ་གསུངས་སོ།"

20 ༢༠་ །དེ་ཚོས། སྨོན་ལམ་ཁང་འདི་བཞེང་བ་ལ་ལོ་བཞི་བཅུ་ཞེ་དྲུག་སོང་། ཁྱེད་ཀྱིས་ཞག་གསུམ་ནང་བཞེང་ངམ་ཞུས་སོ།"

21 ༢༡་ །ཁོང་གིས་སྐུ་ལུས་ཡིན་པའི་སྨོན་ལམ་ཁང་ལ་དམིགས་ཏེ་གསུངས་པ་ཡིན།"

22 ༢༢་ ཁོང་གཤིན་པོའི་ཁྲོད་ནས་གསོན་པོར་བཞེངས་པའི་ཚེ་། སློབ་མ་རྣམས་ཀྱིས་གསུང་དེ་དྲན་ནས། བི༷་བལ་དང་ཡེ་ཤུའི་བཀའ་ལ་དད་པར་གྱུར་ཏོ།"

23 ༢༣་ །ཁོང་ཡེ༷་རུ་ཤ་ལེམ་དུ་པེ༷་སག་གི་དུས་ཆེན་ལ་བཞུགས་རིང་དུ་མཛད་པའི་ལས་བཟང་རྣམས་མཐོང་ནས་མི་མང་པོས་ཁོང་ལ་དད་པ་བྱས་སོ།"

24 ༢༤་ །འོན་ཀྱང་ཡེ་ཤུས་ཐམས་ཅད་མཁྱེན་ཅིང་།"

25 ༢༥་ སུས་ཀྱང་གཞན་གྱི་སྐོར་ལ་ཞུ་མ་དགོས་པར། མིའི་སྙིང་ནང་ཅི་ཡོད་པ་མཁྱེན་པས་། དེ་ཚོར་བློ་གཏད་མ་མཛད་དོ།། །།"

20

1 ༡་ །བདུན་ཕྲག་གི་ཞག་དང་པོར་ནམ་མ་ལངས་ཁར་མ༷ག་དལ་མ་མ༷་རི་ཡཱ་སྤུར་ཁང་དུ་བསླེབས་དུས། སྤུར་ཁང་ནས་ཁ་རྡོ་དེ་སྒྲིལ་ཡོད་པ་མཐོང་བས།"

2 ༢་ ཤི་༷མོན་པེ་ཏྲོ་དང་ཡེ་ཤུའི་ཐུགས་བརྩེ་བའི་སློབ་མ་ཡི་རྩར་རྒྱུག་གིན་སོང་ནས་དེ་གཉིས་ལ། ཀྱུ་རི་བོ་ནི་སྤུར་ཁང་ནས་འཁྱེར་འདུག་གོ །ག་རུ་བཞག་པ་ངས་མི་ཤེས་སོ་སྨྲས་པས།"

3 ༣་ པེ༷་ཏྲོ་དང་སློབ་མ་གཞན་དེ་ཕྱིར་བྱུང་ནས་སྤུར་ཁང་ལ་སོང་ངོ་།"

4 ༤་ །ཁོང་གཉིས་མཉམ་དུ་བརྒྱུགས་ཀྱང་སློབ་མ་གཞན་དེ་པེ༷་ཏྲོ་ལས་མགྱོགས་ག་སྤུར་ཁང་དུ་སྔོན་ལ་བསླེབས་པས།"

5 ༥་ བལྟ་ཕྱིར་མགོ་དགུ་བ་ལས་སྤུར་རས་རྣམས་དེར་ཡོད་པ་མཐོང་ཞིང་ནང་དུ་མ་ཞུགས།"

6 ༦་ དེའི་ཕྱི་བཞིན་ཤི༷་མོན་པེ༷་ཏྲོའང་བསླེབས་ནས། སྤུར་ཁང་ནང་ཞུགས་ཏེ། རས་དང་།"

7 ༧་ དབུ་ལ་བཏུམ་པའི་ཞལ་ཕྱིས་རས་གཞན་རྣམས་དང་མ་བསྲེ་བར། བསྒྲིལ་ཏེ་སོ་སོར་བཞག་ཡོད་པ་མཐོང་ངོ་།"

8 ༨་ །དེ་ནས་སྤུར་ཁང་དུ་སྔོན་ལ་བསླེབས་པའི་སློབ་མ་གཞན་དེའང་ནང་དུ་ཞུགས་ནས་མཐོང་བས་དད་པར་གྱུར་ཏོ།"

9 ༩་ །གཤིན་པོའི་ཁྲོད་ནས་སྐུ་གསོན་པོར་བཞེངས་དགོས་སོ། །ཞེས་བྲིས་པའི་གསུང་ནི་དེ་ཐུགས་མ་ཤེས་སོ།"

10 ༡༠་ །དེ་ནས་སློབ་མ་གཉིས་པོ་ཁྱིམ་དུ་ལོག་གོ།"

11 ༡༡་ །མ༷་རི་ཡ་སྤུར་ཁང་གི་ཕྱི་རོལ་དུ་ངུ་ཞིང་ཡོད་དེ། ངུ་བཞིན་སྤུར་ཁང་གི་ནང་དུ་བལྟས་པས།"

12 ༡༢་ ཡེ་ཤུའི་སྤུར་བཞག་ས་ལ། གོས་དཀར་པོ་གྱོན་པའི་ཨ༷ན་ཇལ་གཉིས། དབུའི་ལོགས་སུ་གཅིག་དང་ཞབས་ཀྱི་ལོགས་སུ་གཅིག་ཡོད་པ་མཐོང་ངོ་།"

13 ༡༣་ །དེ་གཉིས་ཀྱིས། བུ་མོ། ཅི་ལ་ངུ་སྨྲས་པས། མོས། ངའི་ཀྱུ་རི་བོ་འཁྱེར་འདུག་སྟེ། ག་པར་བཞག་པ་མི་ཤེས་སོ་ཟེར་ཤིང་།"

14 ༡༤་ ཁ་ཕྱིར་ལོག་ནས་བལྟས་པས་ཡེ་ཤུ་དེར་བཞེངས་ཡོད་པ་མཇལ་ཀྱང་། ཁོང་ཡིན་པར་མ་ཤེས་སོ།"

15 ༡༥་ །ཡེ་ཤུས། བུ་མོ། ཅི་ལ་ངུ་། སུ་འཚོལ་གསུངས་ཀྱང་། མོས་སྐྱེད་ཚལ་སྲུང་མཁན་ཡིན་པར་བསམས་ནས། རྒན་ལགས། གལ་ཏེ་ཁྱེད་ཀྱིས་ཁོང་འཁྱེར་ཡོད་ན་བཞག་ས་ཤོད་ཅིག །ངས་ཁོང་གདན་ཞུའོ་ཞུས་སོ།"

16 ༡༦་ །ཡེ་ཤུས། མ༷་རི་ཡ། ཞེས་གསུངས་པ་དང་། མོས་ཁོང་གི་ཕྱོགས་སུ་བསྒྱུར་ནས། ཡ༷་ཧུ་དཱའི་སྐད་དུ། ར༷བ་བུ༷་ནི་༷། བོད་སྐད་དུ། རྒན་ལགས། ཞུས་སོ།"

17 ༡༧་ །ཡེ་ཤུས། ད་དུང་ང་ཡབ་ཀྱི་དྲུང་དུ་ཡར་མ་འདེགས་པས། ང་ལ་མ་རེག་ཅིག །ངའི་སྤུན་ཚོའི་རྩར་སོང་ནས། ང་ནི་ངའི་ཡབ་དང་ཁྱེད་ཀྱི་ཡབ། ངའི་ཨེ་ལོ་ཧིམ་དང་ཁྱེད་ཀྱི་ཨེ་ལོ་ཧིམ་གྱི་དྲུང་དུ་ཡར་འགྲོའོ་ཤེས་སྨྲོས་ཤིག་གསུངས་སོ།"

18 ༡༨་ །མ༷ག་དལ་མ་མ༷་རི་ཡ་ལོག་ནས་སློབ་མ་རྣམས་ལ། ངས་ཀྱུ་རི་བོ་མཇལ་ལོ། ཟེར་ཞིང་ཁོང་གིས་གསུངས་པ་རྣམས་བཤད་དོ།། "

19 ༡༩་ །བདུན་ཕྲག་གི་ཞག་དང་པོ་དེ་ཀའི་ཕྱི་དྲོ། ཡ༷་ཧུ་དཱ་པ་ལ་འཇིགས་པས་སློབ་མ་རྣམས་སྒོ་བརྟན་དམ་པོར་མནན་ནས་བསྡད་ཡོད་པར། ཡེ་ཤུ་བྱོན་ནས་དཀྱིལ་དུ་བཞེངས་ཏེ། ཞི་བདེ་བར་གྱུར་ཅིག་གསུངས་ནས།"

20 ༢༠་ ཕྱག་དང་གཞོགས་དེ་ཚོར་བསྟན་པར་མཛད་དོ། །ཀྱུ་རི་བོ་དང་མཇལ་བས་སློབ་མ་རྣམས་དགའ་བར་གྱུར་ཏོ།"

21 ༢༡་ །ཡེ་ཤུས་སླར། ཞི་བདེ་བར་གྱུར་ཅིག །ཡབ་ཀྱིས་ང་མངགས་པ་ལྟར་། ངས་ཀྱང་ཁྱེད་མངག་གོ"

22 ༢༢་ །ཞེས་གསུངས་ནས། དེ་ཚོར་ཕུ་བཏབ་ནས། དམ་པའི་རུ་ཨག་བློང་ཞིག"

23 ༢༣་ །ཁྱེད་ཀྱིས་སུའི་སྡིག་པ་སེལ་ན། དེའི་སྡིག་པ་དག་གོ །སུའི་སྡིག་པ་མི་སེལ་ན་ལུས་སོ་གསུངས་སོ།།"

24 ༢༤་ །བཅུ་གཉིས་པོའི་ནང་ནས་མཚེ་མ་ཟེར་བའི་ཐོ༷་མཱ་ནི་ཡེ་ཤུ་ཕེབས་དུས་དེར་མེད་པས།"

25 ༢༥་ སློབ་མ་གཞན་ཚོས། ང་ཚོས་ཀྱུ་རི་བོ་མཇལ་བྱུང་ཞེས་སྨྲས་ཀྱང་། ཐོ༷་མཱས། ངས་ཁོང་གི་ཕྱག་ནང་གཟེར་གྱི་ཤུལ་མཐོང་སྟེ། ཤུལ་ནང་མཛུབ་མོ་འཇུག་སྟེ། ཁོང་གི་གཞོགས་ནང་ལག་པ་བཞག་ནས་མིན་པ་ང་ཡིད་མི་ཆེས་སོ་ཟེར་ཏོ།"

26 ༢༦་ །ཞག་བརྒྱད་ཀྱི་རྗེས་སུ། སློབ་མ་རྣམས་སླར་ཁང་པ་དེར་ཡོད་པས། ཐོ༷་མཱའང་ཡོད་དེ། སྒོ་བརྟན་དམ་པོར་མནན་ཡོད་ཀྱང་། ཡེ་ཤུ་ནང་དུ་བྱོན་ནས་དཀྱིལ་ལ་བཞེངས་ཏེ། ཞི་བདེ་བར་གྱུར་ཅིག་གསུངས་ཤིང་།"

27 ༢༧་ ཐོ༷་མཱ་ལ། ཁྱེད་ཀྱི་མཛུབ་མོ་འདིར་ཆུག་ཅིག། །ངའི་ལག་པ་ལ་ལྟོས། ལག་པ་རྐྱོང་ལ་ངའི་གཞོགས་ཀྱི་ནང་དུ་ཆུག་དང་། །དད་མེད་མ་འགྱུར་བར་དད་པ་བྱོས་ཤིག་ཅེས་གསུངས་སོ།"

28 ༢༨་ །ཐོ༷་མཱས། ངའི་ཀྱུ་རི་བོ་ལགས། ངའི་ཨེ་ལོ་ཧིམ་ལགས་ཞུས་སོ།"

29 ༢༩་ །ཡེ་ཤུས། ཁྱེད་ཀྱིས་ང་མཐོང་བས་དད་པ་བྱས་སམ། ང་མ་མཐོང་བར་དད་པ་བྱས་པ་རྣམས་བདེའོ་གསུངས་སོ།།"

30 ༣༠་ །དེབ་འདིའི་ནང་མ་བྲིས་པའི་ལས་བཟང་གཞན་མང་པོ་ཡེ་ཤུས་སློབ་མ་རྣམས་ཀྱི་མདུན་དུ་མཛད་དོ།"

31 ༣༡་ །ཡེ་ཤུ་ཨེ་ལོ་ཧིམ་གྱི་སྲས་མ་ཤི་ཀ་ཡིན་པར་ཁྱེད་ཀྱིས་དད་པ་བྱེད་པ་དང་། དད་ཅིང་ཁོང་གི་མཚན་གྱི་སྒོ་ནས་མི་ཚེ་རྒྱུན་དུ་པ་ཐོབ་པའི་ཕྱིར་བྱ་བ་འདི་རྣམས་བྲིས་སོ།། །།"

21

1 ༡་ །དེའི་རྗེས་སུ་ཡེ་ཤུས་ཏི༷་བེར་ཨའི་མཚོ་འགྲམ་དུ་སློབ་མ་རྣམས་ལ་སླར་ཡང་མཇལ་ཁ་གནང་ངོ་། །འདི་ལྟ་བུར་མཇལ་ཏེ།"

2 ༢་ ཤི༷་མོན་པེ་ཏྲོ་དང་། མཚེ་མ་ཟེར་བའི་ཐ་ོ༷མཱ་དང་། ག༷་ལིལ་གྱི་ཀ༷་ན་པ་ན༷་ཐན་ཨེལ་དང་། ཟེ༷་བད་ཡའི་བུ་གཉིས་པོ་དང་། སློབ་མ་གཞན་གཉིས་བཅས་ཡོད་པས།"

3 ༣་ ཤི༷་མོན་པེ༷་ཏྲོས། ང་ཉ་འཛིན་དུ་འགྲོའོ་སྨྲས་སོ། །དེ་ཚོས་ང་ཚོའང་ཁྱེད་མཉམ་འགྲོའོ་སྨྲས་ཤིང་སོང་སྟེ་གྲུའི་ནང་དུ་ཞུགས་པ་དང་། མཚན་མོ་དེར་ཉ་ཅིའང་མ་བཟུང་ངོ་།"

4 ༤་ །ནམ་ལངས་པའི་ཚེ་། ཡེ་ཤུ་མཚོ་འགྲམ་དུ་བཞེངས་ཡོད་ཀྱང་། སློབ་མ་རྣམས་ཀྱིས་ཁོང་ཡིན་པར་མ་ཤེས་སོ།"

5 ༥་ །ཡེ་ཤུས། བུ་རྣམས། ཟ་རྒྱུ་ཞིག་ཡོད་དམ་གསུངས་པས། མེད་ཞུས་སོ།"

6 ༦་ །ཁོང་གིས། གྲུའི་གཡས་ཕྱོགས་ལ་ཉ་དོལ་ཐོང་ཞིག་ཐོབ་འོང་གསུངས་པས། དེ་ཚོས་ཉ་དོལ་བཏང་བས། ཉ་མང་སྟབས་ཀྱིས་ཉ་དོལ་འཐེན་མ་ཐུབ་པས།"

7 ༧་ ཡེ་ཤུའི་ཐུགས་སུ་བྱོན་པའི་སློབ་མས་པེ༷་ཏྲོ་ལ། ཀྱུ་རི་བོ་ཡིན་ནོ། །སྨྲས་སོ། །ཤི༷་མོན་པེ༷་ཏྲོས་ཀྱུ་རི་བོ་ཡིན་ནོ་སྨྲས་པ་ཐོས་པ་དང་། གཅེར་བུར་ཡོད་པས། གོས་གོན་ཏེ་མཚོར་མཆོངས་སོ།"

8 ༨་ །སློབ་མ་གཞན་རྣམས། སྐམ་ས་ནས་ཁྲུ་ཉི་བརྒྱ་ཙམ་མ་གཏོགས་མེད་པས། ཉས་གང་བའི་ཉ་དོལ་འདྲུད་ཅིང་གྲུའི་ནང་དུ་འོངས་ནས།"

9 ༩་ སྐམ་སར་བསླེབས་པ་དང་། དེར་སོལ་བའི་མེ་དང་། མེའི་ཁར་ཉ་དང་། བག་ལེབ་ཡོད་པར་མཐོང་ངོ་།"

10 ༡༠་ །ཡེ་ཤུས། ད་ལྟ་བཟུང་བའི་ཉ་རེ་འཁུར་ཤོག་གསུངས་པས།"

11 ༡༡་ ཤི༷་མོན་པེ༷་ཏྲོ་གྲུའི་ནང་ཕྱིན་ནས། ཉ་ཆེ་བ་བརྒྱ་དང་ལྔ་བཅུ་ང་གསུམ་གྱིས་གང་བའི་ཉ་དོལ་དེ་སྐམ་སར་འདྲུད་དོ། །ཉ་དེ་ཙམ་མང་པོ་ཡོད་ཀྱང་ཉ་དོལ་མ་ཆད་དོ།"

12 ༡༢་ །ཡེ་ཤུས། ཤོག་ལ། དྲོ་ཟས་ཟོ་གསུངས་སོ། །སློབ་མ་ཚོས་ཀྱུ་རི་བོ་ཡིན་པར་ཤེས་ཏེ། ཁྱེད་སུ་ཡིན་ཞེས་སུས་ཀྱང་བཀའ་འདྲི་ཞུ་མ་སྤོབས་སོ།"

13 ༡༣་།ཡེ་ཤུ་མདུན་དུ་ཕེབས་ནས་། བག་ལེབ་ཕྱག་ཏུ་བཞེས་ཤིང་། དེ་ཚོར་གནང་ངོ་། །དེ་བཞིན་དུ་ཉའང་གནང་ངོ་།"

14 ༡༤་ །ཡེ་ཤུ་གཤིན་པོའི་ཁྲོད་ནས་སྐུ་གསོན་པོར་བཞེངས་པའི་འོག་ཏུ། སློབ་མ་རྣམས་ལ་མཇལ་ཁ་གནང་ཐེངས་གསུམ་པའོ།།"

15 ༡༥་ །དྲོ་ཟས་བཞེས་ཟིན་པ་དང་། ཡེ་ཤུས་ཤི༷་མོན་པེ༷་ཏྲོར། ཡོ༷་ཧ་ནན་གྱི་བུ་ཤི༷་མོན། འདི་རྣམས་ལས་ལྷག་པར་ཁྱེད་ཀྱིས་ང་ལ་གཅེས་པ་བྱེད་དམ་གསུངས་པས། ཁོང་གིས། བྱེད་དོ་ཀྱུ་རི་བོ་ལགས། ངས་ཁྱེད་ལ་གཅེས་པ་ཁྱེད་ཀྱིས་མཁྱེན་ནོ་ཞུས་སོ། །ཁོང་གིས། ངའི་ལུག་གུ་རྣམས་ཚོས་ཤིག་གསུངས་སོ།"

16 ༡༦་ །ཁོང་གིས་ལན་གཉིས་པར། ཡོ༷་ཧ་ནན་གྱི་བུ་ཤི༷་མོན། ང་ལ་གཅེས་པར་བྱེད་དམ་གསུངས་སོ། །ཁོང་གིས། བྱེད་དོ་ཀྱུ་རི་བོ། ངས་ཁྱེད་ལ་གཅེས་པ་ཁྱེད་ཀྱིས་མཁྱེན་ནོ་ཞུས་སོ། །ངའི་ལུག་རྣམས་ཚོས་ཤིག་གསུངས་སོ།"

17 ༡༧་ །ལན་གསུམ་པར། ཡོ༷་ཧ་ནན་གྱི་བུ་ཤི༷་མོན། ང་ལ་གཅེས་པར་བྱེད་དམ་གསུངས་སོ། །ཁོང་གིས་ཐེངས་གསུམ་ང་ལ་གཅེས་པར་བྱེད་དམ་གསུངས་པས། པེ༷་ཏྲོའི་སེམས་འཁྲུགས་ནས། ཀྱུ་རི་བོ། ཁྱེད་ཀྱིས་ཐམས་ཅད་མཁྱེན་པས། ངས་ཁྱེད་ལ་གཅེས་པར་བྱེད་པ་དེ་མཁྱེན་ནོ་ཞུས་སོ། །ཡེ་ཤུས། ངའི་ལུག་ཚོས་ཤིག"

18 ༡༨་ །ཁྱེད་གཞོན་ནུའི་དུས་སུ་རང་གི་སྐེ་རགས་རང་གིས་བཅིངས་ཏེ། རང་དགར་སོང་ངོ་། རྒས་དུས་སུ་ཁྱེད་ཀྱིས་ལག་པ་བརྐྱངས་ནས། གཞན་པས་ཁྱེད་སྐེ་རགས་བཅིངས་ཏེ། ཁྱེད་མི་དགའ་བའི་གནས་སུ་འཁྲིད་པར་འགྱུར་རོ་ཞེས་ངས་བདེན་པར་ཟེར་གསུངས་སོ།"

19 ༡༩ །པེ༷་ཏྲོ་ཇི་ལྟ་བུའི་ཤི་ལུགས་ཀྱིས་ཨེ་ལོ་ཧིམ་གྱི་དཔལ་བརྗིད་སྟོན་པར་འགྱུར་བའི་བརྡ་གནང་ཕྱིར་དེ་ལྟར་གསུངས་ནས། ངའི་རྗེས་སུ་འབྲོངས་ཤིག་གསུངས་སོ།"

20 ༢༠་ །དགོང་ཟས་བཞེས་དུས་སུ། ཡེ་ཤུའི་སྐུ་བྲང་ལ་བསྙེས་ནས། ཀྱུ་རི་བོ་ཁྱེད་དགྲར་བཏད་མཁན་སུ་ཡིན་ཞུས་པའི་ཡེ་ཤུའི་ཐུགས་སུ་བྱོན་པའི་སློབ་མ་ཀྱང་འབྲངས་ནས་འོངས་སོ། །པེ༷་ཏྲོས་ཁ་བསྒྱུར་ནས་དེ་མཐོང་བས། ཡེ་ཤུ་ལ།"

21 ༢༡་ ཀྱུ་རི་བོ་། ཁོང་ལ་ཅི་འབྱུང་བར་འགྱུར་ཞུས་པས།"

22 ༢༢་ ཡེ་ཤུས། གལ་ཏེ་ང་མ་འོང་བའི་བར་དུ་ཁོང་ལུས་པར་ང་དགའ་ན་ཁྱེད་ལ་ཅི་སྟོ། ཁྱེད་རང་ངའི་རྗེས་སུ་འབྲོངས་ཞིག་གསུངས་སོ།"

23 ༢༣་ །དེས་སློབ་མ་དེ་མི་འཆི་ཞེས་པའི་གཏམ་སྤུན་གྱི་ཁྲོད་དུ་ཁྱབ་བོ། །འོན་ཀྱང་ཡེ་ཤུས་སློབ་མ་དེ་མི་འཆི་མ་གསུངས་ཀྱིས། གལ་ཏེ་ང་མ་འོང་བའི་བར་དུ་ཁོང་ལུས་པར་ང་དགའ་ན། ཁྱེད་ལ་ཅི་སྟོ་གསུངས་པ་ཡིན་ནོ།།"

24 ༢༤་ །བྱ་བ་དེ་ཚོར་དཔང་པོ་བྱེད་མཁན་དང་། འདི་ཚོ་འབྲི་མཁན་ནི་སློབ་མ་འདི་ཀ་ཡིན་ཏེ། དེའི་དཔང་པོ་བདེན་པ་ཡིན་པར་ང་ཚོས་ཤེས་སོ།"

25 ༢༥་ །ཡེ་ཤུས་མཛད་པའི་མཛད་རྒྱ་གཞན་མང་པོ་ཡོད་ཀྱང་། རེ་རེ་བཞིན་འབྲི་ན། ངའི་བསམ་ཚོད་ལྟར། བྲིས་པའི་དེབ་རྣམས་འཇིག་རྟེན་གྱི་ནང་ཤོང་བར་དཀའོ།། །།
"

3

1 ༡་ །ཕ༷་རུ་ཤི་པ་ནི༷་ཀོ་དེམ་བྱ་བ་ཡ༷་ཧུ་དཱ་པའི་དཔོན་པོ་ཞིག་ཡོད་དེ།"

2 ༢་ མཚན་མོ་ཡེ་ཤུ་མཇལ་དུ་འོངས་ནས། ར༷བ་བི། ཁྱེད་ནི་ཨེ་ལོ་ཧིམ་གྱི་ཕྱོགས་ནས་ཕེབས་པའི་འཁྲིད་མཁན་ཡིན་པ་ཤེས་སོ། །ཅིའི་ཕྱིར་ཞུ་ན། ཁྱེད་ཀྱིས་སྟོན་པར་མཛད་པའི་ལས་བཟང་འདི་རྣམས། ཨེ་ལོ་ཧིམ་དང་མི་ལྡན་པར་སུས་ཀྱང་སྟོན་པར་མི་ནུས་སོ། །ཞེས་ཞུས་པའི་ལན་དུ་ཡེ་ཤུས།"

3 ༣་ མི་ཞིག་ཡང་སྐྱར་མ་སྐྱེ་ན། ཨེ་ལོ་ཧིམ་གྱི་རྒྱལ་སྲིད་མཐོང་བར་མི་ནུས་སོ་ཞེས་ངས་བདེན་པར་ཟེར་གསུངས་སོ།"

4 ༤་ །ནི༷་ཀོ་དེམ་གྱིས། རྒས་པ་ཞིག་ཇི་ལྟར་སྐྱེ་བར་ནུས། མའི་མངལ་དུ་ཞུགས་ནས་ལན་གཉིས་པར་སྐྱེ་བར་ནུས་སམ་ཞུས་པས།"

5 ༥་ ཡེ་ཤུས། ཆུ་དང་རུ་ཨག་ལས་མ་སྐྱེས་པ་དེ། ཨེ་ལོ་ཧིམ་གྱི་རྒྱལ་སྲིད་ནང་འཇུག་པར་མི་འགྱུར་ཞེས་ངས་བདེན་པར་ཟེར།"

6 ༦་ ལུས་ནས་སྐྱེས་པ་ནི་ལུས་ཡིན། ཨེ་ལོ་ཧིམ་གྱི་རུ་ཨག་ལས་སྐྱེས་པ་ནི་རུ་ཨག་ཡིན།"

7 ༧་ ངས་ཁྱེད་ལ་ཡང་སྐྱར་སྐྱེ་དགོས་སྨྲས་པ་ལ། ཡ་མཚན་མ་བྱེད་ཅིག"

8 ༨་ །རླུང་གང་དགར་རྒྱུ་སྟེ་། དེའི་སྐད་ཐོས་ཀྱང་། དེ་ག་ནས་འོང་ཞིང་ག་རུ་འགྲོ་བ་ཁྱེད་ཀྱིས་མི་ཤེས། ཨེ་ལོ་ཧིམ་གྱི་རུ་ཨག་ནས་སྐྱེས་པ་ཐམས་ཅད་དེ་ལྟར་ཡིན་ནོ་གསུངས་སོ།"

9 ༩་ །ནི༷་ཀོ་དེམ་གྱིས། དེ་ཅི་ལྟར་ཡིན་སྲིད་ཞུས་པར།"

10 ༡༠་ ཡེ་ཤུས། ཁྱེད་ཡི༷ས་ར་ཨེལ་གྱི་དགེ་རྒན་ཡིན་གྱི། །དེ་མི་ཤེས་སམ།"

11 ༡༡་ ང་ཚོས་ཅི་ཤེས་པ་ཟེར་ཞིང་། ཅི་མཐོང་བ་དེའི་དཔང་པོ་བྱེད་ཀྱང་། ང་ཚོས་དཔང་བྱེད་པར་ཁྱེད་མི་ཉན་ནོ་ཞེས་ངས་བདེན་པར་ཟེར།"

12 ༡༢་ ངས་སའི་གཏམ་བྱས་ཏེ་ཡིད་མ་ཆེས་ན། ནམ་མཁའི་གཏམ་བྱེད་ན་ཁྱེད་ཅི་ལྟར་ཡིད་ཆེས་པར་འགྱུར།"

13 ༡༣་ །ནམ་མཁའ་ནས་བབས་པའི་མིའི་བུ་མ་གཏོགས་པར། སུའང་ནམ་མཁར་ཡར་མ་འདེགས་སོ།"

14 ༡༤་ །མོ༷་ཤེས་འབྲོག་སྟོང་ནང་སྦྲུལ་དེ་སྒྲེང་བ་ལྟར། མིའི་བུ་ཁོང་ལ་དད་པ་རྣམས་ལ་མི་ཚེ་རྒྱུན་དུ་པ་ཐོབ་པའི་ཕྱིར་དུ།"

15 ༡༥་མིའི་བུ་ཡང་སྒྲེང་དགོས་སོ།"

16 ༡༦་ །ཁོང་ལ་དད་པ་བྱེད་པ་རྣམས་མི་འཆི་བར་མི་ཚེ་རྒྱུན་དུ་པ་ཐོབ་པའི་ཕྱིར། ཨེ་ལོ་ཧིམ་གྱིས་ཉིད་ཀྱི་སྲས་གཅིག་པོ་གནང་བ་ཙམ་དུ་འཇིག་རྟེན་ལ་བྱམས་པར་མཛད་དོ།"

17 ༡༧་ །ཨེ་ལོ་ཧིམ་གྱིས་་ཉིད་ཀྱི་སྲས་འཇིག་རྟེན་གྱི་ཞལ་ཆེ་གཅད་དུ་མ་མངགས་ཀྱིས། འཇིག་རྟེན་གྱི་སྐྱབས་མཛད་དུ་མངགས་སོ།"

18 ༡༨་ །ཁོང་ལ་དད་པ་དེ་ལ་ཞལ་ཆེ་མི་གཅད། མི་དད་པ་ལ་ཨེ་ལོ་ཧིམ་གྱི་སྲས་གཅིག་པོའི་མཚན་ལ་མ་དད་པས། ཞལ་ཆེ་བཅད་ཟིན་ཏོ།"

19 ༡༩་ །འོད་འཇིག་རྟེན་དུ་བྱོན་ཀྱང་། མིའི་ལས་ངན་གྱིས། འོད་ལས་མུན་པར་ལྷག་པར་འཆགས་པ་ནི་ཆད་པ་དེ་ཡིན།"

20 ༢༠་ །ལས་ངན་བྱེད་པ་ཀུན་གྱིས། རང་གི་ལས་མངོན་གྱིས་དོགས་པས། འོད་ལ་སྡང་ཞིང་། འོད་ཀྱི་དྲུང་དུ་མི་འོང་ངོ་།"

21 ༢༡་ །བདེན་པ་སྤྱོད་པ་དེ། ཨེ་ལོ་ཧིམ་གྱི་ཞལ་ངོར་བྱས་པའི་རང་གི་ལས་མངོན་པའི་དོན་དུ་། འོད་ཀྱི་དྲུང་དུ་འོང་ངོ་ཞེས་གསུངས་སོ།།"

22 ༢༢་ །དེའི་རྗེས་སུ་ཡེ་ཤུ་སློབ་མ་དང་བཅས་ཡ༷་ཧུ་དཱའི་ཡུལ་དུ་བྱོན་དེ། དེར་བཞུགས་ཤིང་བ༷བ་ཐི་སོ་གནང་ངོ་།"

23 ༢༣་ །ཡོ༷་ཧ་ནན་ད་དུང་བཙོན་དུ་བཅུག་མེད་པས། ས༷་ལེམ་དང་ཉེ་བའི་ཆུ་མང་བའི་ཨེ༷་ནོན་བྱ་བར་བ༷བ་ཐི་སོ་གནང་བས།"

24 ༢༤་མི་རྣམས་འོངས་ནས་བ༷བ་ཐི་སོ་བླངས་སོ།"

25 ༢༥་ །ཡོ༷་ཧ་ནན་གྱི་སློབ་མ་དང་ཡ༷་ཧུ་དཱ་པ་ཞིག་གི་བར་ལ། གཙང་སྦྲའི་སྐོར་རྩོད་པ་བྱུང་ནས།"

26 ༢༦་ དེ་རྣམས་ཡོ༷་ཧ་ནན་གྱི་དྲུང་དུ་འོངས་ནས། ར༷བ་བི། ཁྱེད་དང་མཉམ་ཡོ༷ར་དན་གྱི་ཕ་རོལ་དུ་ཡོད་པ་ཁྱེད་ཀྱིས་དཔང་མཛད་པའི་སྐྱེས་པ་དེས་འདིར་བ༷བ་ཐི་སོ་གནང་ཞིང་། ཐམས་ཅད་ཁོང་གི་དྲུང་དུ་འགྲོའོ་ཞུས་པ་དང་།"

27 ༢༧་ ཡོ༷་ཧ་ནན་གྱིས། ནམ་མཁའ་ནས་མ་གནང་ན་ཅིའང་ལེན་མི་ནུས།"

28 ༢༨་ ངས་ང་མ་ཤི་ཀ་མིན། ཁོང་གི་སྔོན་དུ་མངགས་པ་དེ་ཡིན་ཞེས་སྨྲས་པ་ལ། ཁྱེད་ཀྱིས་དཔང་པོ་བྱེད་དོ་།"

29 ༢༩་ །བག་མ་འདྲེན་པ་དེ་མག་པ་ཡིན། མག་པའི་ཕྱིར་ལང་བ་དང་ཉན་པའི་གྲོགས་པོ་དེ། མག་པའི་སྐད་ཐོས་ནས་ཤིན་ཏུ་དགའོ། །དེ་ལྟར་ངའི་དགའ་སྤྲོ་འདི་ཚང་ངོ་།"

30 ༣༠་ །ཁོང་ནི་འཕེལ་ཞིང་ང་འགྲིབ་དགོས།"

31 ༣༡་ །སྟེང་ནས་འབྱོན་པ་དེ་ཐམས་ཅད་ལས་གོང་མ་ཡིན། ས་ནས་ཡིན་པ་སའི་ཡིན་ས་གཏམ་ཟེར། མཁའ་ནས་འབྱོན་པ་ཁོང་ནི་ཐམས་ཅད་ལས་མཐོན་པོ་ཡིན།"

32 ༣༢་ ཁོང་གིས་གཟིགས་ཤིང་གསན་པར་དཔང་མཛད་ཀྱང་། དཔང་པོ་མཛད་པར་སུས་ཀྱང་མི་ཉན་ནོ།"

33 ༣༣་ ཁོང་གི་དཔང་པོ་མཛད་པར་ཉན་མཁན་གྱིས། ཨེ་ལོ་ཧིམ་བདེན་པ་ཡིན་པའི་ཕྱག་རྒྱ་བཏབ།"

34 ༣༤་ ཨེ་ལོ་ཧིམ་རུ་ཨག་ཚད་ཀྱིས་མི་གནང་བས། མངགས་པ་དེ་ཡིས་ཁོང་གི་བཀའ་སྒྲོག་གོ"

35 ༣༥་ ཡབ་ཀྱིས་སྲས་ལ་བྱམས་པ་མཛད་པས་ན། ཐམས་ཅད་ཁོང་གི་ཕྱག་ཏུ་བཏད་པ་ཡིན།"

36 ༣༦་ སྲས་ལ་དད་པར་མི་ཚེ་རྒྱུན་དུ་པ་ཡོད། སྲས་ལ་མི་ཉན་པ་དེས་དེ་མི་མཐོང་། ཨེ་ལོ་ཧིམ་ཐུགས་ཁྲོ་དེའི་ཁར་གནས་པར་འགྱུར་གསུངས་སོ།། །།"

4

1 ༡་།ཡེ་ཤུ་ཉིད་ཀྱིས་བ༷བ་ཐི་སོ་མ་གནང་བར། སློབ་མ་རྣམས་ཀྱིས་བ༷བ་ཐི་སོ་གསོལ་ཀྱང་།"

2 ༢་ ཡོ༷་ཧ་ནན་ལས་ཡེ་ཤུ་ལ་སློབ་མ་མང་བར་འབྲང་ཞིང་བ༷བ་ཐི་སོ་ལེན་ནོ་ཞེས་ཕ༷་རུ་ཤི་པས་ཐོས་པ་ཀྱུ་རི་བོས་མཁྱེན་ནས།"

3 ༣་ ཡ༷་ཧུ་དཱ་ནས་བཞེངས་ཏེ་ག༷་ལིལ་ལ་ལོག་ཕེབས་སོ།"

4 ༤་ །ས༷་མ༷ར་ཡའི་ཡུལ་རྒྱུད་ནས་ཕེབས་དགོས་པས།"

5 ༥་ ས༷་མར་ཡཱའི་གྲོང་ཁྱེར་སི༷་ཀཱར་བྱ་བར་ཕེབས་སོ། །དེ་ཡ༷་ཀོབ་ཀྱིས་བུ་ཡོ༷་སེབ་ལ་བཏང་བའི་ས་ཆ་དང་ཉེ་ཞིང་།"

6 ༦་ ཡ༷་ཀོབ་ཀྱི་ཁྲོན་པ་དེར་ཡོད་དེ། །ཡེ་ཤུ་དེ་ལ་སྐུ་ངལ་བས། །ཁྲོན་པ་དེར་བཞུགས་སོ། །དུས་དེ་ཙ་ན་ཉིན་གུང་ཡིན་ནོ།"

7 ༧་ །སློབ་མ་རྣམས་གྲོང་ཁྱེར་དུ་ཁ་ཟས་ཉོ་རུ་སོང་ངོ་། །ས༷་མར་ཡཱ་མ་ཞིག་ཆུ་ལེན་དུ་འོངས་པས།"

8 ༨་ ཡེ་ཤུས། ང་ལ་ཆུ་ཞིག་ཐོང་གསུངས་སོ།"

9 ༩་ ཡ༷་ཧུ་དཱ་པས་ས༷་མར་ཡཱ་པ་དང་འབྲེལ་མི་བྱེད་པས། ས༷་མར་ཡཱ་མ་དེས། ཁྱེད་ཡ༷་ཧུ་དཱ་པ་ཡིན་བཞིན་དུ། ང་ས༷་མར་ཡཱ་མར་ཆུ་ཐོང་གསུང་བ་དེ་ཅི་ཡིན་ཞུས་སོ།"

10 ༡༠་ །ཡེ་ཤུས་བཀའ་ལན་དུ། གལ་ཏེ་ཁྱེད་ཀྱིས་ཨེ་ལོ་ཧིམ་གྱི་གནང་སྦྱིན་དང་། ཆུ་ཐོང་ཟེར་མཁན་དེ་སུ་ཡིན་པ་ཤེས་པ་ཡིན་ན། ཁྱེད་ཀྱིས་དེ་ལ་ཆུ་གནོང་ཞུས་ཏེ། དེས་གསོན་པོའི་ཆུ་གནང་བ་ཡིན་གསུངས་སོ།"

11 ༡༡་ །བུད་མེད་དེས། ཀྱུ་རི་བོ། ཆུ་དོང་གཏིང་ཟབ་སྟེ། ཁྱེད་ལ་ཆུ་བཅུ་རྒྱུ་མི་འདུག་པས། གསོན་པོའི་ཆུ་གང་ནས་འཆུ།"

12 ༡༢་ ང་ཚོའི་མེས་པོ་ཡ༷་ཀོབ་ཀྱིས། ཁོང་རང་དང་བུ་དང་དུད་འགྲོ་བཅས་ཆུ་དོང་འདི་ལས་འཐུངས་ནས། ང་ཚོར་གནང་བ་ཡིན། ཁོང་ལས་ཁྱེད་ཆེ་འམ་ཞུསོ།"

13 ༡༣་ །ཡེ་ཤུས། ཆུ་འདི་ལས་འཐུང་བ་དེ་སླར་སྐོམ་པར་འགྱུར།"

14 ༡༤་ ངས་སྟེར་བའི་ཆུ་འཐུང་བ་དེ། ནམ་ཡང་མི་སྐོམ་ཞིང་། ངས་གཏང་བའི་ཆུ་ཁོང་གི་ནང་དུ་ཆུ་མིག་ཏུ་འགྱུར་ནས་མི་ཚེའི་རྒྱུན་དུ་པའི་བར་དུ་ རྒྱུག་འོང་གསུངས་སོ།"

15 ༡༥་ །བུད་མེད་དེས། ཀྱུ་རི་བོ། ང་མི་སྐོམ་པ་དང་། འདི་རུ་འོང་མི་དགོས་པའི་ཕྱིར། ཆུ་དེ་ང་ལ་གནོང་ཞིག་ཞུས་སོ།"

16 ༡༦་ །ཡེ་ཤུས། སོང་ལ་ཁྱེད་ཀྱི་ཁྱོ་ག་འཁྲིད་ནས་ཤོག་གསུངས་པའི་ལན་དུ་།"

17 ༡༧ ང་ལ་ཁྱོ་མེད་ཞུས་སོ། ཡེ་ཤུས། ཁྱོ་མེད་ཟེར་བ་དེ་བདེན་ནོ།"

18 ༡༨་ །ཁྱོད་ཀྱིས་ཁྱོ་ལྔ་བྱས་པ་ཡིན། ད་ལྟ་ཡོད་པ་དེ་ཁྱོད་ཀྱི་ཁྱོ་ག་མིན་པས། དེ་ཁྱོད་ཀྱིས་བདེན་པར་སྨྲས་གསུངས་སོ།"

19 ༡༩་ །མོས། ཀྱུ་རི་བོ། ཁྱེད་ཕ༷་རོ་པེ་ཏེ་པ་ཞིག་ཡིན་པར་མཐོང་ངོ་།"

20 ༢༠་ །ང་ཚོའི་མེས་པོས་རི་འདིའི་ཁར་བསྙེན་བཀུར་བྱས་པ་ཡིན། ཁྱེད་ཡ༷་ཧུ་དཱ་པས་ཡེ༷་རུ་ཤ་ལེམ་དུ་བསྙེན་བཀུར་བྱེད་དགོས་ཟེར་རོ་ཞུས།"

21 ༢༡་ ཡེ་ཤུས། ང་ལ་དད་པ་བྱོས་ཤིག །རི་འདི་དང་ཡེ༷་རུ་ཤ་ལེམ་གཉིས་ལ་ཡབ་ལ་བསྙེན་བཀུར་མི་ཞུ་བའི་དུས་ལ་འབབས་སོ།"

22 ༢༢་ །ཐར་པ་ཡ༷་ཧུ་དཱ་པ་ལས་འབྱུང་བས། ཁྱེད་ཀྱིས་རྒྱུས་མེད་དེ་ལ་བསྙེན་བཀུར་བྱེད། ང་ཚོས་རྒྱུས་ཡོད་དེ་ལ་བསྙེན་བཀུར་བྱེད་དོ།"

23 ༢༣་ །བདེན་པར་བསྙེན་བཀུར་བྱེད་པ་རྣམས་ཀྱིས། ཡབ་ལ་རུ་ཨག་དང་བདེན་པའི་སྒོ་ནས་བསྙེན་བཀུར་ཞུ་བའི་དུས་ཚོད་འབབ་འོང་བ་མ་ཟད་རན་ཏོ། །ཡབ་ནི་དེ་འདྲའི་བསྙེན་བཀུར་ཞུ་མཁན་ལ་མཉེས་སོ།"

24 ༢༤་ །ཨེ་ལོ་ཧིམ་རུ་ཨག་ལགས་པས། བསྙེན་བཀུར་ཞུ་བ་རྣམས་ཀྱིས། རུ་ཨག་དང་བདེན་པའི་སྒོ་ནས་བསྙེན་བཀུར་ཞུ་བ་གལ་ཆེའོ་ཡིན་གསུངས་སོ།"

25 ༢༥་ །མོས། མ་ཤི་ཀ་འབྱོན་པ་དང་ང་ཚོར་ཐམས་ཅད་གསུང་བར་འགྱུར་བ་ངས་ཤེས་སོ་ཞུས་པས།"

26 ༢༦་ ཡེ་ཤུས་། དེ་ནི་ཁྱེད་དང་གླེང་བ་ང་རང་ཡིན་གསུངས་སོ།"

27 ༢༧་ །དེའི་སྐབས་ལ་སློབ་མ་རྣམས་བསླེབས་ནས། བུད་མེད་ཅིག་དང་མཉམ་དུ་གསུང་གླེང་མཛད་པ་མཐོང་ནས། ངོ་མཚར་དུ་གྱུར་ཀྱང་། ཅི་དགོངས་སམ། མོ་མཉམ་ཅིའི་ཕྱིར་གསུང་གླེང་མཛད་ཅེས་སུས་ཀྱང་མ་ཞུས་སོ།"

28 ༢༨་ །མོས་ཆུ་སྣོད་དེར་བཞག་སྟེ་གྲོང་ཁྱེར་དུ་སོང་ནས་མི་ཚོར།"

29 ༢༩་ ཤོག་ལ་ངས་བྱས་པ་ཐམས་ཅད་བཤད་བྱུང་བའི་སྐྱེས་པ་ལ་ལྟོས་ཤིག །མ་ཤི་ཀ་དེ་མིན་ནམ་སྨྲས་སོ།"

30 ༣༠་ །དེ་ཚོ་གྲོང་ཁྱེར་ནས་བྱུང་སྟེ། ཁོང་གི་དྲུང་དུ་འོངས་སོ།"

31 ༣༡་ །དེའི་རིང་ལ་སློབ་མ་རྣམས་ཀྱིས། རབ་བི། གསོལ་བ་བཞེས་ཤིག་ཞུས་ཀྱང་།"

32 ༣༢་ ཁོང་གིས། ཁྱེད་ཀྱི་མི་ཤེས་པའི་ཁ་ཟས་ང་ལ་ཟ་རྒྱུ་ཡོད་གསུངས་པས།"

33 ༣༣་ སློབ་མ་རྣམས་ཀྱིས། སུ་ཞིག་གིས་གསོལ་བ་ཕུལ་ཏམ་ཞེས་ཕན་ཚུན་ཟེར་བ་དང་།"

34 ༣༤་ ཡེ་ཤུས། ང་མངགས་མཁན་གྱི་ཐུགས་དགོངས་བཞིན་དུ་བྱེད་པ་དང་། ཁོང་གི་འཕྲིན་ལས་སྒྲུབ་པ་ནི། ངའི་ཁ་ཟས་ཡིན།"

35 ༣༥་ བཙས་མ་ལ་ད་དུང་ཟླ་བ་བཞི་ཡོད་མི་ཟེར་རམ། མིག་བཏེགས་ཏེ་ཀླུངས་ལ་ལྟོས་ཤིག །ཞིང་དཀར་པོར་སོང་ནས་རྔ་རན་འདུག་ཞེས་ངས་ཟེར།"

36 ༣༦་ རྔ་མཁན་གྱིས་གླ་ཐོབ་སྟེ། མི་ཚེ་རྒྱུན་དུ་པའི་ཕྱིར་སྟོན་ཐོག་བསྡུའོ། །དེ་ཡིས་རྨོ་མཁན་དང་རྔ་མཁན་གཉིས་ཀར་དགའ་སྤྲོ་བྱུང་།"

37 ༣༧་ གཅིག་གིས་རྨོ་གཅིག་གིས་རྔའོ་ཞེས་པའི་གཏམ་དཔེ་འདིར་བདེན་ནོ།"

38 ༣༨་ །ཁྱེད་ཀྱིས་མ་འབད་པ་དེ་རྔ་ཕྱིར་ངས་ཁྱེད་བཏང་བ་ཡིན་ནོ། །གཞན་གྱིས་འབད་ནས། དེའི་ལས་འཕྲོ་ལ་ཁྱེད་ཞུགས་སོ་ཞེས་གསུངས་སོ།"

39 ༣༩་ །ངས་བྱས་པ་ཐམས་ཅད་ཁོང་གིས་བཤད་བྱུང་ཞེས་བུད་མེད་དེའི་དཔང་པོའི་སྒོ་ནས། གྲོང་ཁྱེར་དེའི་ས༷་མར་ཡ་པ་མང་པོ་ཁོང་ལ་དད་པར་གྱུར་ཏོ།"

40 ༤༠་ །སྐུ་དྲུང་དུ་འོངས་པ་རྣམས་ཀྱིས་ང་ཚོའི་རྩར་བཞུགས་སུ་གསོལ་ཞེས་ཞུས་པས། ཁོང་དེར་ཞག་གཉིས་བཞུགས་སོ།"

41 ༤༡་ །ལྷག་པར་ཁོང་གི་གསུང་གི་སྒོ་ནས་མི་མང་པོ་དད་པར་གྱུར་ཏོ།"

42 ༤༢་ །བུད་མེད་ལ། ཁྱོད་ཀྱིས་སྨྲས་པ་ཙམ་གྱི་མ་ཡིན་པར། ང་ཚོ་རང་གིས་ཐོས་ནས། འདི་འཇིག་རྟེན་གྱི་སྐྱབས་མགོན་ཡིན་པར་ཐེ་ཚོམ་མེད་པར་ཤེས་ཏེ་དད་པ་བྱེད་དོ་སྨྲས་སོ།།"

43 ༤༣་ །ཞག་གཉིས་ཀྱི་རྗེས་སུ་ཁོང་དེ་ནས་བཞེངས་ཏེ་ག༷་ལིལ་དུ་ཕེབས་སོ།"

44 ༤༤་ །ཕ༷་རོ་པེ་ཏེ་པ་ལ་རང་ཡུལ་དུ་བཀུར་སྟི་མི་འབྱུང་ཞེས་མངོན་པར་གསུངས་སོ།"

45 ༤༥་ །ག༷་ལིལ་པ་རྣམས་ཡེ༷་རུ་ཤ་ལེམ་དུ་དུས་ཆེན་ལ་སོང་ནས། ཁོང་གི་མཛད་པ་ཀུན་མཐོང་བས། ག༷་ལིལ་དུ་ཕེབས་པ་དང་གདན་དྲངས་སོ།"

46 ༤༦་ །ཆུ་རྒུན་ཆང་དུ་མཛད་པའི་ག༷་ལིལ་གྱི་ཀ༷་ནཱ་རུ་སླར་ཕེབས། ཀ༷་ཕར་ན་ཧུམ་དུ་བུ་ན་ཚ་ལྗིད་པོ་འཕོག་ཡོད་པའི་རྒྱལ་པོའི་སྐུ་ཚབ་གཅིག་ཡོད་དེ།"

47 ༤༧་ ཡེ་ཤུ་ཡ༷་ཧུ་དཱ་ནས་ག༷་ལིལ་དུ་ཕེབས་པ་ཐོས་ནས། མཇལ་ཏེ། ངའི་བུ་འཆི་བ་ལ་ཐུག་པས། ཕེབས་ནས་ནད་གསོ་རུ་གསོལ་ཞེས་ཞུས་སོ།"

48 ༤༨་ །ཡེ་ཤུས། ལྟས་དང་ངོ་མཚར་མ་མཐོང་བར། ཁྱེད་རྣམས་ཀྱིས་དད་པ་མི་བྱའོ་གསུངས་སོ།"

49 ༤༩་ །སྐུ་ཚབ་དེས། ཀྱུ་རི་བོ། ངའི་བུ་མི་འཆི་བའི་སྔོན་དུ་ཕེབས་པར་མཛོད་ཅིག་ཞུས་སོ།"

50 ༥༠་ །ཡེ་ཤུས།། སོང་། ཁྱེད་ཀྱི་བུ་གསོན་འོང་གསུངས་སོ། ཁོང་ཡེ་ཤུས་གསུངས་པའི་བཀའ་ལ་དད་པ་བྱས་ཏེ། །སོང་བ་ལས།"

51 ༥༡་ ལམ་བར་དུ་ཁྱེད་ཀྱི་བུ་གསོན་ནོ་ཞེས་ཟེར་བའི་གཡོག་པོ་དང་ཕྲད་དོ།"

52 ༥༢་ །ཁོང་གིས་གསོས་པ་ཆུ་ཚོད་དྲིས་ན། ཁ་སང་ཉི་མ་ཕྱེད་ཡོལ་ལ་གསོས་ཟེར་པས།"

53 ༥༣་ ཡེ་ཤུས་ཁྱེད་ཀྱི་བུ་གསོན་འོང་ཞེས་གསུངས་པའི་ཆུ་ཚོད་དེ་རང་ཡིན་པ་ཤེས་ནས། ཁོང་རང་དང་ཁྱིམ་ཚང་རྣམས་དད་པར་གྱུར་ཏོ།"

54 ༥༤་ འདི་ཡེ་ཤུ་ཡ༷་ཧུ་དཱ་ནས་ག༷་ལིལ་དུ་ཕེབས་ནས་མཛད་པའི་ལས་བཟང་གཉིས་པ་དེ་ཡིན་ནོ།།"

5

1 ༡་ །དེའི་འོག་ཏུ་ཡ༷་ཧུ་དཱ་པའི་དུས་ཆེན་བསླེབས་པས། ཡེ་ཤུ་ཡེ་རུ་ཤ་ལེམ་དུ་ཕེབས་སོ།"

2 ༢་ །ཡེ༷་རུ་ཤ་ལེམ་གྱི་ལུག་སྒོ་དང་ཉེ་བར། ཡ༷་ཧུ་དཱ་པའི་སྐད་ལ་བེ༷ད་ཙེ་དཱ་བྱ་བའི་གཡབ་ལྔ་ཡོད་པའི་རྫིང་བུ་ཞིག་ཡོད་དོ།"

3 ༣་ །གཡབ་ཀྱི་འོག་ཏུ་ལོང་བ་དང་།"

4 ༤་ ཞ་བོ་དང་གཟའ་ཕོག་ལ་སོགས་པའི་ནད་པ་མང་པོ་ཉལ་ཡོད་དོ།"

5 ༥་ །དེར་མི་ན་ནས་ལོ་སུམ་ཅུ་སོ་བརྒྱད་སོང་བ་ཞིག་ཡོད་དེ།"

6 ༦་ ཡེ་ཤུས་ཁོང་ཉལ་ཡོད་པ་གཟིགས་ནས། དུས་ཚོད་རིང་པོ་ནས་དེ་ལྟར་ཡོད་པ་མཁྱེན་ཏེ་ཁོང་ལ། གསོ་བར་འདོད་དམ་གསུངས་སོ།"

7 ༧་ །ནད་པ་དེས་ཞུ་ལན་དུ། ཀྱུ་རི་བོ། ཆུ་འགུལ་དུས་སུ་ང་རྫིང་བུའི་ནང་དུ་འཇུག་མཁན་མེད་པས། ང་སླེབ་པའི་བར་གཞན་ཞིག་འབབ་བོ་ཞུས་སོ།"

8 ༨་ །ཡེ་ཤུས། ལོངས། ཉལ་ཁྲི་ཁུར་ཏེ་འགྲུལ་གསུངས་སོ།"

9 ༩་ །དེ་མ་ཐག་ཁོང་གསོས་ཏེ། ཉལ་ཁྲི་ཁུར་ནས་འགྲུལ་ཏོ།"

10 ༡༠་ །ཞག་དེ་ཤ༷བ་བད་ཡིན་པས། ཡ༷་ཧུ་དཱ་པས་གསོས་པ་དེ་ལ། དེ་རིང་ཤ༷བ་བད་ཡིན་པས། །ཉལ་ཁྲི་ཁུར་མི་ཆོག་ཟེར་ཀྱང་།"

11 ༡༡་ དེས་ལན་དུ། ང་གསོ་བར་མཛད་པ་དེས། ཉལ་ཁྲི་ཁུར་ཏེ་འགྲུལ་གསུངས་བྱུང་སྨྲས་སོ།"

12 ༡༢་ དེ་རྣམས་ཀྱིས། ཉལ་ཁྲི་ཁུར་ཏེ་འགྲུལ་ཟེར་མཁན་སུ་ཡིན་དྲིས་ཀྱང་།"

13 ༡༣་ དེར་མི་མང་པོ་ཡོད་པ་ལས། ཡེ་ཤུ་དེ་ནས་ཕེབས་པའི་རྐྱེན་གྱིས། གསོས་པ་དེས་ཁོང་སུ་ཡིན་མ་ཤེས་སོ།"

14 ༡༤་ །རྗེས་ལ་ཡེ་ཤུས་མི་དེ་སྨོན་ལམ་ཁངན་གཟིགས་ནས་ཁོང་ལ། ད་ཁྱེད་ཁམས་བདེ་བས། ལྷག་པར་མི་མནར་ཕྱིར་སླར་སྡིག་པ་མ་བྱེད་ཅིག་གསུངས་སོ།"

15 ༡༥་ །ཁོང་སོང་ནས་ཡ༷་ཧུ་དཱ་པ་རྣམས་ལ། ང་གསོ་མཁན་ནི་ཡེ་ཤུ་ཡིན་ནོ་ཟེར།"

16 ༡༦་ འདི་ལྟ་བུའི་མཛད་པ་ཤ༷བ་བད་ཀྱི་ཞག་ལ་མཛད་པས། ཡ༷་ཧུ་དཱ་པ་རྣམས་ཀྱིས་ཡེ་ཤུ་ལ་བཙེས་སོ།"

17 ༡༧་ །ཁོང་གིས། ངའི་ཡབ་ཀྱིས་ད་ལྟ་བར་དུ་འཕྲིན་ལས་མཛད་པས། ངས་ཀྱང་ལས་བྱེད་དོ་གསུངས་སོ།"

18 ༡༨་ །ཡེ་ཤུས་ཤ༷བ་བད་སྤངས་པའི་མ་ཟད། ཨེ་ལོ་ཧིམ་ནི་རང་གི་ཡབ་ཡིན་གསུང་ཞིང་། རང་ཨེ་ལོ་ཧིམ་དང་འདྲ་བར་མཛད་པས། ཡ༷་ཧུ་དཱ་པས་ལྷག་པར་ཁོང་གསོད་ཐབས་བཙལ་ཏོ།།"

19 ༡༩་ །ཡེ་ཤུས་གསུངས་པ། ཡབ་ཀྱི་ཅི་མཛད་པ་བཞིན་དུ་སྲས་ཀྱིས་ཀྱང་མཛད་པས། ཡབ་ཀྱིས་ཅི་མཛད་པ་དེ་མ་གཟིགས་པར། སྲས་ཀྱིས་ཅིའང་མཛད་མི་ནུས་སོ་ངས་བདེན་པར་ཟེར།"

20 ༢༠་ ཡབ་ཀྱིས་སྲས་ལ་བྱམས་ཤིང་། ཉིད་ཀྱིས་མཛད་པ་ཐམས་ཅད་སྲས་ལ་སྟོན་པར་མཛད་དོ། །ཁྱེད་ངོ་མཚར་དུ་འགྱུར་བའི་འཕྲིན་ལས་ཆེ་བ་ཁོང་ལ་སྟོན་པར་འགྱུར།"

21 ༢༡་ ཡབ་ཀྱིས་གཤིན་པོ་སློང་ཞིང་གསོན་པོར་མཛད་པ་ལྟར། སྲས་ཀྱིས་ཀྱང་ཁོང་སུ་ལ་དགྱེས་པ་གསོན་པོར་མཛད་འོང་།"

22 ༢༢་།ཡབ་ཀྱིས་སུ་ལའང་ཞལ་ཆེ་མི་མཛད། ཡབ་ལ་བཀུར་སྟི་བྱེད་པ་ལྟར་ཐམས་ཅད་ཀྱིས་སྲས་ལ་བཀུར་སྟི་བྱེད་པའི་ཕྱིར།"

23 ༢༣་ ཞལ་ཆེ་ཐམས་ཅད་ཀྱི་ཁག་སྲས་ལ་བཏད་ཡོད། སྲས་བཀུར་སྟི་མི་མཛད་པས་སྲས་མངགས་པའི་ཡབ་ལ་བཀུར་སྟི་མི་མཛད་དོ།"

24 ༢༤་ །ངའི་བཀའ་ལ་ཉན་ཞིང་། ང་མངགས་པ་ཁོང་ལ་དད་པ་བྱེད་པ་དེ་མི་ཚེ་རྒྱུན་དུ་པ་དང་ལྡན་ནོ་ངས་བདེན་པར་ཟེར། དེ་ལ་ཞལ་ཆེ་མ་བཅད་པར། འཆི་བ་ནས་གསོན་པ་ལ་ཕྱིན་ཏོ།"

25 ༢༥་ །གཤིན་པོས་ཨེ་ལོ་ཧིམ་གྱི་སྲས་ཀྱི་གསུང་སྐད་ཐོས་པ་དང་། ཐོས་པ་རྣམས་གསོན་པའི་དུས་འབབ་འོང་བ་མ་ཟད་དུས་ཚོད་རན་ཏོ་ཞེས་ངས་བདེན་པར་ཟེར།"

26 ༢༦་ ཡབ་ཀྱིས་གསོན་པ་མངའ་བ་ལྟར། སྲས་ལའང་གསོན་པ་མངའ་བ་གནང་ངོ་།"

27 ༢༧་ །ཁོང་མིའི་བུ་ཡིན་པས། ཞལ་ཆེ་གཅོད་པའི་དབང་གནང་ངོ་།"

28 ༢༨་ །དུར་ཁུང་ནང་ཡོད་ཚད་ཀྱིས་ཁོང་གི་གསུང་སྐད་ཐོས་ནས་འཐོན་པའི་དུས་ལ་འབབ་འོང་བ་ལ་ངོ་མཚར་མ་བྱེད་ཅིག"

29 ༢༩་ བཟང་པོ་བྱས་པ་རྣམས་གསོན་པའི་ཕྱིར་དང་། ངན་པ་བྱས་པ་རྣམས་ཞལ་ཆེའི་ཕྱིར་ལང་བར་འགྱུར་རོ།།"

30 ༣༠་ །ང་རང་གི་དབང་གིས་ཅིའང་བྱེད་མི་ཐུབ་སྟེ། ཐོས་པ་བཞིན་དུ་གཤགས་བྱེད་དོ། །ངས་རང་གི་དགོངས་པ་ལ་མི་ལྟའི་། ང་མངགས་པའི་ཐུགས་དགོངས་ལ་ལྟ་བས། ངས་གཤགས་འབྱེད་པ་ནི་དྲང་པོའོ།"

31 ༣༡་ །ངས་ང་རང་ལ་དཔང་པོ་བྱེད་ན་བདེན་མི་ཆེས།"

32 ༣༢་ ང་ལ་དཔང་པོ་བྱེད་མཁན་གཞན་ཡོད། ཁོང་གིས་ང་ལ་དཔང་བྱེད་པ་དེ་བདེན་ཆེས་དགོས་པ་ངས་ཤེས་སོ།"

33 ༣༣་ །ཁྱེད་ཀྱིས་ཡོ༷་ཧ་ནན་ལ་མི་བཏང་ནས། ཁོང་གིས་བདེན་པ་ཡིན་པ་ལ་དཔང་པོ་མཛད་དོ།"

34 ༣༤་ །ངས་མིའི་དཔང་པོ་མི་འཚོལ་ཡང་། ཁྱེད་ཐར་བའི་ཕྱིར་འདི་སྨྲའོ།"

35 ༣༥་ །ཁོང་ནི་འབར་ཞིང་འོད་འབྱིན་པའི་སྣུམ་བཞུ་ཡིན། ཁྱེད་འོད་དེ་ནང་རེ་ཞིག་ཡི་རང་བར་འདོད་དོ།"

36 ༣༦་ ངའི་དཔང་པོ་ནི་ཡོ་ཧ་ནན་ལས་ཆེ་བ་ཡིན། ཡབ་ཀྱིས་ང་ལ་བཅོལ་བའི། ངས་བྱེད་པའི་ལས་འདི་རྣམས་ཀྱིས། ང་ཡབ་ཀྱིས་མངགས་པ་ཡིན་པ་ལ་དཔང་པོ་བྱེད་དོ།"

37 ༣༧་ །ང་མངགས་པའི་ཡབ་ཉིད་ཀྱིས་ང་ལ་དཔང་མཛད་དོ། །ཁྱེད་ཀྱིས་ནི་ཁོང་གི་གསུང་སྐད་ཀྱང་མ་ཐོས། དབྱིབས་གཟུགས་ཀྱང་མ་མཇལ་ཏེ།"

38 ༣༨་ ཁོང་གིས་མངགས་པ་ལ་མི་དད་པས། ཁོག་པའི་ནང་ན་ཁོང་གི་བཀའ་གནས་པར་མི་བྱེད་དོ།"

39 ༣༩་ །བི༷་བལ་གྱི་སྒོ་ནས་མི་ཚེ་རྒྱུན་དུ་པ་ཐོབ་འོང་བསམས་ཏེ། ཁྱེད་ཀྱིས་བི༷་བལ་གྱི་ནང་ན་འཚོལ་ལོ། །བི༷་བལ་གྱིས་ནི་ང་ལ་དཔང་པོ་བྱེད་ཀྱང་།"

40 ༤༠་ ངའི་དྲུང་དུ་མི་ཚེ་རྒྱུན་དུ་པ་ཐོབ་པའི་ཕྱིར་ཁྱེད་འོང་བར་མི་འདོད་དོ།"

41 ༤༡་ །ངས་མིའི་བཀུར་སྟི་མི་འཚོལ་ཡང་།"

42 ༤༢་ །ཁྱེད་ཀྱིས་ཨེ་ལོ་ཧིམ་ལ་མི་བྱམས་པ་དེ་ངས་ཤེས་སོ།"

43 ༤༣་ །ང་ནི་ངའི་ཡབ་ཀྱི་ཕྱོགས་ནས་འོངས་པས། ཁྱེད་ཀྱིས་ང་མི་བསུའོ། །གཞན་ཞིག་རང་བཞིན་གྱིས་འོང་ན་ཁྱེད་ཚོས་བསུ་འོང་།"

44 ༤༤་ ཨེ་ལོ་ཧིམ་གཅིག་པོ་ནས་འབྱུང་བའི་བཀུར་སྟི་མི་འཚོལ་བར། ཕན་ཚུན་བཀུར་སྟི་འཚོལ་བ་ཁྱེད་ཚོས། ཇི་ལྟར་དད་སྲིད།"

45 ༤༥་ ངས་ཡབ་ཀྱི་དྲུང་དུ་ཁྱེད་ལ་སྐྱོན་འགལ་འོང་མ་སེམས་ཤིག སྐྱོན་འགལ་མཁན་ནི་ཁྱེད་ཀྱིས་རེ་ལྟོས་བཅོལ་བའི་མོ་ཤེས་ཡིན།"

46 ༤༦་ མོ༷་ཤེ་ལ་ཡིད་ཆེས་པ་ཡིན་ན། ཁོང་གིས་ངའི་སྐོར་ལ་བྲིས་པས། ང་ལའང་ཡིད་ཆེས་པ་ཡིན།"

47 ༤༧་ ཁོང་གིས་ཡི་གེར་བཀོད་པ་ལ་ཡིད་མི་ཆེས་ན། ངའི་གསུང་ལ་ཇི་ལྟར་ཡིད་ཆེས་པར་འགྱུར་། ཞེས་གསུངས་སོ།།
"

6

1 ༡་།དེའི་འོག་ཏུ་ཡེ་ཤུ་ཏི༷་བེར་ཡའི་མཚོ་བྱ་བའི་ག༷་ལིལ་མཚོའི་ཕ་རོལ་དུ་ཕེབས་པ་དང་།"

2 ༢་ མི་ཚོགས་ཀྱིས་ནད་པ་རྣམས་ལ་མཛད་པའི་ལས་བཟང་མཐོང་ནས། ཁོང་གི་ཕྱི་བཞིན་འབྲངས་སོ།"

3 ༣་།ཡེ་ཤུ་རིར་ཕེབས་ནས་སློབ་མ་རྣམས་དང་མཉམ་དུ་བཞུགས་སོ།"

4 ༤་ །ཡ༷་ཧུ་དཱ་པའི་པེ༷་སག་གི་དུས་ཆེན་ཐག་ཉེ་བར་ཡོད་དོ།"

5 ༥་ །ཡེ་ཤུས་སྤྱན་བཏེགས་ནས། མི་ཚོགས་ཆེན་པོ་འོང་བར་གཟིགས་ཏེ། པི༷་ལིབ་ལ། འདི་རྣམས་ལ་སྟེར་བའི་བག་ལེབ་ཅི་ལྟར་ཉོ་གསུངས་སོ།"

6 ༦་ །ཉིད་ཀྱིས་ཅི་མཛད་འོང་བ་མཁྱེན་བཞིན། པི༷་ལིབ་ཀྱི་ཉམས་སད་པའི་ཕྱིར་དེ་ལྟར་གསུངས་སོ།"

7 ༧་ །པི༷་ལིབ་ཀྱིས་ཞུ་ལན་དུ། དངུལ་དི༷་ནར་ཉི་བརྒྱའི་བག་ལེབ་ཀྱིས་ཀྱང་མི་རེ་རེ་ལ་ཅུང་ཟད་སྟེར་དུ་མི་འདང་ཞུས་སོ།"

8 ༨་ །སློབ་མ་ཡིན་པའི་ཤི༷་མོན་པེ༷་ཏྲོའི་ནུ་བོ་ཨ༷ན་དྲེ་ཡཱས་ཁོང་ལ།"

9 ༩་ འདིར་ཡོད་པའི་ཁྱེའུ་ཞིག་ལ་འབྲུ་སོ་བའི་བག་ལེབ་ལྔ་དང་ཉ་གཉིས་འདུག་ཀྱང་། མི་འདི་ཙམ་མང་པོ་ལ་ཅི་ཕན་ནུས་ཞུས་སོ།"

10 ༡༠་ །ཡེ་ཤུས་མི་རྣམས་ས་ལ་སྡོད་དུ་ཆུག་གསུངས་པས། དེར་རྩྭ་མང་པོ་ཡོད་དེ། མི་སྟོང་ལྔ་ཙམ་དེར་བསྡད་དོ།"

11 ༡༡་ །ཡེ་ཤུས་བག་ལེབ་ཕྱག་ཏུ་བཞེས་ནས། ཐུགས་རྗེ་ཆེ་ཕུལ་ཏེ། སར་བསྡད་པ་རྣམས་ལ་བགོས་ནས་གནང་། དེ་བཞིན་དུ་ཉའང་ཇི་ཙམ་དགོས་པ་གནང་ངོ་།"

12 ༡༢་ །དེ་ཚོ་ཚིམ་པ་དང་། ཁོང་གིས་སློབ་མ་རྣམས་ལ། ཅིའང་ཆུད་ཟོས་མི་འགྲོ་བའི་ཕྱིར་ལྷག་མ་བྲུལ་བུ་རྣམས་སྡུས་ཤིག་གསུངས་པས།"

13 ༡༣་ བསྡུས་ཏེ་མི་རྣམས་ཀྱིས་ཟོས་པའི་སོ་བའི་བག་ལེབ་ལྔ་པོ་ལས་ལུས་པའི་བྲུལ་བུ་ཙེལ་པོ་བཅུ་གཉིས་བཀང་ངོ་།"

14 ༡༤་ །མི་རྣམས་ཀྱིས་ཁོང་གིས་མཛད་པའི་ལས་བཟང་མཐོང་ནས། འཇིག་རྟེན་དུ་འབྱོན་པར་འགྱུར་པའི་ཕ༷་རོ་པེ་ཏེ་པ་དེ་ནི། འདི་ཡིན་པར་ཐེ་ཚོམ་མེད་ཅེས་སྨྲས་སོ།།"

15 ༡༥་ །མི་རྣམས་ཀྱིས་ཁོང་གཟུང་ནས་རྒྱལ་པོར་བསྐོ་འོང་གྲབས་ཡོད་པ་དེ་ཡེ་ཤུས་མཁྱེན་ནས་ཁོང་གཅིག་པུར་རིར་ཕེབས་སོ།"

16 ༡༦་ །སྲོད་རུབ་པའི་ཚེ། སློབ་མ་རྣམས་མཚོའི་འགྲམ་དུ་སོང་སྟེ།"

17 ༡༧་ གྲུར་ཞུགས་ནས། མཚོའི་ཕ་རོལ་གྱི་ཀ༷་པར་ན་ཧུམ་དུ་འགྲོ་བ་ལས། མུན་རུབ་ཀྱང་ཡེ་ཤུ་དེ་ཚོའི་རྩར་མ་ཕེབས།"

18 ༡༨་ རླུང་ཚུབ་དྲག་པོས་རྦ་རླབས་ལངས་ཤིང།"

19 ༡༩་ གྲུ་དཔག་ཚད་གཅིག་གཉིས་བཏང་བ་དང་། ཡེ་ཤུ་མཚོའི་སྟེང་དུ་ཞབས་འཆག་ཅིང་། གྲུ་དང་ཉེ་བར་བྱོན་པ་མཇལ་ནས་དེ་དག་འཇིགས་སོ།"

20 ༢༠་ །ཡེ་ཤུས་ང་ཡིན་། མ་འཇིགས་ཤིག་གསུངས་ནས། "

21 ༢༡་ དེ་ཚོ་དགའ་ཞིང་ཁོང་གྲུའི་ནང་དུ་གདན་ཞུས་ཏེ། འཕྲལ་དུ་གྲུ་གཏོང་སར་བསླེབས་སོ།། །།"

22 ༢༢་ །དེའི་སང་ཉིན་ཚུར་རོལ་དུ་ལུས་པ་རྣམས་ཀྱིས། དེར་གྲུ་གཅིག་ལས་མེད་དེ། སློབ་མ་རྣམས་མ་གཏོགས་ཡེ་ཤུ་དེའི་ནང་མ་ཕེབས་པ་གོའོ།"

23 ༢༣་ །ཡེ་ཤུས་ཐུགས་རྗེ་ཆེ་ཕུལ་རྗེས་དེ་ཚོས་བག་ལེབ་ཟོས་པའི་གནས་དང་ཉེ་བར། ཏི༷་བེར་ཡཱ་ནས་གྲུ་གཞན་བསླེབས་ནས།"

24 ༢༤་ ཡེ་ཤུའང་མེད། སློབ་མ་འང་མེད་པར་མཐོང་ནས། མི་ཚོགས་ཀྱང་གྲུར་ཞུགས་ཏེ། ཡེ་ཤུ་འཚོལ་ཞིང་ཀ༷་ཕར་ན་ཧུམ་དུ་བསླེབས་སོ།"

25 ༢༥་ །མཚོའི་ཕ་རོལ་དུ་ཁོང་དང་མཇལ་ནས། ར༷བ་བི། འདིར་ག་དུས་ཕེབས་ཞུགས་སོ།"

26 ༢༦་ །ཡེ་ཤུས་བཀའ་ལན་དུ། ཁྱེད་ཀྱིས་ལས་བཟང་མཐོང་བས་ང་མི་འཚོལ་གྱི། བག་ལེབ་ཟོས་ནས་ཚིམ་པས་ང་འཚོལ་ལོ་ཞེས་ངས་བདེན་པར་ཟེར།"

27 ༢༧་ མི་རྟག་པའི་ཁ་ཟས་ཀྱི་ཕྱིར་མི་འབད་པར། མིའི་བུས་གནང་འོང་བའི་མི་ཚེ་རྒྱུན་དུ་པའི་བར། །འཚོ་བའི་ཁ་ཟས་ཀྱི་ཕྱིར་འབོད་ཅིག །ཁོང་ལ་ཨེ་ལོ་ཧིམ་ཡབ་ཀྱིས་ཕྱག་རྒྱ་བཏབ་ཡོད་དོ་ཞེས་གསུངས་པའི་ལན་དུ།"

28 ༢༨་ ཨེ་ལོ་ཧིམ་གྱི་བྱ་བ་བྱེད་པའི་ཕྱིར་ང་ཚོས་ཅི་བྱ་ཞུས་ནས།"

29 ༢༩་ ཡེ་ཤུས་ཨེ་ལོ་ཧིམ་གྱིས་མངགས་པ་ལ་དད་པ་བྱེད་པ་ནི། ཨེ་ལོ་ཧིམ་གྱི་བྱ་བ་ཡིན་གསུངས་པས།"

30 ༣༠་ དེ་ཚོས་ང་ཚོས་མཐོང་བ་དང་དད་པ་བྱེད་པའི་ཕྱིར། ཁྱེད་ཀྱིས་ལས་བཟང་ཅི་སྟོན། བྱ་བ་ཅི་མཛད།"

31 ༣༡་ བྲིས་པ་ཡོད། ཟ་རུ་ནམ་མཁའ་ནས་བག་ལེབ་གནང་། ཞེས་བྲིས་པ་བཞིན་དུ། ང་ཚོའི་ཕ་མེས་ཀྱིས་འབྲོག་སྟོང་ནང་མ༷ན་ནཱ་ཟོས་ཞུས་པས།"

32 ༣༢་ ཡེ་ཤུས། ནམ་མཁའ་ནས་བག་ལེབ་དེ་མོ༷་ཤེས་མ་བཏང་གི། །ཁྱེད་ལ་བདེན་པའི་བག་ལེབ་ནམ་མཁའ་ནས་གནང་མཁན་ནི་ངའི་ཡབ་ཡིན་ནོ་ངས་བདེན་པར་ཟེར།"

33 ༣༣་ །ཨེ་ལོ་ཧིམ་གྱི་བག་ལེབ་ནི། ནམ་མཁའ་ནས་འབབ་སྟེ། འཇིག་རྟེན་ལ་ཚེ་གསར་པ་གནང་མཁན་དེ་ཡིན། གསུངས་སོ།"

34 ༣༤་ །དེ་ཚོས། ཀྱུ་རི་བོ། དུས་གཏན་དུ་ང་ཚོར་དེ་འདྲའི་བག་ལེབ་གནང་དུ་གསོལ་ཞུས་སོ།།"

35 ༣༥་ །ཡེ་ཤུས། ཚེའི་བག་ལེབ་དེ་ང་ཡིན། ངའི་རྩར་འོང་བ་དེ་མི་ལྟོགས། ང་ལ་དད་པ་ནམ་ཡང་མི་སྐོམ།"

36 ༣༦་ ཁྱེད་ཀྱིས་ང་མཐོང་ཡང་དད་པ་མི་བྱེད་དོ་ཞེས་སྔོན་དུ་སྨྲས་སོ།"

37 ༣༧་ །ཡབ་ཀྱིས་ང་ལ་གནང་བ་ཐམས་ཅད་ངའི་རྩར་འོང་སྟེ། ངས་འདོན་པར་མི་བྱའོ།"

38 ༣༨་ །ང་ནམ་མཁའ་ནས་ང་རང་གི་བསམ་པ་སྒྲུབ་ཏུ་མ་ཡིན་པར། ང་མངགས་མཁན་གྱི་ཐུགས་དགོངས་སྒྲུབ་ཕྱིར་བབས་པ་ཡིན།"

39 ༣༩་ ང་ལ་གནང་བ་ཐམས་ཅད་ལས་གཅིག་ཀྱང་མི་སྟོར་བར། མཐའ་མའི་ཉིན་མོར་གསོན་པོར་སློང་བ། ང་མངགས་མཁན་གྱི་ཐུགས་དགོངས་ཡིན་ནོ།"

40 ༤༠་ །སྲས་མཇལ་ནས་ཁོང་ལ་དད་མཁན་ཐམས་ཅད་ལ། མི་ཚེ་རྒྱུན་དུ་པ་ཐོབ་ཅིང་། ངས་དེ་མཐའ་མའི་ཉིན་མོར་གསོན་པོར་སློང་བ་ནི་ངའི་ཡབ་ཀྱི་ཐུགས་དགོངས་ཡིན་ནོ་གསུངས་སོ།"

41 ༤༡་ །ཁོང་གིས་ནམ་མཁའ་ནས་བབས་པའི་བག་ལེབ་དེ་ང་ཡིན་གསུངས་པས། ཡ༷་ཧུ་དཱ་པ་རྣམས་ཀྱིས་ཟུར་ཟ་བྱེད་ཞིང་།"

42 ༤༢་ འདི་ཡོ༷་སེབ་ཀྱི་བུ་ཡེ་ཤུ་མ་ཡིན་ནམ། དེའི་ཕ་མ་ང་ཚོས་མི་ཤེས་སམ། ད་ཁོང་གིས་ང་ནམ་མཁའ་ནས་བབས་ཞེས་ཅི་ལྟར་ཟེར་སྨྲས་སོ།"

43 ༤༣་ །ཡེ་ཤུས་། ཁྱེད་རྣམས་ཀྱིས་ཟུར་ཟ་མ་བྱེད་ཞིག"

44 ༤༤་ །ང་མངགས་པའི་ཡབ་ཀྱིས་མི་འདྲེན་པར། ངའི་དྲུང་དུ་སུའང་འོང་མི་ནུས་ཤིང་། འོངས་པ་དེ་ངས་མཐའ་མའི་ཉིན་མོར་སློང་བར་བྱའོ།"

45 ༤༥་ །ཕ༷་རོ་པེ་ཏེ་པའི་དེབ་བྲིས་པ་ཡོད། དེ་ཐམས་ཅད་ཨེ་ལོ་ཧིམ་གྱི་སློབ་བུར་འགྱུར་ཞེས་བྲིས་ཏེ། ཡབ་ལས་ཐོས་ནས་སློབ་པ་ཐམས་ཅད་ངའི་དྲུང་དུ་འོང་ངོ་།"

46 ༤༦་ །ཨེ་ལོ་ཧིམ་ནས་བྱུང་མཁན་གཅིག་པོས་ཡབ་མཇལ་ཏོ། །ཁོང་མ་གཏོགས་པར་སུས་ཀྱང་ཡབ་མ་མཇལ་ཏོ།"

47 ༤༧་ །དད་པ་ཅན་ལ་མི་ཚེ་རྒྱུན་དུ་པ་ཡོད་ཞེས་ངས་བདེན་པར་ཟེར།"

48 ༤༨་ །ཚེའི་བག་ལེབ་དེ་ང་ཡིན།"

49 ༤༩་ ཁྱེད་ཀྱི་མེས་པོས་འབྲོག་སྟོང་ལ་མ༷ན་ནཱ་ཟོས་ཀྱང་ཤི།"

50 ༥༠་ ཟོས་ནས་མི་འཆི་བའི་ཕྱིར་བག་ལེབ་འདི་ནམ་མཁའ་ནས་འབབ་བོ།"

51 ༥༡་ །ནམ་མཁའ་ནས་བབས་པའི་ཚེའི་བག་ལེབ་འདི་ང་ཡིན། བག་ལེབ་འདི་ལས་ཟ་བ་དེ། དུས་གཏན་དུ་གསོན་འོང་། འཇིག་རྟེན་ལ་ཚེ་གསར་པ་གཏོང་ཕྱིར་སྦྱིན་པའི་བག་ལེབ་དེ་ངའི་ཤ་ཡིན་གསུངས་སོ།"

52 ༥༢་ །ཡ༷་ཧུ་དཱ་པས་ཕན་ཚུན་རྩོད་ཅིང་། མི་འདི་རང་གི་ཤ་ང་ཚོར་ཟ་རུ་ཇི་ལྟར་སྟེར་ནུས་ཟེར་བས།"

53 ༥༣་ ཡེ་ཤུས་དེ་རྣམས་ལ། མིའི་བུའི་ཤ་མི་ཟ་ཞིང་ཁོང་གི་ཁྲག་མི་འཐུང་ན། ཁྱེད་ལ་མི་ཚེ་རྒྱུན་དུ་པ་མི་ཐོབ་བོ་ཞེས་ངས་བདེན་པར་ཟེར།"

54 ༥༤་ ངའི་ཤ་ཟ་ཞིང་ངའི་ཁྲག་འཐུང་མཁན་ལ་ཚེ་རྒྱུན་དུ་པ་ཐོབ་སྟེ། མཐའ་མའི་ཉིན་མོར་ངས་ཁོང་གསོན་པོར་སློང་བར་འགྱུར་རོ།"

55 ༥༥་ །ངའི་ཤ་ཟས་དང་ངའི་ཁྲག་འཐུང་བར་ཐེ་ཚོམས་མེད་དོ།"

56 ༥༦་ །ངའི་ཤ་ཟ་ཞིང་ཁྲག་འཐུང་བ་དེ་ངའི་ནང་གནས་ཞིང་ངའང་ཁོང་གི་ནང་ན་གནས་སོ།"

57 ༥༧་ །གསོན་པོ་ལགས་པའི་ཡབ་ཀྱིས་ང་མངགས་ཏེ། ང་ཡབ་ལ་བརྟེན་ཏེ་གསོན་པ་བཞིན། ང་ཟ་བ་དེའང་ང་ལ་བརྟེན་ཏེ་གསོན་པར་འགྱུར་རོ།"

58 ༥༨་ །མེས་པོས་ཟོས་པའི་བག་ལེབ་དང་མི་འདྲ་སྟེ། འདི་ནི་ནམ་མཁའ་ནས་བབས་པའི་བག་ལེབ་ཡིན་པས། ཟ་མཁན་དེ་གཏན་དུ་གསོན་འོང་།"

59 ༥༩་ ཞེས་ཀ༷་ཕར་ན་ཧུམ་གྱི་སི༷ན་ན་གོས་སུ་སློབ་ཁྲིད་མཛད་པའི་ཚེ་གདམས་པར་མཛད་དོ།།"

60 ༦༠་ །དེ་ཐོས་པའི་སློབ་མ་མང་པོས། གསུང་འདི་མི་སུས་ཉན་ནུས་སྨྲས་སོ།"

61 ༦༡་ །གསུང་དེའི་རྐྱེན་གྱིས་སློབ་མ་རྣམས་ཀྱི་ཡིད་མ་བདེ་བ་ཡེ་ཤུས་མཁྱེན་ནས་དེ་ཚོར་གཏམ་འདིས་ཁྱེད་ཀྱི་དད་པ་ལོག་འཇུག་གམ།"

62 ༦༢་ ཁྱེད་ཀྱིས་མིའི་བུ་ཐོག་མའི་གནས་སུ་ཡར་འདེགས་པར་མཐོང་ན་ཅི་བྱ།"

63 ༦༣་ སྲོག་སྦྱིན་མཁན་ནི་ཨེ་ལོ་ཧིམ་གྱི་རུ་ཨག་ཡིན་ཅིང་། །ངས་སྨྲས་པའི་བཀའ་ནི་རུ་ཨག་དང་གསོན་པ་ཡིན་ཀྱང་།"

64 ༦༤་ ཁྱེད་ལས་ཁ་ཅིག་གིས་དད་པ་མི་བྱེད་དོ་གསུངས་སོ། །ཡེ་ཤུས་ཐོག་མ་ནས་དད་པ་མི་བྱེད་པ་སུ་ཡིན་པ་དང་། ཁོང་དགྲར་བཏད་མཁན་དེ་མཁྱེན་པས་དེ་ལྟར་གསུངས་སོ།"

65 ༦༥་ །སླར་ཁོང་གིས། ཡབ་ཀྱིས་མི་གནང་བར་སུའང་ངའི་དྲུང་དུ་འོང་མི་ནུས་ཞེས་ངས་སྨྲས་པའི་རྒྱུ་དེ་ཡིན་གསུངས་སོ།"

66 ༦༦་ །དེའི་རྐྱེན་གྱིས་སློབ་མ་མང་པོ་ལོག་ནས་ཕྱིན་ཆད་ཞབས་རྗེས་ལ་མ་འབྲངས་སོ།།"

67 ༦༧་ །ཡེ་ཤུས་སློབ་མ་བཅུ་གཉིས་པོ་ལ། ཁྱེད་ཀྱང་འགྲོ་བར་འདོད་དམ་གསུངས་པ་དང་།"

68 ༦༨་ ཤི༷་མོན་པེ༷་ཏྲོས། ཀྱུ་རི་བོ་ལགས། ཚེ་རྒྱུན་དུ་པའི་བཀའ་ཁྱེད་ལ་མཆིས་པས་། ངེད་སུའི་རྩར་འགྲོ།"

69 ༦༩་ ཁྱེད་ནི་ཨེ་ལོ་ཧིམ་གྱི་དམ་པ་དེ་ཡིན་པར་ང་ཚོས་དད་ཅིང་ངོ་རྟོགས་པ་ཡིན་ཞུས་སོ།"

70 ༧༠་ །ཡེ་ཤུས་བཀའ་ལན་དུ། ཁྱེད་བཅུ་གཉིས་པོ་ངས་མ་འདམས་སམ། འོན་ཀྱང་ཁྱེད་ཀྱི་ནང་ནས་གཅིག་ནི་ས༷་ཏན་ཡིན་གསུངས་སོ།"

71 ༧༡་ །དེ་ནི་བཅུ་གཉིས་པོ་ལས་གཅིག་ཡིན་པ། ཀ༷ར་ཡོད་པ་ཤི༷་མོན་གྱི་བུ་ཡུ༷་དཱ་ལ་དམིགས་ནས་གསུངས་སོ།། །།
"

7

1 ༡་།དེའི་འོག་ཏུ་ཡེ་ཤུ་ག༷་ལིལ་སྐོར་ལ་ཕེབས་སོ། །ཡ༷་ཧུ་དཱ་པས་ཁོང་བཀྲོངས་ཐབས་བཙལ་བས། ཡ༷་ཧུ་དཱ་སྐོར་ལ་ཕེབས་པར་མ་མཉེས་སོ།"

2 ༢་ །ཡ༷་ཧུ་དཱ་པའི་སྤྱིལ་བུའི་དུས་ཆེན་ཉེ་བས།"

3 ༣་ ཁོང་གི་སྐུ་མཆེད་རྣམས་ཀྱིས་ཁོང་ལ། ཁྱེད་ཀྱི་མཛད་པ་ཁྱེད་ཀྱི་སློབ་མ་རྣམས་ཀྱིས་ཀྱང་མཐོང་བའི་ཕྱིར། འདི་ནས་བཞེངས་ཏེ་ཡ༷་ཧུ་དཱ་རུ་ཕེབས་ཤིག"

4 ༤་ །མིང་ཅན་འགྱུར་འདོད་པ་དེས་གསང་ནས་མི་བྱེད། འདི་རྣམས་མཛད་ན་རང་ཉིད་འཇིག་རྟེན་ལ་མངོན་པར་མཛོད་ཞུས་སོ།"

5 ༥་ །སྐུ་མཆེད་རྣམས་ཀྱིས་ཀྱང་ཁོང་ལ་དད་པ་མ་བྱས་སོ།"

6 ༦་ །ཡེ་ཤུས་དེ་རྣམས་ལ། ཁྱེད་ལ་རྒྱུན་དུ་སྐབས་ཡོད་ཀྱང་། ངའི་དུས་ཚོད་ད་དུང་མ་རན་ཏོ།"

7 ༧་ །ཁྱེད་ལ་འཇིག་རྟེན་གྱིས་སྡང་མི་ཐུབ་འོན་ཀྱང་ངས་དེའི་ལས་རྣམས་ངན་པ་ཡིན་པར་དཔང་བྱེད་པས་ང་ལ་སྡང་ངོ་།"

8 ༨་ །ཁྱེད་དུས་ཆེན་ལ་སོང་། ངའི་དུས་ཚོད་ད་དུང་མ་རན་པས། དུས་ཆེན་ལ་མི་འགྲོ་།"

9 ༩་ ཞེས་གསུངས་ནས་ག༷་ལིལ་དུ་བཞུགས་སོ།"

10 ༡༠་ །སྐུ་མཆེད་རྣམས་དུས་ཆེན་ལ་སོང་བའི་རྗེས་སུ། མངོན་སུམ་དུ་མ་ཕེབས་པར་གསང་བའི་ཚུལ་དུ་ཁོང་ཡང་ཕེབས་སོ།"

11 ༡༡་ །ཡ༷་ཧུ་དཱ་པ་རྣམས་ཀྱིས་ཁོང་གང་ན་འདུག་ཟེར་ཞིང་དུས་ཆེན་ལ་བཙལ་ཏོ།"

12 ༡༢་ །མི་ཚོགས་ཀྱི་ནང་དུ་ཁོང་གི་འཕྲོས། ཡར་ལངས་ནས། ལ་ལས་ཁོང་བཟང་པོ་ཡིན་པ་དང་། ལ་ལས་མིན་ཟེར་མི་རྣམས་ལམ་འཁྱར་དུ་འཇུག་གོ་སྨྲས་ཀྱང་།"

13 ༡༣་ །ཡ༷་ཧུ་དཱ་པ་ལ་འཇིགས་ནས་མངོན་སུམ་དུ་ཁོང་གི་གཏམ་མ་བྱས་སོ།།"

14 ༡༤་ །དུས་ཆེན་གྱི་དཀྱིལ་ཙམ་ལ། ཡེ་ཤུ་སྨོན་ལམ་ཁང་དུ་ཕེབས་ནས་སློབ་ཁྲིད་མཛད་པས།"

15 ༡༥་ ཡ༷་ཧུ་དཱ་པ་རྣམས་ངོ་མཚར་དུ་གྱུར་ཏེ། མི་འདིས་ནམ་ཡང་མ་བསླབས་པར་ཅི་ལྟར་ཤེས་སྨྲས་པས།"

16 ༡༦་ ཡེ་ཤུས་བཀའ་ལན་དུ། ངས་སློབ་ཁྲིད་འདི་ངའི་མ་ཡིན་ཏེ། ང་མངགས་མཁན་གྱི་ཡིན་ནོ།"

17 ༡༧་ །ཁོང་གི་དགོངས་པ་སྒྲུབ་པར་དགའ་བ་དེས། སློབ་ཁྲིད་འདི་ཨེ་ལོ་ཧིམ་ནས་ཡིན་ནམ་ང་རང་ནས་ཡིན་ཤེས་པར་འགྱུར།"

18 ༡༨་ རང་ནས་སྨྲ་བ་དེས་རང་གི་སྙན་གྲགས་འཚོལ། མངགས་མཁན་གྱི་སྙན་གྲགས་འཚོལ་བ་དེ་བདེན་ཞིང་། དེའི་ཁོག་ནང་ཟོག་མེད་དོ།"

19 ༡༩་ །མོ༷་ཤེས་ཁྱེད་ལ་བཀའ་ཁྲིམས་མ་གནང་ངམ། དེ་ནས་ཀྱང་ཁྱེད་སུས་ཀྱང་བཀའ་ཁྲིམས་མི་སྲུང་ངོ་། །ང་གསོད་པའི་ཐབས་ཅིའི་ཕྱིར་འཚོལ་གསུངས་ནས་།"

20 ༢༠་ མི་ཚོགས་ཀྱིས་ཞུ་ལན་དུ་། ཁྱེད་སྨྱོའོ། །སུས་ཁྱེད་གསོད་ཐབས་འཚོལ་ལོ་ཞུས་སོ།"

21 ༢༡་ །ཡེ་ཤུས་བཀའ་ལན་དུ། ངས་ལས་གཅིག་བྱས་པས། ཁྱེད་ཐམས་ཅད་ངོ་མཚར་དུ་འགྱུར་རོ།"

22 ༢༢་ །མདུན་ལྤགས་གཅོད་པའི་ལུགས་སྲོལ་མོ༷་ཤེས་མ་བཙུགས་པར། མེས་པོས་བཙུགས་ཏེ། མོ༷་ཤེས་དེ་ཚུལ་ཁྲིམས་བསྲུང་བ་གནང་ཞིང་། ཁྱེད་ཀྱིས་ཤ༷བ་བད་ཀྱི་ཞག་ལ་གཅོད་དོ།"

23 ༢༣་ །མོ༷་ཤེའི་བཀའ་ཁྲིམས་བསྲུང་བའི་ཕྱིར་ཤ༷བ་བད་ལ་མདུན་ལྤགས་གཅོད་ན། ངས་ཤ༷བ་བད་ཀྱི་ཞག་ལ་ལུས་ཧྲིལ་པོ་སོས་པས། ཁྱེད་ང་ལ་ཁྲོའམ།"

24 ༢༤་ ཕྱི་ལོག་གི་རྣམ་པ་མིན་པར་དྲང་པོར་ཐག་ཆོད་ཅིག་ཅེས་གསུངས།"

25 ༢༥་ ཡེ༷་རུ་ཤ་ལེམ་པ་ཚོས་འདི་སྐད་དུ། མི་རྣམས་ཀྱིས་གསོད་པར་རྩམ་པ་དེ་འདི་མ་ཡིན་ནམ།"

26 ༢༦་ འདིར་ཁོང་གིས་དངོས་སུ་གསུང་ཡང་། དེ་རྣམས་ཀྱིས་ཅིའང་མི་ཞུའོ། །དཔོན་པོ་ཚོས་ཁོང་མ་ཤི་ཀ་ཡིན་པ་བདེན་པ་རྟོགས་སམ་ཅི།"

27 ༢༧་ འོན་ཀྱང་འདི་གང་ནས་ཡིན་པ་ང་ཚོས་ཤེས་ཏེ། མ་ཤི་ཀ་འབྱོན་དུས་སུ་ཁོང་གང་ནས་ཕེབས་པ་སུས་ཀྱང་མི་ཤེས་ཟེར་ཏོ།"

28 ༢༨་ །ཡེ་ཤུས་སྨོན་ལམ་ཁང་ལ་སློབ་ཁྲིད་པའི་ཚེ། མངོན་པར་སྒྲོག་ཅིང་། ཁྱེད་ཀྱིས་ང་ཤེས་ཤིང་། གང་ནས་ཡིན་པའང་ཤེས་རུང་། ང་རང་བཞིན་གྱིས་མ་འོངས། ང་མངགས་མཁན་དངོས་སུ་ཡོད་ལགས་ཏེ། ཁོང་ཁྱེད་ཀྱིས་མི་ཤེས།"

29 ༢༩་ ང་ནི་ཁོང་གི་ཕྱོགས་ནས་ཡིན་ཏེ། ཁོང་གིས་ང་མངགས་པས། ངས་ཁོང་ཤེས་སོ་གསུངས་པས།"

30 ༣༠་ དེ་ཚོས་ཁོང་འཛིན་པར་རྩམ་ཡང་། ཁོང་གི་དུས་མ་རན་པས་། སུས་ཀྱང་ཁོང་ལ་མ་རེག་གོ"

31 ༣༡་ །མི་ཚོགས་ལས་མང་པོས་ཁོང་ལ་དད་པ་བྱས་ཏེ། འདི་སྐད་དུ་། མ་ཤི་ཀ་འབྱོན་པའི་ཚེ། མི་འདི་ལས་ལྷག་པའི་ལས་བཟང་སྟོན་ནམ་ཅི་སྨྲས་སོ།"

32 ༣༢་ །ཁོང་གི་སྐོར་དུ་མི་ཚོགས་ཀྱིས་དེ་ལྟར་གླེང་བ། ཕ༷་རུ་ཤི་པ་རྣམས་ཀྱིས་ཐོས་ནས། དེ་རྣམས་དང་ལེ༷་ཝི་ཆེན་གྱིས་ལས་སྣེ་པ་རེས་ཁོང་འཛིན་དུ་བཏང་ངོ་།"

33 ༣༣་ །ཡེ་ཤུས་འདི་སྐད་དུ། ད་དུང་ང་ཁྱེད་མཉམ་དུ་ཡོད། དེ་ནས་ང་མངགས་མཁན་གྱི་དྲུང་དུ་འགྲོའོ།"

34 ༣༤་ །ཁྱེད་ཀྱིས་ང་བཙལ་ཡང་མི་རྙེད། ང་ཡོད་སར་ཁྱེད་མི་སླེབ་གསུངས་པས།"

35 ༣༥་ ཡ༷་ཧུ་དཱ་པ་རྣམས་ཀྱིས་གླེང་ཞིང་། མི་འདི་ང་ཚོར་མི་ཐོབ་ས་གང་དུ་འགྲོ། ཧེ༷ལ་ལེན་ཡུལ་དུ་གྱེས་ཡོད་པ་རྣམས་ཀྱི་རྩར་སོང་སྟེ། ཧེ༷ལ་ལེན་པ་ཚོར་སློབ་ཁྲིད་མཛད་འོང་ངམ།"

36 ༣༦་ ཁྱེད་ཀྱིས་ང་བཙལ་ཡང་མི་རྙེད། ང་ཡོད་སར་ཁྱེད་མི་སླེབ་ཅེས་གསུངས་པའི་དོན་ཅི་ཡིན་སྨྲས་སོ།།"

37 ༣༧་ །དུས་ཆེན་བཤོལ་བའི་ཞག་ཆེན་པོར། ཡེ་ཤུ་བཞེངས་ནས་མངོན་པར་བསྒྲགས་ཤིང་། སུ་སྐོམ་པ་དེ་ངའི་དྲུང་དུ་ཤོག་ལ་འཐུང་ཞིག །ང་ལ་དད་པ་བྱེད་མཁན་དེས་འཐུང་ཞིག"

38 ༣༨་ །དེ་ནས་བི༷་བལ་ནང་གསུངས་པ་བཞིན་ཁོང་གི་ནང་ནས་ཚེའི་ཆུའི་གཙང་པོ་རྒྱུག་པར་འགྱུར་ཞེས་གསུངས་སོ།"

39 ༣༩་ །ཡེ་ཤུ་ད་དུང་གཟི་བརྗིད་ཀྱི་དཔལ་ནང་མ་ཕེབས་པས། དམ་པའི་རུ་ཨག་ཀྱང་མ་གནང་བས། འདི་ནི་ཁོང་ལ་དད་པ་བྱེད་པ་ཚོར་ཐོབ་རྒྱུ་ཡིན་པའི་དམ་པའི་རུ་ཨག་ལ་གཟིགས་ནས་གསུངས་སོ།"

40 ༤༠་ །མི་ཚོགས་ཀྱི་ནང་ནས་ལ་ལས་ཐོས་ནས། འདི་ནི་བདེན་པར་ཕ༷་རོ་པེ་ཏེ་པ་ཡིན་ནོ་སྨྲས་སོ།"

41 ༤༡་ །ལ་ལས་མ་ཤི་ཀ་ཁོང་རང་ཡིན་སྨྲས་སོ། །ལ་ལས་མ་ཤི་ཀ་ག༷་ལིལ་ནས་འབྱུང་ངམ་།"

42 ༤༢་ །བྲིས་པ་ཡོད། མ་ཤི་ཀ་ད༷་བིད་ཀྱི་ཡུལ་བེ༷ད་ལེ་ཧེམ་དང་། ད༷་བིད་ཀྱི་གདུང་བརྒྱུད་ནས། །འབྱུང་བར་འགྱུར་ཞེས་གསུངས་མི་འདུག་གམ་ཞེས་སྨྲ་ཞིང་།"

43 ༤༣་ མི་ཚོགས་ཀྱི་ཁྲོད་དུ་ཁོང་གི་སྐོར་མི་མཐུན་པ་བྱུང་ངོ་།"

44 ༤༤་ །ཁ་ཅིག་གིས་ཁོང་འཛིན་འདོད་ནའང་། སུས་ཀྱང་ཁོང་ལ་མ་རེག་གོ"

45 ༤༥་ ལས་སྣེ་པ་རྣམས་ལེ༷་ཝི་ཆེན་དང་ཕ༷་རུ་ཤི་པའི་རྩར་ལོག་བསླེབས་པ་དང་། ཁོང་འཁྲིད་མ་འོངས་སམ་སྨྲས།"

46 ༤༦་ ལས་སྣེ་པ་ཚོས་མི་འདིས་སྨྲ་བ་ལྟར་ད་བར་སུས་ཀྱང་མ་སྨྲས་སོ་ཟེར་བས།"

47 ༤༧་ ཕ༷་རུ་ཤི་པ་ཚོས་ཁྱེད་ཀྱང་བློ་འཁྱར་རམ།"

48 ༤༨་ དཔོན་པོའམ་ཕ༷་རུ་ཤི་པ་གཅིག་གིས་ཀྱང་ཁོང་ལ་དད་པ་བྱས་སམ།"

49 ༤༩་ བཀའ་ཁྲིམས་མི་ཤེས་པའི་མི་ཚོགས་ནི་དམོད་ཕོག་པ་ཡིན་སྨྲས་སོ།"

50 ༥༠་ །དཔོན་པོ་ཚོ་ལས་གཅིག་ཡིན་པ། ཡེ་ཤུའི་དྲུང་དུ་འོངས་པའི་ནི༷་ཀོ་དེམ་གྱིས།"

51 ༥༡་ ང་ཚོས་བཀའ་ཁྲིམས་ལྟར། མི་ཞིག་གི་རྒྱུ་རྐྱེན་ལ་མི་ཉན་ཅིང་། དེས་ཅི་བྱེད་པར་མ་བརྟགས་པར་ཁྲིམས་གཏོང་ཆོག་གམ་སྨྲས་པས།"

52 ༥༢་ དེ་ཚོས། ཁྱེད་ཀྱང་ག༷་ལིལ་པ་ཡིན་ནམ། འཚོལ་ཞིག་དང་། ག༷་ལིལ་ནས་ཕ༷་རོ་པེ་ཏེ་པ་མི་འབྱུང་ཞེས་རྟགས་པར་འགྱུར་སྨྲས་ནས།"

53 ༥༣་ དེ་ཚོ་རེ་རེ་བཞིན་ཁྱིམ་དུ་སོང་ངོ་།། །།"

8

1 ༡་ །ཡེ་ཤུ་ཁ་སྐྱུར་བོའི་རི་ལ་ཕེབས།"

2 ༢་ སྔ་དྲོ་སྔ་བར་སྨོན་ལམ་ཁང་དུ་སླར་ཕེབས་པ་དང་། མི་ཐམས་ཅད་དྲུང་དུ་འོངས། ཁོང་གདན་ཆགས་ནས་སློབ་ཁྲིད་མཛད་དོ།"

3 ༣་ །མོ༷་ཤེ་བཀའ་ཁྲིམས་པ་དང་ཕ༷་རུ་ཤི་པ་ཚོས་ལོག་གཡེམ་བྱེད་མུར་བཟུང་བའི་བུད་མེད་ཅིག་འཁྲིད་དེ་འོངས་ནས་། དཀྱིལ་དུ་བསླངས་ནས། ཁོང་ལ།"

4 ༤་ ར༷བ་བི། ལོག་གཡེམ་བྱེད་པའི་སྒང་ལ་བུད་མེད་འདི་བཟུང་ངོ་།"

5 ༥་ །བཀའ་ཁྲིམས་ནང་མོ༷་ཤེས་ང་ཚོར་འདི་འདྲ་བ་རྡོ་རུབ་ལ་གཏོང་བའི་བཀའ་གནང་ངོ་། །ཁྱེད་ཀྱིས་མོའི་སྐོར་ལ་ཅི་གསུང་ཞུས།"

6 ༦་ དེ་ནི་སྙད་འདོགས་ནས་གླགས་རྙེད་པའི་ཕྱིར་ཁོང་གི་ཐུགས་སད་ཕྱིར་ཞུས་ཏེ། ཡེ་ཤུ་དབུ་སྒུར་ནས། སའི་སྟེང་ཕྱག་མཛུབ་ཀྱིས་རི་མོ་འབྲི་ཞིང་བཞུགས་སོ།"

7 ༧་ །དེ་ཚོས་ཡང་ཡང་བཀའ་འདྲི་ཞུས་པ་དང་། སྐུ་སྲངས་ནས། ཁྱེད་ཚོའི་ནང་ནས་སྡིག་པ་མེད་པ་དེས། དང་པོར་ཁོང་ལ་རྡོ་རྒྱོབས་ཤིག་གསུངས་ནས། "

8 ༨་ སླར་དབུ་སྒུར་ནས་སའི་ཁར་རི་མོ་འབྲི་བར་མཛད་དོ་།"

9 ༩་ །གསུང་དེ་ཐོས་ནས། རྒན་ཤོས་ནས་མན་ཆད་མི་རེ་རེ་བཞིན་ལོག་སོང་ནས་བུད་མེད་དེ་དང་ཡེ་ཤུ་གཅིག་པོར་ལུས་སོ།"

10 ༡༠་ །ཡེ་ཤུས་དབུ་བཏེགས་ནས་དེ་ལ། བུ་མོ། དེ་རྣམས་གར་སོང་། སུས་ཀྱང་ཁྲིམས་མ་བཅད་དམ་གསུངས་སོ།"

11 ༡༡་ །མོས། སུས་ཀྱང་མ་བཅད་ལགས་ཞུས་སོ། ཡེ་ཤུས། ངས་ཀྱང་མི་གཅོད་དོ། །སོང་ལ། སླར་སྡིག་པ་མ་བྱེད་ཅིག་གསུངས་སོ།།"

12 ༡༢་ །ཡེ་ཤུས་སླར་དེ་ཚོར། ང་ནི་འཇིག་རྟེན་གྱི་འོད་ཡིན། ངའི་རྗེས་སུ་འབྲང་བ་དེ་མུན་པའི་ནང་མི་འགྲུལ་བར། ཚེའི་འོད་དང་ལྡན་པར་འགྱུར་རོ། །གསུངས་སོ།"

13 ༡༣་ །ཕ༷་རུ་ཤི་པས་ཁོང་ལ། ཁྱེད་ཀྱིས་རང་ལ་དཔང་པོ་བྱེད་པས། ཁྱེད་ཀྱིས་དཔང་པོ་བདེན་པར་མི་འཛིན་ཞུས་སོ།"

14 ༡༤་ །ཡེ་ཤུས་བཀའ་ལན་དུ། ངས་ང་གང་ནས་འོངས་པ་དང་གང་དུ་འགྲོ་བ་ཤེས་པས། རང་ལ་དཔང་པོ་བྱེད་ན། དེ་བདེན་པ་ཡིན། །ཁྱེད་ཀྱིས་ང་གང་ནས་འོངས་པ་དང་གང་དུ་འགྲོ་བ་མི་ཤེས་སོ།"

15 ༡༥་ །ཁྱེད་ཀྱིས་མིའི་ལུགས་སུ་གཤགས་བྱེད། །ངས་སུ་ལའང་གཤགས་མི་བྱེད།"

16 ༡༦་ ངས་གཤགས་བྱེད་ན། ང་གཅིག་པུ་མིན་ཏེ། ང་མངགས་པའི་ཡབ་དང་ང་མཉམ་དུ་ཡོད་པས། གཤགས་བྱེད་པ་བདེན་པ་ཡིན་ནོ།"

17 ༡༧་ །ཁྱེད་ཀྱི་བཀའ་ཁྲིམས་ནང་གཉིས་ཀྱི་དཔང་པོ་བདེན་པ་ཡིན་བྲིས་འདུག"

18 ༡༨་ །ངས་ང་རང་ལ་དཔང་པོ་བྱེད། ང་མངགས་པའི་ཡབ་ཀྱིས་ཀྱང་ང་ལ་དཔང་པོ་མཛད་དོ་གསུངས་སོ།"

19 ༡༩་ །དེ་ཚོས་། ཁྱེད་ཀྱི་ཡབ་ག་ན་ཡོད་ཞུས་པའི་ལན་དུ། ཁྱེད་ཀྱིས་ངའང་མི་ཤེས། ངའི་ཡབ་ཀྱང་མི་ཤེས་སོ། །ང་ཤེས་པ་ཡིན་ན། ངའི་ཡབ་ཀྱང་ཤེས་པ་ཡིན།"

20 ༢༠་ ཞེས་སྨོན་ལམ་ཁང་གི་གཏེར་མཛོད་དུ་སློབ་ཁྲིད་མཛད་ཞིང་གསུངས་ཀྱང་། ད་དུང་ཁོང་གི་དུས་ཚོད་མ་རན་པས། སུས་ཀྱང་ཁོང་མ་བཟུང་ངོ་།།"

21 ༢༡ །སླར་དེ་ཚོར། ང་འགྲོ་སྟེ། ཁྱེད་ཚོས་ང་འཚོལ་འོང་། ཡང་ཁྱེད་ཚོ་རང་གི་སྡིག་པའི་ནང་འཆི་འོང་། ང་འགྲོ་སར་ཁྱེད་འོང་བར་མི་ཐུབ་གསུངས་པས།"

22 ༢༢་ ཡ༷་ཧུ་དཱ་པ་རྣམས་ཀྱིས་ཕན་ཚུན། དེས་ང་འགྲོ་སར་ཁྱེད་འོང་མི་ཐུབ་ཟེར་བས། རང་སྲོག་རང་གིས་གཅོད་དམ།"

23 ༢༣་ ཁོང་གིས་དེ་ཚོར། ཁྱེད་ནི་འོག་ནས་ཡིན། ང་ནི་སྟེང་ནས་ཡིན་། ཁྱེད་འཇིག་རྟེན་པ་ཡིན་ཏེ། ང་ནི་མིན།"

24 ༢༤་ དེའི་ཕྱིར་ངས་ཁྱེད་ལ། ཁྱེད་ཚོ་རང་གི་སྡིག་པའི་ནང་འཆི་འོང་ཟེར་རོ། །ཁྱེད་ཚོས་ང་དེ་ཉིད་ཡིན་པ་ལ་མི་དད་ན། རང་གི་སྡིག་པའི་ནང་འཆི་བར་འགྱུར་རོ། །གསུངས་པས།"

25 ༢༥་ དེ་ཚོས། ཁྱེད་སུ་ཡིན་ཞུས་པས། ཡེ་ཤུས་ཐོག་མ་ནས་ངས་སྨྲས་པ་དེ་ཉིད་ང་ཡིན།"

26 ༢༦་ ཁྱེད་ཀྱི་སྐོར་ང་ལ་ཟེར་རྒྱུ་དང་གཤགས་བྱེད་རྒྱུ་མང་པོ་ཡོད། འོན་ཀྱང་ང་མངགས་པ་ཁོང་དྲང་པོ་ཡིན་པས། ཁོང་ནས་ཐོས་པ་དེ་ངས་འཇིག་རྟེན་ལ་ཟེར་རོ་གསུངས་སོ།"

27 ༢༧་ །ཨེ་ལོ་ཧིམ་ཡབ་ཀྱི་སྐོར་གསུངས་པ་ནི། དེ་ཚོས་མ་གོའོ།"

28 ༢༨་ །ཡེ་ཤུས། ཁྱེད་ཀྱིས་མིའི་བུ་སྒྲེང་ཟིན་ནས་། ང་ནི་དེ་ཉིད་ཡིན་པ་དང་། རང་ཉིད་ཀྱིས་ཅིའང་མི་བྱེད་པར། ཡབ་ཀྱིས་བསླབས་པ་བཞིན་ཟེར་བ་ཁྱེད་ཀྱིས་ཤེས་འོང་།"

29 ༢༩་ ང་མངགས་མཁན་ང་མཉམ་དུ་ཡོད། ངས་རྟག་ཏུ་ཁོང་དགྱེས་པའི་བྱ་བ་བྱེད་པས། ཁོང་གིས་ང་མ་སྤངས་སོ།"

30 ༣༠་ །ཞེས་གསུངས་པས། མི་མང་པོས་ཁོང་ལ་དད་པ་བྱས་སོ།།"

31 ༣༡་ །ཡེ་ཤུས་དད་པར་གྱུར་པའི་ཡ༷་ཧུ་དཱ་པ་རྣམས་ལ་གསུངས་པ། ཁྱེད་ངའི་བཀའ་ལ་གནས་ན་ངའི་སློབ་མ་བདེན་པ་ཡིན།"

32 ༣༢་ བདེན་པའི་ངོ་ཕྲོད་ནས། བདེན་པ་དེས་ཁྱེད་སྒྲོལ་བར་འགྱུར་གསུངས་སོ།"

33 ༣༣་ །ཡང་འགའ་རེས་ཞུ་ལན་དུ། ང་ཚོ་ཨ༷བ་ར་ཧམ་གྱི་བུ་བརྒྱུད་ཡིན་ཏེ་། ནམ་ཡང་ཚེ་གཡོག་མ་གྱུར་པས། སྒྲོལ་བར་འགྱུར་གསུང་བའི་དོན་ཅི་ལགས་ཞུས་པས།"

34 ༣༤་ ཡེ་ཤུས། སྡིག་པ་བྱེད་པ་རྣམས་སྡིག་པའི་ཚེ་གཡོག་ཡིན་ཞེས་ངས་བདེན་པར་ཟེར།"

35 ༣༥་ ཚེ་གཡོག་གཏན་དུ་ཁང་པའི་ནང་མི་གནས་ཏེ། བུ་ནི་གཏན་དུ་གནས་སོ།"

36 ༣༦་ །སྲས་ཀྱིས་ཁྱེད་སྒྲོལ་ན། བདེན་པར་ཐར་འོང་།"

37 ༣༧་ ཁྱེད་ཨ༷བ་ར་ཧམ་གྱི་བུ་བརྒྱུད་ཡིན་བཞིན་དུ། ཁྱེད་ཚོའི་ཁོག་པའི་ནང་ངའི་བཀའ་ལ་གནས་ས་མེད་པས་། ང་གསོད་ཐབས་འཚོལ་བ་ངས་ཤེས་སོ།"

38 ༣༨་ །ཁྱེད་ཚོས་རང་གི་ཕ་ནས་ཐོས་པ་བཞིན་དུ་བྱེད་པ་ལྟར། ངས་ངའི་ཡབ་ཀྱི་དྲུང་དུ་མཐོང་བ་དེ་སྨྲའོ་ཞེས་གསུངས་སོ།"

39 ༣༩་ །ཞུ་ལན་དུ། ངེད་ཀྱི་ཕ་ཨ༷བ་ར་ཧམ་ཡིན་ཞུས་པས། ཡེ་ཤུས་། ཨ༷བ་ར་ཧམ་གྱི་ཕྲུ་གུ་མིན། ཡིན་ཚེ། ཨ༷བ་ར་ཧམ་གྱི་སྤྱོད་པ་ཡོད་དགོས།"

40 ༤༠་ འོན་ཀྱང་ད་ལྟ་ཁྱེད་ཚོས། ཨེ་ལོ་ཧིམ་ནས་ཐོས་པའི་བདེན་པ་འཆད་པའི་མི་ང་གསོད་པར་རྩོམ་མོ། །ཨ༷བ་ར་ཧམ་གྱིས་འདི་ལྟར་མ་བྱས།"

41 ༤༡་ ཁྱེད་ཚོས་རང་གི་ཕའི་སྤྱོད་པ་བྱེད་དོ་གསུངས་སོ་། དེ་ཚོས་། ང་ཚོ་ནལ་ཕྲུག་མིན། ང་ཚོར་ཕ་ཡོད་དེ་ནི་ཨེ་ལོ་ཧིམ་མོ་ཞུས་སོ།"

42 ༤༢་ །ཨེ་ལོ་ཧིམ་ཁྱེད་ཀྱི་ཡབ་མིན། ཡིན་ཚེ་ཁྱེད་ཚོས་ང་ལ་བྱམས་པ་བྱེད་དགོས། ང་ཨེ་ལོ་ཧིམ་ནས་བྱུང་ཞིང་འོངས་། རང་བཞིན་གྱིས་མ་འོངས་ཀྱི། ཨེ་ལོ་ཧིམ་གྱིས་མངགས་སོ།"

43 ༤༣་ །ངས་སྨྲས་པ་རྣམས་ཁྱེད་ཀྱིས་ཅི་ལ་མི་གོ །ཉན་མི་བཟོད་པའི་རྐྱེན་གྱིས་སོ།"

44 ༤༤་ །ཁྱེད་ཚོའི་ཕ་ས༷་ཏན་ཡིན་ཏེ། རང་གི་ཕའི་འདོད་པ་བཞིན་བྱེད་པར་དགའོ། །ས༷་ཏན་ནི་ཐོག་མ་ནས་མི་བསད་ཡིན་ཏེ། དེའི་ནང་བདེན་པ་མེད་པས། བདེན་པ་དང་འབྲེལ་མེད་དོ། །ས༷་ཏན་ནི་རྫུན་པ་དང་། རྫུན་གྱི་ཕ་ཡིན་པས། རྫུན་ཟེར་ཙ་ན་། རང་གཤིས་ཀྱིས་ཟེར་རོ།"

45 ༤༥་ །ངས་ནི་བདེན་པ་སྨྲ་བས། ཁྱེད་ཚོ་ང་ལ་དད་པ་མི་བྱེད་དོ།"

46 ༤༦་ །ཁྱེད་ཚོའི་ནང་ནས་སུས་ང་ལ་སྡིག་ཅན་ཟེར་ནུས། ངས་བདེན་པ་ཟེར་བས། ཅིའི་ཕྱིར་ང་ལ་དད་པ་མི་བྱེད།"

47 ༤༧་ཨེ་ལོ་ཧིམ་གྱི་ཡིན་པ་དེས་ཨེ་ལོ་ཧིམ་གྱི་བཀའ་ལ་ཉན་ནོ། །ཁྱེད་ཨེ་ལོ་ཧིམ་གྱི་མིན་པས་མི་ཉན་ནོ་གསུངས་སོ།"

48 ༤༨་ །ཡ༷་ཧུ་དཱ་པ་ཚོས་ཞུ་ལན་དུ། ཁྱེད་ས༷་མར་ཡཱ་པ་ས༷་ཏན་ཞུགས་ཤིག་ཡིན་ཞེས་ང་ཚོས་ཟེར་ན་མི་བདེན་ནམ་ཞུས་སོ།"

49 ༤༩་ །བཀའ་ལན་དུ། ངའི་སེམས་ལ་ས༷་ཏན་གནས་མེད། ངས་ཡབ་ལ་བསྟོད་པས་ཁྱེད་ཚོས་ང་ལ་སྨད་དོ།"

50 ༥༠་ །ངས་ང་རང་གི་ཕྱིར་དཔལ་མི་འཚོལ། འཚོལ་མཁན་ཞིག་ཡོད་ཅིང་། ཁོང་ནི་ཞལ་ཆེ་པའོ།"

51 ༥༡་ །ངའི་བཀའ་བསྲུང་བ་དེས། ནམ་ཡང་འཆི་བ་མི་མྱོང་ཞེས་ངས་བདེན་པར་ཟེར་གསུངས་སོ།"

52 ༥༢་ །ཡ༷་ཧུ་དཱ་པ་ཚོས། ཁྱེད་ས༷་ཏན་ཞུགས་ཡིན་པ་ད་ཤེས་སོ། །ཨ༷བ་ར་ཧམ་དང་ཕ༷་རོ་པེ་ཏེ་པ་རྣམས་གྲོངས། འོན་ཀྱང་ཁྱེད་ཀྱིས་ངའི་བཀའ་བསྲུང་བ་དེས། ནམ་ཡང་འཆི་བ་མི་མྱོང་ཟེར།"

53 ༥༣་ ང་ཚོའི་ཡབ་ཨ༷བ་ར་ཧམ་ལས་ཀྱང་ཁྱེད་ཆེ་བ་ཡིན་ནམ། ཕ༷་རོ་པེ་ཏེ་པ་རྣམས་ཀྱང་གྲོངས་པས་། ཁྱེད་སུ་ཡིན་སེམས་སོ་ཞུས་སོ།"

54 ༥༤་ །ཡེ་ཤུས་བཀའ་ལན་དུ། ངས་རང་བསྟོད་གཏོང་ན་བསྟོད་པ་མིན། ཁྱེད་ཚོས་ང་ཚོའི་ཨེ་ལོ་ཧིམ་ཞུ་བའི་ངའི་ཡབ་ཀྱིས་ང་ལ་བསྟོད་པར་མཛད་དོ།"

55 ༥༥་།ཁྱེད་ཚོས་ཁོང་མི་ཤེས་ཀྱང་། ངས་ཤེས་སོ། །ངས་མི་ཤེས་ཟེར་ན་ཁྱེད་ལྟར་རྫུན་སྨྲའོ། །ངས་ཁོང་ཤེས་ཤིང་ཁོང་གི་བཀའ་སྲུང་ངོ་།"

56 ༥༦་ །ཁྱེད་ཚོའི་ཡབ་ཨ༷བ་ར་ཧམ་ངའི་ཉིན་མོ་མཐོང་བ་ལ་དགའ་སྟེ། དེ་མཐོང་ནས་ཡི་རངས་སོ། །གསུངས་པས།"

57 ༥༧་ ཡ༷་ཧུ་དཱ་པ་ཚོས། ད་དུང་ལོ་ལྔ་བཅུ་མ་ལོན་པར། ཨ༷བ་ར་ཧམ་མཐོང་བྱུང་ངམ་ཞུས་སོ།"

58 ༥༨་ །ཡེ་ཤུས། ང་ནི་ཨ༷བ་ར་ཧམ་མ་སྐྱེས་པའི་སྔོན་ནས་ཡིན་གསུངས་སོ།"

59 ༥༩་ །དེ་ཚོས་ཁོང་ལ་རྒྱབ་ཕྱིར་རྡོ་བླངས་ཀྱང་། ཡེ་ཤུ་མི་སྣང་བྱས་སྨོན་ལམ་ཁང་ནས་ཕྱིར་ཐོན་ཏོ།། །།"

9

1 ༡་ །ལམ་བར་དུ་སྐྱེས་དུས་ནས་ལོང་བ་ཡིན་པའི་མི་ཞིག་གཟིགས་པ་དང་།"

2 ༢་ སློབ་མ་རྣམས་ཀྱིས། རབ་བི། ཁོང་རང་ངམ་ཁོང་གི་ཕ་མ་གང་ཞིག་གི་སྡིག་པ་བྱས་པའི་རྐྱེན་གྱིས་ཁོང་ལོང་བར་སྐྱེས་པ་ཡིན་ཞུས་སོ།"

3 ༣་ །ཡེ་ཤུས་བཀའ་ལན་དུ། མི་འདིས་སྡིག་པ་བྱས་པས་ཀྱང་མ་ཡིན། ཕ་མས་བྱས་པས་ཀྱང་མ་ཡིན། ཁོང་གི་སྒོ་ནས་ཨེ་ལོ་ཧིམ་གྱི་མཛད་པ་མངོན་པར་འགྱུར་བའི་ཕྱིར་ཡིན་ནོ།"

4 ༤་ །ང་མངགས་མཁན་གྱི་འཕྲིན་ལས་ཉིན་མོར་སྒྲུབ་དགོས། སུས་ཀྱང་བྱ་བ་སྒྲུབ་མི་ཐུབ་པའི་མཚན་མོ་འོང་ངོ་།"

5 ༥་ །ང་འཇིག་རྟེན་དུ་ཡོད་རིང་ང་འཇིག་རྟེན་གྱི་འོད་དེ་ཡིན།"

6 ༦་ །ཞེས་གསུངས་ནས། ས་ལ་ལྗགས་ཆབ་དོར་ཏེ། དེ་ལ་འཇིམ་པ་མཛད་ནས། ལོང་བ་དེའི་མིག་ཏུ་བྱུགས་ནས་དེ་ལ།"

7 ༧་ སོང་ལ། ཤི༷་ལོ་ཨཱ། བོད་སྐད་དུ། མངགས་པ་བྱ་བའི་རྫིང་བུར་ཁྲུས་ཤིག་གསུངས་པས། ཁོང་སོང་ནས་མིག་ཁྲུས་པས། ཁོང་གིས་མཐོང་ཞིང་འོངས་སོ།"

8 ༨་ །ཁྱིམ་མཚེས་དང་སྔར་ཁོང་སྤྲང་པོ་ཡིན་པར་མཐོང་བ་རྣམས་ཀྱིས། འདི་ནི་སློང་ཞིང་སྡོད་མཁན་དེ་མིན་ནམ་ཞེས་སྨྲས་སོ།"

9 ༩་ །ལ་ལས་དེ་ཡིན། ལ་ལས་མིན་ཁོང་འདྲ་བ་གཞན་ཞིག་ཡིན་ནོ་སྨྲས་སོ། །ཁོང་གིས་དེ་ང་རང་ཡིན་སྨྲས་པས།"

10 ༡༠་ །དེ་ཚོས་། འོ་ན་ཁྱེད་ཀྱི་མིག་ཅི་ལྟར་བྱེ་ཟེར་རོ།"

11 ༡༡་ ཁོང་གིས་ལན་དུ། ཡེ་ཤུ་ཞུ་བའི་སྐྱེས་པ་དེས། ངའི་མིག་ལ་འཇིམ་པ་བྱུགས་ཏེ། ཤི༷་ལོ་ཨཱའི་རྫིང་བུར་སོང་ལ་ཁྲུས་ཤིག་གསུངས་པས། ང་དེར་སོང་ནས་ཁྲུས་པས་མཐོང་བྱུང་སྨྲས་སོ།"

12 ༡༢་ །དེ་ཚོས། ཁོང་ག་རུ་ཡོད་ཅེས་དྲིས་པས། ང་ལ་རྒྱུས་མེད་སྨྲས་སོ།"

13 ༡༣་ །དེ་ཚོས་སྔར་ལོང་བ་ཡིན་པ་དེ་ཕ༷་རུ་ཤི་པ་རྣམས་ཀྱི་རྩར་འཁྲིད་དེ།"

14 ༡༤་ ཡེ་ཤུས་འཇིམ་པ་མཛད་ནས་མིག་ཕྱེས་པའི་ཞག་ཤ༷་བད་ཡིན་པས།"

15 ༡༥་ ཕ༷་རུ་ཤི་པས་ཀྱང་དེ་ལ། ཇི་ལྟར་མཐོང་དྲིས་ནས། ཁོས། ཁོང་གིས་ངའི་མིག་ལ་འཇིམ་པ་བྱུགས་ཏེ། ངས་ཁྲུས་པས་མཐོང་ངོ་ལབ་པས།"

16 ༡༦་ ཕ༷་རུ་ཤི་པ་ལ་ལས། མི་འདིས་ཤབ་བད་མི་སྲུང་བས། ཨེ་ལོ་ཧིམ་གྱི་ཕྱོགས་ནས་མིན་ནོ་སྨྲས་སོ། །ལ་ལས་སྡིག་ཅན་ཞིག་གིས་འདི་འདྲའི་ལས་བཟང་ཇི་ལྟར་སྟོན་ནུས་ཟེར་ཞིང་མི་མཐུན་པ་བྱུང་ངོ་།"

17 ༡༧་ །སླར་ལོང་བར། མི་དེས་ཁྱེད་ཀྱི་མིག་ཕྱེས་པས། ཁོང་གི་སྐོར་ལ་ཁྱེད་ཀྱིས་ཅི་ཟེར་དྲིས་པས། ཁོང་ཕ༷་རོ་པེ་ཏེ་པ་ཡིན་ནོ་སྨྲས་སོ།"

18 ༡༨་ །ཡ༷་ཧུ་དཱ་པ་ཚོས་མི་དེ་སྔར་ལོང་བ་ཡིན་ཏེ་ད་མཐོང་བ་ལ་ཡིད་མ་ཆེས་ནས། དེའི་ཕ་མ་བོས་ཏེ།"

19 ༡༩་ དེ་གཉིས་ལ། མིག་ལོང་ཡིན་ཟེར་བ་འདི་ཁྱེད་ཀྱི་བུ་ཡིན་ནམ། ད་ལྟ་ཇི་ལྟར་མཐོང་ཞེས་དྲིས་སོ།"

20 ༢༠་ །ཕ་མས་ལན་དུ། འདི་ང་ཚོའི་བུ་ཡིན་པ་དང་། མིག་ལོང་ཡིན་པ་ང་ཚོས་ཤེས་སོ།"

21 ༢༡་ །ད་ལྟ་ཇི་ལྟར་མཐོང་། མིག་སུས་ཕྱེས་ང་ཚོས་མི་ཤེས། ཁོ་ལོ་ལོན་པ་ཡིན་ཏེ། །ཁོང་ལ་དྲིས། ཁོང་རང་གིས་བཤད་འོང་སྨྲས་སོ།"

22 ༢༢་ །ཡ༷་ཧུ་དཱ་པ་ཚོས། མི་སུ་ཡང་ཁོང་མ་ཤི་ཀ་ཡིན་པར་ཁས་ལེན་པ་ཐམས་ཅད། སི༷ན་ན་གོས་ཀྱི་ཁྱུ་ནས་འབུད་པ་ཐག་བཅད་པའི་རྐྱེན་གྱིས། ཕ་མ་འཇིགས་ནས།"

23 ༢༣་ ཁོང་ལོ་ལོན་པ་ཡིན་ཏེ། ཁོང་ལ་དྲིས་སྨྲས་སོ།"

24 ༢༤་ །དེ་ཚོས་སྔར་ལོང་བ་ཡིན་པ་དེ་ཡང་སྐྱར་བོས་ནས་འདི་སྐད་དུ། ཨེ་ལོ་ཧིམ་ལ་བསྟོད་ཅིག །མི་དེ་སྡིག་ཅན་ཡིན་པར་ང་ཚོས་ཤེས་སོ་སྨྲས་པའི་ལན་དུ་དེས།"

25 ༢༥་ ཁོང་སྡིག་ཅན་ཡིན་ནམ་མིན་ངས་མི་ཤེས། སྔར་ང་ལོང་བ་ཡིན་ཏེ། ད་ལྟ་མཐོང་ཐུབ་བོ། འདི་འབའ་ཞིག་ངས་ཤེས་སྨྲས་སོ།"

26 ༢༦་ །དེ་ཚོས། ཁོང་གིས་ཁྱེད་ལ་ཅི་བྱས། མིག་ཇི་ལྟར་ཕྱེས་པའི་ལན་དུ།"

27 ༢༧་ ངས་ཁྱེད་ལ་ལན་གཅིག་བཤད་ནས་མ་ཉན། ཅི་ལ་ཡང་སྐྱར་ཐོས་པར་དགའ། ཁྱེད་ཀྱང་ཁོང་གི་སློབ་མར་འགྱུར་འདོད་དམ་ཟེར་བས།"

28 ༢༨་ དེ་ཚོས་ཁ་ངན་བཏང་ནས་ཁོང་ལ། ཁྱེད་ཁོང་གི་སློབ་མ་ཡིན། ང་ཚོ་མོ༷་ཤེས་ཀྱི་སློབ་མ་ཡིན།"

29 ༢༩་ ཨེ་ལོ་ཧིམ་གྱིས་མོ༷་ཤེ་ལ་གསུང་གླེང་མཛད་པ་ང་ཚོས་ཤེས་སོ། །མི་འདི་ག་ནས་ཡིན་མི་ཤེས་ཟེར་ཏོ།"

30 ༣༠་ །མི་དེས་ལན་དུ། ཁོང་གིས་ངའི་མིག་ཕྱེས་བས། ཁྱེད་ཀྱིས་ཁོང་ག་ནས་ཡིན་མི་ཤེས་པ་དེ་ངོ་མཚར་ཆེའོ།"

31 ༣༡་ །སྡིག་ཅན་ལ་ཨེ་ལོ་ཧིམ་གྱིས་མི་གསན་ཞིང་། ཁོང་ལ་རྟེན་ཅིང་ཐུགས་དགོངས་བཞིན་དུ་སྒྲུབ་པ་དེ་ལ་གསན་པ་ང་ཚོས་ཤེས་སོ།"

32 ༣༢་ །སུ་ཞིག་གིས་མིག་ལོང་གི་མིག་ཕྱེས་པ། འཇིག་རྟེན་ཆགས་ཚུན་ཐོས་ལོ་མེད།"

33 ༣༣་ སྐྱེས་པ་འདི་ཨེ་ལོ་ཧིམ་གྱི་ཕྱོགས་ནས་མིན་ན། །ཅིའང་བྱེད་མི་ཐུབ་སྨྲས་སོ།"

34 ༣༤་ །དེ་ཚོས། ཁྱེད་སྡིག་པའི་ནང་ཡོངས་སུ་སྐྱེས་ཏེ། ང་ཚོར་བསླབ་བྱ་གཏོང་ངམ་ཟེར་ཞིང་། ཁོང་བཏོན་ནོ།"

35 ༣༥་ །དེ་ཚོས་ཁོང་བཏོན་པ་ཡེ་ཤུས་གསན་ནས། ཁོང་དང་འཕྲད་དེ་ཨེ་ལོ་ཧིམ་གྱི་སྲས་ལ་དད་པ་བྱེད་དམ་གསུངས་པས།"

36 ༣༦་ དེས་ཞུ་ལན་དུ། ཀྱུ་རི་བོ་ལགས། ཁོང་སུ་ཡིན་ངས་དད་པར་བྱའོ་ཞུས་སོ།"

37 ༣༧་ །ཡེ་ཤུས། ཁྱེད་ཀྱིས་ཁོང་མཇལ། ཁྱེད་དང་གཏམ་བྱེད་པ་དེ་ཁོང་ཡིན་གསུངས་སོ།"

38 ༣༨་ །དེས། ཀྱུ་རི་བོ། ངས་དད་པ་བྱེད་དོ་ཞུས་ནས། ཁོང་ལ་པུས་མོ་ས་ལ་འཛུགས་སོ།"

39 ༣༩་ །ཡེ་ཤུས། ལོང་བས་མཐོང་བ་དང་། མཐོང་མཁན་ལོང་བར་འགྱུར་ཕྱིར། ང་ཞལ་ཆེ་གཅོད་དུ་འཇིག་རྟེན་ལ་འོངས་གསུངས་སོ།"

40 ༤༠་ །ཁོང་མཉམ་དུ་ཡོད་པའི་ཕ༷་རུ་ཤི་པ་འགའ་རེས་དེ་ཐོས་ནས། ང་ཚོ་ལོང་བ་ཡིན་ནམ་ཞུས་སོ།"

41 ༤༡་ །ཡེ་ཤུས། ལོང་བ་ཡིན་ན་སྡིག་པ་མེད། ད་ལྟ་ཁྱེད་ཚོས་མཐོང་ངོ་ཟེར་བས། སྡིག་པ་ལུས་སོ།། །།"