1

1 ༡་ །ཐོག་མ་ནས་མིག་གིས་མཐོང་མཁན་དང་བཀའི་ཞབས་ཏོག་པ་རྣམས་ཀྱིས་ང་ཚོར་གང་བཏད་པ་བཞིན་དུ།"

2 ༢་ ང་ཚོའི་དཀྱིལ་དུ་གྲུབ་པའི་བྱ་བ་ཕུལ་དུ་བྱུང་བ་རྣམས་མི་མང་པོས་ཡི་གེར་བཀོད་པར་བརྩམས་པས།"

3 ༣་ ངས་ཀྱང་ཡུན་རིང་ནས་དེ་ཐམས་ཅད་ཞིབ་ཏུ་རྩར་བཅད་དེ། རིམ་པ་བཞིན་མི་རྗེ་ཐེ༷འོ་ཕི་ལུ་ཁྱེད་ཀྱི་ཕྱིར་འབྲི་བར་དམིགས་པ་ཡིན།"

4 ༤་ དེ་ལྟར་ཁྱེད་ཀྱིས་གང་གསན་པ་རྣམས་བདེན་པ་ཡིན་པར་མཁྱེན་འོང་།"

5 ༥་ །ཡ༷་ཧུ་དཱའི་རྒྱལ་པོ་ཧེ༷་རོ་དེའི་དུས་ལ། ཨ༷་བི་ཡཱའི་སྡེ་ཚན་པ་ཟ༷་ཀར་ཡཱ་བྱ་བའི་ལེ༷་ཝི་ཞིག་ཡོད་དེ། དེའི་ཆུང་མ་ཨ༷་རོན་གྱི་རྒྱུད་ཡིན་ཞིང་། ཨེ༷་ལི་ས་བེད་བྱའོ།"

6 ༦་ །དེ་གཉིས་ཨེ་ལོ་ཧིམ་གྱི་དྲུང་དུ་དྲང་པོ་ཡིན་ཞིང། ཀྱུ་རི་བོ་ཨེ་ལོ་ཧིམ་གྱི་བཀའ་དང་ཚུལ་ཁྲིམས་འཕྱུགས་མེད་བསྲུངས་སོ།"

7 ༧་ །ཨེ༷་ལི་ས་བེད་རབས་ཆད་མོ་ཡིན་པས། ཕྲུ་གུ་མེད་པར་དེ་གཉིས་རྒས་སོ།"

8 ༨་ །རང་གི་སྡེ་ཚན་གྱི་རེས་མོས་ལ་ཟ༷་ཀར་ཡཱས་ཨེ་ལོ་ཧིམ་གྱི་དྲུང་དུ་ཞབས་ཏོག་ བྱེད་པའི་ཚེ།"

9 ༩་ ལེ༷་ཝིའི་ཁྲིམས་ཀྱི་རྟགས་རིལ་བཞིན་དུ། ཀྱུ་རི་བོ་ཨེ་ལོ་ཧིམ་གྱི་གཙང་ཁང་དུ་ཞུགས་ཏེ།"

10 ༡༠་ སྤོས་བདུག་པ་ཁོ་ལ་བབས་ནས། སྤོས་བདུག་དུས་སུ་མི་སྡེའི་ཚོགས་ཐམས་ཅད་ཀྱིས་ཕྱི་རོལ་ན་སྨོན་ལམ་བཏབ་བོ།"

11 ༡༡་ །ཀྱུ་རི་བོའི་ཨ༷ན་ཇལ་སྤོས་འབུལ་སའི་གཡས་སུ་ཀྲོང་ངེར་བྱུང་བ་དང་།"

12 ༡༢་ །ཟ༷་ཀར་ཡཱས་དེ་མཐོང་སྟེ་ཚབས་ནས་འཇིགས་སོ།"

13 ༡༣་ །ཨ༷ན་ཇལ་གྱིས། ཟ༷་ཀར་ཡཱ། མ་འཇིགས་ཤིག །ཨེ་ལོ་ཧིམ་གྱིས་ཁྱེད་ཀྱི་སྨོན་ལམ་གསན་པས། ཆུང་མ་ཨེ༷་ལི་ས་བེད་ལས་ཁྱེད་ལ་བུ་ཞིག་སྐྱེ་འོང་། ཁྱེད་ཀྱིས་དེའི་མིང་ཡོ༷་ཧ་ནན་ཞེས་ཐོགས།"

14 ༡༤་ ཁྱེད་དགའ་ཞིང་ཡི་རང་བར་འགྱུར། དེ་སྐྱེ་བ་ལ་མི་མང་པོའང་དགའ་བར་འགྱུར་རོ། །ཁོང་ཀྱུ་རི་བོའི་དྲུང་དུ་ཆེན་པོ་ཡིན་ཏེ། ཆང་དང་ཨ་རག་འཐུང་མི་འོང་།"

15 ༡༥་ མའི་མངལ་ནས་དམ་པའི་རུ་ཨག་གིས་གང་བར་འགྱུར།"

16 ༡༦་ ཡི༷ས་ར་ཨེལ་གྱི་བུ་མང་པོ་དེ་ཚོའི་ཀྱུ་རི་བོ་ཨེ་ལོ་ཧིམ་གྱི་ཕྱོགས་སུ་འགུག་པར་འགྱུར།"

17 ༡༧་ ཕའི་སྙིང་བུ་ལ་དང་། མི་དད་པ་དད་པའི་ཕྱོགས་སུ་འགུག་ཅིང་། ཀྱུ་རི་བོའི་དོན་དུ་སྙོམས་པའི་མི་སྡེ་ཞིག་ཤོམ་པའི་ཕྱིར་དུ། ཨེ༷་ལི་ཡཱའི་ཤུགས་དང་སྟོབས་ཀྱིས། ཁོང་གི་སྔོན་དུ་འགྲོའོ། །སྨྲས་པ་དང་།"

18 ༡༨་ ཟ༷་ཀར་ཡཱས། ང་ནི་རྒས་ཤིང་། ངའི་ཆུང་མའང་རྒས་པས། ངས་འདི་ཅི་ལྟར་རྟོགས་པར་འགྱུར། དྲིས་པས།"

19 ༡༩་ ཨ༷ན་ཇལ་ལན་དུ། ང་ཨེ་ལོ་ཧིམ་གྱི་དྲུང་དུ་འགྲེང་བའི་ཨ༷ན་ཇལ་ག༷བ་རི་ཨེལ་ཡིན་ཏེ། ཁྱོད་ལ་སྨྲ་བ་དང་། ལོན་བཟང་པོ་འདི་འཆད་དུ་མངགས་པ་ཡིན།"

20 ༢༠་ དུས་ཁར་འགྲུབ་འོང་བའི་ངའི་ངག་ལ་ཡིད་མ་ཆེས་པས། འགྲུབ་པའི་བར་དུ་ཁྱོད་ཁ་རོག་ཅིང་ལབ་མི་ཐུབ་ཅེས་སྨྲས་སོ།"

21 ༢༡་ མི་སྡེས་ཟ༷་ཀར་ཡཱ་ལ་འགུག་ཅིང་། གཙང་ཁང་ནང་འགོར་བ་ལ་ངོ་མཚར་སྐྱེས་སོ།"

22 ༢༢་ ཁོང་ཕྱིར་འཐོན་ཏེ་ལབ་མ་ཐུབ་པ་དང་། གཙང་ཁང་ནང་ཞལ་གཟིགས་ཤིག་མཐོང་བ་དེ་རྣམས་ཀྱིས་ཤེས་སོ། ཁོང་ལག་བརྡ་བྱེད་ཅིང་ལྐུགས་པར་ལུས།"

23 ༢༣་ །ཞབས་ཏོག་གི་ཞག་ཚང་བ་དང་ཁྱིམ་དུ་ལོག་གོ"

24 ༢༤་ །དེའི་རྗེས་སུ་ཆུང་མ་ཨེ༷་ལི་ས་བེད་མངལ་དང་ལྡན་ཏེ། མིའི་མདུན་དུ་ངའི་སྨད་པ་མེད་པར་མཛད་ཕྱིར་ཀྱུ་རི་བོས་ང་ལ་གཟིགས་དུས།"

25 ༢༥་ ང་ལ་འདི་ལྟར་མཛད་བྱུང་ཟེར་ཞིང་། ཟླ་བ་ལྔའི་བར་དུ་ཡིབ་ནས་བསྡད་དོ།།"

26 ༢༦་ །ཟླ་བ་དྲུག་པ་ལ། ག༷་ལིལ་ཡུལ་གྱི་གྲོང་ཁྱེར་ན༷་ཙ་རེད་ལ།"

27 ༢༧་ དཱ༷་བིད་ཀྱི་རྒྱལ་བརྒྱུད་ནས་ཡིན་པའི་ཡོ༷་སེབ་བྱ་བ་ཞིག་གི་ཆུང་མར་འགྱུར་བ་ཐག་ཆོད་པའི་ན་ཆུང་མ་མ༷་རི་ཡཱ་བྱ་བ་དེའི་རྩར་ཨེ་ལོ་ཧིམ་གྱིས་ཨ༷ན་ཇལ་ག༷བ་རི་ཨེལ་སྩལ་ཏོ།"

28 ༢༨་ །ཨ༷ན་ཇལ་གྱིས་ནང་དུ་མོའི་དྲུང་དུ་འོངས་ནས་འདི་སྐད་དུ། ཐུགས་རྗེ་ཐོབ་པ་ཁྱེད་ལ་ཕྱག་བྱེད་དོ། །ཀྱུ་རི་བོ་ཁྱེད་མཉམ་བཞུགས་སོ། །ཞེས་སྨྲས་སོ།"

29 ༢༩་ །གཏམ་དེ་ལ་འཇིགས་ནས། མོས་ཕྱག་འདི་ཅི་ཞིག་ཡིན་བསམས་སོ།"

30 ༣༠་ །ཨ༷ན་ཇལ་གྱིས། མ༷་རི་ཡཱ་མ་འཇིགས་ཤིག ཁྱེད་ལ་ཨེ་ལོ་ཧིམ་ནས་ཐུགས་རྗེ་ཐོབ་པས།"

31 ༣༡་ ཁྱེད་མངལ་དང་ལྡན་ཞིང་སྲས་ཤིག་བལྟམ་འོང་། ཁོང་གི་མཚན་ལ་ཡེ་ཤུ་གནང་།"

32 ༣༢་ །ཁོང་ནི་ཆེན་པོར་འགྱུར་འོང་སྟེ། ཀུན་དབང་ཨེ་ལོ་ཧིམ་གྱི་སྲས་ཞུ་འོང་། ཁོང་ལ་ཀྱུ་རི་བོ་ཨེ་ལོ་ཧིམ་གྱིས། །དཱ༷་བིད་ཡབ་ཀྱི་ཁྲི་གནང་འོང་།"

33 ༣༣་ །ཡ༷་ཀོབ་བརྒྱུད་ལ་དུས་རྒྱུན་དུ། ཁོང་གིས་སྲིད་སྐྱོང་མཛད་པར་འགྱུར། ཁོང་གི་རྒྱལ་སྲིད་མཐའ་མེད་འགྱུར། ཞེས་སྨྲས་པ་དང་།"

34 ༣༤་ མ༷་རི་ཡཱས། ང་ཁྱོ་དང་མ་འཕྲད་པས། འདི་ཅི་ལྟར་འབྱུང་སྲིད་དྲིས་པ་ལས།"

35 ༣༥་ ཨ༷ན་ཇལ་གྱིས་ལན་དུ། ཁྱེད་ལ་དམ་པའི་རུ་ཨག་འབབ། ཀུན་དབང་གི་མཐུ་ཡིས་བསིལ་གྲིབ་པས། ཁྱེད་ལ་བལྟམ་པའི་དམ་པ་ལ། །ཨེ་ལོ་ཧིམ་ཉིད་ཀྱི་སྲས་གནང་འགྱུར།"

36 ༣༦་ རབས་ཆད་མོ་ཟེར་བའི་ཁྱེད་ཀྱི་གཉེན་རྒད་མོ་ཨེ༷་ལི་ས་བེད་ཀྱང་མངལ་དང་ལྡན་ཏེ་ཟླ་བ་དྲུག་པ་ཡིན།"

37 ༣༧་ ཨེ་ལོ་ཧིམ་ལ་མི་ཐུབ་པ་ཅིའང་མེད་སྨྲས་པ་དང་།"

38 ༣༨་ མ༷་རི་ཡཱས། ང་ནི་ཀྱུ་རི་བོའི་གཡོག་མོ་ཡིན་ཏེ། ཁྱེད་ཀྱི་གསུང་བཞིན་ང་ལ་འབྱུང་བར་ཤོག་སྨྲས་པ་དང་། ཨ༷ན་ཇལ་སོང་ངོ་།།"

39 ༣༩་ །དེའི་དུས་སུ་མ༷་རི་ཡཱ་ལངས་ནས། རི་ཡུལ་གྱི་ཡ༷་ཧུ་དཱའི་གྲོང་ཁྱེར་དུ་མྱུར་དུ་སོང་ནས།"

40 ༤༠་ །ཟ༷་ཀར་ཡཱའི་ཁྱིམ་དུ་ཞུགས་ཏེ། ཨེ༷་ལི་ས་བེད་ལ་ཕྱག་བྱས་སོ།"

41 ༤༡་ །མ༷་རི་ཡཱའི་ཕྱག་བྱེད་པ་ཨེ༷་ལི་ས་བེད་ཀྱིས་ཐོས་པ་དང་། མངལ་ནང་ཕྲུ་གུ་འཕར་ཏོ། །ཨེ༷་ལི་ས་བེད་དམ་པའི་རུ་ཨག་གིས་གང་ནས་འདི་སྐད་དུ།"

42 ༤༢་ །བུད་མེད་ཁྲོད་ཁྱེད་བྱིན་བརླབས་པ། །མངལ་གྱི་འབྲས་བུའང་བྱིན་བརླབས་སོ།"

43 ༤༣་ །ངའི་རྩར་ང་ཡི་ཀྱུ་རི་བོའི་ཡུམ། །ཕེབ་པའི་བཀའ་དྲིན་གང་ནས་བྱུང་།"

44 ༤༤་ །ཕྱག་མཛད་ངའི་རྣས་ཐོས་ཙམ་དུ། །མངལ་གྱི་ཕྲུ་གུ་དགའ་བས་འཕར།"

45 ༤༥་ །ཀྱུ་རི་བོས་ཅི་གསུངས་བསྒྲུབ་པ་ལ། །དད་པ་བྱས་པ་ཁྱེད་བཀྲ་ཤིས། ཞེས་འབོད་བསྒྲགས་སོ།"

46 ༤༦་ །མ༷་རི་ཡཱས་འདི་སྐད་དུ།"

47 ༤༧་།ང་ཡི་སེམས་ཀྱིས་ཀྱུ་རི་བོར་བསྟོད། །ཨེ་ལོ་ཧིམ་སྐྱབས་ལ་ཡི་རང་ངོ་།"

48 ༤༨་ །ཉིད་ཀྱི་གཡོག་མོ་དམའ་བར་གཟིགས། །མི་རབས་ཀུན་གྱིས་ད་ཕྱིན་ཆད། །ང་ལ་བདེ་ལེགས་བརྗོད་པར་འགྱུར།"

49 ༤༩་ །ང་ཡི་ཕྱིར་དུ་ཀུན་དབང་གིས། །ཁྱད་དུ་འཕགས་པའི་བྱ་བ་མཛད། ཁོང་གི་མཚན་ནི་དམ་པའོ།"

50 ༥༠་ ཁོང་ལ་འཇིགས་པའི་བུ་བརྒྱུད་ཐོག །ཁོང་གི་ཐུགས་རྗེ་གནས་པར་འགྱུར།"

51 ༥༡་ །ཁོང་གི་ཕྱག་གིས་དབང་བསྟན། །རང་མཐོང་ཅན་རྣམས་དེ་རང་གི །བྱུས་ནང་ཁོང་གིས་གཏོར་བར་མཛད།"

52 ༥༢་ །དབང་ཅན་ཁྲི་ལས་ཕབ་མཛད་ནས། །དམའ་བ་མཐོ་སར་བཏེགས་པར་མཛད།"

53 ༥༣་ །ལྟོགས་པར་བཟང་པོ་སྟེར་བར་མཛད། །ཕྱུག་པོ་སྟོང་པར་བཏོན་པར་མཛད།"

54 ༥༤་ །ཨ༷བ་ར་ཧམ་དང་དེའི་བརྒྱུད་པ། ངེད་ཀྱི་མེས་པོར་དུས་རྒྱུན་དུ། །གསུངས་བཞིན་ཉིད་ཀྱི་སྙིང་རྗེ་ནི།"

55 ༥༥་ །ཐུགས་ལ་དྲན་ནས་ཉིད་ཀྱི་འབངས། །ཡི༷ས་ར་ཨེལ་ལ་གྲོགས་མཛད་དོ།། ཞེས་སྨྲས་སོ།"

56 ༥༦་ །མ༷་རི་ཡཱ་ཟླ་བ་གསུམ་ཙམ་ཨེ༷་ལི་ས་བེད་མཉམ་བསྡད་ནས་ཁྱིམ་དུ་ལོག་གོ།"

57 ༥༧་ །དེ་ནས་ཨེ༷་ལི་ས་བེད་ལ་དུས་རན་ནས་བུ་ཞིག་སྐྱེས།"

58 ༥༨་ །ཁྱིམ་མཚེས་དང་གཉེན་རྣམས་ཀྱིས་ཀྱུ་རི་བོས་ཁོ་ལ་ཐུགས་རྗེ་ཆེན་པོ་མཛད་པ་ཐོས་ནས་ཡི་རངས་སོ།"

59 ༥༩་ །ཞག་བརྒྱད་པ་ལ་བྱིས་པའི་མདུན་ལྤགས་གཅོད་དུ་འོངས་ནས། དེ་ལ་ཕའི་མིང་ནས་དྲས་ཏེ་ཟ༷་ཀར་ཡཱ་ཞེས་བཏགས་སོ།"

60 ༦༠་ །མས་དེ་ལྟར་མིན་ཡོ༷་ཧ་ནན་ཞེས་འདོགས་པར་འགྱུར་རོ་སྨྲས།"

61 ༦༡་ དེ་རྣམས་ཀྱིས། ཁྱེད་ཀྱི་གཉེན་རྣམས་སུ་ལའང་མིང་འདི་མེད་སྨྲས་སོ།"

62 ༦༢་ །མིང་ཅི་འདོགས་པར་འདོད་ཅེས་ཕ་ལ་ལག་བརྡ་བྱས་པ་དང་།"

63 ༦༣་ དེས་བསམ་བརྡ་ཞིག་འཁྱེར་དུ་བཅུག་སྟེ། ཁོའི་མིང་ཡོ༷་ཧ་ནན་ཡིན་བྲིས་པ་དང་། ཐམས་ཅད་ངོ་མཚར་དུ་གྱུར་ཏོ།"

64 ༦༤་ དེ་མ་ཐག་དེའི་ཁ་བྱེ་སྟེ་ལྕེ་གྲོལ་ནས། ཨེ་ལོ་ཧིམ་ལ་ངག་ནས་བསྟོད་བསྔགས་སོ།"

65 ༦༥་ །ཉེ་འཁོར་ན་གནས་པ་ཐམས་ཅད་བག་ཚ་བས་ཡ༷་ཧུ་དཱའི་རི་ཡུལ་ཡོངས་སུ་གཏམ་དེ་ཐམས་ཅད་དར་ཏེ།"

66 ༦༦་ ཐོས་ཚད་ཀྱིས་སྙིང་ལ་གཅང་ནས། ཀྱུ་རི་བོའི་ཕྱག་ཁོའི་ཐོག་ཏུ་ཡོད་པས་བྱིས་པ་འདི་ཅི་ཞིག་འབྱུང་བར་འགྱུར་སྨྲས་སོ།"

67 ༦༧་ །ཕ་ཟ༷་ཀར་ཡཱར་དམ་པའི་རུ་ཨག་གིས་གང་ནས་འདི་སྐད་དུ།"

68 ༦༨་ །ཡི༷ས་ར་ཨེལ་གྱི་ཨེ་ལོ་ཧིམ་ཀྱུ་རི་བོ་ལ་བསྟོད། །ཉིད་ཀྱི་མི་སྡེར་གཟིགས་ཏེ་ཐར་པ་གནང་།"

69 ༦༩་ །སྔོན་གྱི་དུས་ནས་དམ་པའི་ཕ༷་རོ་པེ་ཏེ་པའི། །ངག་གི་སྒོ་ནས་ཁོང་གིས་གསུངས་པ་ལྟར།"

70 ༧༠་ །དགྲ་དང་སྔང་མཁན་ལག་ནས་ངེད་སྐྱབས་ཕྱིར།"

71 ༧༡་ །ངེད་ཀྱི་མེས་པོར་སྙིང་རྗེ་མཛད་པ་དང་།"

72 ༧༢་ །མེས་པོ་ཨ༷བ་ར་ཧམ་ལ་མནའ་བཞེས་པའི། །ཉིད་ཀྱི་དམ་པའི་ཞལ་ཆད་དྲན་པའི་ཕྱིར།"

73 ༧༣་ །ངེད་ཀྱི་དགྲ་ཡི་ལག་ལས་སྐྱབ་མཛད་དེ། །ངེད་ཀྱི་ཚེ་གང་དམ་པ་བཟང་པོའི་ངང་།"

74 ༧༤་ །འཇིགས་པ་མེད་པར་ཁོང་ལ་བསྙེན་བཀུར་ཞུ་བའི་ཕྱིར་དུ།"

75 ༧༥་ །ཉིད་ཀྱི་བྲན་པོ་དཱ༷་བིད་ཕ་ཁང་ནང་། །ངེད་དོན་ཐར་པའི་ར་ཅོ་སྒྲེང་བར་མཛད།"

76 ༧༦་ །ངའི་བུ་ཁྱོད་ཀྱིས་ཨེ་ལོ་ཧིམ་གྱི་མི་སྡེར།"

77 ༧༧་ །ཨེ་ལོ་ཧིམ་ཉིད་ཀྱི་བཀའ་དྲིན་ཆེན་པོ་ཡིས། །སྡིག་བཤགས་གནང་བའི་ཐར་པའི་ངོ་སྤྲོད་ཕྱིར། །གནམ་ནས་ཐུགས་རྗེའི་ཉི་མ་འཆར་བའི་ཚེ།"

78 ༧༨་ །མུན་གྲིབ་འཆི་གྲིབ་སྡོད་པར་འོད་གཏང་ཕྱིར། །ཞི་བདེའི་ལམ་ནང་རྐང་པ་འཇོག་པའི་ཕྱིར།"

79 ༧༩་ །ཀྱུ་རི་བོའི་ཕེབ་ལམ་བཤམ་ཕྱིར་སྔོན་འགྲོ་བས། །ཀུན་དབང་གི་ལུང་དུ་སྟོན་པར་གྲགས། །ཞེས་ལུང་བསྟན་ཏོ།།"

80 ༨༠་ བྱིས་པ་དེ་ཆེར་སྐྱེས་ཏེ། སེམས་ཉིད་སྟོབས་དང་ལྡན་ནས། ཡི༷ས་ར་ཨེལ་ལ་མངོན་པར་མ་བྱེད་པའི་བར་དུ་འབྲོག་སྟོང་ནང་གནས་སོ།། །།
"

10

1 ༡་ །དེའི་རྗེས་སུ་གཞན་བདུན་ཅུ་དོན་གཉིས་སློབ་མ་རུ་བསྐོས་ཏེ། ཁོང་རང་ཕེབས་པར་བྱ་བའི་གྲོང་ཁྱེར་དང་ཡུལ་ཚོ་རྣམས་ལ་གཉིས་གཉིས་སྔོན་དུ་མངགས་ཏེ།"

2 ༢་ དེ་ཚོར། སྟོན་ཐོག་མང་ཡང་ལས་མི་ཉུང་། སྟོན་ཐོག་གི་བདག་པོ་ལ། ཉིད་ཀྱི་སྟོན་ཐོག་བསྡུ་མཁན་གནང་བའི་ཕྱིར་ཞུས་ཤིག"

3 ༣་ །སོང་ཞིག་སྤྱང་ཀུའི་གསེབ་ལ་ལུག་གུ་གཏོང་བ་ལྟར་ངས་ཁྱེད་གཏོང་ངོ་།"

4 ༤་ །དངུལ་ཁུག་དང་། སྒྱེ་ཁུག་དང་། ལྷམ་མ་ཁྱེར། ལམ་ལ་སུ་ལའང་ཕྱག་མ་བྱེད།"

5 ༥་ གང་ཁང་པའི་ནང་འགྲོ་ན། ཁང་པ་འདི་ཞི་བདེ་དང་ལྡན་པར་གྱུར་ཅིག་ཅེས་སྨྲོས་ཤིག"

6 ༦་ །དེ་རུ་ཞི་བདེའི་བུ་ཞིག་ཡོད་ན་ཁྱེད་ཀྱི་ཞི་བདེ་དེ་ལ་གནས་པར་འགྱུར། མེད་ན་ཁྱེད་ལ་ལོག་འོང་།"

7 ༧་ ཁྱེད་ཁང་པ་དེ་ནང་གནས་ཏེ། གང་སྟེར་བ་ཟ་ཞིང་འཐུངས་ཤིག །ལས་བྱེད་མཁན་ལ་གླ་ཐོབ་འོས་སོ། །བྲང་ས་མ་སྤོ་ཞིག"

8 ༨་ །གང་གྲོང་ཁྱེར་དུ་ཞུགས་ཏེ་བསྙེན་ན། ཅི་སྟེར་བ་ཟོ་ཞིག"

9 ༩་ །དེར་ཡོད་པའི་ནད་པ་རྣམས་གསོས་ནས། མི་རྣམས་ལ་ཨེ་ལོ་ཧིམ་གྱི་རྒྱལ་སྲིད་ཁྱེད་དང་ཉེ་བར་བསླེབས་སོ་སྨྲོས་ཤིག"

10 ༡༠་ །གང་གྲོང་ཁྱེར་དུ་ཞུགས་ཏེ་མ་བསུ་ན། ཡུལ་དེའི་ལམ་སྲང་ལ་སོང་སྟེ་འདི་སྐད་དུ།"

11 ༡༡་ ངའི་རྐང་པ་ལ་འབྱར་བའི་ཁྱེད་ཀྱི་གྲོང་ཁྱེར་གྱི་རྡུལ་དེའང་ཁྱེད་ལ་སྤྲུག་གོ །འོན་ཀྱང་ཨེ་ལོ་ཧིམ་གྱི་རྒྱལ་སྲིད་ཉེ་བར་བསླེབས་པ་ཤེས་ཤིག་ཅེས་སྨྲོས།"

12 ༡༢་ ཉིན་མོ་དེར་གྲོང་ཁྱེར་འདི་ལས་ས༷་དོམ་ལ་སླ་བར་འགྱུར་ཞེས་ངས་ཟེར།"

13 ༡༣་ ཀོ༷་ར་ཟིན་ཁྱོད་སྙིང་རེ་རྗེ། བེ༷ད་ཙ་ཡི་དཱ་ཁྱོད་སྙིང་རེ་རྗེ། ཁྱོད་གཉིས་ནང་ངས་ལས་བཟང་པོ་མཛད་པ་རྣམས་ཚོ༷ར་དང་ཚི༷་དོན་ལ་མཛད་པ་ཡིན་ན། དེ་དག་གིས་རྩ་ཕད་གོན་ཏེ། གོག་ཐལ་ནང་བསྡད་དེ་ཡུན་རིང་ནས་སེམས་བསྒྱུར་བ་ཡིན།"

14 ༡༤་ ཞལ་ཆེའི་ཉིན་མོར་ཁྱོད་གཉིས་ལས་ཚོར་དང་ཚི༷་དོན་ལ་སླ་བར་འགྱུར་རོ།"

15 ༡༥་ །ནམ་མཁའ་ཐུག་གཏེགས་པའི་ཀ༷་ཕར་ན་ཧུམ་ཁྱོད། དམྱལ་བ་ཐུག་འབེབས་པར་འགྱུར་རོ།"

16 ༡༦་ །ཁྱེད་ལ་ཉན་པ་དེས་ང་ལའང་ཉན་ནོ། །ཁྱེད་སྤང་བ་དེས་ངའང་སྤང་ངོ་། །ང་སྤང་བ་དེས་ང་མངགས་མཁན་ཡང་སྤང་ངོ་གསུངས་སོ། "

17 ༡༧་ །བདུན་ཅུ་དོན་གཉིས་པོ་དགའ་ཞིང་ཕྱིར་འཁོར་ནས་ཁོང་ལ། ཀྱུ་རི་བོ། ཁྱེད་ཀྱི་མཚན་བརྗོད་པས་ས༷་ཏན་རྣམས་ཀྱང་ང་ཚོར་ཉན་ནོ་ཞུས་སོ།"

18 ༡༨་ །ཁོང་གིས། ས༷་ཏན་ནམ་མཁའ་ནས་གློག་འཁྱུག་པ་ལྟར་ལྷུང་བ་ངས་མཐོང་།"

19 ༡༩་ སྦྲུལ་དང་སྡིག་པ་རྭ་ཅན་ལ་རྡོག་རྫིས་གཏོང་བ་དང་། ས༷་ཏན་གྱི་སྟོབས་ཐམས་ཅད་ལས་རྒྱལ་བའི་དབང་ངས་ཁྱེད་ལ་གནང་བས། ཁྱེད་ལ་སུས་ཀྱང་མི་གནོད།"

20 ༢༠་ འོན་ཀྱང་ས༷་ཏན་གྱིས་ཁྱེད་ཀྱི་ཁ་ལ་ཉན་པར་ཡིད་མ་རངས་པར། ཁྱེད་ཀྱི་མིང་ནམ་མཁའ་རུ་བྲིས་པ་ལ་ཡིད་རོངས་ཤིག་གསུངས་སོ།།"

21 ༢༡་ །དུས་ཚོད་དེ་རང་ལ་ཁོང་རུ་ཨག་ནང་དགྱེས་པར་གྱུར་ནས་འདི་སྐད་དུ། ཀྱེ་ཡབ། གནམ་ས་གཉིས་ཀྱི་ཀྱུ་རི་བ། ཁྱེད་ཐུགས་དགྱེས་པ་བཞིན་དུ། ཁྱེད་ཀྱིས་བྱ་བ་འདི་རྣམས་མཁས་པ་དང་བློ་གྲོས་ཅན་ལ་སྦས་ཏེ་བྱིས་པ་རྣམས་ལ་མངོན་པར་མཛད་པས། ངས་ཁྱེད་ལ་བསྟོད་དོ།"

22 ༢༢་ །ངའི་ཡབ་ཀྱིས་ཐམས་ཅད་ང་ལ་བཏད་པ་ཡིན། ཡབ་ཀྱིས་མ་གཏོགས་པར་སྲས་སུ་ཡིན་པ་སུས་ཀྱང་མི་ཤེས། སྲས་དང་སྲས་ཀྱིས་སྟོན་པར་དགྱེས་པ་རྣམས་ཀྱིས་མ་གཏོགས་པར། ཡབ་སུ་ཡིན་པ་སུས་ཀྱང་མི་ཤེས་སོ།"

23 ༢༣་ །སློབ་མ་རྣམས་ལ་གཟིགས་ཏེ་ཟུར་དུ་དེ་རྣམས་ལ། ཁྱེད་ཀྱིས་མཐོང་བ་རྣམས་མཐོང་བའི་མིག་དེ་བདེའོ།"

24 ༢༤་ །ཕ༷་རོ་པེ་ཏེ་པ་དང་རྒྱལ་པོ་མང་པོས། ཁྱེད་ཀྱིས་མཐོང་བ་རྣམས་མཐོང་བར་འདོད་ཀྱང་མ་མཐོང་། ཁྱེད་ཀྱིས་ཐོས་པ་རྣམས་ཐོས་པར་འདོད་ཀྱང་མ་ཐོས་ཞེས་ངས་ཟེར་གསུངས་སོ།།"

25 ༢༥་ །བཀའ་ཁྲིམས་ཤེས་པ་ཞིག་ལངས་ནས། ཐུགས་སད་ཅིང་ཁོང་ལ། རྒན་ལགས། ཅི་བྱེད་པས་མི་ཚེ་རྒྱུན་དུ་པ་ཐོབ་ཞུས་པ་དང་།"

26 ༢༦་ ཁོང་གིས་དེ་ལ། བཀའ་ཁྲིམས་ནང་ཅི་བྲིས། ཁྱོད་ཀྱིས་ཅི་ཀློག་གསུངས་པའི་ཞུ་ལན་དུ།"

27 ༢༧་ ཁྱོད་ཀྱི་ཨེ་ལོ་ཧིམ་ཀྱུ་རི་བོ་ལ་སྙིང་ཧྲིལ་པོ་དང་། སེམས་ཧྲིལ་པོ་དང་། སྟོབས་ཧྲིལ་པོ་དང་། ཡིད་ཧྲིལ་པོ་ནས་གཅེས་ཤིག"

28 ༢༨་ ཁྱིམ་མཚེས་ལའང་རང་དང་འདྲ་བར་གཅེས་ཤིག་ཞུས་ཁོང་གིས། ཁྱོད་ཀྱིས་བདེན་པར་སྨྲས་སོ། །འདི་སྒྲུབས་ཤིག་དང་འཚོ་བར་འགྱུར་རོ་གསུངས་སོ།།"

29 ༢༩་ །འོན་ཀྱང་ཁོས་ཤེས་ཁུལ་གྱིས་ཡེ་ཤུ་ལ། འོ་ན་ངའི་ཁྱིམ་མཚེས་སུ་ཡིན་ཞུས།"

30 ༣༠་ ཡེ་ཤུས་བཀའ་ལན་དུ། མི་ཞིག་ཡེ༷་རུ་ཤ་ལེམ་ནས་ཡེ༷་རི་ཀོ་ལ་འགྲོ་བ་དང་། ཇག་པའི་ལག་ཏུ་བསླེབས་ནས། གོས་བཤུས་ནས་བརྡུངས་ཏེ་རོ་ལྟར་བཟོས་ནས་སོང་ངོ་།"

31 ༣༡་ ལེ༷་ཝི་ཞིག་ལམ་དེ་ལས་མར་འགྲོ་བའི་སྐབས་དང་ཐུག་ནས། མི་དེ་མཐོང་ནས་ཕར་བྱོལ་ཏེ་སོང་ངོ་།"

32 ༣༢་ །དེ་བཞིན་དུ་མཆོག་གཡོག་ཅིག་ས་ཆ་དེར་བསླེབས་པས། ཁོས་ཀྱང་མཐོང་ནས་བྱོལ་ཏེ་སོང་ངོ་།"

33 ༣༣་ །ས༷་མར་ཡཱ་པ་ཞིག་བྱེས་སུ་འགྲོ་བ་ལས་དེར་བསླེབས་ནས། ཁོ་མཐོང་བ་དང་སྙིང་རྗེ་སྐྱེ་ཞིང་།"

34 ༣༤་ མདུན་དུ་སོང་ནས། རྨ་ལ་འབྲུ་མར་དང་། རྒུན་ཆང་བླུགས་ནས་བསྡམས་ཏེ། རང་གི་བཞོན་པ་ལ་བསྐྱོན་ཏེ། འགྲུལ་ཁང་ཞིག་ལ་ཁྱེར་ནས་ཉ་ར་བཅོལ་ལོ།"

35 ༣༥་ །དེའི་སང་ཉིན་དི༷་ནཱར་གཉིས་བཏོན་ནས། གནས་པོ་ལ་བཏང་སྟེ། མི་འདི་ལ་ཉ་ར་བྱོས་ཤིག །དངུལ་འདི་ལས་ལྷག་སོང་ན་ཕྱིར་ལོག་སྐབས་ཁྱོད་ལ་གཏང་འོང་ཟེར་ཏོ།"

36 ༣༦་ །མི་འདི་གསུམ་གྱི་ནང་ནས་ཇག་པའི་ལག་ཏུ་བསླེབས་པ་དེ་ལ་ཁྱིམ་མཚེས་འདྲ་བ་སུ་བྱུང་སེམས་ཞེས་གསུངས།"

37 ༣༧་ དེས་སྙིང་རྗེ་བྱེད་མཁན་དེ་ཡིན་ནོ་ཞུས་པ་དང་། ཡེ་ཤུས་འོ་ན་སོང་ལ། ཁྱེད་ཀྱིས་ཀྱང་དེ་བཞིན་དུ་བྱོས་ཤིག་གསུངས་སོ།།"

38 ༣༨་ །དེ་ནས་ལམ་དུ་ཕེབས་པ་ལས། ཡུལ་ཚོ་ཞིག་ནང་ཕེབས་ནས། མ༷ར་ཐཱ་བྱ་བའི་བུད་མེད་ཅིག་གིས། ཁོང་དེའི་ཁྱིམ་ལ་གདན་ཞུས་སོ།"

39 ༣༩་ །དེའི་ནུ་མོ་མ༷་རི་ཡཱ་བྱ་བ་ཀྱུ་རི་བོའི་ཞབས་དྲུང་དུ་བསྡད་དེ། ཁོང་གི་གསུངས་ལ་ཉན་ཏོ།"

40 ༤༠་ །མ༷ར་ཐཱ་ཞབས་ཕྱི་ཞུ་བའི་ལས་མང་པོས་གཡེངས་པས། ཁོང་གི་དྲུང་དུ་འོངས་ནས། ཀྱུ་རི་བོ། ངའི་ནུ་མོས་ང་གཅིག་པུར་ཞབས་ཕྱི་ཞུ་འཇུག་པ་མི་གཟིགས་སམ། ང་ལ་རོགས་བྱེད་པའི་བཀའ་ཁོ་ལ་གནོང་ཞིག་ཞུས་ཀྱང་།"

41 ༤༡་ ཀྱུ་རི་བོས་བཀའ་ལན་དུ། མ༷ར་ཐཱ། མ༷ར་ཐཱ། ཁྱོད་ལ་བྱ་བ་མང་པོའི་སེམས་ཁྲལ་དང་ཁོང་འཁྲུགས་ཡོད།"

42 ༤༢་ དགོས་ངེས་པ་གཅིག་སྟེ། མ༷་རི་ཡཱས་སྐལ་བ་བཟང་པོ་དེ་འདམས་པ་ཡིན། དེ་མོ་ལས་མི་འཕྲོག་གསུངས་སོ།། །།"

11

1 ༡་ །ཡེ་ཤུ་ས་ཆ་ཞིག་ལ་སྨོན་ལམ་བརྒྱབ་ལ་བཞུགས་ཏེ། སྨོན་ལམ་ཚར་ནས་སློབ་མ་ཤིག་གིས་ཀྱུ་རི་བོ་ལགས། ཡོ༷་ཧ་ནན་གྱིས་རང་གི་སློབ་མ་ལ་བསླབས་པ་ལྟར། ང་ཚོ་ལའང་སྨོན་ལམ་འདེབས་ཚུལ་སློབ་ཏུ་ཞུས་པ་དང་།"

2 ༢་ ཁོང་གིས་འདི་འདི་སྐད་དུ། ཁྱེད་ཀྱིས་སྨོན་ལམ་འདེབས་ཙ་ན། ཡབ་ལགས། ཁྱེད་མཚན་དམ་པ་སྲུང་བར་ཤོག །ཁྱེད་ཀྱི་རྒྱལ་སྲིད་འོང་བར་ཤོག"

3 ༣་ །ངེད་ཀྱི་ཉི་མ་རེའི་ཁ་ཟས། དེ་རིང་ཡང་ནི་གནང་བར་མཛོད།"

4 ༤་ ངེད་ཀྱིས་གཞན་ཉེས་བསལ་བ་ལྟར། ངེད་ཀྱི་སྡིག་པ་སེལ་བར་མཛོད། ཉམས་སད་ནང་དུ་མ་འདྲེན་ཅིག་ཅེས་ཞུས་ཤིག།"

5 ༥་ །ཁྱེད་ལས་གཅིག་ལ་གྲོགས་པོ་ཞིག་ཡོད་དེ། མཚན་ཕྱེད་ལ་དེའི་རྩར་སོང་ནས་ཁོ་ལ། གྲོགས་པོ།"

6 ༦་ ངའི་གྲོགས་པོ་ཞིག་བྱེས་ནས་བསླེབས་ཏེ། ང་ལ་སྟེར་རྒྱུ་ཅིའང་མེད་པས། བག་ལེབ་གསུམ་སྐྱིས་ནས་གཏོང་ཟེར་ན།"

7 ༧་ ནང་ནས་དེའི་ལན་དུ། ངའི་རྣ་བ་སུན་མ་ཆུག །སྒོ་བརྒྱབ་ཚར། ང་མཉམ་ཕྲུ་གུ་རྣམས་ཉལ་ཡོད་པས། གཏོང་ཕྱིར་ལང་མི་ཐུབ་ཅེས་ཟེར་འོང་ངམ།"

8 ༨་ ཁོའི་གྲོགས་པོ་ཡིན་པའི་ཕྱིར་གཏོང་དུ་མི་ལང་ཡང་། ཨུ་ཚུག་ཕྱིར་ལངས་ནས་ཅི་ཙམ་དགོས་པ་གཏང་འོང་ཞེས་ངས་ཟེར།"

9 ༩་ སློང་ཞིག་དང་གནང་བར་འགྱུར། ཚོལ་ཞིག་དང་རྙེད་པར་འགྱུར། སྒོ་རྡུངས་ཤིག་དང་ཕྱེ་བར་འགྱུར་ཞེས་ངས་ཁྱེད་ལ་ཟེར།"

10 ༡༠་ །ཅིའི་ཕྱིར་ཞེ་ན། སློང་མཁན་ལ་ཐོབ། འཚོལ་མཁན་ལ་རྙེད། སྒོ་རྡུངས་མཁན་ལ་ཕྱེ་བར་འགྱུར་རོ།"

11 ༡༡་ །ཁྱེད་ཀྱི་ནང་ན་ཕ་ཡིན་པ་ལ། བུས་ཉ་ཞིག་སློང་ན། ཉའི་ཚབ་ལ་སྦྲུལ་ཞིག་སྟེར་རམ།"

12 ༡༢་ ཡང་ན་བུས་སྒོ་ང་ཞིག་སློང་ན། སྡིག་པ་རྭ་ཅན་སྟེར་རམ།"

13 ༡༣་ ཁྱོད་ཚོ་ངན་པ་ཡིན་བཞིན་དུ་རང་ཕྲུག་ལ་དངོས་པོ་བཟང་པོ་གཏོང་བར་ཤེས་ན། ནམ་མཁའི་ཡབ་ཀྱིས་ཞུ་མཁན་ལ་དམ་པའི་རུ་ཨག་ལྷག་པར་མི་གནང་ངམ་ཞེས་གསུངས་སོ།།"

14 ༡༤་ །དེ་ནས་ས༷་ཏན་ལྐུགས་པ་ཞིག་འདོན་པར་མཛད་ཅིང་། ས༷་ཏན་ཐོན་ནས་ལྐུགས་པ་དེས་གཏམ་སྨྲས་སོ། །མི་ཚོགས་ངོ་མཚར་དུ་གྱུར་ཀྱང་།"

15 ༡༥་ ཁ་ཅིག་གིས་འདིས་ནི་ས༷་ཏན་ཀྱི་དཔོན་པོ་བ༷་ཨལ་ཟེ་བུལ་གྱི་སྒོ་ནས་ས༷་ཏན་སྐྲོད་དོ་སྨྲས་སོ།"

16 ༡༦་ །ཡང་འགའ་ཤས་ཀྱིས་ཐུགས་སད་ཅིང་ནམ་མཁའ་ནས་ལྟས་ཤིག་སྟོན་པར་ཞུས་ཀྱང་།"

17 ༡༧་ དེ་ཚོའི་བསམ་པ་མཁྱེན་ནས་དེ་ཚོར། ནང་འཁྲུགས་ཡོད་པའི་རྒྱལ་ཁམས་སྟོངས་ཤིང་། ནང་འཁྲུགས་ཡོད་པའི་ཁང་པའང་སྟོངས་སོ།"

18 ༡༨་ །ཁྱེད་ཚོས་ངས་བ༷་ཨལ་ཟེ་བུལ་གྱི་སྒོ་ནས་ས༷་ཏན་སྐྲོད་དོ་ཟེར་བ་ལྟར་ཡིན་ན། ས༷་ཏན་རང་གི་ནང་དུ་ནང་འཁྲུགས་འབྱུང་བས། ཁོའི་རྒྱལ་སྲིད་ཇི་ལྟར་གནས་པར་འགྱུར།"

19 ༡༩་ གལ་ཏེ་ངས་བ༷་ཨལ་ཟེ་བུལ་གྱི་སྒོ་ནས་ས༷་ཏན་སྐྲོད་ན། ཁྱེད་ཚོའི་བུ་རྣམས་ཀྱིས་སུའི་སྒོ་ནས་སྐྲོད། དེའི་ཕྱིར་དེ་ཚོས་ཁྱེད་ཀྱི་བདེན་རྫུན་དབྱེ་བར་འགྱུར་རོ།"

20 ༢༠་ ཇི་སྟེ་ངས་ཨེ་ལོ་ཧིམ་གྱི་ཕྱག་མཛུབ་ཀྱིས་ས༷་ཏན་སྐྲོད་ན། ཨེ་ལོ་ཧིམ་གྱི་རྒྱལ་སྲིད་ཁྱེད་ཚོའི་རྩར་བསླེབས་ཟིན་ནོ།"

21 ༢༡་ །སྟོབས་ཆེན་ཞིག་གིས་མཚོན་ཆ་ཁུར་ནས་ཁྱིམ་སྲུང་ན། དེའི་ནོར་རྫས་ལ་གནོད་པ་མི་འབྱུང་།"

22 ༢༢་ འོན་ཀྱང་ཁོ་ལས་སྟོབས་ཆེ་བ་ཞིག་འཚང་ནས་རྒྱལ་ན། དེས་བློ་གཏད་པའི་མཚོན་ཆ་རྣམས་ཕྲོག་ནས། བཅོམ་ནོར་བགོ་བཤའ་བྱེད་དོ།"

23 ༢༣་ །ང་དང་མཉམ་དུ་མེད་པ་དེ་ངའི་དགྲ་ཡིན། ང་དང་མཉམ་དུ་མི་བསྡུ་བ་དེས་གཏོར་རོ།།"

24 ༢༤་ །ས༷་ཏན་ཞིག་མིའི་ནང་ནས་ཐོན་པའི་ཚེ། སྐམ་ས་རྣམས་སུ་འཁོར་ཞིང་། བདེ་བ་འཚོལ་ཡང་མི་བརྙེད། དེ་ནས་ཁོས་ང་ཐོན་འོངས་པའི་ཁང་པར་ལོག་འགྲོ་ཟེར་ཏེ།"

25 ༢༥་ བསླེབས་ནས་གཙང་བ་དང་བཀོད་པ་ལེགས་པར་མཐོང་སྟེ།"

26 ༢༦་ སོང་ནས་རང་ལས་ལྷག་པར་ངན་པའི་ས༷་ཏན་གཞན་བདུན་ཁྲིད་ནས་དེའི་ནང་དུ་ཞུགས་ནས་གནས་པས། མི་དེའི་གནས་ཚུལ་སྔ་མ་ལས་གདུག་ཏུ་འགྲོ་གསུངས་སོ།"

27 ༢༧་ །འདི་གསུང་བའི་ཚེ། ཚོགས་ཀྱི་ནང་ནས་བུད་མེད་ཅིག་གིས་སྐད་ཆེན་པོས། ཁྱེད་བཞུགས་པའི་ལྷུམས་དང་། ཁྱེད་ཀྱིས་གསོལ་བའི་ནུ་མ་བདེའོ་ཞུས་ཀྱང་།"

28 ༢༨་ ཁོང་གིས། དེ་བས་ཨེ་ལོ་ཧིམ་གྱི་བཀའ་ཐོས་ནས་སྲུང་བ་རྣམས་བདེའོ་གསུངས་སོ།།"

29 ༢༩་ །མི་ཚོགས་ཆེར་རྒྱས་པ་ལས། གསུང་གླེང་མཛད་ཅིང་། མི་རབས་འདི་ངན་པ་ཡིན་ཅིང་ལྟས་འཚོལ་ཡང་། ཕ༷་རོ་པེ་ཏེ་པ་ཡོ༷་ནཱ་ཡི་ལྟས་མ་གཏོགས་པར་གཞན་གཏོང་བར་མི་བྱ།"

30 ༣༠་ ནི༷་ནེ་ཝ་པ་རྣམས་ཀྱི་ཕྱིར་ཡོ༷་ནཱ་ལྟས་ལ་གྱུར་པ་ལྟར། མིའི་བུའང་མི་རབས་འདིའི་ཕྱིར་ལྟས་ལ་འགྱུར་འོང་།"

31 ༣༡་ །ལྷོ་ཕྱོགས་ཀྱི་རྒྱལ་མོ་ས་གཞིའི་མཐའ་མ་ནས་རྒྱལ་པོ་ཤ༷་ལོ་མོན་གྱི་ཤེས་རབ་ཀྱི་ཚིག་ལ་ཉན་དུ་འོངས་པས། ཞལ་ཆེའི་ཉིན་མོར་མི་རབས་འདི་དང་མཉམ་དུ་ལང་ཞིང་འདི་ལ་ཁྲིམས་གཏོང་བར་འགྱུར། ཤ༷་ལོ་མོན་ལས་ཆེ་བ་ཞིག་འདིར་ལྟོས།"

32 ༣༢་ ནི༷་ནེ་ཝ་པ་རྣམས་ཀྱིས་ཡོ༷་ནཱས་བཀའ་བཤད་པ་ལས་སེམས་བསྒྱུར་པས། ཞལ་ཆེའི་ཉིན་མོར་མི་རབས་འདི་དང་མཉམ་དུ་ལང་ཞིང་འདི་ལ་ཁྲིམས་གཏོང་བར་འགྱུར། ཡོ༷་ནཱ་ལས་ཆེ་བ་ཞིག་འདིར་ལྟོས།།"

33 ༣༣་ །སྣུམ་བཞུ་སྤར་ནས་སྦ་ཁུང་ངམ་འབོའི་འོག་ཏུ་མི་འཇོག་པར། ནང་དུ་འོང་བ་རྣམས་ཀྱིས་འོད་མཐོང་ཕྱིར་སྟེགས་བུའི་ཁར་འཇོག་གོ"

34 ༣༤་ །ཁྱེད་ཀྱི་མིག་ནི་ལུས་ཀྱི་སྣུམ་བཞུ་ཡིན། ཁྱེད་ཀྱི་མིག་བཟང་ན། ལུས་ཧྲིལ་པོ་འོད་ཅན་དུ་འགྱུར། ཁྱོད་ཀྱི་མིག་ངན་ན། ལུས་ཀྱང་མུན་པ་ཡིན་ནོ།"

35 ༣༥་ ཁྱོད་ནང་ཡོད་པའི་འོད་དེ་མུན་པ་མིན་ནམ་ལྟོས།"

36 ༣༦་ ཁྱོད་ཀྱི་ལུས་ཀྱི་ཆ་ཤས་གང་ཡང་མུན་པར་མ་ལུས་པར་ཧྲིལ་པོ་འོད་ཅན་ཡིན་ན། སྣུམ་བཞུ་ཡི་མདངས་ཀྱིས་ཁྱོད་ལ་འོད་གཏོང་བ་ལྟར་འོད་ཅན་དུ་འགྱུར་རོ་གསུངས་སོ།།"

37 ༣༧་ །དེ་སྐད་གསུངས་ནས། ཕ༷་རུ་ཤི་པ་ཞིག་གིས་ཁོང་གསོལ་བ་བཞེས་སུ་གདན་ཞུས་ནས། ནང་དུ་ཕེབས་ཏེ་བཞུགས་ནས།"

38 ༣༨་ གསོལ་བ་བཞེས་པའི་སྔོན་ལ་ཕྱག་མི་བསིལ་བ་མཐོང་ནས། ཕ༷་རུ་ཤི་པ་དེ་ངོ་མཚར་དུ་གྱུར་ཏོ།"

39 ༣༩་ །ཀྱུ་རི་བོས་ཁོ་ལ། ཁྱེད་ཕ༷་རུ་ཤི་པ་རྣམས་ཀྱིས་ཕོར་པ་དང་སྡེར་མའི་ཕྱི་དག་པར་བྱེད་ཀྱང་། ཁྱེད་ཚོའི་ནང་འཕྲོག་ཆོམ་དང་ངན་པས་གང་ནས་འདུག་"

40 ༤༠་ །གླེན་པ་ཁྱོད། ཕྱི་མཛད་མཁན་དེས་ནང་ཡང་མ་མཛད་དམ།"

41 ༤༡་ ནང་ན་ཡོད་པ་རྣམས་སྦྱིན་པར་གཏོང་ན། ཁྱེད་ལ་ཐམས་ཅད་གཙང་བར་འགྱུར་རོ།"

42 ༤༢་ །ཁྱེད་ཕ༷་རུ་ཤི་པ་རྣམས་སྙིང་རེ་རྗེ། ཁྱེད་ཀྱིས་ཕོ་ལོ་ལིང་དང་གོ་སྙོད་དང་སྔོ་ཚོད་སྣ་ཚོགས་ཀྱི་བཅུ་ཁག་གཏོང་ཡང་། གཤགས་དྲང་པོ་དང་། ཨེ་ལོ་ཧིམ་ལ་བྱམས་པ་ནི་སྤོང་ངོ་། འདི་སྲུང་ལ་དེ་མི་སྤོང་བར་རིགས།"

43 ༤༣་ ཁྱེད་ཕ༷་རུ་ཤི་པ་རྣམས་སི༷ན་ན་གོས་ཀྱི་ཁང་ལ་གྲལ་མགོ་དང་། ཁྲོམ་དུ་ཕྱག་ལ་དགའ་བས།"

44 ༤༤་ ཁྱེད་མི་མཐོང་བའི་རོ་ཁང་དང་འདྲ་སྟེ། མི་ཤེས་པར་མི་རྣམས་དེའི་སྟེང་ནས་འགྲུལ་བས་ཁྱེད་སྙིང་རེ་རྗེ་ཞེས་གསུངས་སོ།"

45 ༤༥་ བཀའ་ཁྲིམས་ཤེས་པ་གཅིག་གིས་ཞུ་ལན་དུ། རྒན་ལགས། འདི་ལྟར་གསུང་སྟེ་ངེད་ལའང་སྨད་དོ། །ཞུས་པ་དང་།"

46 ༤༦་ བཀའ་ཁྲིམས་ཤེས་པ་ཁྱེད་ཀྱིས། ཐེག་དཀའ་བའི་ཁུར་པོ་མི་ལ་འགེལ་ཞིང་། རང་གིས་མཚུབ་མོ་གཅིག་ཙམ་ཡང་མི་རེག་པས་ཁྱེད་ལ་སྙིང་རེ་རྗེ།"

47 ༤༧་ ཁྱེད་ཀྱི་མེས་པོས་བསད་པའི་ཕ༷་རོ་པེ་ཏེ་པ་རྣམས་ཀྱི་སྤུར་ཁང་ཁྱེད་ཀྱིས་རྩིག"

48 ༤༨་ མེས་པོས་བསད་དེ་ཁྱེད་ཀྱིས་རྩིག་པས། མེས་པོས་བྱས་པའི་ལས་ལ་འཆམ་ཞིང་དཔང་བྱེད་པས་སྙིང་རེ་རྗེ།"

49 ༤༩་ དེའི་ཕྱིར་ཨེ་ལོ་ཧིམ་གྱི་ཡེ་ཤེས་ཀྱིས་ཀྱང་། ངས་ཕ༷་རོ་པེ་ཏེ་པ་དང་ཨ༷་པོ་ཏོ་ལོ་པ་དེ་རྣམས་ཀྱི་རྩར་གཏང་སྟེ། དེ་རྣམས་ཀྱིས་ལ་ལར་བསད་ལ་ལར་འཚེ་བས།"

50 ༥༠་ ཧ༷་བེལ་གྱི་སྲོག་ལན་ནས་བཟུང་སྟེ། སྨོན་ལམ་ཁང་དང་འབུལ་བ་ཞགས་སའི་བར་ལ་བསད་པའི་ཟ༷་ཀར་ཡཱའི་སྲོག་ལན་ཐུག"

51 ༥༡་ །འཇིག་རྟེན་བཀོད་པ་ནས་ཚུན་ཕ༷་རོ་པེ་ཏེ་པ་ཐམས་ཅད་ཀྱི་སྲོག་ལན་མི་རབས་འདི་ལས་ལེན་སྲིད་གསུངས། མི་རབས་འདི་རང་ནས་ལེན་པར་འགྱུར་རོ་ཞེས་ངས་ཟེར།"

52 ༥༢་ བཀའ་ཁྲིམས་ཤེས་པ་ཁྱེད་ཀྱིས། ཤེས་རབ་ཀྱི་ལྡེ་མིག་ཕྲོགས་ནས། རང་ཡང་མ་ཞུགས། འཇུག་པར་དགའ་བ་རྣམས་ཀྱང་བཀག་པས་སྙིང་རེ་རྗེ་གསུངས་སོ།"

53 ༥༣་ །དེ་ནས་ཕེབས་པ་དང་། མོ༷་ཤེའི་བཀའ་ཁྲིམས་མཁས་པ་དང་ཕ༷་རུ་ཤི་པ་རྣམས་ཀྱིས་ཁོང་བཙིར་ཞིང་། མང་པོའི་སྐོར་ལ་གསུང་དུ་འཇུག་ཅིང་།"

54 ༥༤་ ཁོང་གི་ཞལ་ནས་ཐོན་པའི་ཚིག་ལ་འཛིན་ཕྱིར་སྒུག་གོ། །།"

12

1 ༡་ །དེའི་ཚེ་གཅིག་གིས་གཅིག་ལ་རྡོག་རྫིས་གཏོང་བ་ཙམ་གྱི་མི་ཚོགས་སྟོང་ཕྲག་ཁ་ཤས་འདུས་སོ། །དང་པོར་སློབ་མ་རྣམས་ལ་ཡེ་ཤུས་འདི་སྐད་དུ། ཕ༷་རུ་ཤི་པའི་ཁ་ཆོས་ཡིན་པའི་སྐྱུར་རྩི་ལས་ཟོན་བྱོས་ཤིག"

2 ༢་ མངོན་པར་མི་འགྱུར་བ་ཅིའང་སྦས་མེད། ཤེས་པར་མི་འགྱུར་བའི་གསང་བ་ཅིའང་མེད།"

3 ༣་ ཁྱེད་ཀྱིས་མུན་པའི་ནང་སྨྲས་པ་དེ། འོད་ཀྱི་ནང་དུ་ཐོས་ཡོང་། ཁང་པའི་སྦུབས་སུ་རྣ་བར་ཤུབ་བུར་སྨྲ་བ་དེ། ཐོག་གའི་སྟེང་ནས་སྒྲག་པར་འགྱུར་རོ།།"

4 ༤་ ལུས་གསོད་ཀྱང་དེ་ལས་ལྷག་བྱེད་མི་ཐུབ་པ་རྣམས་ལ་མ་འཇིགས་ཤིག་གྲོགས་པོ་ཁྱེད་ལ་ངས་ཟེར།"

5 ༥་ སུ་ལ་འཇིགས་དགོས་པ་དེ་ངས་ཁྱེད་ལ་སྟོན་ནོ། །བསད་པའི་རྗེས་སུ་དམྱལ་བར་དབྱུག་པའི་དབང་ཡོད་པ་ཁོང་ལ་འཇིགས་ཤིག །ངས་ཁྱེད་ལ་ཟེར་རོ་ཁོང་ལ་འཇིགས་ཤིག"

6 ༦་ དོང་ཙེ་གཉིས་ལ་བྱིའུ་ལྔ་མི་བྲིན་ནམ། དེ་ནས་ཀྱང་ཨེ་ལོ་ཧིམ་གྱི་སྤྱན་སྔར་གཅིག་ཀྱང་མི་བརྗེད་པ་མ་ཟད།"

7 ༧་ ཁྱེད་ཀྱི་མགོའི་སྐྲ་ཉག་རེ་རེ་བརྩིས་ཡོད་པས། མ་འཇིགས་ཤིག་བྱེའུ་མང་པོ་ལས་ཁྱེད་ཀྱི་རིན་ཆེའོ།"

8 ༨་ །མིའི་མདུན་དུ་ང་ཁས་བླང་བ་དེ། མིའི་བུས་ཀྱང་ཨེ་ལོ་ཧིམ་གྱི་ཨ༷ན་ཇལ་གྱི་མདུན་དུ་ཁས་བླང་འོང་ངས་ཟེར།"

9 ༩་ མིའི་མདུན་དུ་ང་ཁས་མི་བླང་བ་དེ། ཨེ་ལོ་ཧིམ་གྱི་ཨ༷ན་ཇལ་གྱི་མདུན་དུ་ཁས་མི་བླང་ངོ་།"

10 ༡༠་ །མིའི་བུ་ལ་སྨད་པ་དེ་སེལ་བར་འགྱུར་གྱི། །དམ་པའི་རུ་ཨག་ལ་སྐུར་པ་འདེབས་པ་དེ་སེལ་བར་མི་འགྱུར།"

11 ༡༡་ མི་རྣམས་ཀྱིས་ཁྱེད་སི༷ན་ན་གོས་དང་། ཁྲིམས་དཔོན་དང་། དབང་སྒྱུར་མཁན་རྣམས་ཀྱི་མདུན་དུ་འཁྲིད་དུས་སུ། ཇི་ལྟར་རམ་ལན་ཇི་འདེབས་ཕྱིར་མ་ཚེར་ཞིག"

12 ༡༢་ །ཇི་ཟེར་དགོས་པ་དུས་ཚོད་དེ་རང་ལ་དམ་པའི་རུ་ཨག་གིས་ཁྱེད་ལ་བསླབ་འོང་ངོ་ཞེས་གདམས་སོ།།"

13 ༡༣་ །མི་ཚོགས་ཀྱི་ནང་ནས་གཅིག་གིས། རྒན་ལགས། ང་ལ་ནོར་སྐལ་གཏོང་ཕྱིར་ངའི་ཕུ་བོ་ལ་བཀའ་གནོང་ཞིག་ཞུས་པ་དང་།"

14 ༡༤་ ཁོང་གིས་དེ་ལ། གྲོགས་པོ། ཁྱེད་ཀྱི་ཁྲིམས་དཔོན་ནམ་ནོར་བགོ་མཁན་ལ་ང་སུས་བསྐོས་གསུངས་ནས།"

15 ༡༥་ དེ་ཚོར། བརྣབ་སེམས་ཀྱི་རིགས་ཐམས་ཅད་ལས་བག་ཟོན་བྱོས་ཤིག །མི་ཞིག་གི་ཚེ་ནི་ནོར་མང་པོ་ལ་རགས་མི་ལས་གསུངས་སོ།"

16 ༡༦་ །དཔེ་སྟོན་ཞིང་འདི་སྐད་དུ། ཕྱུག་པོ་ཞིག་གི་གཞིས་ཀར་སྟོན་ཐོག་ལེགས་པ་བྱུང་བས།"

17 ༡༧་ དེས་སྟོན་ཐོག་འཇོག་ས་མེད་པས་ཅི་བྱ་བསམ་དུས།"

18 ༡༨་ འདི་ལྟར་བྱའོ་སྙམ་སྟེ། བང་ཁང་རྣམས་བཤིག་ནས། ཆེ་བར་བརྩིག་སྟེ། སྟོན་ཐོག་དང་ནོར་ཐམས་ཅད་འཇོག་པར་བྱའོ།"

19 ༡༩་ །དེ་ནས་ངས་ང་རང་ལ། ལོ་མང་པོའི་ཕྱིར་ནོར་མང་པོ་བསགས་ཡོད་པས། ལྷོད་དེར་སྡོད། ཟོ། འཐུང་། སྐྱིད་པོ་བྱོས་ཟེར་འོང་སྨྲས་སོ། "

20 ༢༠་ །འོན་ཀྱང་ཨེ་ལོ་ཧིམ་གྱིས་དེ་ལ། བླུན་པོ་ཁྱོད། མཚན་འདི་རང་ལ་ཁྱོད་ཀྱི་སྲོག་ལེན་འོང་བས། ཁྱོད་ཀྱིས་གྲབས་བཤམས་པ་རྣམས་སུས་བདག་འོང་གསུངས་སོ།"

21 ༢༡་ །རང་གི་ཕྱིར་ནོར་གསོག་མཁན་ནི་འདི་དང་འདྲ་སྟེ། ཨེ་ལོ་ཧིམ་གྱི་གཟིགས་ངོར་ཕྱུག་པོ་མིན་ནོ་གསུངས་སོ།།"

22 ༢༢་ །སློབ་མ་རྣམས་ལ། དེའི་ཕྱིར་ཅི་ཟ། ཅི་གོན་སེམས་ཤིང་ལུས་དང་སྲོག་གི་ཕྱིར་མ་ཚེར་ཞིག་ཞེས་ངས་ཟེར།"

23 ༢༣་ ཁ་ཟས་ལས་སྲོག་དང་། གོས་ལས་ལུས་ཁག་ཆེའོ།"

24 ༢༤་ །ཕོ་རོག་རྣམས་ལ་ལྟོས་ཤིག །དེས་མི་རྨོ། མི་རྔ་། མཛོད་དང་བང་བ་མེད་ཀྱང་། ཨེ་ལོ་ཧིམ་གྱིས་ཁ་ཟས་གནང་ངོ་། །བྱ་ལས་ཁྱེད་རིན་ཆེའོ།"

25 ༢༥་ །སེམས་ཚེར་གྱིས་རང་གི་མི་ཚེ་ལ་ཁྲུ་གང་འཐུད་ཐུབ་པ་ཁྱོད་ཀྱི་ནང་ན་སུ་ཡོད།"

26 ༢༦་ བྱ་བ་ཆུང་ངུ་ལས་ཆུང་ངུ་ཞིག་བྱེད་མི་ཐུབ་ན། གཞན་རྣམས་ཀྱི་ཕྱིར་ཅི་ལ་ཚེར།"

27 ༢༧་ དྲེས་མ་ལ་ལྟོས། དེས་མི་འཁལ་མི་འཐག་ཀྱང་། རྒྱལ་པོ་ཤ༷་ལོ་མོན་ཡོངས་སུ་ཟིལ་དང་ལྡན་པའི་ཚེའང་དེ་རྣམས་ལས་གཅིག་དང་འདྲ་བ་མ་གྱོན་ཞེས་ངས་ཟེར།"

28 ༢༨་ དེ་རིང་ཐང་གར་ཡོད་དེ་སང་ཉིན་ཐབ་ནང་གདབ་རྒྱུ་ཡིན་པའི་རྩྭ་ལ་ཨེ་ལོ་ཧིམ་གྱིས་དེ་འདྲ་སྐོན་པར་མཛད་ན། དད་ཆུང་ཁྱོད་ལ་ལྷག་པར་མི་མཛད་དམ།"

29 ༢༩་ ཅི་ཟ་ཅི་འཐུང་དེའང་མ་སྙེགས་ཤིག །མ་ཚེར་ཞིག"

30 ༣༠་ །དེ་རྣམས་ཨེ་ལོ་ཧིམ་ངོ་མ་ཤེས་པ་ཐམས་ཅད་ཀྱིས་འཚོལ་ལོ། །ཁྱོད་ལ་དེ་རྣམས་དགོས་པ་ཁྱེད་ཀྱི་ཡབ་ཀྱིས་མཁྱེན་ནོ།"

31 ༣༡་ །དེའི་ཚབ་ལ་ཁོང་གི་རྒྱལ་སྲིད་ཚོལ་ཞིག་དང་། དེ་རྣམས་ཀྱང་ཐོབ་པར་འགྱུར།"

32 ༣༢་ ཁྱེད་ཀྱི་ཡབ་ཀྱིས་ཁྱེད་ལ་རྒྱལ་སྲིད་གནང་བར་དགྱེས་པས། ཀྱེ་ཁྱུ་ཆུང་བ་ཚོ། མ་འཇིགས་ཤིག"

33 ༣༣་ །ཁྱེད་ལ་ཇི་ཡོད་པ་བཙོངས་ནས་སྦྱིན་པར་ཐོང་། རྙིང་བར་མི་འགྲོ་བའི་དངུལ་ཁུག་བཟོ་ཞིག །མི་ཟད་པའི་ནོར་ནམ་མཁའ་ལ་གསོག་ཤིག །དེ་རུ་རྐུན་མའང་མི་སླེབ། མུག་པས་ཀྱང་མི་ཟའོ།"

34 ༣༤་ །ཅིའི་ཕྱིར་ཞེ་ན། གང་ན་ཁྱེད་ཀྱི་གཏེར་ཡོད་ན། དེ་ན་ཁྱོད་ཀྱི་སྙིང་ཡང་ཡོད།།"

35 ༣༥་ །སྐ་རགས་བཅིངས་ཏེ་སྣུམ་བཞུ་སྤར་ནས་ཞོག"

36 ༣༦་ །དཔོན་པོ་བག་སྟོན་ནས་ལོག་ཅིང་སྒོ་རྡུང་མ་ཐག་ཏུ། འབྱེད་པའི་ཕྱིར་སྒུག་པའི་མི་དང་འདྲ་བར་གྱུར་ཅིག"

37 ༣༧་ །དཔོན་པོ་ལོག་དུས་སུ་སྒུག་པར་མཐོང་བའི་གཡོག་པོ་བདེའོ། །དཔོན་པོས་རང་གི་སྐ་རགས་བཅིངས་ཏེ་དེ་དག་སྡོད་བཅུག་ནས། མདུན་དུ་འོངས་ཏེ། ཁ་ཟས་དྲང་བར་འགྱུར། ཞེས་ངས་བདེན་པར་ཟེར།"

38 ༣༨་ མཚན་གྱི་ཐུན་གཉིས་པའམ་གསུམ་པར་འོངས་ཏེ་དེ་ལྟར་མཐོང་བའི་གཡོག་པོ་བདེའོ།"

39 ༣༩་ །ཁྱིམ་བདག་གིས་རྐུན་མ་ཆུ་ཚོད་ཇི་ཙམ་ལ་འོང་བ་ཤེས་ན། མེལ་ཚེ་བྱེད་ཅིང་ཁང་པར་འཛུལ་དུ་མི་འཇུག་པ་ཁྱེད་ཀྱིས་ཤེས་སོ།"

40 ༤༠་ །ཁྱེད་ཀྱིས་མ་བསམ་པའི་དུས་ཚོད་ལ་མིའི་བུ་འབྱོན་འོང་བས། ཁྱེད་ཀྱང་གྲ་འགྲིག་བྱས་ནས་སྡོད་ཅིག་གསུངས་སོ།"

41 ༤༡་ །པེ༷་ཏྲོས། ཀྱུ་རི་བོ་ལགས། དཔེ་འདི་ང་ཚོའི་དོན་དུ་གསུང་ངམ། ཚང་མའི་དོན་དུ་གསུང་ཞུས་པ་དང་།"

42 ༤༢་ ཀྱུ་རི་བོས་གསུངས་པ། དུས་ཐོག་འཁོར་གཡོག་ལ་ཟས་སྐལ་སྟེར་བར། དཔོན་པོས་རང་གི་ཁང་པར་བསྐོས་པའི་གཉེར་པ་དྲང་ཞིང་མཁས་པ་སུ་ཡིན།"

43 ༤༣་ དཔོན་པོ་འོང་དུས་སུ། དེ་བཞིན་དུ་བྱེད་པར་མཐོང་བའི་གཡོག་པོ་བདེའོ།"

44 ༤༤་ །ཅི་ཡོད་ཐམས་ཅད་དེ་ལ་གཏད་འོང་ཞེས་ངས་བདེན་པར་ཟེར།"

45 ༤༥་ གལ་ཏེ་གཡོག་པོ་དེས་རང་གི་སྙིང་ནང་། དཔོན་པོ་འགོར་རོ་ཟེར་ནས། བྲན་པོ་བྲན་མོ་རྣམས་ལ་རྡུང་བ་དང་། ཟ་འཐུང་རོལ་ཞིང་ར་བཟི་ན།"

46 ༤༦་ དེས་མི་བསམ་པའི་ཞག་དང་། དེ་ལ་ཆ་མེད་པའི་དུས་ཚོད་ལ་དཔོན་པོ་འོངས་ནས། དྲག་པོར་རྡུང་སྟེ་གཞུང་མི་བཟང་བ་རྣམས་དང་མཉམ་དུ་འཇོག་པར་འགྱུར་རོ།"

47 ༤༧་ །སུས་མ་ཤེས་པར་རྟ་ལྕག་འཕོག་འོས་པའི་ལས་བྱས་པར། རྟ་ལྕག་ཉུང་བ་འཕོག་ཀྱང་།"

48 ༤༨་ དཔོན་པོའི་དགོངས་པ་ཤེས་ཀྱང་གྲ་མ་སྒྲིགས་པར། དེའི་འདོད་པ་བཞིན་དུ་མ་བྱས་པའི་གཡོག་པོ་རྣམས་ལ། རྟ་ལྕག་མང་པོ་འཕོག་འོང་། སུ་ལ་མང་པོ་བཏང་བ་ལས་མང་པོ་ལེན་པར་འགྱུར། སུ་ལ་མང་པོ་བཏད་པ་དེས་མང་པོ་འཇལ་དགོས་སོ།།"

49 ༤༩་ །ང་ནི་ས་བཞི་ལ་མེ་སྤར་དུ་འོངས་པས། འབར་ན་ཅི་མ་རུང་། ངས་བ༷བ་ཐི་སོ་ཤིག་ལེན་དགོས་ཡོད། དེ་མ་འགྲུབ་པའི་བར་དུ་ང་འུ་ཐུག་གོ"

50 ༥༠་ །ང་ས་གཞིར་མཐུན་པ་སྦྱིན་པར་འོངས་སེམས་སམ། དེ་ལྟར་མིན་ཞེས་ངས་ཟེར། མི་མཐུན་པ་སྦྱིན་པར་འོངས་པ་ཡིན།"

51 ༥༡་ ད་ཕྱིན་ཁང་པ་གཅིག་གི་མི་ལྔ་འཁྲུགས་ནས། གསུམ་གྱིས་གཉིས་དང་། གཉིས་ཀྱིས་གསུམ་ལ་རྒོལ་འོང་།"

52 ༥༢་ ཕས་བུ་དང་བུས་ཕ་ལ། མས་བུ་མོ་དང་བུ་མོས་མ་ལ། སྒྱུག་མོས་མནའ་མ་དང་མནའ་མས་སྒྱུག་མོ་ལ་རྒོལ་འོང་ངོ་གསུངས།"

53 ༥༣་ དེ་ནས་ཁོང་གིས་མི་ཚོགས་ལའང་། ནུབ་ཕྱོགས་ནས་སྤྲིན་འཁོར་བ་མཐོང་མ་ཐག་ཏུ། ཁྱེད་ཀྱིས་ཆར་པ་འབབ་འོང་ཟེར་ནས་དེ་བཞིན་དུ་འབྱུང་ངོ་།"

54 ༥༤་ །ལྷོའི་རླུང་ལང་བར་མཐོང་ན། ཚིག་པའི་ཚད་པ་འབྱུང་འོང་ཟེར་ནས་དེ་བཞིན་དུ་འབྱུང་ངོ་།"

55 ༥༥་ ཁ་ཆོས་པ་ཁྱེད་ཀྱིས་གནམ་དང་སའི་ཚུལ་གྱི་ཁྱད་པར་ཕྱེ་ཡང་། དུས་འདིའི་ཁྱད་པར་མི་ཤེས་པ་ཅི་ཡིན།"

56 ༥༦་ ཁྱེད་རང་གིས་གང་རིགས་པ་ཅིས་ཐག་མི་གཅོད།"

57 ༥༧་ རང་གི་གཤགས་ཡ་མཉམ་ཁྲིམས་དཔོན་གྱི་རྩར་འགྲོ་དུས་སུ། ལམ་ལ་དེ་དང་མཐུན་པའི་བརྩོན་འགྲུས་བྱོས་ཤིག། །དེ་མིན་གཤགས་ཡས་ཁྱོད་ཁྲིམས་དཔོན་གྱི་དྲུང་དུ་ཁྱེར་ཏེ། ཁྲིམས་དཔོན་གྱིས་ཁྲིམས་གཡོག་གི་ལག་ཏུ་བཏད་དེ། ཁྲིམས་གཡོག་གིས་ཁྱོད་བཙོན་དུ་འཇུག་ཉེན་ཡོད།"

58 ༥༨་ དོང་ཙེ་ཐམས་ཅད་མ་བཅལ་བའི་བར་དུ་ཁྱོད་ཇི་ནས་ཀྱང་བཙོན་ཁང་དེ་ནས་ཐར་བར་མི་འགྱུར་ཞེས་ངས་ཟེར་གསུངས་སོ།། །།"

13

1 ༡་ །དུས་དེ་རང་ལ་མི་རེ་ཁོང་གི་དྲུང་དུ་ཡོད་དེ། པི༷་ལ་ཏུས་ག༷་ལིལ་པ་རྣམས་ཀྱི་ཁྲག་དེ་ཚོའི་དམར་མཆོག་ནང་བསྲེས་པའི་ལོ་རྒྱུས་ཞུས་པ་དང་།"

2 ༢་ ཁོང་གིས་བཀའ་ལན་དུ། ག༷་ལིལ་པ་དེ་ཚོས་སྡུག་བསྔལ་མྱངས་པས། ག༷་ལིལ་པ་གཞན་ལས་ལྷག་པའི་སྡིག་ཅན་ཡིན་བསམ་མམ།"

3 ༣་ ངས་ཟེར་ན་མ་ཡིན། ཁྱེད་ཚོས་སེམས་མ་སྒྱུར་ན། དེ་རྣམས་ལྟར་འཆི་བར་འགྱུར་རོ།"

4 ༤་ །ཡང་ན་ཤི༷་ལོ་ཨའི་མཁར་བརྡིབས་ནས་བསད་པའི་མི་བཅོ་བརྒྱད་དེ། ཡེ༷་རུ་ཤ་ལེམ་པ་གཞན་ལས་ཉེས་ཅན་ཡིན་བསམ་མམ།"

5 ༥་ ངས་ཟེར་ན་མ་ཡིན། ཁྱེད་ཚོས་སེམས་མ་སྒྱུར་ན། དེ་རྣམས་ལྟར་འཆི་བར་འགྱུར་རོ་གསུངས་སོ།།"

6 ༦་ །དཔེ་འདི་གསུངས་པ། མི་ཞིག་གིས་རང་གི་རྒུན་ཚལ་དུ་སེ་ཡབ་ཤིང་ཞིག་བཙུགས་ཏེ། ཤིང་ཏོག་བཙལ་དུ་འོངས་ནས། མ་ཐོབ་པ་དང་།"

7 ༧་ ཚལ་མཁན་ལ། ང་ལོ་གསུམ་པོ་འདིའི་རིང་ལ་སེ་ཡབ་ཤིང་ཏོག་བཙལ་དུ་འོངས་ནས་མ་ཐོབ་པས། ད་ཆོད་ཅིག་ས་ཆ་ཅི་ལ་འགེགས་པར་བྱེད་སྨྲས་པ་དང་།"

8 ༨་ དེས་ལན་དུ་རྒན་ལགས། ངས་འདིའི་མཐའ་འཁོར་ལ་ས་བརྐོས་ནས་ལུད་གཏང་བའི་ཕྱིར། ད་ལོའང་འཇོག་པར་མཛོད་ཅིག"

9 ༩་ ཤིང་ཏོག་ཆགས་ན་ལེགས་ཏེ་མི་ཆགས་ན་གཅོད་པས་ཆོག་ཞུས་གསུངས་སོ།།"

10 ༡༠་ །ཤ༷བ་བད་ཀྱི་ཞག་ལ་སི༷ན་ན་གོས་ཞིག་ཏུ་སློབ་ཁྲིད་གནང་པའི་ཚེ།"

11 ༡༡་ རྒུད་པར་བྱེད་པའི་ས༷་ཏན་ཞུགས་ནས་ལོ་བཅོ་བརྒྱད་སོང་སྟེ། ལུས་དགུར་ཏེ་སྲོང་མི་ཐུབ་པའི་བུད་མེད་ཅིག་ཡོད་དོ།"

12 ༡༢་ །ཡེ་ཤུས་དེ་གཟིགས་ནས་མོ་ལ་བོས་པར་མཛད་དེ། བུད་མེད་ཁྱོད་ནད་ལས་ཐར་ཟིན་ནོ་གསུང་ཞིང་།"

13 ༡༣་ མགོ་ལ་ཕྱག་བཞག་པ་ཙམ་གྱིས། ལུས་དྲང་པོར་གྱུར་ཏེ་ཨེ་ལོ་ཧིམ་ལ་བསྟོད་
བསྔགས་སོ།"

14 ༡༤་ །ཡེ་ཤུས་ཤ༷བ་བད་ཀྱི་ཞག་ལ་ནད་སོས་པར་མཛད་པས། སི༷ན་ན་གོས་ཀྱི་དབུ་མཛད་ཁྲོས་ནས་མི་ཚོགས་ལ། ལས་བྱེད་ཆོག་པའི་ཞག་དྲུག་ཡོད་པས། དེའི་རིང་ནད་ལ་ཕན་པའི་ཕྱིར་འོང་བར་རིགས་ཏེ། ཤ༷བ་བད་ཀྱི་ཞག་ལ་མ་འོང་ཞིག་སྨྲས་པ་དང་།"

15 ༡༥་ ཀྱུ་རི་བོས་བཀའ་ལན་དུ། ཁ་ཆོས་པ་ཁྱོད་ཚོ། རེ་རེས་ཤ༷བ་བད་ཀྱི་ཞག་ལ་གླང་ངམ་བོང་བུ་བྲེས་ནས་བཀྲོལ་ཏེ་ཆུ་སྟེར་བར་མི་འཁྲིད་དམ།"

16 ༡༦་ ལོ་བཅོ་བརྒྱད་ནས་ཚུན་དུ་ས༷་ཏན་ཀྱིས་བཅིང་བའི་ཨ༷བ་ར་ཧམ་གྱི་བུ་མོ་འདིའང་། ཤ༷བ་བད་ཀྱི་ཞག་ལ་འཆིང་བ་འདི་ལས་སྒྲོལ་བར་མི་རིགས་སམ།"

17 ༡༧་ ཁོང་གིས་འདི་གསུངས་པ་དང་ཁོང་གི་དགྲ་བོ་རྣམས་ངོ་ཚ་བར་གྱུར་ཏོ། །མི་ཚོགས་ཀྱིས་ཁོང་གི་ཕྲིན་ལས་དཔལ་དང་ལྡན་པར་ཡི་རངས་སོ།།"

18 ༡༨་ །ཁོང་གིས་གསུངས་པ། ཨེ་ལོ་ཧིམ་གྱི་རྒྱལ་སྲིད་ཅི་དང་འདྲ། ཅི་དང་སྡུར་བར་བྱ།"

19 ༡༩་ ཡུངས་འབྲུ་དང་འདྲའོ། །དེ་མི་ཞིག་གིས་ཚལ་དུ་བཏབ་ནས། སྐྱེས་ནས་སྡོང་པོར་གྱུར་ཏེ། གནམ་གྱི་བྱ་རྣམས་དེའི་ཡལ་གའི་གསེབ་ཏུ་གནས་སོ།"

20 ༢༠་ །ཨེ་ལོ་ཧིམ་གྱི་རྒྱལ་སྲིད་ཅི་དང་སྡུར་བར་བྱ། སྐྱུར་རྩི་དང་འདྲའོ།"

21 ༢༡་ །བུད་མེད་གཅིག་གིས་དེ་བག་ཕྱེ་འབོ་གསུམ་ནང་བསྲེས་ནས། རིམ་པར་ཐམས་ཅད་ལ་སྐྱུར་ལང་ངོ་།།"

22 ༢༢་ །ཁོང་གྲོང་ཁྱེར་དང་ཡུལ་ཚོ་རྣམས་སུ་སློབ་ཁྲིད་གནང་ཞིང་ཡེ༷་རུ་ཤ་ལེམ་གྱི་ཕྱོགས་སུ་ཕེབས་ཀྱིན་ཡོད་པ་ལས།"

23 ༢༣་ མི་ཞིག་གིས། ཀྱུ་རི་བོ་ལགས། མི་ཉུང་ངུ་ཞིག་མིན་པར་སྐྱབ་པར་མི་འགྱུར་རམ། ཞུས་པ་དང་། ཁོང་གིས།"

24 ༢༤་ སྒོ་དོག་མོ་ནས་ནང་དུ་འཇུག་པ་ལ་བརྩོན་ཞིག །ནང་དུ་འཇུག་པའི་ཕྱིར་མང་པོས་བརྩོན་ཡང་མི་ཐུབ་ངས་ཟེར།"

25 ༢༥་ ཁང་བདག་ལངས་ནས་སྒོ་བརྒྱབས་པའི་རྗེས་སུ། ཁྱོད་ཕྱི་རོལ་དུ་ལུས་ཏེ། སྒོ་རྡུང་གིན། ཀྱུ་རི་བོ་ལགས། ང་ཚོར་སྒོ་འབྱེད་དུ་གསོལ་ཞུ་བ་དང་། ཁོང་གིས་ཁྱོད་སུ་ཡིན་ངས་མི་ཤེས་གསུང་འོང་།"

26 ༢༦་ ཁྱོད་ཚོས་ཁོང་ལ། ང་ཚོས་ཁྱེད་ཀྱི་དྲུང་དུ་ཟ་ཞིང་འཐུངས་པ་ཡིན། ང་ཚོའི་ལམ་སྲང་རྣམས་སུ་ཁྱེད་ཀྱི་སློབ་ཁྲིད་མཛད་པ་ཡིན་ཞེས་ཞུ་བར་འགྱུར་ཀྱང་།"

27 ༢༧་ ཁོང་གིས་ཁྱོད་སུ་ཡིན་ངས་མི་ཤེས་སྡིག་སྤྱོད་ཐམས་ཅད་ཕར་སོང་ཞིག་གསུང་བར་འགྱུར་རོ།"

28 ༢༨་ །ཨ༷བ་ར་ཧམ་དང་། ཨི༷་སཱག་དང་ཡ༷་ཀོབ་དང་ཕ༷་རོ་པེ་ཏེ་པ་ཐམས་ཅད་ཨེ་ལོ་ཧིམ་གྱི་རྒྱལ་སྲིད་ནང་ན་ཡོད་པ་དང་། ཁྱོད་ཕྱི་རོལ་དུ་བཏོན་པ་མཐོང་བའི་ཚེ། ཁྱོད་ངུ་ཞིང་སོ་འཁྲིགས་པར་འགྱུར།"

29 ༢༩་ ཤར་ལྷོ་ནུབ་བྱང་ནས་སྐྱེས་བུ་རྣམས་འོངས་ཤིང་ཨེ་ལོ་ཧིམ་གྱི་རྒྱལ་སྲིད་ལ་ལོངས་སྤྱོད་པར་འགྱུར་རོ།"

30 ༣༠་ །མཐའ་མ་ཡིན་པ་ལ་ལ་དང་པོར་འགྱུར། དང་པོ་ཡིན་པ་ལ་ལ་མཐའ་མར་འགྱུར།།"

31 ༣༡་ །དུས་ཚོད་དེ་རང་ལ་ཕ༷་རུ་ཤི་པ་རེས་འོངས་ནས་ཁོང་ལ། ཧེ༷་རོ་དཱེས་ཁྱེད་འགྲོང་བར་འདོད་པས། འདི་ནས་ཕར་གཤེགས་ཤིག་ཞུས་པ་དང་།"

32 ༣༢་ ཁོང་གིས་དེ་ཚོར་སོང་ལ་ཝ་མོ་དེ་ལ་འདི་ལྟར་ཟེར། ངས་དེ་རིང་དང་སང་ཉིན་ས༷་ཏན་སྐྲོད་ཅིང་གསོ་བའི་ལས་བྱེད་དེ། ཞག་གསུམ་པ་ལ་རྗོགས་པར་འགྱུར་རོ།"

33 ༣༣་ །ཕ༷་རོ་པེ་ཏེ་པ་ནི་ཡེ༷་རུ་ཤ་ལེམ་གྱི་ཕྱི་རོལ་དུ་འཆི་མི་སྲིད་པས། དེ་རིང་དང་སང་དང་གནངས་རང་གི་ལམ་ལ་འགྲོ་བ་གལ་ཆེའོ་གསུངས་སོ།།"

34 ༣༤་ །ཡེ༷་རུ་ཤ་ལེམ། ཡེ༷་རུ་ཤ་ལེམ། ཕ༷་རོ་པེ་ཏེ་པ་བསད་མཁན་དང་། ཁྱོད་རྩར་མངགས་པ་རྡོ་རུབ་ལ་བཏང་མཁན་ཁྱོད། བྱ་མོས་བྱ་ཕྲུག་གཤོག་པའི་འོག་ཏུ་བསྡུ་བ་ལྟར། ལན་ཇི་ཙམ་ངས་ཁྱོད་ཀྱི་ཕྲུ་གུ་རྣམས་བསྡུ་བར་དགའ་ཡང་། ཁྱོད་མ་དགའོ།"

35 ༣༥་ །ཁྱོད་ཀྱི་ཁང་པ་ཁྱོད་ཕྱིར་སྟོངས་པར་གྱུར། ཀྱུ་རི་བོའི་ཕྱོགས་ནས་འབྱོན་པ་བཀྲ་ཤིས་ཞེས་ཁྱོད་ཀྱིས་མི་ཞུ་བའི་བར་དུ། ཁྱོད་ཀྱིས་ང་མི་མཐོང་ཞེས་ངས་ཟེར་གསུངས་སོ།། །།"

14

1 ༡་ །ཤ༷བ་བད་ཀྱི་ཞག་ལ་ཁོང་ཕ༷་རུ་ཤི་པའི་དཔོན་པོ་ཞིག་གི་ཁྱིམ་དུ་གསོལ་བ་བཞེས་པར་ཕེབས་པ་དང་། མི་རྣམས་ཀྱིས་ཁོང་ལ་བལྟས་སོ།"

2 ༢་ །སྐུ་མདུན་དུ་དམུ་ཆུ་ཡོད་པ་ཞིག་ཡོད་དེ། ཡེ་ཤུས་བཀའ་ཁྲིམས་ཤེས་པ་དང་ཕ༷་རུ་ཤི་པ་རྣམས་ལ།"

3 ༣་ ཤ༷བ་བད་ཀྱི་ཞག་ལ་ནད་གསོ་ཆོག་གམ་མི་ཆོག་བཀའ་འདྲི་མཛད་ཀྱང་།"

4 ༤་ དེ་ཚོས་ཁ་རོག་བསྡད་དོ། །ཁོང་གིས་མི་དེ་བཟུང་ནས་གསོ་བར་མཛད་དེ་འགྲོ་རུ་གནང་ངོ་།"

5 ༥་ །དེ་ནས་མི་རྣམས་ལ། ཁྱེད་སུ་ཞིག་གི་བོང་བུའམ་གླང་དོང་ནང་ལྷུང་ན། ཤ༷བ་བད་ཀྱི་ཞག་ལའང་མྱུར་དུ་མི་འདོན་པ་སུ་ཡོད་གསུངས་པ་དང་།"

6 ༦་ དེ་རྣམས་ཀྱིས་ལན་ཞུ་བར་མ་ནུས་སོ།།"

7 ༧་ །མགྲོན་པོ་རྣམས་གྲལ་མགོ་ལ་དགའ་བ་གཟིགས་པས། དཔེ་བླངས་ནས་འདི་སྐད་དུ།"

8 ༨་ ཁྱོད་བག་སྟོན་ལ་འབོད་དུས་སུ། གྲལ་འགོ་ལ་མ་སྡོད། སྡོད་ན་ཁྱོད་ལས་ཆེ་བ་ཞིག་བོས་ཡོད་ན།"

9 ༩་ སྦྱིན་བདག་འོངས་ནས་ཁྱོད་ལ། ཁོང་ལ་བཞུགས་ས་ཐོང་ཟེར་ཏེ། ཁྱོད་ངོ་ཚ་ཞིང་གྲལ་མཇུག་ཏུ་བསླེབ་ཉེན་ཡོད།"

10 ༡༠་ ཁྱོད་མགྲོན་ལ་འབོད་པའི་ཚེ། གྲལ་མཇུག་ལ་སྡོད་ཅིག །དེ་ནས་སྦྱིན་བདག་འོངས་ནས་ཁྱོད་ལ་གྲོགས་པོ། གོང་དུ་ཕེབས་ཤིག་ཟེར་ཏེ། མགྲོན་པོ་ཐམས་ཅད་ཀྱི་མདུན་དུ་སྟི་སྟང་འབྱུང་འོང་།"

11 ༡༡་ རང་མཐོ་བར་བྱེད་པ་དེ་དམའ་བར་འགྱུར། དམའ་བར་བྱེད་པ་དེ་མཐོ་བར་འགྱུར་གསུངས་སོ།"

12 ༡༢་ །སྦྱིན་བདག་ལའང་། དྲོའམ་དགོངས་ཟས་གཏོང་སྐབས་སུ། གྲོགས་པོའམ། སྤུན་ནམ། གཉེན་ནམ། ཁྱིམ་མཚེས་ཕྱུག་པོ་མ་འབོད་ཅིག །འབོད་ན་དེ་རྣམས་ཀྱིས་ཁྱོད་ཀྱང་འབོད་ནས་མགྲོན་ལན་འཇལ་འོང་།"

13 ༡༣་ མགྲོན་གཏོང་བའི་ཚེ། དབུལ་པོ་དང་། ཞ་རིལ་དང་། ཞ་བོ་དང་། ལོང་བ་བོས་ཤིག"

14 ༡༤་ །དེ་རྣམས་ལ་མགྲོན་ལན་འཇལ་རྒྱུ་མེད་པས་ཁྱོད་བདེའོ། །དྲང་པོ་རྣམས་གསོན་པོར་ལང་དུས་སུ་ཁྱོད་ལ་དྲིན་ལན་ཐོབ་པར་འགྱུར་གསུངས་སོ།།"

15 ༡༥་ །མགྲོན་པོ་ལས་གཅིག་གིས་དེ་ཐོས་ནས་ཁོང་ལ། ཨེ་ལོ་ཧིམ་གྱི་རྒྱལ་སྲིད་ཀྱི་ཁ་ཟས་ལ་ལོངས་སྤྱོད་པ་དེ་བདེའོ་ཞུས་པ་དང་།"

16 ༡༦་ ཁོང་གིས་དེ་ལ་གསུངས་པ། མི་ཞིག་གིས་མགྲོན་ཆེན་པོ་ཞིག་བཤམས་ནས་མི་མང་པོ་བོས་སོ།"

17 ༡༧་ །མགྲོན་གྱི་དུས་སུ་བོས་པ་རྣམས་ལ། ཐམས་ཅད་གྲ་འགྲིག་ཡོད་པས་ཤོག་ཅིག་ཟེར་དུ་གཡོག་པོ་བཏང་བ་དང་།"

18 ༡༨་ ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་སྙད་བཏགས་ནས། དང་པོས་གཡོག་པོ་ལ། ངས་ཞིང་ཞིག་ཉོས་ཡོད་པས། ལྟ་བར་འགྲོ་དགོས་གལ་ཆེ་བས། དགོངས་པ་གནོང་ཞིག་སྨྲས་སོ།"

19 ༡༩་ །གཉིས་པས། ངས་གླང་དོར་ལྔ་ཉོས་ཡོད་པས། ཚོད་ལྟ་རུ་འགྲོ་དགོས་པས། དགོངས་པ་གནོང་ཞིག་སྨྲས་སོ།"

20 ༢༠་ །གཞན་ཞིག་གིས། ངས་བག་མ་བླངས་ཡོད་པས། འོང་མི་ཐུབ་ཟེར་ཏོ།"

21 ༢༡་ །གཡོག་པོ་དེ་ལོག་ནས་དཔོན་པོ་ལ་བཤད་པ་དང་། ཁྱིམ་བདག་དེ་ཁྲོས་ནས་གཡོག་པོ་ལ། མྱུར་དུ་གྲོང་ཁྱེར་གྱི་ཁྲོམ་དང་ལམ་སྲང་རྣམས་ལ་སོང་ལ། དབུལ་པོ་དང་། ཞ་རིལ་དང་། ལོང་བ་དང་། ཞ་བོ་རྣམས་ཁྲིད་ཤོག་སྨྲས་སོ།"

22 ༢༢་ །དེ་ནས་གཡོག་པོས། རྒན་ལགས། བཀའ་བཞིན་ཞུས་ནས་ཀྱང་། ད་དུང་གྲལ་མ་གང་ཞུས་པ་དང་།"

23 ༢༣་ དཔོན་པོས། རྒྱ་ལམ་དང་ར་བ་རྣམས་ལ་སོང་ལ་ངའི་ཁང་པ་གང་བའི་ཕྱིར་འོང་བར་ཨུ་ཚུགས་བྱོས་ཤིག"

24 ༢༤་ །སྔར་བོས་པ་རྣམས་ཀྱི་ནང་ནས་གཅིག་གིས་ཀྱང་ངའི་མགྲོན་མྱོང་བར་མི་འགྱུར་ཞེས་ངས་ཟེར་སྨྲས་སོ།།"

25 ༢༥་ །མི་ཚོགས་ཁོང་མཉམ་དུ་སོང་བ་ལས། ཁོང་གིས་དེ་རྣམས་གཟིགས་ནས་འདི་སྐད་དུ།"

26 ༢༦་ གལ་ཏེ་སུ་ཞིག་ངའི་རྩར་འོང་ཡང་། ཕ་མ་དང་། བུ་སྨད་དང་། མིང་སྲིང་རྣམས་མ་ཟད་རང་གི་སྲོག་ལའང་ཆགས་པ་མ་སྤང་ན། ངའི་སློབ་མ་མིན།"

27 ༢༧་ རང་གི་རྐྱང་ཤིང་འཁུར་ཞིང་ངའི་རྗེས་སུ་མི་འབྲང་མཁན་དེ། ངའི་སློབ་མ་མིན།"

28 ༢༨་ ཁྱེད་སུ་ཞིག་གིས་མཁར་ལས་བྱེད་པར་འདོད་ན། སྔོན་ལ་བསྡད་ནས་དེ་བསྒྲུབ་པར་འགྲོ་སོང་འདང་བ་ཡོད་དམ་མེད་པའི་རྩིས་མི་བྱེད་དམ།"

29 ༢༩་ དེ་མིན་རྨང་བཏིང་ནས་སྒྲུབ་མ་ཐུབ་ན། དེ་མཐོང་བ་ཚོས།"

30 ༣༠་ མི་འདིས་མཁར་ལས་མགོ་བཙུགས་ཀྱང་སྒྲུབ་པར་མ་ནུས་སོ་ཟེར་ཞིང་འཕྱ་ཉེན་ཡོད་དོ།"

31 ༣༡་ །ཡང་ན་རྒྱལ་པོ་ཞིག་གིས་རྒྱལ་པོ་གཞན་ཞིག་ལ་འཐབ་ཏུ་འགྲོ་བ་ལས། སྔོན་ལ་བསྡད་ནས་དམག་ཉི་ཁྲི་འཁྲིད་ནས་ཚུར་རྒོལ་དུ་འོང་བ་ལ། དམག་ཁྲི་གཅིག་གིས་ཐུབ་བམ་མི་ཐུབ་པའི་གྲོས་མི་བྱེད་དམ།"

32 ༣༢་ མི་ཐུབ་པར་སེམས་ན། གཞན་དེ་ཐག་རིང་ན་ཡོད་རིང་ཕོ་ཉ་བཏང་ནས། ཞི་མཐུན་ཕྱིར་གཏམ་ཞུའོ།"

33 ༣༣་ །དེ་ལྟར་ཁྱེད་སུས་ཀྱང་རང་ལ་གང་ཡོད་པ་ཐམས་ཅད་མི་སྤོང་བ་དེ། ངའི་སློབ་མ་མིན་ནོ།"

34 ༣༤་ །ཚྭ་ལེགས་ཀྱང། ཚྭའི་བྲོ་བ་ཡལ་ན། ཅི་ཡིས་ལན་ཚྭ་བར་བྱ།"

35 ༣༥་ དེ་ཞིང་ལའང་མི་ཕན་ལུད་ལའང་མི་ཕན་པས། ཕྱི་རོལ་དུ་དབྱུག་གོ །ཉན་པའི་རྣ་བ་ཡོད་པ་དེས་ཉོན་ཅིག་ཅེས་གདམས་སོ།། །།"

15

1 ༡་ །ཤོ་གམ་པ་དང་སྡིག་ཅན་ཐམས་ཅད་གསུང་ལ་ཉན་ཕྱིར་སྐུ་དྲུང་དུ་འོངས་པ་དང་།"

2 ༢་ ཕ༷་རུ་ཤི་པ་དང་མོ༷་ཤེའི་བཀའ་ཁྲིམས་མཁས་པ་རྣམས་ཀྱིས། མི་འདིས་སྡིག་ཅན་བསྙེན་ཞིང་མཉམ་དུ་ཟའོ་ཟེར་ཞིང་ཟུར་ཟའོ།"

3 ༣་ །ཡེ་ཤུས་དེ་རྣམས་ལ་དཔེ་འདི་གསུངས་པ།"

4 ༤་ ཁྱེད་ལས་གཅིག་ལ་ལུག་བརྒྱ་ཡོད་དེ། གཅིག་སྟོར་ན། གོ་དགུ་དེ་ཐང་ལ་བཞག་ནས། སྟོར་བ་དེ་ཐོབ་པའི་བར་དུ་འཚོལ་དུ་མི་འགྲོ་འམ།"

5 ༥་ ཐོབ་ནས་ཤིན་ཏུ་དགའ་ཞིང་གཉའ་བར་འཁུར་ཏེ།"

6 ༦་ ཁྱིམ་དུ་བསླེབས་ཚེ་གྲོགས་པོ་དང་ཁྱིམ་མཚེས་རྣམས་བོས་ནས། ངའི་ལུག་སྟོར་བ་དེ་ཐོབ་པས། ང་མཉམ་དུ་ཡི་རངས་ཤིག་ཟེར་རོ།"

7 ༧་ །དེ་བཞིན་དུ་འགྱོད་ཚངས་མི་དགོས་པའི་དྲང་པོ་གོ་དགུ་བས། འགྱོད་ཚངས་བྱེད་པའི་སྡིག་ཅན་གཅིག་གི་ཕྱིར་ནམ་མཁར་ཡི་རངས་པར་འགྱུར་ཞེས་ངས་ཟེར།།"

8 ༨་ །བུད་མེད་ཅིག་ལ་དངུལ་ཏི༷་རི་ཧམ་བཅུ་ཡོད་དེ། གཅིག་སྟོར་ན། སྣུམ་བཞུ་སྤར་ནས། ཁྱིམ་ལ་ཕྱག་དར་རྒྱབ་ཅིང་། དེ་མ་ཐོབ་པའི་བར་དུ། ཞིབ་པར་མི་འཚོལ་ལམ།"

9 ༩་ ཐོབ་པ་དང་། མཛའ་མོ་དང་ཁྱིམ་མཚེས་མ་རྣམས་བོས་ནས། ངའི་དངུལ་ཏི༷་རི་ཧམ་སྟོར་བ་དེ་ཐོབ་པས། ང་མཉམ་དུ་ཡི་རངས་ཤིག་ཟེར་རོ།"

10 ༡༠་ །དེ་བཞིན་དུ་འགྱོད་ཚངས་བྱེད་པའི་སྡིག་ཅན་གཅིག་གི་ཕྱིར། ཨེ་ལོ་ཧིམ་གྱི་ཨ༷ན་ཇལ་རྣམས་ཡི་རང་ངོ་ཞེས་ཟེར་རོ།།"

11 ༡༡་ །མི་ཞིག་ལ་བུ་གཉིས་ཡོད་དེ།"

12 ༡༢་ ཆུང་བ་དེས་ཡབ་ལགས། ང་ལ་ཐོབ་དགོས་པའི་ནོར་སྐལ་ང་ལ་གནོང་ཞིག་ཞུས་པ་དང་། ཕས་བུ་གཉིས་པོ་ལ་ནོར་བགོས་ནས་བཏང་ངོ་།"

13 ༡༣་ །རིང་པོར་མ་ལོན་པར་བུ་ཆུང་བ་དེས་ནོར་ཐམས་ཅད་འཁུར་ཏེ་ཡུལ་ཐག་རིང་ཞིག་ལ་སོང་ངོ་། །དེར་སྤྱོད་པ་ངན་པའི་ནང་ནོར་རྣམས་ཆུད་ཟོས་བཏང་བ་དང་།"

14 ༡༤་ ཡུལ་དེར་མུ་གེ་ཆེན་པོ་བྱུང་སྟེ་ཁོ་ལྟོགས་པས་འུ་ཐུག་ནས།"

15 ༡༥་ ཡུལ་དེའི་མི་ཞིག་གི་རྩར་སོང་བ་ལས། དེས་ཕག་འཚོ་རུ་ཁོ་ཞིང་ཁ་ལ་བཏང་ངོ་།"

16 ༡༦་ །ཕག་པས་ཟ་བའི་གང་བུའི་པག་པས་རང་འགྲང་བར་འདོད་ནའང་སུས་ཀྱང་མ་སྦྱིན་ནོ།"

17 ༡༧་ །དེ་ནས་ཁོ་དྲན་སོས་ནས་འདི་མཉམ་དུ་ངའི་ཕའི་གླ་པ་དེ་ཙམ་མང་པོར་ཟ་མི་ཚར་བའི་ཟ་རྒྱུ་མང་པོ་ཡོད་ཀྱང་། ང་ནི་འདིར་ལྟོགས་རིར་འཆིའོ།"

18 ༡༨་ །ད་ལངས་ནས་ཕའི་རྩར་སོང་སྟེ། ཡབ་ལགས། ངས་ནམ་མཁའ་དང་ཁྱེད་ཀྱི་གཟིགས་ངོར་ཉེས་པ་བྱས་པས་།"

19 ༡༩་ ད་ཁྱེད་ཀྱི་བུ་ཟེར་བའི་འོས་མེད་ཀྱང་། ང་གླ་པ་ཞིག་ལྟར་རྩི་བར་མཛོད་ཅིག་ཅེས་ཞུ་བར་བྱའོ་སྙམ་ནས།"

20 ༢༠ ལངས་ཏེ་ཕའི་རྩར་སོང་ངོ་། །ཁོ་ཐག་རིང་ནས་ཡོང་དུས་ཕས་ཁོ་མཐོང་སྟེ། སྙིང་རྗེ་སྐྱེས་ནས། བརྒྱུགས་ཤིང་མགུལ་ནས་འཁྱུད་དེ་འོ་བྱས་སོ།"

21 ༢༡་ །བུས་ཡབ་ལགས། ངས་ནམ་མཁའ་དང་ཁྱེད་ཀྱི་སྤྱན་སྔར་ཉེས་པ་བྱས་པས། ད་ཁྱེད་ཀྱི་བུ་ཟེར་བའི་འོས་མ་ཡིན་ཞུས་སོ།"

22 ༢༢་ །འོན་ཀྱང་ཕས་གཡོག་པོ་རྣམས་ལ། གོས་ལེགས་ཤོས་དེ་འཕྲལ་དུ་འཁྱེར་ནས་ཁོ་ལ་སྐོན་ཅིག །ལག་པ་ལ་སོར་གདུབ་དང་རྐང་པ་ལ་ལྷམ་སྐོན་ཅིག"

23 ༢༣་ །གསོས་པའི་བེའུ་དེ་ཁྲིད་ནས་གསོད་ཅིག །ང་ཚོས་ཟ་ཞིང་སྐྱིད་པོ་བྱའོ།"

24 ༢༤་ །ངའི་བུ་འདི་ཤི་ནས་གསོན་སྟོར་ནས་ཐོབ་ཟེར་ཞིང་སྐྱིད་པོ་བྱས་སོ།"

25 ༢༥་ །བུ་ཆེ་བ་ཞིང་ཁར་ཡོད་དེ་ཁང་པ་དང་ཉེ་བར་བསླེབས་པ་དང་། རོལ་མོ་དང་གར་བྱེད་པ་ཐོས་ནས།"

26 ༢༦་ གཡོག་པོ་ཞིག་བོས་ནས་འདི་ཅི་ཡིན་དྲིས་པས།"

27 ༢༧་ དེས་ཁྱེད་ཀྱི་ནུ་བོ་ཁམས་བཟང་བསླེབས་ནས། ཕས་བསྙེན་ཏེ་གསོས་པའི་བེའུ་དེའང་བསད་དོ་སྨྲས་སོ།"

28 ༢༨་ །ཁོ་ཁྲོས་ནས་ནང་དུ་མ་སོང་། ཕ་ཕྱི་རོལ་དུ་འོངས་ནས་བཅོལ་ནའང་།"

29 ༢༩་ དེས་ཕ་ལ། ངས་ལོ་དེ་ཙམ་ཁྱེད་ཀྱི་གཡོག་བྱས་ཏེ། བཀའ་ལས་ནམ་ཡང་མ་འགལ་ཀྱང་ངའི་གྲོགས་པོ་རྣམས་དང་མཉམ་སྐྱིད་པོ་བྱེད་ཕྱིར་ར་གུ་ཞིག་ཀྱང་མ་གནང་།"

30 ༣༠་ སྨད་ཚོང་མ་དང་འགྲོགས་ནས་ཁྱེད་ཀྱི་ནོར་ཆུད་ཟོས་བཏང་བའི་བུ་འདི་ལོག་སླེབས་པའི་ཚེ། ཁོའི་དོན་ལ་གསོས་པའི་བེའུ་བསད་དོ་ཟེར་དང་།"

31 ༣༡་ ཕས་ངའི་བུ། ཁྱོད་དུས་རྒྱུན་དུ་ང་དང་མཉམ་དུ་ཡོད་པས། ང་ལ་ཡོད་པ་ཐམས་ཅད་ཁྱོད་ཀྱི་ཡིན།"

32 ༣༢་ ད་ཁྱོད་ཀྱི་ནུ་བོ་ཤི་ནས་གསོན། སྟོར་ནས་ཐོབ་པས། ངེད་ཀྱིས་དགའ་ཞིང་སྐྱིད་པོ་བྱེད་འོས་ཞེས་སྨྲས་པ་ཡིན་ནོ་གསུངས་སོ།། །།"

16

1 ༡་ ཁོང་གིས་སློབ་མ་རྣམས་ལའང་འདི་སྐད་དུ། ཕྱུག་པོ་ཞིག་ལ་གཉེར་པ་ཞིག་ཡོད་དེ། གཉེར་པས་ནོར་ཆུད་ཟོས་ལ་གཏོང་བའི་སྙན་ཕྲ་ཐོས་པ་དང་།"

2 ༢་ ཁོས་གཉེར་པ་བོས་ནས། ཁྱོད་ཀྱི་སྐོར་ལ་ཐོས་པ་དེ་ཅི་ཡིན། ད་ཕྱིན་ཆད་ཁྱོད་གཉེར་པར་མི་འོས་པས། རྩིས་སྤྲོད་ཅིག་ཟེར་བ་དང་།"

3 ༣་ གཉེར་པས་ཁོག་པའི་ནང་། དཔོན་པོས་ངའི་ལག་ནས་གཉེར་པའི་ལས་འཁྱེར་བས་ངས་ཅི་བྱ། ས་རྐོ་མི་ནུས། སློང་བར་ངོ་ཚ་བས།"

4 ༤་ གཉེར་པ་ནས་བཏོན་པའི་ཚེ། མི་རྣམས་ཀྱི་ཁང་པར་ང་བསྙེན་ཕྱིར་ཅི་བྱེད་དགོས་པ་ངས་ཤེས་སོ། །ཟེར་ནས།"

5 ༥་ དཔོན་པོའི་བུ་ལོན་པ་རེ་རེ་བཞིན་བོས་ནས། དང་པོ་ལ། དཔོན་པོ་ལ་ཇི་ཙམ་འཇལ་དགོས་ཡོད་དྲིས་པ་དང་།"

6 ༦་ དེས་འབྲུ་མར་ཁལ་བརྒྱ་ཟེར་ཏོ། །ཁོས་ཁྱོད་ཀྱི་འཛིན་ལེན་ཏེ། བསྡད་དེ་མགྱོགས་པོར་ལྔ་བཅུ་བྲིས་ཤིག་སྨྲས་སོ།"

7 ༧་ །གཞན་ཞིག་ལ། ཁྱོད་ཀྱིས་ཇི་ཙམ་འཇལ་དགོས་ཡོད་དྲིས་པ་དང་། དེས་གྲོ་ཁལ་བརྒྱ་ཟེར་ཏོ། །ཁོས་ཁྱོད་ཀྱི་འཛིན་ལེན་ཏེ། བརྒྱད་ཅུ་བྲིས་ཤིག་སྨྲས་སོ།"

8 ༨་ །ལས་དྲང་མིན་བགྱིས་མཁན་གྱི་གཉེར་པས་མགོ་གྲུང་བྱས་པར་དཔོན་པོས་བསྟོད་དོ། །མིའི་དབུས་ན་འོད་ཀྱི་བུ་ལས་འཇིག་རྟེན་གྱི་བུ་མཁས་སོ།།"

9 ༩་ །ལོག་པའི་ནོར་གྱི་སྒོ་ནས་གྲོགས་པོ་འཚོལ་ཞིག །ནོར་ཟད་པའི་ཚེ་དེ་ཚོས་ཁྱོད་རྟག་པའི་ཁང་བཟང་ནང་བསུ་བར་འགྱུར་ཅེས་ངས་ཟེར།"

10 ༡༠་ ཉུང་ངུའི་ནང་དྲང་བ་དེ་མང་པོའི་ནང་ལའང་དྲང་ངོ་། ཉུང་ངུའི་ནང་དྲང་མིན་དེ་མང་པོའི་ནང་ལའང་དྲང་མིན་ནོ།"

11 ༡༡་ །དྲང་མིན་གྱི་ནོར་ནང་དྲང་པོ་མ་ཡིན་ན། ཁྱོད་ལ་བདེན་པའི་ནོར་སུས་གཏད་འོང་།"

12 ༡༢་ གཞན་གྱི་ནོར་ནང་དྲང་པོ་མིན་ན། ཁྱོད་རང་ལ་ཐོབ་འོས་པ་དེ་སུས་གཏད་འོང་།"

13 ༡༣་ དཔོན་པོ་གཉིས་ཀྱི་གཡོག་པོ་སུས་ཀྱང་རྒྱུག་མི་ཐུབ། གཅིག་ལ་སྡང་སྟེ་གཅིག་ལ་ཆགས་པའམ། གཅིག་ལ་རྩིས་ཏེ་གཅིག་ལ་བརྙས། ཨེ་ལོམ་ཧིམ་དང་ནོར་ལྷ་གཉིས་ཀྱི་གཡོག་པོ་བྱེད་མི་ཐུབ་གསུངས་སོ།།"

14 ༡༤་ །དངུལ་ལ་ཆགས་པའི་ཕ༷་རུ་ཤི་པ་ཚོས་དེ་ཐོས་ཏེ། ཁོང་ལ་འཕྱས་སོ།"

15 ༡༥་ །ཁོང་གིས་དེ་ཚོར། ཁྱེད་མིའི་མདུན་དུ་ཡིན་ཁུལ་སྟོན་ཀྱང་། ཨེ་ལོ་ཧིམ་གྱིས་ཁྱེད་ཀྱི་སྙིང་མཁྱེན་པས། མིའི་མདུན་དུ་མཐོ་བ་དེ་ཨེ་ལོ་ཧིམ་གྱི་གཟིགས་ངོར་ཞེན་ལོག་ཡིན་ནོ།"

16 ༡༦་ །བཀའ་ཁྲིམས་དང་ཕ༷་རོ་པེ་ཏེ་པ་ནི་ཡོ༷་ཧ་ནན་ཐུག་ཡིན། དེ་མན་ཆད་ཨེ་ལོ་ཧིམ་གྱི་རྒྱལ་སྲིད་ཀྱི་འཕྲིན་བཟང་པོ་བཤད་པས། ཐམས་ཅད་འཚང་ག་རྒྱབ་བོ།"

17 ༡༧་ །འོན་ཀྱང་བཀའ་ཁྲིམས་ཀྱི་ནང་ནས་ཚེག་གཅིག་འཇིག་པ་བས། གནམ་ས་གཉིས་འཇིག་པ་སླའོ།"

18 ༡༨་ །ཆུང་མ་ཁ་ཕྲལ་ནས་གཞན་ཞིག་བླང་བ་དེས་ལོག་གཡེམ་བྱེད་དོ། །ཁ་བྲལ་བའི་བུད་མེད་ཆུང་མར་འཁྲིད་པ་དེས་ལོག་གཡེམ་བྱེད་དོ།།"

19 ༡༩་།གོས་ཆེན་མཚལ་ཁ་དང་ཐེར་མ་གོན་ཞིང་ཉིན་རེ་བཞིན་དགའ་སྟོན་བྱེད་པའི་ཕྱུག་པོ་ཞིག་ཡོད་དོ།"

20 ༢༠་།དེའི་སྒོ་རྩར་རྨས་གང་བའི་དབུལ་པོ་ལ༷་ཟར་བྱ་བ་ཞིག་ཡོད་དེ།"

21 ༢༡་ ཕྱུག་པོའི་ལྕོག་ཙེའི་ཁར་ལུས་པའི་ཟས་ལྷག་ཟ་བར་རེ་ཞིང་བསྡད་པ་མ་ཟད། ཁྱི་ཚོ་འོངས་ནས་དེའི་རྨར་བལྡགས་སོ།"

22 ༢༢་།ནམ་ཞིག་དབུལ་པོ་དེ་ཤི་བ་དང་། ཨ༷ན་ཇལ་རྣམས་ཀྱིས་ཨ༷བ་ར་ཧམ་གྱི་སྐུ་པང་དུ་བསྐྱལ་ཏོ། ཕྱུག་པོ་དེའང་ཤི་ནས་དུར་དུ་བཅུགས་སོ།"

23 ༢༣་།ཕྱུག་པོ་དེ་དམྱལ་བར་སྡུག་བསྔལ་ནས་མིག་ཡར་བཏེགས་པས། ཐག་རིང་ནས་ཨ༷བ་ར་ཧམ་དང་ཁོང་གི་སྐུ་པང་ན་ལ༷་ཟར་ཡོད་པ་མཐོང་ངོ་།"

24 ༢༤་།དེས་སྐད་ཆེན་པོས། ཡབ་ཨ༷བ་ར་ཧམ་ལགས། མེ་ལྕེ་འདི་ནང་ང་སྡུག་བསྔལ་ཆེ་བས། སྙིང་རྗེ་མཛད་དེ། ལ༷་ཟར་གྱི་མཛུབ་མོ་ཆུར་བཅུག་ནས་། ངའི་ལྕེ་བསིལ་བར་བྱེད་དུ་འདིར་སྩོལ་ཞིག་ཞུས་སོ་།"

25 ༢༥་།ཨ༷བ་ར་ཧམ་གྱིས་བུ་ཁྱེད་ལ་གསོན་རིང་དུ་ལེགས་པོ་རྣམས་ཐོབ་པ་དང་། ལ༷་ཟར་ལ་སྡུག་པོ་རྣམས་ཐོབ་པ་དྲན་པར་གྱིས་ཤིག ད་ལྟ་འདིར་ཁོང་ལ་སེམས་གསོ་དང་ཁྱེད་ལ་སྡུག་བསྔལ་མྱོང་ངོ་།"

26 ༢༦་།དེས་མ་ཟད་ངེད་དང་ཁྱེད་ཀྱི་བར་ལ་གཡང་ས་ཆེན་པོ་ཞིག་འདུག་པས། འདི་ནས་ཁྱེད་ཀྱི་རྩར་འགྲོ་འདོད་ནའང་མི་ཐུབ་། དེ་ནས་འདིར་འོང་ནའང་མི་ཐུབ་བོ་གསུངས་པ་དང།"

27 ༢༧་ དེས་ཡབ་ལགས། ང་ལ་སྤུན་ལྔ་ཡོད་ཅིང་དེ་ཚོར་བརྡ་གཏོང་ཕྱིར་ཁོང་ངའི་ཁྱིམ་དུ་གཏོང་དུ་ཞུ་བ།"

28 ༢༨་ དེ་མིན་དེ་ཚོའང་མནར་བའི་གནས་འདིར་སླེབ་སྲིད་དོ་ཞུས་སོ།"

29 ༢༩་།ཨ༷བ་ར་ཧམ་གྱིས། དེ་ཚོར་མོ༷་ཤེས་དང་ཕ༷་རོ་པེ་ཏེ་པའི་དེབ་ཡོད་པས། དེ་ལ་ཉན་པར་བྱེད་དགོས་གསུངས་པ་དང་།"

30 ༣༠་ དེས་ཡབ་ཨ༷བ་ར་ཧམ་ལགས། དེ་ལ་མི་ཉན། གལ་ཏེ་གཤིན་པོའི་ཁྲོད་ནས་གཅིག་དེ་ཚོའི་རྩར་འགྲོ་ན། འགྱོད་ཚངས་བྱེད་འོང་ཞུས་པས།"

31 ༣༡་ ཨ༷བ་ར་ཧམ་གྱིས། དེ་རྣམས་མོ༷་ཤེས་དང་ཕ༷་རོ་པེ་ཏེ་པ་ལ་མི་ཉན་ན། སུ་ཞིག་གཤིན་པོ་ནས་ལང་ནའང་ཡིད་མི་ཆེས་ཞེས་གསུངས་སོ།། །།"

17

1 ༡་ །ཁོང་གིས་སློབ་མ་རྣམས་ལ། སླུ་ཁྲིད་འབྱུང་ངེས་ཀྱང་སླུ་མཁན་དེ་སྙིང་རེ་རྗེ།"

2 ༢་ ཆུང་ངུ་འདི་ཚོའི་ནང་ནས་གཅིག་དད་པ་ལོག་འཇུག་པ་བས། དེའི་སྐེ་ལ་རང་འཐག་གི་རྡོ་ཞིག་བཏགས་ཏེ། རྒྱ་མཚོའི་ནང་དབྱུག་པ་ཁོའི་ཕྱིར་ལེགས་སོ།"

3 ༣་ །གཅང་གྲུང་བྱོས་ཤིག །ཁྱོད་ཀྱི་སྤུན་གྱིས་ཉེས་ན་བསླབ་བྱ་ཐོང་། ཁོང་འགྱོད་ན་བཤགས་པ་བློང་།"

4 ༤་ གལ་ཏེ་ཉི་མ་གཅིག་ནང་ཁོས་ལན་བདུན་ཁྱོད་ལ་ཉེས་ཤིང་། ལན་བདུན་ཀར་ཁྱོད་ལ། ང་འགྱོད་དོ། ཟེར་ན་བཤགས་པ་བློང་ཞིག་གསུངས་སོ།"

5 ༥་ །ཨ༷་པོ་ཏོ་ལོ་པ་རྣམས་ཀྱིས་ཀྱུ་རི་བོ་ལ་ང་ཚོའི་དད་པ་སྣོན་པར་མཛོད། ཞུས་པ་དང་།"

6 ༦་ ཀྱུ་རི་བོས་ཁྱེད་ལ་དད་པ་ཡུང་འབྲུ་ཙམ་ཞིག་ཡོད་པ་ཡིན་ན། འོ་སེའི་སྡོང་པོ་འདི། རྩ་བ་ནས་གོག་ལ་རྒྱ་མཚོའི་ནང་དུ་ཚུགས་ཤིག་སྨྲས་ན་ཁྱེད་ཀྱི་ཁ་ལ་ཉན་ནོ།"

7 ༧་ །ཁྱོད་ཚོ་སུ་ཞིག་གིས་ཞིང་རྨོ་བའམ་ལུག་འཚོ་བའི་རང་གི་གཡོག་པོ་ཞིག་ལ། ཞིང་ཁ་ནས་ལོག་འོང་བའི་ཚེ་ཡར་ཕེབས་ལ་མྱུར་དུ་གསོལ་བ་བཞེས་སུ་བཞུགས་ཤིག་ཅེས་ཟེར་རམ།"

8 ༨་ དེ་བས་ཁོ་ལ། ངའི་དགོངས་ཟས་ཤོམས་ཤིག །ངས་ཟ་འཐུང་མ་ཚར་བའི་བར་དུ། ཁྱོད་སྐ་རགས་བཅིངས་ལ། ངའི་ཞབས་ཕྱི་བྱོས་ཤིག །དེ་ནས་ཁྱོད་ཟ་འཐུང་གྱིས་ཞེས་མི་ཟེར་རམ།"

9 ༩་ ཁོས་བཀའ་བཞིན་བྱས་པའི་འོག་ཏུ་དཔོན་པོས་གཡོག་པོ་དེ་ལ་ཐུགས་རྗེ་ཆེ་ཟེར་རམ།"

10 ༡༠་ དེ་ལྟར་ཁྱེད་ཀྱང་དགོངས་པ་བཞིན་བསྒྲུབས་ཀྱང་། ང་ཚོས་བགྱི་འོས་འབའ་ཞིག་བགྱིས་པས། གཡོག་པོ་ཐབས་རྡུག་ཡིན་ཟེར་རོ་གསུངས་སོ།།"

11 ༡༡་ །ཡེ༷་རུ་ཤ་ལེམ་དུ་ཕེབས་པའི་ལམ་ཁར། ས༷་མར་ཡཱ་དང་ག༷་ལིལ་གྱི་བར་ན།"

12 ༡༢་ ཡུལ་ཚོ་ཞིག་ནང་ཕེབས་པའི་ཚེ། ཅུང་ཟད་རྒྱངས་མ་ནས་ལངས་ཡོད་པའི་མཛེ་ཅན་བཅུ་གཟིགས་སོ།"

13 ༡༣་ །དེ་ཚོས་སྐད་ཆེན་པོས། ཡེ་ཤུ་ཀྱུ་རི་བོ་ལགས། ང་ཚོར་སྙིང་རྗེ་མཛོད་ཅིག་ཞུས་པ་དང་།"

14 ༡༤་ ཁོང་གིས་དེ་ཚོར་གཟིགས་ནས། སོང་ལ་ཁྱེད་ཀྱི་ལུས་ལེ༷་ཝི་པ་ལ་སྟོན་ཞིག་ཅེས་བཀའ་གནང་ནས། དེ་རྣམས་འགྲོ་ཡིན་མཛེ་དག་གོ"

15 ༡༥་ །དེ་ལས་ས༷་མར་ཡཱ་པ་ཡིན་པ་གཅིག་གིས་རང་གི་མཛེ་ནད་དག་པ་མཐོང་མ་ཐག་ཏུ་སྐད་ཆེན་པོས་ཨེ་ལོ་ཧིམ་ལ་བསྟོད་ཅིང་ལོག་འོངས་ཏེ།"

16 ༡༦་ ཡེ་ཤུའི་ཞབས་དྲུང་དུ་འོངས་ནས་པུས་མོ་ས་ལ་འཛུགས་ཏེ་ཐུགས་རྗེ་ཆེ་ཞུས་སོ།"

17 ༡༧་ །ཡེ་ཤུས་བཀའ་ལན་དུ། མི་བཅུ་པོའི་མཛེ་མ་དག་གམ། གཞན་རྣམས་ག་རུ་ཡོད།"

18 ༡༨་ མི་ཡན་འདི་མ་གཏོགས་པར། ཨེ་ལོ་ཧིམ་ལ་བསྟོད་ཕྱིར་ལོག་འོང་བ་སུའང་མ་ཐོན་ནམ་གསུངས་ནས།"

19 ༡༩་ མི་དེ་ལ། ལོངས་ལ་སོང་ཞིག །ཁྱོད་ཀྱི་དད་པས་ཁྱོད་ཐར་ཏོ་གསུངས་སོ།།"

20 ༢༠་ །ཕ༷་རུ་ཤི་པ་འགས་ཁོང་ལ། ཨེ་ལོ་ཧིམ་གྱི་རྒྱལ་སྲིད་ནམ་བསླེབ་འོང་ཞུས་པ་དང་། བཀའ་ལན་དུ། ཨེ་ལོ་ཧིམ་གྱི་རྒྱལ་སྲིད་མིག་གིས་མཐོང་ཐུབ་པའི་ལུགས་སུ་མི་འོང་བས།"

21 ༢༡་ ལྟོས་དང་འདིར་འདུག་དེར་འདུག་སུས་ཀྱང་མི་ཟེར། ཨེ་ལོ་ཧིམ་གྱི་རྒྱལ་སྲིད་ནི་ཁྱེད་ཀྱི་ནང་ན་ཡོད་དོ་གསུངས་སོ།"

22 ༢༢་ །ཡང་སློབ་མ་རྣམས་ལ། ཁྱེད་ཀྱིས་མིའི་བུའི་ཉིན་མོ་ལས་གཅིག་མཐོང་འདོད་ཀྱང་མི་མཐོང་བའི་དུས་ལ་འབབ་འོང་།"

23 ༢༣་ ཁྱེད་ལ། དེ་ཚོས་ལྟོས་དང་དེ་ན་འདུག །འདི་ན་འདུག་ཟེར་ཡང་མ་འགྲོ་ཞིག་རྗེས་སུ་མ་འབྲང་ཞིག།"

24 ༢༤་ །གློག་ཁྱུག་ཙ་ན་གནམ་གྱི་ཕྱོགས་གཅིག་ནས་ཕྱོགས་གཞན་དུ་འོད་གཏོང་བ་ལྟར། མིའི་བུའང་ཉིད་ཀྱི་ཉིན་མོར་དེ་ལྟར་སྣང་བར་འགྱུར་རོ།"

25 ༢༥་ །དེ་བས་སྔོན་དུ་མི་རབས་འདིས་ཁོང་སྤངས་ཏེ། སྡུག་བསྔལ་མང་པོ་མྱོང་བར་དགོས་སོ།"

26 ༢༦་ །ནོ༷་ཨའི་དུས་སུ་བྱུང་བ་ལྟར། མིའི་བུའི་དུས་སུའང་འབྱུང་བར་འགྱུར།"

27 ༢༧་ ནོ༷་ཨ་གྲུའི་ནང་ཞུགས་ནས་ཆུ་ལོག་འོངས་ནས་ཐམས་ཅད་མེད་པར་བྱས་པའི་ཉིན་མོའི་བར་དུ། མི་རྣམས་ཀྱིས་ཟ་འཐུང་རོལ་ཞིང་བག་མ་གཏོང་ལེན་བྱས་སོ།"

28 ༢༨་ །དེ་བཞིན་དུ་ལོ༷ད་ཀྱི་དུས་སུའང་། ས༷་དོམ་ནས་ཁོ་ཐོན་པའི་ཉིན་མོར་གནམ་ནས་མེ་དང་མུ་ཟི་བབས་ནས། ཐམས་ཅད་མེད་པར་བྱས་པའི་བར་དུ།"

29 ༢༩་ དེ་རྣམས་ཀྱིས་ཟ་འཐུང་དང་ཉོ་འཚོང་དང་ཤིང་འཛུག་པ་དང་། ཁང་པ་སོགས་རྩིག་པར་བྱས་སོ།"

30 ༣༠་ །དེ་བཞིན་དུ་མིའི་བུ་མངོན་པར་འབྱུང་བའི་ཉིན་མོ་ལའང་འབྱུང་བར་འགྱུར།"

31 ༣༡་ ཉིན་མོ་དེར་སུ་ཞིག་ཐོག་ཁར་ཡོད་དེ། ནོར་ནང་ན་ཡོད་ན། དེ་ལེན་དུ་མ་འབབ་ཅིག དེ་བཞིན་དུ་ཀླུངས་ལ་ཡོད་པ་དེ་ཕྱིར་ལོག་མ་འགྲོ་ཞིག"

32 ༣༢་ །ལོ༷ད་ཀྱི་ཆུང་མ་དྲན་པར་གྱིས་ཤིག"

33 ༣༣་ །རང་སྲོག་སྐྱོབ་འདོད་པ་དེས་བརླགས། སྲོག་བརླགས་པ་དེས་སྐྱོབ་པར་འགྱུར།"

34 ༣༤་ །ཞག་དེའི་མཚན་མོ་དེར་མལ་ཁྲི་གཅིག་ལ་གཉིས་ཉལ་བ་ལས། གཅིག་འདྲེན་ཞིང་། གཅིག་འབོར་བར་འགྱུར།"

35 ༣༥་ གཉིས་མཉམ་དུ་ལག་སྐོར་འཐག་པ་ལས། གཅིག་འདྲེན་ཞིང་གཅིག་འབོར་བར་འགྱུར་ཞེས་ངས་ཟེར་གསུངས་སོ།"

36 ༣༦་ །དེ་ཚོས་ཀྱུ་རི་བོ་ལགས་གང་དུ་འབྱུང་ཞུས་པ་དང་།"

37 ༣༧་ཁོང་གིས། རོ་ཡོད་སར་བྱ་རྒོད་འཁོར་རོ་གསུངས་སོ།། །།"

18

1 ༡་ །ཡིད་མི་སུན་པར་རྒྱུན་དུ་སྨོན་ལམ་འདེབས་དགོས་པའི་དོན་དུ། ཀྱུ་རི་བོས་དེ་རྣམས་ལ་དཔེ་ཞིག་སྟོན་ཞིང་འདི་སྐད་དུ།"

2 ༢་ གྲོང་ཁྱེར་ཞིག་ན་ཨེ་ལོ་ཧིམ་ལའང་མི་འཇིགས་པ། མི་ལའང་མི་རྩི་བའི་ཁྲིམས་དཔོན་ཞིག་ཡོད་དོ།"

3 ༣་ །གྲོང་ཁྱེར་དེ་རང་དུ་མོ་རེང་མ་ཞིག་ཡོད་དེ། ཡང་ཡང་དེའི་རྩར་འོངས་ནས་ང་ལ་ཁ་གཤགས་བྱེད་མཁན་དེ་ལས་རྒྱལ་ཆུག་ཞུས་སོ།"

4 ༤་ །ཡུན་རིང་ཞིག་ཁྲིམས་དཔོན་དེས་གཤགས་བྱེད་པར་མ་དགའ་ཡང་། རྗེས་སུ་དེ་རང་གི་ཁོག་པའི་ནང་དུ། ང་ཨེ་ལོ་ཧིམ་ལ་མ་འཇིགས་མི་ལ་མི་རྩིའང་།"

5 ༥་ མོ་རེང་མ་འདིས་ངའི་རྣ་བ་སུན་འཇུག་པས། མོ་རྒྱལ་འཇུག་གོ །དེ་མིན་མོ་ངའི་རྩར་ཆད་མེད་འོངས་ནས་ང་འུ་ཐུག་འཇུག་གོ་ཞེས་སྨྲས་སོ།"

6 ༦་དྲང་པོ་མེད་པའི་ཁྲིམས་དཔོན་དེས་ཅི་སྨྲས་པ་ལ་ཉོན་ཞིག"

7 ༧་ །ཨེ་ལོ་ཧིམ་གྱིས་ཉིན་མཚན་མེད་པར་ཁོང་ལ་འོ་དོད་འབོད་པའི་ཉིད་ཀྱི་འདམས་པ་རྣམས་སྐྱབས་པར་མི་མཛད་དམ།"

8 ༨་ མི་འགོར་བར་གཤགས་མྱུར་དུ་མཛད་དོ་ཞེས་ངས་ཟེར། འོན་ཀྱང་མིའི་བུ་འབྱོན་དུས་སུ་ས་གཞི་རུ་དད་པའི་སེམས་རྙེད་པར་འགྱུར་རམ་གསུངས་སོ།།"

9 ༩་ །རང་དྲང་པོ་ཡིན་པར་རློམ་ཞིང་གཞན་ལ་རྙས་པའི་མི་རེ་ལ་དཔེ་སྟོན་ཞིང་འདི་སྐད་དུ།"

10 ༡༠་ ཕ༷་རུ་ཤི་པ་ཞིག་དང་ཤོ་གམ་པ་ཞིག་སི༷ན་ན་གོས་སུ་སྨོན་ལམ་འདེབས་སུ་སོང་།"

11 ༡༡་ ཕ༷་རུ་ཤི་པ་དེ་ལངས་ནས་འདི་སྐད་དུ། ཀྱེ་ཨེ་ལོ་ཧིམ། །ང་ནི་གཞན་རྣམས་དང་འདྲ་བར་ནོར་ཟ་མཁན་དང་། ལོག་པར་དང་། ལོག་གཡེམ་བྱེད་མཁན་དང་། ཡང་ན་ཤོ་གམ་པ་འདི་འདྲ་བ་མིན་པས། ཁྱེད་ལ་བསྟོད་དབྱངས་འབུལ་ལོ།"

12 ༡༢་ །ངས་བདུན་ཕྲག་ནང་ལན་གཉིས་བཟའ་བཏུང་གཅོད་ཤིང་། ཅི་འབྱོར་ལས་བཅུ་ཁག་འབུལ་ལོ་ཞེས་སྨོན་ལམ་བཏབ་བོ།"

13 ༡༣་ །ཤོ་གམ་པ་དེ་ཐག་རིང་དུ་ལངས་ནས། ནམ་མཁར་མིག་འདེགས་མ་སྤོབས་པར། བྲང་རྡུང་ཞིང་། ཀྱེ་ཨེ་ལོ་ཧིམ། །ང་སྡིག་ཅན་ལ་སྙིང་རྗེ་གཟིགས་ཤིག་ཞུས་སོ།"

14 ༡༤་ །གཞན་དེ་ལས་མི་འདི་ལ་བཤགས་པ་ཐོབ་ནས་ཁྱིམ་དུ་སོང་ངོ་ཞེས་ངས་ཟེར། རང་འདེགས་པ་དེ་འབེབས་པར་འགྱུར། རང་འབེབས་པ་དེ་འདེགས་པར་འགྱུར་རོ་གསུངས་སོ།།"

15 ༡༥་ །འོ་འཐུང་ཡང་སྐུ་དྲུང་དུ་ཕྱག་དབང་ཕྱིར་ཁྱེར་བ་དང་། སློབ་མ་རྣམས་ཀྱིས་དེ་མཐོང་ནས་བཀག་པ་ལས།"

16 ༡༦་ ཡེ་ཤུས་སྐུ་དྲུང་དུ་བོས་ནས། བྱིས་པ་རྣམས་མི་འགེགས་པར་ངའི་རྩར་ཐོང་། ཨེ་ལོ་ཧིམ་གྱི་རྒྱལ་སྲིད་ནི་འདི་འདྲ་བ་རྣམས་ཀྱི་ཡིན།"

17 ༡༧་ ཨེ་ལོ་ཧིམ་གྱི་རྒྱལ་སྲིད་བྱིས་པས་བླངས་པ་ལྟར་མི་བླང་ན། ཅིས་ཀྱང་དེའི་ནང་དུ་ཆུད་པར་མི་འགྱུར་ཞེས་ངས་བདེན་པར་ཟེར་གསུངས་སོ།།"

18 ༡༨་ །དཔོན་པོ་ཞིག་གིས་ཁོང་ལ། རྒན་བཟང་པོ་ལགས། མི་ཚེ་རྒྱུན་དུ་པ་ཐོབ་པའི་ཕྱིར་ངས་ཅི་བྱ་ཞུས་པ་དང་།"

19 ༡༩་ ཡེ་ཤུས། ཅིའི་ཕྱིར་ང་ལ་བཟང་པོ་ཟེར། ཨེ་ལོ་ཧིམ་གཅིག་མ་གཏོགས་པར་བཟང་པོ་སུའང་མེད།"

20 ༢༠་ ལོག་གཡེམ་མ་བྱེད། མི་མ་གསོད། མ་རྐུ། རྫུན་གྱི་དཔང་པོ་མ་བྱེད། ཕ་དང་མ་ལ་བཀུར་སྟི་བྱོས་ཞེས་པའི་བཀའ་རྣམས་ཁྱོད་ཀྱིས་ཤེས་སོ་གསུངས་པ་དང་།"

21 ༢༡་ དེས་དེ་ཐམས་ཅད་ངས་ཆུང་དུས་ནས་བསྲུངས་པ་ཡིན་ཞུས་སོ།"

22 ༢༢་ །ཡེ་ཤུས་གསན་ནས་ཁོ་ལ། ད་དུང་ཁྱོད་ནང་གཅིག་མ་ཚང་བས། ཇི་ཡོད་པ་ཐམས་ཅད་བཙོངས་ཏེ། དབུལ་པོ་ལ་བགོས་ཤིག་དང་། ནམ་མཁའ་རུ་ཁྱོད་ལ་གཏེར་ཐོབ་འོང་། ཡང་འོངས་ཏེ་ངའི་ཕྱི་བཞིན་བྲོངས་ཤིག་གསུངས་སོ།"

23 ༢༣་ །ཁོ་ཤིན་དུ་ཕྱུག་པོ་ཡིན་པས། དེ་ཐོས་ནས་ཤིན་ཏུ་ཚེར་ཏོ། "

24 ༢༤་ །ཁོ་ལ་གཟིགས་ཤིང་ཡེ་ཤུས་ཕྱུག་པོ་ཨེ་ལོ་ཧིམ་གྱི་རྒྱལ་སྲིད་ནང་ཆུད་པར་ཇི་ལྟར་དཀའ།"

25 ༢༥་ ཕྱུག་པོ་ཨེ་ལོ་ཧིམ་གྱི་རྒྱལ་སྲིད་ནང་ཆུད་པ་བས། རྔ་མོང་ཁབ་མིག་ནང་ཆུད་པ་སླའོ་གསུངས་སོ།"

26 ༢༦་ །དེ་ཐོས་པ་རྣམས་ཀྱིས། འོ་ན་སུ་ཐར་ཐུབ་ཞུས་པ་དང་།"

27 ༢༧་ ཁོང་གིས། མི་ལ་མི་ཐུབ་ཀྱང་ཨེ་ལོ་ཧིམ་ལ་ཐུབ་བོ་གསུངས་སོ།"

28 ༢༨་ པེ༷་ཏྲོས། གཟིགས་ཤིག །ངེད་ཀྱིས་རང་གི་ཁྱིམ་སྤངས་ནས་ཁྱེད་ཀྱི་ཞབས་རྗེས་སུ་འབྲངས་པ་ཡིན་ཞུས་པ་དང་།"

29 ༢༩་ ཁོང་གིས། ཨེ་ལོ་ཧིམ་གྱི་རྒྱལ་སྲིད་ཀྱི་དོན་དུ་ཁང་པའམ། ཆུང་མའམ། མིང་སྲིང་ངམ། ཕ་མའམ། ཕྲུ་གུ་སྤངས་པ་ལ། ཚེ་འདིར་འགྱུར་མང་པོ་དང་།"

30 ༣༠་ ཚེ་ཕྱི་མར་ཚེ་རྒྱུན་དུ་པ་མི་ཐོབ་པ་མེད་དོ་ཞེས་ངས་བདེན་པར་ཟེར་གསུངས་སོ།།"

31 ༣༡་ །བཅུ་གཉིས་པོ་ཁྲིད་ནས་དེ་རྣམས་ལ་འདི་སྐད་དུ། ང་ཚོ་ཡེ༷་རུ་ཤ་ལེམ་དུ་འགྲོ་སྟེ། མིའི་བུའི་སྐོར་དུ་ཕ༷་རོ་པེ་ཏེ་པ་རྣམས་ཀྱིས་བྲིས་པ་ཐམས་ཅད་འགྲུབ་པར་འགྱུར་རོ།"

32 ༣༢་ །ཁོང་ཨེ་ལོ་ཧིམ་ངོ་མ་ཤེས་པའི་ལག་ཏུ་གཏད་དེ། འཕྱ་སྟེ། སྨད་དེ། མཆིལ་མ་བརྒྱབ་སྟེ།"

33 ༣༣་ རྟ་ལྕག་བཏང་ནས་གསད་པར་འགྱུར། ཞག་གསུམ་པ་ལ་གསོན་པོར་བཞེང་འོང་གསུངས་སོ།"

34 ༣༤་ །འདི་ཐམས་ཅད་མ་གོ་བར་གབ་ཚིག་ཏུ་ལུས་ནས། གང་གསུངས་པའི་དོན་དེ་རྣམས་ཀྱིས་མ་རྟོགས་སོ།།"

35 ༣༥་ །ཡེ༷་རི་ཀོ་དང་ཉེ་བར་བྱོན་པ་དང་། ཞར་བ་ཞིག་སློང་ཞིང་ལམ་ཁར་བསྡད་ཡོད་དེ།"

36 ༣༦་ ཁོས་མི་མང་པོ་འགྲོ་བར་ཐོས་ཏེ། ཅི་ཡིན་དྲིས་པ་དང་།"

37 ༣༧་ ན༷་ཙ་རེད་པ་ཡེ་ཤུ་ཕེབས་སོ་ཟེར་བས།"

38 ༣༨་ ཁོས་སྐད་ཆེན་པོས། ད༷་བིད་ཀྱི་སྲས་ཡེ་ཤུ་ལགས། ང་ལ་ཐུགས་བརྩེ་བར་དགོངས་ཞུས་སོ།"

39 ༣༩་ །སྐུ་མདུན་དུ་འགྲོ་བ་རྣམས་ཀྱིས། ཁ་རོག་སྡོད་ཅིག་ཟེར་ཞིང་བཀག་ཀྱང་། དེས་ད༷་བིད་ཀྱི་སྲས་ལགས། ང་ལ་ཐུགས་བརྩེ་བར་དགོངས་ཞེས་ལྷག་པར་འབོད་བསྒྲགས་སོ།"

40 ༤༠་ །ཡེ་ཤུ་དེར་སྐུ་འཐེན་ཙམ་བཞུགས་ཏེ། ཁོ་སྐུ་དྲུང་དུ་ཁྲིད་པའི་བཀའ་གནང་ཏེ། བསླེབས་པ་དང་དེ་ལ།"

41 ༤༡་ ངས་ཅི་བྱེད་པར་ཁྱོད་འདོད་གསུངས། ཁོས་ཀྱུ་རི་བོ། མཐོང་བར་འདོད་དོ་ཞུས།"

42 ༤༢་ ཡེ་ཤུས་མཐོང་བར་ཤོག་ཅིག །ཁྱེད་ཀྱི་དད་པས་ཁྱེད་སོས་སོ་གསུངས་སོ།"

43 ༤༣་ །དེ་མ་ཐག་ཏུ་ཁོས་མཐོང་ནས། ཨེ་ལོ་ཧིམ་ལ་བསྟོད་ཅིང་། ཞབས་རྗེས་སུ་འབྲངས་སོ། །མི་ཚོགས་ཀྱིས་དེ་མཐོང་ནས། ཨེ་ལོ་ཧིམ་ལ་བསྟོད་བསྔགས་སོ།། །།"

19

1 ༡་ །ཁོང་ཡེ༷་རི་ཀོ་རྒྱུད་ནས་ཕེབས་པ་དང་།"

2 ༢་ ཤོ་གམ་པའི་དཔོན་པོ་ཟ༷ག་ཀ་བྱ་བ་ཕྱུག་པོ་ཞིག་ཡོད་དེ།"

3 ༣་ ཡེ་ཤུ་སུ་ཡིན་ལྟ་བར་བརྩམ་ཡང་། གཟུགས་ཐུང་བ་དང་། མི་ཚོགས་ཀྱི་རྐྱེན་གྱིས་མཇལ་མ་ཐུབ་པས།"

4 ༤་ ཁོང་ཕེབས་རྒྱུའི་ལམ་ལ་མདུན་དུ་བརྒྱུགས་ནས་ཁོང་མཇལ་དུ་འོང་སའི་ཤིང་སྡོང་ཞིག་ལ་འཛེགས་སོ།"

5 ༥་ །ཡེ་ཤུ་ས་ཆ་དེར་ཕེབས་པ་དང་ཡར་གཟིགས་ཤིང་དེ་ལ། ཟ༷ག་ཀ་དེ་རིང་ང་ཁྱོད་ཀྱི་ཁྱིམ་དུ་སྡོད་དགོས་པས་མགྱོགས་པར་བོབས་ཤིག་གསུངས་པ་དང་།"

6 ༦་ ཁོ་མགྱོགས་པར་བབས་ཏེ། དགའ་བཞིན་ཁོང་གདན་དྲངས་སོ།"

7 ༧་ །མི་ཐམས་ཅད་ཀྱིས་དེ་མཐོང་ནས། ཁོང་སྡིག་ཅན་ཞིག་གི་རྩར་བཞུགས་པར་ཕེབས་སོ་ཟེར་ཞིང་ཁྲེལ་ཏོ།"

8 ༨་ །ཟ༷ག་ཀ་ལངས་ནས། ཀྱུ་རི་བོ་ལགས། གཟིགས་ཤིག །ངའི་ནོར་གྱི་ཕྱེད་ཀ་དབུལ་པོ་ལ་གཏོང་བ་མ་ཟད། ངས་མགོ་བསྐོར་ནས་ཇི་ཞིག་ལེན་ཡོད་ན། བཞི་ལྡབ་གཞལ་ལོ་ཞུས་པ་དང་།"

9 ༩་ ཡེ་ཤུས་མི་འདིའང་ཨ༷བ་ར་ཧམ་གྱི་བུ་ཡིན་པས། དེ་རིང་ཁང་པ་འདིར་ཐར་པ་བསླེབས་སོ།"

10 ༡༠་ །མིའི་བུ་བསྟོར་བ་འཚོལ་བ་དང་སྐྱོབ་པའི་ཕྱིར་འོངས་གསུངས་སོ།།"

11 ༡༡་ །ཁོང་ཡེ༷་རུ་ཤ་ལེམ་དང་ཉེ་བར་ཕེབས་པས། ཁོང་གི་གསུང་ཐོས་པ་འགའ་ཞིག་གིས་ཨེ་ལོ་ཧིམ་གྱི་རྒྱལ་སྲིད་འཕྲལ་དུ་མངོན་འོང་བསམ་པས། ཡང་དཔེ་ཞིག་སྟོན་ཞིང་འདི་སྐད་དུ།"

12 ༡༢་ མི་དྲག་ཅིག་རྒྱལ་པོའི་གོ་ས་ལེན་ནས་ཕྱིར་ལོག་འོང་ཕྱིར་ཡུལ་ཐག་རིང་ཞིག་ཏུ་འགྲོ་བ་ལས།"

13 ༡༣་ གཡོག་པོ་བཅུ་བོས་ནས་རྡོ་ཚད་བཅུ་བཏད་དེ། ང་ལོག་འོང་བའི་བར་དུ་ཚོང་བྱོས་ཤིག་སྨྲས་སོ།"

14 ༡༤་ །དེའི་ཡུལ་པས་མི་དྲག་དེར་སྡང་བས། མི་འདི་ང་ཚོའི་རྒྱལ་པོར་མི་དགོས་ཟེར་ཞིང་དེའི་ཕྱི་བཞིན་བང་ཆེན་བཏང་ངོ་།"

15 ༡༥་ །ཁོང་རྒྱལ་པོའི་དབང་ཐོབ་ནས་ལོག་བསླེབས་པ་དང་། དངུལ་བཏད་པའི་གཡོག་པོ་ཚོས་ཚོང་བྱས་ནས། ཁེ་ཇི་ཙམ་ཐོབ་པ་ཤེས་ཕྱིར། དེ་ཚོ་བོས་སོ།"

16 ༡༦་ །དང་པོ་དེ་དྲུང་དུ་འོངས་ནས། རྒན་ལགས། ཁྱེད་ཀྱི་རྡོ་ཚད་དེ་ལས་གཞན་བཅུ་བྱོར་ཞུས་པ་དང་།"

17 ༡༧་ རྒྱལ་པོས། ལེགས་སོ་གཡོག་པོ་བཟང་པོ་ཁྱེད་ཉུང་ངུའི་ནང་དྲང་པོ་ཐོན་པས། ཁྱོད་ཀྱིས་གྲོང་ཁྱེར་བཅུ་ལ་དབང་བྱེད་པར་འགྱུར་སྨྲས་སོ།"

18 ༡༨་ །གཉིས་པ་དེ་འོངས་ནས། རྒན་ལགས། ཁྱེད་ཀྱི་རྡོ་ཚད་དེ་ལས་གཞན་ལྔ་བྱོར་ཞུས་པ་དང་།"

19 ༡༩་ ཁོ་ལའང་ཁྱོད་ཀྱིས་གྲོང་ཁྱེར་ལྔ་ལ་དབང་བྱེད་པར་འགྱུར་སྨྲས་སོ།"

20 ༢༠་ །ཡང་གཅིག་འོངས་ནས། རྒན་ལགས། ཁྱེད་ནི་མ་བཞག་པར་ལེན་མཁན་དང་།"

21 ༢༡་ མ་བཏབ་པར་རྔ་མཁན་དྲག་པོ་ཡིན་པས། ང་འཇིགས་ནས། ལག་ཕྱིས་ནང་བཏུམ་སྟེ་བཞག་པའི་ཁྱེད་ཀྱི་རྡོ་ཚད་འདིར་ཡོད་ཞུས་སོ།"

22 ༢༢་ །རྒྱལ་པོས། གཡོག་པོ་ངན་པ། ཁྱོད་ཀྱིས་སྨྲས་པ་ཁོ་ན་བཞིན་ཞལ་ཆེ་གཅོད་དོ། །ང་མ་བཞག་པར་ལེན་མཁན་དང་། མ་བཏབ་པར་རྔ་མཁན་དྲག་པོ་ཞིག་ཡིན་པ་ཁྱོད་ཀྱིས་ཤེས་སམ།"

23 ༢༣་ ངའི་དངུལ་རྗེ་མཁན་ལ་ཅི་ལ་མ་བཏད། བཏད་ན་ང་ལོག་སླེབ་དུས་སུ་སྐྱེད་དང་བཅས་ལེན་ཐུབ་པ་ཡིན་སྨྲས་ནས།"

24 ༢༤་ འཁོར་རྣམས་ལ། ཁོའི་རྡོ་ཚད་དེ་ལེན་ཏེ། རྡོ་ཚད་བཅུ་ཡོད་མཁན་ལ་ཐོང་ཞིག་སྨྲས་སོ།"

25 ༢༥་ །དེ་ཚོས། རྒན་ལགས། ཁོ་ལ་རྡོ་ཚད་བཅུ་ཡོད་ཞུས་པ་ལས།"

26 ༢༦་ ཡོད་མཁན་ལ་གཏང་འོང་། མེད་མཁན་ལས་ཡོད་པ་དེའང་ལེན་པར་འགྱུར་ཞེས་ངས་ཟེར།"

27 ༢༧་ ང་རྒྱལ་པོར་མི་དགོས་པའི་ངའི་དགྲ་བོ་རྣམས་འདིར་ཁྲིད་ནས་ངའི་མདུན་དུ་གསོད་ཅིག་ཟེར་ཏོ་གསུངས་སོ།།"

28 ༢༨་ །དེ་གསུངས་ནས་ཁོང་ཡེ༷་རུ་ཤ་ལེམ་དུ་སྔོན་སྔོན་ལ་ཕེབས་སོ།"

29 ༢༩་ །ཁ་སྐྱུར་པོ་བྱ་བའི་རིའི་ངོས་ལ་བེ༷ད་ཕ་གེ་དང་བེ༷ད་ཨན་ཡའི་ཡུལ་དང་ཉེ་བར་ཕེབས་ནས། སློབ་མ་གཉིས་སྩལ་ཞིང་།"

30 ༣༠་ མདུན་གྱི་ཡུལ་ཚོར་སོང་། དེར་སླེབ་པ་ཙམ་གྱིས་ད་བར་སུའང་མ་ཞོན་པའི་བོང་གསར་གཏགས་པ་ཞིག་མཐོང་འོང་། དེ་བཀྲོལ་ནས་ཁྲིད་ཤོག"

31 ༣༡་ །སུ་ཞིག་གིས་ཅི་ལ་སྒྲོལ་ཞེས་འདྲི་ན། ཀྱུ་རི་བོ་ལ་དགོས་སོ་ཟེར་གསུངས་སོ།"

32 ༣༢་ །མངགས་པ་དེ་གཉིས་སོང་ནས། གསུངས་པ་བཞིན་ཡོད་དེ།"

33 ༣༣་ བོང་གསར་སྒྲོལ་བ་དང་། བདག་པོས་བོང་གསར་ཅི་ལ་སྒྲོལ་ཟེར་བས།"

34 ༣༤་ །དེ་དག་གིས་ཀྱུ་རི་བོ་ལ་དགོས་སོ་སྨྲས་ནས།"

35 ༣༥་ ཡེ་ཤུའི་སྐུ་དྲུང་དུ་ཁྱེར་ཏེ། རང་གི་གོས་བཀབ་སྟེ། ཡེ་ཤུ་དེར་བཅིབས་སོ།"

36 ༣༦་ །ཁོང་ཕེབས་པ་ལས་མི་རྣམས་ཀྱིས་རང་གི་གོས་ཕེབས་ལམ་ལ་བཏིང་ངོ་།"

37 ༣༧་ །ཡེ༷་རུ་ཤ་ལེམ་དང་ཉེ་བར་ཁ་སྐྱུར་བོའི་ཐུར་ལ་བྱོན་པའི་ཚེ། སློབ་མའི་ཚོགས་ཚང་མས་མཐོང་བའི་ལྟས་ཐམས་ཅད་ཀྱི་རྐྱེན་གྱིས་དགའ་ཞིང་། སྐད་ཆེན་པོས་ཨེ་ལོ་ཧིམ་ལ་བསྟོད་ཅིང་།"

38 ༣༨་ ཀྱུ་རི་བོའི་ཕྱོགས་ནས་འབྱོན་པའི་རྒྱལ་པོ་བཀྲ་ཤིས། ནམ་མཁའ་ལ་ཞི་བདེ། མཐོ་ཤོས་སུ་དཔལ། ཞེས་སྨྲས་སོ།"

39 ༣༩་ །མི་ཚོགས་ཀྱི་ནང་ནས་ཕ༷་རུ་ཤི་པ་རེས་ཁོང་ལ། རྒན་ལགས། ཉིད་ཀྱི་སློབ་མའི་ཁ་འགེགས་པར་མཛོད་ཞུས་པ་དང་།"

40 ༤༠་ བཀའ་ལན་དུ། འདི་རྣམས་ཁ་རོག་ན། རྡོ་རྣམས་ཀྱིས་སྒྲ་འདོན་པར་འགྱུར་ཞེས་ངས་ཟེར་གསུངས་སོ།།"

41 ༤༡་ །ཉེ་བར་ཕེབས་པ་དང་། ཡེ༷་རུ་ཤ་ལེམ་གྲོང་ཁྱེར་གཟིགས་ཏེ། དེའི་དོན་དུ་བཤུམ་ཞིང་འདི་སྐད་དུ།"

42 ༤༢་ དའང་ཞི་བདེ་གང་ལ་རག་ལས་པ་ཁྱོད་ཀྱིས་ཤེས་ན་ཅི་མ་རུང་། དེ་ད་ལྟ་ཁྱོད་ཀྱིས་མིག་ལས་བསྒྲིབས་སོ།"

43 ༤༣་ །ད་ཁྱོད་ཀྱི་དགྲ་བོས་ཁྱོད་ཀྱི་མཐའ་འཁོར་ལ་འཛིང་རགས་ཀྱིས་བསྐོར་ནས། ཕྱོགས་ཀུན་ནས་བཙིར་བའི་དུས་ལ་འབབ་པར་འགྱུར།"

44 ༤༤་ ཁྱོད་ལ་ཐུགས་རྗེས་གཟིགས་པའི་དུས་དེ་མ་ཤེས་པས། དགྲ་བོས་ཁྱོད་དང་ཁྱོད་ཀྱི་ཕྲུ་གུ་རྣམས་ས་ལ་རྡབ་ནས། ཁྱོད་ཀྱི་ནང་དུ་རྡོ་གཅིག་ཀྱང་མི་རློག་པར་བཞག་པར་མི་འགྱུར་རོ་གསུངས་སོ།།"

45 ༤༥་ །དེ་ནས་སྨོན་ལམ་ཁང་དུ་བྱོན་ནས། ཚོང་པ་རྣམས་འདོན་ཞིང་།"

46 ༤༦་ དེ་རྣམས་ལ། ངའི་ཁང་པར་སྨོན་ལམ་ཁང་ཞེས་བྲིས་ཡོད་ཀྱང་། ཁྱོད་ཀྱིས་ཇག་པའི་ཚང་དུ་བྱས་གསུངས་སོ།"

47 ༤༧་ །ཉིན་རེ་བཞིན་ཁོང་གིས་སྨོན་ལམ་ཁང་ན་སློབ་ཁྲིད་གནང་བས། ལེ༷་ཝི་ཆེན་དང་མོ༷་ཤེའི་བཀའ་ཁྲིམས་མཁས་པ་དང་། སྐུ་དྲག་རྣམས་ཀྱིས་ཁོང་དགྲོང་བར་བརྩམས་རུང་།"

48 ༤༨་ མི་སྡེ་ཡོངས་ཀྱིས་ཁོང་གི་ཞལ་གདམས་ལ་སྙིང་ནས་ཉན་པས། ཐབས་གང་ཡང་མ་བརྙེད་དོ།། །།"

2

1 ༡་ །དེའི་ཚེ་རྒྱལ་པོ་ཨ༷འུ་གུས་ཏུའི་དྲུང་ནས་འཇིག་རྟེན་ཡོངས་ཀྱི་མི་རྩིས་བྱེད་དགོས་པའི་བཀའ་ཐོན་ཏོ།"

2 ༢་ །མི་རྩིས་ཐོག་མ་འདི་སི༷ར་ཡཱའི་སྤྱི་ཁྱབ་ཏུ་ཀི༷་རི་ནུ་ཡོད་དུས་སུ་བྱུང་།"

3 ༣་ མི་ཐམས་ཅད་རང་གི་མིང་འབྲི་བའི་ཕྱིར་རང་རང་གི་ཕ་ཡུལ་དུ་སོང་ངོ།"

4 ༤་ །ཡོ༷་སེབ་དཱ༷་བིད་ཀྱི་རྒྱལ་བརྒྱུད་ནས་ཡིན་པས། རང་དང་རང་གི་ཆུང་མ་མ༷་རི་ཡཱ་མངལ་དང་ལྡན་པ་གཉིས་ཀྱི་མིང་འབྲི་བའི་ཕྱིར་དུ།"

5 ༥་ ག༷་ལིལ་གྱི་གྲོང་ཁྱེར་ན༷་ཙ་རེད་ནས། ཡ༷་ཧུ་དཱ་རུ་དཱ༷་བིད་ཀྱི་གྲོང་ཁྱེར་བེ༷ད་ལེ་ཧེམ་དུ་སོང་ངོ་།"

6 ༦་ །དེར་ཡོད་དུས་སུ་ལྟམ་དུས་རན་ནས།"

7 ༧་ སྲས་སྔོན་སྐྱེས་འཁྲུངས་ཏེ། འགྲུལ་ཁང་དུ་གནས་ས་མེད་པས། རས་ཀྱིས་བཏུམ་སྟེ་བྲེས་ཤིག་གི་ནང་དུ་བཞག་གོ"

8 ༨་ །ཡུལ་འཁོར་དེ་ལ་ལུག་རྫི་རྣམས་ཐང་གར། མཚན་ལ་ལུག་ཁྱུ་སྲུང་གིན་སྡད་ཡོད་པ་ལས།"

9 ༩་ ཀྱུ་རི་བོའི་ཨ༷ན་ཇལ་མངོན་དུ་བྱུང་ནས། དེ་རྣམས་ཀྱི་ཕྱོགས་བཞིར་ཀྱུ་རི་བོའི་གཟི་བརྗིད་སྣང་བས། ཤིན་ཏུ་འཇིགས་སྐྲགས་སོ།"

10 ༡༠་ །ཨ༷ན་ཇལ་གྱིས། མ་འཇིགས་ཤིག། །མི་སྡེ་ཡོངས་ཀྱི་ཕྱིར་ཡིན་པའི། དགའ་བ་ཆེན་པོའི་འཕྲིན་བཟང་པོ་ངས་ཁྱེད་ལ་འཆད་དོ།"

11 ༡༡་ །དེ་རིང་དཱ༷་བིད་ཀྱི་གྲོང་ཁྱེར་ན་ཁྱེད་ཀྱི་དོན་དུ་མ་ཤི་ཀ་ཀྱུ་རི་བོ་ལགས་པའི་སྐྱབས་མགོན་འཁྲུངས།"

12 ༡༢་ ཁོང་གི་རྟགས་འདི་ཡིན། ཁྱེའུ་ཆུང་བཏུམ་སྟེ་བྲེས་ནང་ཉལ་བ་ཞིག་མཇལ་འོང་། ཞེས་སྨྲས་སོ།"

13 ༡༣་ །གློ་བུར་དུ་ཨ༷ན་ཇལ་དེ་མཉམ་དུ་ནམ་མཁའི་དཔུང་ཚོགས་ཤིག་གིས། ཨེ་ལོ་ཧིམ་ལ་བསྟོད་ཅིང་འདི་སྐད་དུ།"

14 ༡༤་ མཐོ་ཤོས་སུ་ཨེ་ལོ་ཧིམ་ལ་དཔལ་དང་། ས་གཞི་རུ་ཁོང་དགྱེས་པའི་མི་རྣམས་ལ་ཞི་བདེ། འབྱུང་བར་ཤོག་ཅིག་ཅེས་བརྗོད་དོ།"

15 ༡༥་ །ཨ༷ན་ཇལ་རྣམས་དེ་ཚོའི་མདུན་ནས་ནམ་མཁར་སོང་བ་དང་། ལུག་རྫི་རྣམས་ཀྱིས་ཕན་ཚུན། ཀྱུ་རི་བོས་ང་ཚོར་གསུངས་པའི་བྱ་བ་དེ་བལྟ་རུ་བེ༷ད་ལེ་ཧེམ་དུ་འགྲོའོ་ཟེར་ཏེ།"

16 ༡༦་ མྱུར་དུ་སོང་ནས་མ༷་རི་ཡཱ་
དང་ཡོ༷་སེབ་དང་བྲེས་ནང་ཉལ་བའི་ཁྱེའུ་ཆུང་དེ་བརྙེད་ནས།"

17 ༡༧་ མཇལ་ཏེ། ཁྱེའུ་ཆུང་འདིའི་སྐོར་ལ་གསུངས་པའི་གསུང་དེ་རྒྱས་སུ་བཅུག་ནས།"

18 ༡༨་ ཐོས་པ་ཐམས་ཅད་ངོ་མཚར་དུ་གྱུར་ཏོ།"

19 ༡༩་ །མ༷་རི་ཡཱས་གང་བྱུང་བ་ཐམས་ཅད་བསམ་བློ་གཏོང་གིན་སྙིང་ལ་བཞག་གོ"

20 ༢༠་ །གང་གསུངས་པ་བཞིན་དུ་ཐོས་ཤིང་མཐོང་བ་ཐམས་ཅད་ཀྱི་ཕྱིར་ལུག་རྫི་རྣམས་ཨེ་ལོ་ཧིམ་གྱི་དཔལ་དང་བསྟོད་པ་བརྗོད་ཅིང་ལོག་གོ"

21 ༢༡་ །ཞག་བརྒྱད་ཚང་ནས། མདུན་ལྤགས་གཅོད་དུས་ལ། ཁོང་ལྷུམས་སུ་མ་ཆགས་པའི་སྔོན་དུ་ཨ༷ན་ཇལ་གྱིས་གསོལ་བ་བཞིན་དུ་མཚན་ལ་ཡེ་ཤུ་ཞེས་གསོལ་ཏོ།།"

22 ༢༢་ །མོ༷་ཤེའི་བཀའ་ཁྲིམས་བཞིན་དུ་གཙང་བའི་དུས་རན་པ་དང་།"

23 ༢༣་ ཀྱུ་རི་བོའི་བཀའ་ཁྲིམས་བཞིན་སྔོན་སྐྱེས་ཀྱི་བུ་ཐམས་ཅད་ཀྱུ་རི་བོའི་ཕྱིར་དམ་པར་བརྩི་དགོས་པ་དང་།"

24 ༢༤་ ཀྱུ་རི་བོའི་བཀའ་ཁྲིམས་བཞིན་ཐི་བ་ཟུང་གཅིག་གམ་ཕུག་རོན་ཆུང་ངུ་གཉིས་པོར་འབུལ་དགོས་གསུངས་པ་བཞིན་དུ། དེ་དག་གིས་ཡེ༷་རུ་ཤ་ལེམ་ལ་ཀྱུ་རི་བོའི་སྐུ་དྲུང་དུ་ཁོང་འབུལ་ཕྱིར་གདན་དྲངས་སོ།"

25 ༢༥་ །ཡེ༷་རུ་ཤ་ལེམ་ནང་ཤི༷མ་ཨོན་བྱ་བའི། མི་དྲང་པོ་དང་། བསྙེན་བཀུར་ཞུ་བ་དང་། ཡི༷ས་ར་ཡེལ་གྱི་སེམས་གསོ་ལ་སྒུག་པ་དང་། དམ་པའི་རུ་ཨག་དང་ལྡན་པ་ཞིག་ཡོད་དེ།"

26 ༢༦་ དམ་པའི་རུ་ཨག་གིས་དེ་ལ། ཁྱེད་ཀྱིས་ཨེ་ལོ་ཧིམ་གྱི་མ་ཤི་ཀ་མ་མཇལ་བའི་བར་དུ་འཆི་བ་མི་མྱོང་ཞེས་མངོན་པར་མཛད་པས།"

27 ༢༧་ རུ་ཨག་གིས་གང་སྟེ་སྨོན་ལམ་ཁང་དུ་འོངས། ཡབ་ཡུམ་གཉིས་པོས་བཀའ་ཁྲིམས་ཀྱི་སྲོལ་སྒྲུབ་པའི་ཕྱིར། ཁྱེའུ་ཆུང་ཡེ་ཤུ་སྨོན་ལམ་ཁང་ནང་དུ་འཁུར་འོངས་པའི་ཚེ།"

28 ༢༨་ དེས་ཁོང་པང་དུ་ཞུས་ནས། ཨེ་ལོ་ཧིམ་ལ་བསྟོད་ཅིང་འདི་སྐད་དུ།།"

29 ༢༩་ །ཀྱེ་ཀྱུ་རི་བོ་ད་ཁྱེད་ཀྱི་བཀའ་བཞིན་དུ། །ཁྱེད་ཀྱི་ཞབས་ཕྱི་ཞི་བདེར་འགྲོ་རུ་གནང་།"

30 ༣༠་ །ཁྱེད་ཀྱིས་མི་བརྒྱུད་མདུན་དུ་བཤམས་མཛད་པའི།"

31 ༣༡་ །ཁྱེད་ཀྱི་ཐར་པ་ང་ཡི་མིག་གིས་མཇལ།"

32 ༣༢་ ཁོང་ནི་ཨེ་ལོ་ཧིམ་ངོ་མ་ཤེས་པར་མངོན་པའི་འོད་དང་ནི། །མི་སྡེ་ཡི༷ས་ར་ཨེལ་གྱི་དཔལ་ལགས་སོ།། ཞེས་སྨྲས་སོ།"

33 ༣༣་ །ཡབ་ཡུམ་གཉིས་ཁོང་གི་སྐོར་སྨྲས་པ་ལ་ངོ་མཚར་དུ་གྱུར་ཏོ།"

34 ༣༤་ །ཤི༷མ་ཨོན་གྱིས་ཁོང་ཚོར་བྱིན་རླབས་གནང་ནས་ཡུམ་མ༷་རི་ཡཱ་ལ། ཁྱེའུ་ཆུང་འདི་ནི་ཡི༷ས་ར་ཨེལ་པ་མང་པོ་འགྱེལ་བ་དང་ལང་བའི་རྐྱེན་དང་། མང་པོས་རྒོལ་བའི་རྟགས་སུ་བཙུགས་པ་ཡིན།"

35 ༣༥་ སྙིང་མང་པོའི་བསམ་པ་མངོན་པའི་ཕྱིར། ཁྱེད་ཀྱི་སྙིང་ལའང་རལ་གྲི་སྣུན་པར་འགྱུར། སྨྲས་སོ།།"

36 ༣༦་ །ཨ༷་ཤེར་གྱི་སྡེའི་ཕ་ནུ༷་ཨེལ་གྱི་བུ་མོ་ཤིན་དུ་རྒས་པའི་ཨ༷ན་ན་བྱ་བའི་ཕ༷་རོ་པེ་ཏེ་མ་ཞིག་ཡོད་པ་ཡིན།"

37 ༣༧་ ཁྱིམ་ཐབས་བྱས་ནས་ཁྱོ་མཉམ་ལོ་བདུན་བསྡད་ནས། ལོ་བརྒྱད་ཅུ་གྱ་བཞི་ལོན་པའི་བར་མོ་རེང་ལ་བསྡད་དེ། ཉིན་མཚན་མེད་པར་བཟའ་བཏུང་གཅོད་དང་སྨོན་ལམ་གྱིས་བསྙེན་བཀུར་བྱེད་ཅིང་སྨོན་ལམ་ཁང་ནས་མ་བྲལ་ཏོ།"

38 ༣༨་ །དུས་ཚོད་དེ་རང་ལ་འོངས་ནས། ཨེ་ལོ་ཧིམ་ལ་བསྟོད་དབྱངས་ཕུལ་ཏེ། ཡེ༷་རུ་ཤ་ལེམ་གྱི་ཐར་པ་ལ་སྒུག་པ་ཐམས་ཅད་ལ་ཁོང་གི་སྐོར་སྨྲས་སོ།།"

39 ༣༩་ །ཀྱུ་རི་བོའི་བཀའ་ཁྲིམས་བཞིན་དུ་ཐམས་ཅད་བསྒྲུབས་ནས། ག༷་ལིལ་དུ་ཉིད་ཀྱི་གྲོང་ཁྱེར་ན༷་ཙ་རེད་དུ་ལོག་ཕེབས་སོ།"

40 ༤༠་ །ཁྱེའུ་ཆུང་དེ་ཆེར་སྐྱེད་ཅིང་། སྟོབས་དང་ལྡན་ཏེ། མཁྱེན་རབ་ཀྱིས་གང་ནས། ཁོང་གི་ཐོག་ཏུ་ཨེ་ལོ་ཧིམ་གྱི་ཐུགས་རྗེ་ཡོད་དོ།"

41 ༤༡་ །ལོ་རེ་བཞིན། པེ༷་སག་གི་དུས་ཆེན་ལ་ཡབ་ཡུམ་ཡེ༷་རུ་ཤ་ལེམ་དུ་ཕེབས་སོ།"

42 ༤༢་ །ཁོང་དགུང་ལོ་བཅུ་གཉིས་ལོན་ནས། ལུགས་སྲོལ་བཞིན་དུ་ཁོང་ཚོ་དེར་ཕེབས་སོ།"

43 ༤༣་ །དུས་ཆེན་ཐོན་ཏེ་ཕྱིར་ལོག་སྐབས། ཁྱེའུ་ཡེ་ཤུ་ཡེ༷་རུ་ཤ་ལེམ་ལ་རྒྱབ་ཏུ་ལུས་ཀྱང་ཡབ་ཡུམ་གྱིས་མ་མཁྱེན་ཏོ།"

44 ༤༤་ །ལམ་གྲོགས་ཚོའི་ཁྲོད་ན་ཡོད་དོ་བསམས་ཏེ། ཉིན་ལམ་གཅིག་ཕྱིན་ནས། གཉེན་དང་ངོ་ཤེས་རྣམས་ཀྱི་ཁྲོད་ན་བཙལ་ཏོ།"

45 ༤༥་ །མ་ཐོབ་པ་དང་ཁོང་འཚོལ་ཞིང་ཡེ༷་རུ་ཤ་ལེམ་དུ་ལོག་སྟེ།"

46 ༤༦་ ཞག་གསུམ་གྱི་རྗེས་སུ་ཁོང་ནི་སྨོན་ལམ་ཁང་ནང་སློབ་དཔོན་རྣམས་ཀྱི་དཀྱིལ་དུ་བཞུགས་ཏེ། དེ་དག་ལས་གསན་ཞིང་བཀའ་འདྲི་མཛད་པ་མཇལ་ཏོ།"

47 ༤༧་ ཁོང་གི་མཁྱེན་རྒྱ་དང་བཀའ་ལན་ཐོས་པ་ཐམས་ཅད་ངོ་མཚར་དུ་གྱུར་ཏོ།"

48 ༤༨་ ཁོང་མཇལ་ནས་ཡ་མཚན་དུ་གྱུར་ཏེ། ཡུམ་གྱིས་ཁོང་ལ། བུ། ཅི་ལ་ང་ཚོར་འདི་ལྟར་བྱས། ཁྱོད་ཀྱི་ཕ་དང་ངས་སེམས་འཁྲུགས་ཤིང་ཁྱེད་བཙལ་བ་ཡིན། ཞུས་པ་དང་།"

49 ༤༩་ ཁོང་གིས་ང་ཅི་ལ་བཙལ་བ་ཡིན། ང་ནི་ངའི་ཡབ་ཀྱི་ཁང་པར་ཡོད་དགོས་པ་མི་ཤེས་སམ། གསུངས་ཀྱང་།"

50 ༥༠་ དེ་དག་གིས་དེ་མ་གོའོ།"

51 ༥༡་ ཁོང་དེ་དག་དང་མཉམ་དུ་ཐོན་ནས་ན༷་ཙ་རེད་དུ་ཕེབས་སོ། །ཡབ་ཡུམ་གྱི་འབངས་བྱེད་ཅིང་བཞུགས་སོ། །ཡབ་ཡུམ་གྱིས་བྱ་བ་དེ་ཐམས་ཅད་ཡིད་ལ་བཞག་གོ"

52 ༥༢་ །ཡེ་ཤུ་མཁྱེན་རབ་དང་། སྐུ་གཟུགས་དང་། ཨེ་ལོ་ཧིམ་དང་མི་གཉིས་ཀའི་སྙིང་དུ་སྡུག་པའི་ནང་ཆེར་སྐྱེད་དོ།། །།"

20

1 ༡་ །ཉིན་ཅིག་ཁོང་གིས་སྨོན་ལམ་ཁང་དུ་མི་སྡེར་སློབ་ཁྲིད་མཛད་ཞིང་འཕྲིན་བཟང་འཆད་པའི་ཚེ། ལེ༷་ཝི་ཆེན་དང་། མོ༷་ཤེའི་བཀའ་ཁྲིམས་མཁས་པ་དང་། རྒན་པོ་རེ་དྲུང་དུ་འོངས་ནས།"

2 ༢་ ཁོང་ལ། དབང་གང་གིས་འདི་རྣམས་མཛད། སུས་དབང་འདི་ཁྱེད་ལ་ཕུལ། ང་ཚོར་འཆད་དུ་གསོལ་ཞུས་པས།"

3 ༣་ བཀའ་ལན་དུ། ངས་ཀྱང་ཁྱེད་ལ་དྲི་བ་ཞིག་འདྲི།"

4 ༤་ ཡོ༷་ཧ་ནན་གྱི་བ༷བ་ཐི་སོ་དེ་ནམ་མཁའ་ནས་བྱུང་ངམ་མི་ནས་བྱུང་། ང་ལ་ཤོད་གསུངས་པ་དང་།"

5 ༥་ དེ་ཚོས་ཕན་ཚུན་བགྲོས་ཤིང་འདི་སྐད་དུ། གལ་ཏེ་ནམ་མཁའ་ནས་བྱུང་ཟེར་ན། ཁྱེད་ཀྱིས་ཁོང་ལ་ཅིའི་ཕྱིར་ཡིད་མ་ཆེས་གསུང་འོང་།"

6 ༦་ མི་ནས་བྱུང་ཟེར་ན། མི་སྡེས་ཡོ༷་ཧ་ནན་ཕ༷་རོ་པེ་ཏེ་པ་ཡིན་པར་ཡིད་ཆེས་པས། ང་ཚོ་རྡོ་རུབ་ཀྱིས་གསོད་འོང་ཟེར་ནས།"

7 ༧་ ཞུ་ལན་དུ། གང་ནས་བྱུང་མི་ཤེས་ཞུས་སོ།"

8 ༨་ །ཡེ་ཤུས། ངས་ཀྱང་དབང་གང་གིས་འདི་རྣམས་བྱེད་པ་མི་འཆད་གསུངས་སོ།།"

9 ༩་ །ཁོང་གིས་མི་སྡེ་ལ་དཔེ་འདི་གསུངས་པ། མི་ཞིག་གིས་རྒུན་ཚལ་བཙུགས་ནས། ཚལ་མཁན་ལ་བཏང་ནས། རེ་ཞིག་ཡུལ་གཞན་དུ་སོང་ངོ་།"

10 ༡༠་ །ཐོག་དུས་ལ་ཚལ་མཁན་རྣམས་ཀྱི་ཐོག་ལས་ཇི་ཞིག་ཁོ་ལ་ཐོབ་པའི་ཕྱིར་གཡོག་པོ་ཞིག་དེ་ཚོའི་རྩར་བཏང་བ་དང་། དེ་ཚོས་ཁོ་བརྡུང་ནས་ལག་སྟོང་ལ་བཟློགས་སོ།"

11 ༡༡་ །གཡོག་པོ་གཞན་ཞིག་བཏང་བ། དེ་ལའང་བརྡུངས་ནས་དམའ་ཕབ་ཅིང་ལག་སྟོང་དུ་བཟློགས་སོ།"

12 ༡༢་ །སླར་གསུམ་པ་ཞིག་བཏང་བ་དང་། དེའང་རྨས་པར་བྱས་ཏེ་བཏོན་ཏོ།"

13 ༡༣་ །རྒུན་ཚལ་གྱི་བདག་པོས། ཅི་བྱ། ད་ངའི་བུ་གཅིག་པོ་དེ་གཏོང་སྟེ། ཁོ་ལ་བཀུར་སྟི་བྱེད་སྲིད་ཟེར་ཏོ།"

14 ༡༤་ །ཚལ་མཁན་རྣམས་ཀྱིས་ཁོ་མཐོང་ནས། འདི་ནི་བརྒྱུད་འཛིན་ཡིན་པས། ནོར་སྐལ་ང་ཚོར་ཐོབ་པའི་ཕྱིར་ཁོ་གསོད་དོ་ཞེས་གྲོས་བྱས་ནས།"

15 ༡༥་ རྒུན་ཚལ་གྱི་ཕྱི་རོལ་དུ་བཏོན་ནས་བསད་དོ། །ད་རྒུན་ཚལ་གྱི་བདག་པོས་དེ་ཚོར་ཅི་བྱེད་འོང་།"

16 ༡༦་ འོངས་ནས་རྒུན་ཚལ་མཁན་དེ་རྣམས་ཚར་བཅད་ནས། རྒུན་ཚལ་གཞན་ལ་གཏད་འོང་གསུངས་སོ། །ཐོས་པ་རྣམས་ཀྱིས་དེ་ལྟར་མ་སྲིད་ཅིག་སྨྲས་སོ།"

17 ༡༧་ །འོན་ཀྱང་ཁོང་གིས་དེ་རྣམས་ལ་གཟིགས་ཤིང་། །རྩིག་དཔོན་རྣམས་ཀྱིས་སྤངས་པའི་རྡོ། །དེ་ཀ་ཟུར་རྡོ་ཆེན་པོར་གྱུར། ཞེས་བྲིས་པའི་དོན་ཅི་ཡིན།"

18 ༡༨་ རྡོ་དེའི་ཁར་འགྲིལ་བ་དེ་ཆག་འོང་། སུའི་ཁར་རྡོ་དེ་འགྲིལ་ན་འཐག་པར་འགྱུར་གསུངས་སོ།།"

19 ༡༩་ །མོ༷་ཤེའི་བཀའ་ཁྲིམས་དང་ལེ༷་ཝི་ཆེན་རྣམས་ཀྱིས་དཔེ་འདི་ཁོང་ཚོ་རང་ལ་གསུངས་པ་ཤེས་ནས། དུས་ཚོད་དེ་རང་ལ་ཁོང་འཛིན་པར་བརྩམས་རུང་མི་སྡེ་ལ་འཇིགས་སོ།"

20 ༢༠་ །གླགས་འཚོལ་ཞིང་། སྤྱི་ཁྱབ་ཀྱི་ཁྲིམས་དང་དབང་ལ་གཏད་ཕྱིར། ཁོང་གཏམ་ནང་འཛིན་པའི་ཕྱིར། དྲང་པོ་ཡིན་ཁུལ་བྱེད་པའི་ལྟ་ཉུལ་པ་རེ་དྲུང་དུ་བཏང་ངོ་།"

21 ༢༡་ །དེ་ཚོས་ཁོང་ལ། རྒལ་ལགས། ཁྱེད་ཀྱིས་གསུང་དང་བསྟན་པ་དྲང་པོ་དང་། ཁྱེད་མིའི་ངོ་མི་སྲུང་བར་ཨེ་ལོ་ཧིམ་གྱི་ལམ་དྲང་པོར་སློབ་ཁྲིད་མཛད་པ་ང་ཚོས་ཤེས་སོ།"

22 ༢༢་ །ཀེ༷་སར་ལ་ང་ཚོས་ཁྲལ་འཇལ་བར་རུང་ངམ་མི་རུང་ཞེས་བཀའ་འདྲི་ཞུས་པ་དང་།"

23 ༢༣་ དེ་ཚོའི་གཡོ་སྒྱུ་མཁྱེན་ནས།"

24 ༢༤་ ང་ལ་དི༷་ནཱར་ཞིག་སྟོན་དང་། དེའི་གར་གཟུགས་དང་ཡི་གེ་སུའི་ཡིན་གསུངས་པས། དེ་ཚོས་ཀེ༷་སར་གྱི་ཡིན་ནོ་ཞུས་སོ།"

25 ༢༥་ །བཀའ་ལན་དུ། ཀེ༷་སར་གྱི་ཡིན་པ་ཀེ༷་སར་ལ་ཕུལ། ཨེ་ལོ་ཧིམ་གྱི་ཡིན་པ་དེ་ཨེ་ལོ་ཧིམ་ལ་ཕུལ་ཞེས་གསུངས་སོ།"

26 ༢༦་ །མི་སྡེའི་མདུན་དུ་ཁོང་གཏམ་ནང་འཛིན་མ་ནུས་ཤིང་། ཁོང་གི་བཀའ་ལན་ལ་ངོ་མཚར་དུ་གྱུར་ནས་ཁ་རོག་གོ །"

27 ༢༧་ །གཤིན་པོ་རྣམས་གསོན་པོར་མི་ལང་ངོ་ཟེར་བའི་ས༷ད་དུ་ཀི་པའམ་དབུ་ཆོས་རེ་སྐུ་དྲུང་དུ་འོངས་ནས།"

28 ༢༨་ རྒན་ལགས། མི་ཞིག་གི་སྤུན་ཆུང་མ་བླངས་ནས་ཕྲུ་གུ་མེད་པར་ཤི་ན། དེ་རང་གི་སྤུན་གྱི་དོན་དུ་བུ་བརྒྱུད་སྐྱེད་པའི་ཕྱིར་ཆུང་མ་དེ་བླངས་དགོས་ཤེས། མོ༷་ཤེས་ང་ཚོའི་དོན་དུ་བྲིས་སོ།"

29 ༢༩་ །སྤུན་བདུན་ཡོད་དེ། དང་པོ་ཆུང་མ་བླངས་ནས་བུ་མེད་པར་ཤི།"

30 ༣༠་ གཉིས་པས་ཀྱང་བླངས།"

31 ༣༡་ གསུམ་པས་ཀྱང་བླངས། དེ་བཞིན་དུ་བདུན་པོས་བླངས་ནས་བུ་མེད་པར་ཤི།"

32 ༣༢་ མཐར་བུད་མེད་དེའང་ཤིའོ།"

33 ༣༣་ །བུད་མེད་དེ་ཕུ་ནུ་བདུན་པོའི་ཆུང་མར་གྱུར་པས། གཤིན་པོ་རྣམས་གསོན་པོར་ལང་དུས་སུ། མོ་གང་གི་ཆུང་མར་འགྱུར་འོང་ཞུས་པ་དང་།"

34 ༣༤་ ཡེ་ཞུས། འཇིག་རྟེན་པ་རྣམས་ཀྱིས་བག་མ་གཏོང་ལེན་བྱེད་ཀྱང་། "

35 ༣༥་ ཚེ་ཕྱི་མ་རྙེད་པ་དང་གསོན་པོར་ལང་འོས་པ་རྣམས་ཀྱིས་བག་མ་མི་བླང་བག་མར་མི་འགྲོ་སྟེ།"

36 ༣༦་ ཨ༷ན་ཇལ་དང་འདྲའོ། །ལངས་པའི་སྟབས་ཀྱིས། ཨེ་ལོ་ཧིམ་གྱི་སྲས་ཡིན་པས། སླར་འཆི་བར་མི་སྲིད་དོ།"

37 ༣༧་ །ཨེ་ལོ་ཧིམ་ནི་གཤིན་པོ་རྣམས་ཀྱི་ཨེ་ལོ་ཧིམ་མ་ལགས། གསོན་པོ་རྣམས་ཀྱི་ཨེ་ལོ་ཧིམ་ལགས་པས། མོ༷་ཤེའི་བྲི་པའི་ནང་ཚེར་མའི་སྐོར་གཏམ་ཡོད་སར། མོ༷་ཤེས་ཀྱང་ཀྱུ་རི་བོ་ལ། ཨ༷བ་ར་ཧམ་གྱི་ཨེ་ལོ་ཧིམ་དང་། ཨི༷་སག་གི་ཨེ་ལོ་ཧིམ་དང་། ཡ༷་ཀོབ་ཀྱི་ཨེ་ལོ་ཧིམ་ཞུ་ཞིང་། གཤིན་པོ་རྣམས་གསོན་པོར་ལང་བར་བསྟན་པ་ཡིན།"

38 ༣༨་ ཨེ་ལོ་ཧིམ་གྱི་དྲུང་དུ་ཐམས་ཅད་གསོན་པོ་ཡིན་ནོ་གསུངས་པ་དང་།"

39 ༣༩་ མོ༷་ཤེའི་བཀའ་ཁྲིམས་མཁས་པ་རྣམས་ཀྱིས་སླར་བཀའ་འདྲི་ཞུ་མ་སྤོབས་པར།"

40 ༤༠་ ཁ་ཅིག་གིས། རྒན་ལགས། ལེགས་པར་གསུངས་སོ་ཞུས་སོ།།"

41 ༤༡་ །ཁོང་གིས་དེ་ཚོར། མ་ཤི་ཀ་ལ་ད༷་བིད་ཀྱི་སྲས་བྱ་བ་དེ་ཇི་ལྟར་ཡིན།"

42 ༤༢་ ད༷་བིད་ཉིད་ཀྱིས་གསུང་མགུར་ནང་འདི་སྐད་དུ། །ཨེ་ལོ་ཧིམ་གྱིས་ནི་ངའི་ཀྱུ་རི་བོར།"

43 ༤༣་ །ང་ཡིས་ཁྱེད་ཀྱི་དགྲ་བོ་རྣམས། །ཁྱེད་ཀྱི་ཞབས་འོག་བཞག་པའི་བར། །ང་ཡི་གཡས་སུ་བཞུགས་ཤིག་གསུངས། ཞེས་གསུངས་ཞིང་།"

44 ༤༤་ ད༷་བིད་ཀྱིས་ཁོང་ལ་ཀྱུ་རི་བོ་ཞུ་བས། ཁོང་ད༷་བིད་ཀྱི་སྲས་ཇི་ལྟར་ཡིན་གསུངས་སོ།།"

45 ༤༥་ །མི་སྡེ་ཡོངས་ཀྱི་ཐོས་སར་སློབ་མ་རྣམས་ལ།"

46 ༤༦་ མོ༷་ཤེའི་བཀའ་ཁྲིམས་མཁས་པ་ལས་ཟོན་བྱོས་ཤིག །དེ་རྣམས་གོས་རིང་མོ་གོན་ནས་འགྲུལ་བ་དང་། ཁྲོམ་ནང་ཕྱག་དང་། སི༷ན་ན་གོས་ནང་ཁྲི་མཐོན་པོ་དང་། མགྲོན་ལ་གྲལ་འགོར་སྡོད་པར་དགའོ།"

47 ༤༧་ །མོ་རེང་མོའི་ཁང་པའང་ཟ་ཞིང་། མི་ལ་སྟོན་ཕྱིར་སྨོན་ལམ་རིང་མོ་འདེབས་པས། ལྷག་པར་ཆད་པ་ཕོག་འོང་གསུངས་སོ།། །།"

21

1 ༡་ སྤྱན་གཟིགས་པས། འབུལ་བ་གཞག་སར་འབུལ་བ་འཇོག་པའི་ཕྱུག་པོ་རེ་དང་།"

2 ༢་ ཟངས་ཀྱི་དོང་ཙེའི་ གཉིས་འཇོག་པའི་མོ་རེང་མ་དབུལ་མོ་ཞིག་གཟིགས་ནས།"

3 ༣་ ཁོང་གིས། ཐམས་ཅད་ལས་མོ་རེང་མ་དབུལ་མོ་འདིས་མང་བར་ཕུལ་ཏོ་ཞེས་ངས་བདེན་པར་ཟེར།"

4 ༤་ ཐམས་ཅད་ཀྱིས་ནོར་མང་པོ་ཡོད་པའི་ནང་ནས་ཕུལ། མོས་དཀོན་པའི་ནང་ནས་ཚེ་ཕྱིད་ཕྱིར་ཅི་ཡོད་པ་ཐམས་ཅད་ཕུལ་ཏོ་གསུངས་སོ།།"

5 ༥་ །ཁ་ཅིག་གིས་སྨོན་ལམ་ཁང་གི་གཏམ་བྱེད་ཅིང་། ཇི་ལྟ་བུའི་རྡོ་རིན་ཆེན་དང་འབུལ་བ་རྣམས་ཀྱི་རྒྱན་གྱིས་བརྒྱན་ནས་འདུག་ཟེར་བ་དང་། ཁོང་གིས།"

6 ༦་ ཁྱེད་ཀྱིས། མཐོང་བ་འདི་ལས། རྡོ་གཅིག་ཀྱང་མ་ལུས་པར་རློག་པར་འགྱུར་བའི་དུས་ཤིག་སླེབ་འོང་གསུངས་སོ།"

7 ༧་ །དེ་ཚོས། རྒན་ལགས། དེ་ནམ་འབྱུང་འོང་། དེ་རྣམས་འགྲུབ་ཏུ་ཉེ་བའི་དུས་ཀྱི་རྟགས་ཅི་ཡིན་ཞུས་པས།"

8 ༨་ ཁོང་གིས་གསུངས་པ། ལམ་ལོག་ལ་འཁྲིད་པ་ལས་ཟོན་བྱོས་ཤིག མི་མང་པོས་ངའི་མིང་ཁུར་ཏེ་ང་ཡིན། དུས་དེ་ཉེའོ་ཟེར་ཞིང་འོང་བར་འགྱུར། དེ་རྣམས་ལ་མ་འབྲང་ཞིག"

9 ༩་ དམག་དང་འཁྲུག་པའི་གཏམ་ཐོས་པའི་ཚེ་མ་འཇིགས་ཤིག དེ་ནི་སྔོན་དུ་འབྱུང་དགོས་ཀྱང་། མཐའ་མ་འཕྲལ་དུ་མི་འོང་།"

10 ༡༠་ མི་བརྒྱུད་དང་རྒྱལ་ཁག་ཕན་ཚུན་ལང་འོང་།"

11 ༡༡་ ས་གཡོ་ཆེན་པོ་དང་། ཡུལ་སོ་སོར་མུ་གེ་དང་། རིམས་ནད་དང་། འཇིགས་པ་དང་། གནམ་ལ་ལྟས་ཆེན་པོ་འབྱུང་བར་འགྱུར་རོ།"

12 ༡༢་ །དེ་ཐམས་ཅད་འབྱུང་བའི་སྔོན་དུ། ངའི་མིང་གི་རྐྱེན་གྱིས། ཁྱེད་བཟུང་སྟེ། འཚེ་བར་འགྱུར། སི༷ན་ན་གོས་ལ་བོས་ནས་བཙོན་ར་ལ་གཏད་འོང་། རྒྱལ་པོ་དང་སྤྱི་ཁྱབ་ཀྱི་རྩར་འཁྱེར་བར་འགྱུར།"

13 ༡༣་ དེ་ནི་ཁྱེད་ཀྱིས་དཔང་པོ་བྱེད་པའི་རྒྱུར་འགྱུར་འོང་།"

14 ༡༤་ དེས་ན་ལན་ཇི་ལྟར་གཏོང་བའི་ཕྱིར་སྔོན་དུ་བསམ་བློ་མི་གཏོང་བར་སྙིང་ལ་ཞོག"

15 ༡༥་ །ངས་ཁྱེད་ལ་ངག་དང་ཤེས་རབ་སྦྱིན་འོང་བས། ཕ་རོལ་པོ་སུས་ཀྱང་ཁྱོད་ལ་རྒོལ་བའམ་ཁ་དགག་མི་ཐུབ།"

16 ༡༦་ ཕ་མ་དང་། སྤུན་དང་། གཉེན་དང་། གྲོགས་པོས་ཀྱང་ཁྱེད་དགྲར་བཏད་དེ་ཁྱེད་ཁ་ཅིག་གསོད་པར་འགྱུར།"

17 ༡༧་ ངའི་རྐྱེན་གྱིས་ཐམས་ཅད་ཀྱིས་ཁྱེད་ལ་སྡང་ཡང་།"

18 ༡༨་ ཁྱེད་ཀྱི་སྐྲ་ཉག་གཅིག་ཀྱང་འཇིག་མི་འགྱུར།"

19 ༡༩་ ཁྱོད་ཀྱི་བཟོད་སྲན་གྱིས་ཁྱོད་ཀྱི་སྲོག་སྐྱོབ་པར་འགྱུར།"

20 ༢༠་ ཡེ༷་རུ་ཤ་ལེམ་ལ་དམག་དཔུང་གིས་བསྐོར་བ་མཐོང་བའི་ཚེ། དེ་སྟོངས་པའི་དུས་ཉེ་བར་ཤེས་ཤིག།"

21 ༢༡་ །དེའི་དུས་སུ་ཡ༷་ཧུ་དཱ་རུ་ཡོད་པ་རི་ལ་བྲོས་ཤིག །གྲོང་ཁྱེར་གྱི་ནང་དུ་ཡོད་པ་ཕྱིར་ཐོན་ཞིག །ཡུལ་ཚོར་ཡོད་པ་གྲོང་ཁྱེར་ལ་མ་འགྲོ"

22 ༢༢་ །བྲིས་ཡོད་པ་ཐམས་ཅད་འགྲུབ་པའི་ལན་འཇལ་བའི་ཉིན་མོ་ཡིན།"

23 ༢༣་ ཉིན་མོ་དེ་ལ་སྦྲུམ་མ་དང་ནུ་ཞོ་སྣུན་པ་རྣམས་སྙིང་རེ་རྗེ། ས་གཞི་ལ་སྡུག་བསྔལ་ཆེན་པོ་དང་། མི་སྡེ་འདི་ལ་ཐུགས་ཁྲོ་འབབ་པར་འགྱུར།"

24 ༢༤་ དེ་རྣམས་རལ་གྲིའི་སོའི་ཁར་ཤི་བར་འགྱུར། བཙོན་པར་འགྱུར་ནས་མི་བརྒྱུད་ཐམས་ཅད་ཀྱི་ནང་ལ་འཁྲིད་འོང་། ཨེ་ལོ་ཧིམ་ངོ་མ་ཤེས་པའི་དུས་ཚང་བའི་བར་དུ། ཡེ༷་རུ་ཤ་ལེམ་ཨེ་ལོ་ཧིམ་ངོ་མ་ཤེས་པའི་རྐང་འོག་ཏུ་ལུས་འོང་།"

25 ༢༥་ ཉི་མ་དང་ཟླ་བ་དང་སྐར་མའི་ནང་ལ་རྟགས་འབྱུང་འོང་། རྒྱ་མཚོ་དང་རྦ་རླབས་ཀྱི་འུར་སྒྲའི་རྐྱེན་གྱིས་ས་གཞིར་མི་རྒྱུད་རྣམས་ཅི་བྱ་མི་ཤེས་པའི་སྡུག་བསྔལ་འོང་།"

26 ༢༦་ ནམ་མཁའི་དབང་རྣམས་འཁྲུག་པས། འཇིག་རྟེན་དུ་ཅི་འབྱུང་བར་འགྱུར་བ་ལ་འཚབ་ཅིང་བརྒྱལ་བར་འགྱུར།"

27 ༢༧་ དེ་ནས་མིའི་བུ་དབང་དང་གཟི་བརྗིད་ཆེན་པོ་དང་བཅས་སྤྲིན་གྱི་ཁར་འབྱོན་པ་མཐོང་བར་འགྱུར།"

28 ༢༨་ དེ་འབྱུང་བར་བརྩམ་པའི་ཚེ། ཁྱེད་ཀྱི་ཐར་པ་ཉེ་བས། ལུས་སྲོང་ཞིང་མགོ་ཐེག་ཅིག་གསུངས་སོ།།"

29 ༢༩་ །དེ་རྣམས་ལ་དཔེའི་སྒོ་ནས་འདི་ལྟར། སེ་ཡབ་དང་སྐྱེ་ཤིང་ཐམས་ཅད་ལ་ལྟོས་ཤིག"

30 ༣༠་ ལོ་མ་སྐྱེ་བར་མཐོང་ན། དབྱར་ཀ་ཉེ་བར་ཤེས་སོ།"

31 ༣༡་ །དེ་བཞིན་ཁྱེད་ཀྱིས་དེ་རྣམས་འབྱུང་བར་མཐོང་བའི་ཚེ། ཨེ་ལོ་ཧིམ་གྱི་རྒྱལ་སྲིད་ཉེ་བར་ཤེས་ཤིག"

32 ༣༢་ དེ་ཐམས་ཅད་འབྱུང་བའི་བར་དུ་མི་རབས་འདི་མི་འདའ་ཞེས་ངས་བདེན་པར་ཟེར།"

33 ༣༣་ གནམ་ས་གཉིས་འདའ་བར་འགྱུར་ཡང་། ངའི་བཀའ་འདའ་བར་མི་འགྱུར་རོ།"

34 ༣༤་ །ཁྱེད་ཀྱི་སྙིང་འདོད་ཡོན་དང་བཟི་བ་དང་ཚེ་འདིའི་སེམས་ཁྲལ་གྱིས་མི་གནན་པ་དང་། ཉིན་མོ་དེས་གློ་བུར་དུ་ཞགས་པས་འཛིན་པ་ལྟར་ཁྱེད་མི་འཛིན་པའི་ཕྱིར་གཅང་གྲུང་བྱོས་ཤིག"

35 ༣༥་ །ཉིན་མོ་དེ་ནི་ས་སྟེང་དུ་གནས་པ་ཐམས་ཅད་ལ་འབབ་པར་འགྱུར།"

36 ༣༦་ དེའི་ཕྱིར་དུས་རྒྱུན་དུ་གཅང་གྲུང་བྱེད་ཅིང་། འབྱུང་བར་འགྱུར་བ་དེ་ཐམས་ཅད་ལས་ཐར་བ་དང་། མིའི་བུའི་སྐུ་དྲུང་དུ་གནས་ཐུབ་པའི་ཕྱིར་གསོལ་བ་ཐོབ་ཅིག་གསུངས་སོ།"

37 ༣༧་ །ཉིན་རེ་བཞིན་སྨོན་ལམ་ཁང་དུ་སློབ་ཁྲིད་མཛད་ཞིང་། དགོང་མོར་ཕྱི་རོལ་དུ་གཤེགས་ནས་ཁ་སྐྱུར་པོ་བྱ་བའི་རིར་བཞུགས་སོ།"

38 ༣༨་ །ཡང་སྔ་དྲོ་སྔ་བར་མི་སྡེ་ཐམས་ཅད་སྨོན་ལམ་ཁང་དུ་གསུང་ལ་ཉན་ཕྱིར་དྲུང་དུ་འོངས་སོ།། །།"

22

1 ༡་ །པེ༷་སག་བྱ་བའི་སྐྱུར་རྩི་མེད་པའི་བག་ལེབ་ཀྱི་དུས་ཆེན་ཉེ་བ་དང་། "

2 ༢་ ལེ༷་ཝི་ཆེན་དང་མོ༷་ཤེའི་བཀའ་ཁྲིམས་མཁས་པས་མི་སྡེ་ལ་འཇིགས་པས། ཁོང་ཇི་ལྟར་བཀྲོང་བའི་ཐབས་བཙལ་ཏོ།"

3 ༣་ སློབ་མ་བཅུ་གཉིས་པོར་གཏོགས་པའི་ཀ༷ར་ཡོད་པ་བྱ་བའི་ཡུ༷་དཱའི་ནང་ས༷་ཏན་ཞུགས་ཏེ་སོང་ནས།"

4 ༤་ ལེ༷་ཝི་ཆེན་དང་བརྒྱ་དཔོན་རྣམས་ཀྱི་རྩར་སོང་ནས། ཁོང་དེ་དག་ལ་གཏོད་པའི་གྲོས་བྱས་པ་དང་།"

5 ༥་ དེ་ཚོ་དགའ་ནས། ཁོ་ལ་དངུལ་བསྟེར་བའི་ཁ་ཆད་བྱས་པས།"

6 ༦་ ཁོ་ཁ་འཆམ་ནས་མི་ཚོགས་མེད་སར་ཁོང་དེ་ཚོའི་ལག་ཏུ་གཏོད་པའི་སྐབས་བཙལ་ཏོ།།"

7 ༧་ །ལུ་གུའི་སྲོག་གཅོད་དུ་ཕུལ་བའི་པེ༷་སག་གི་ཉིན་མོ་བསླེབས་ནས།"

8 ༨་ ཁོང་གིས་པེ༷་ཏྲོ་དང་ཡོ༷་ཧ་ནན་གཉིས་ལ་སོང་ལ་ང་ཚོས་ཟ་རྒྱུའི་པེ༷་སག་ཤོམས་ཤིག་ཅེས་བཀའ་སྩལ་ཏོ།"

9 ༩་ །གང་དུ་བཤམ་པར་མཉེས་ཞུས་པས།"

10 ༡༠་ ཁྱེད་གྲོང་ཁྱེར་ལ་སླེབ་དུས་སུ། ཆུ་རྫ་འཁུར་བའི་མི་ཞིག་དང་འཕྲད་འོང་། ཁོ་འགྲོ་བའི་ཁང་པའི་ནང་དུ་ཕྱི་བཞིན་སོང་ནས།"

11 ༡༡་ ཁང་བདག་ལ། རྒན་ལགས་ཀྱིས་ཁྱོད་ལ་འདི་སྐད་དུ། ང་སློབ་མ་མཉམ་པེ༷་སག་ཟ་བའི་མགྲོན་ཁང་གང་ན་ཡོད། འདྲིའོ་སྨྲོས་ཤིག"

12 ༡༢་ དེས་ཁྱེད་ལ་གདན་ལྕོག་ཡོད་པའི་སྟེང་ཁང་ཆེན་པོ་ཞིག་བསྟན་འོང་། དེར་ཤོམས་ཤིག་གསུངས་སོ།"

13 ༡༣་ །དེ་གཉིས་སོང་ནས་གསུངས་པ་བཞིན་དུ་བརྙེད་དེ་པེ༷་སག་གཤམས་སོ།"

14 ༡༤་ །དུས་ཚོད་རན་པའི་ཚེ། ཨ༷་པོ་ཏོ་ལོ་པ་དང་མཉམ་དུ་བཞུགས་སོ།"

15 ༡༥་ །ཁོང་གིས་དེ་ཚོར། སྡུག་བསྔལ་མྱོང་བའི་སྔོན་དུ་ཁྱེད་མཉམ་པེ༷་སག་འདི་ཟ་བ་ལ། ང་ལ་གདུང་སེམས་ཆེན་པོ་ཡོད་པ་ཡིན།"

16 ༡༦་ ཨེ་ལོ་ཧིམ་གྱི་རྒྱལ་སྲིད་ནང་ལུག་གུའི་སྲོག་གཅོད་པའི་འབུལ་བ་མ་ཛོགས་པའི་བར་དུ་ངས་འདི་ལས་མི་ཟ་ཞེས་ངས་ཟེར་གསུངས་སོ།"

17 ༡༧་ །ཕོར་པ་ཕྱག་ཏུ་བཞེས་ནས། བསྟོད་བསྔགས་ཕུལ་ཏེ། འདི་སྐད་དུ། འདི་ལེན་ཏེ་ཁྱེད་ཚོའི་ནང་བགོས་ཤིག"

18 ༡༨་ ཨེ་ལོ་ཧིམ་གྱི་རྒྱལ་སྲིད་མ་བསླེབ་པའི་བར་དུ་ངས་རྒུན་ཤིང་གི་ཁུ་བ་ལས་མི་འཐུང་གསུངས་སོ།"

19 ༡༩་ །བག་ལེབ་ཕྱག་ཏུ་བཞེས་ནས། བསྟོད་བསྔགས་ཕུལ་ཏེ། བཅག་ནས། དེ་ཚོར་གནང་ནས། འདི་སྐད་དུ། འདི་ནི་ཁྱེད་ཀྱི་དོན་དུ་བྱིན་པའི་ངའི་ལུས་ཡིན། ང་དྲན་པའི་ཕྱིར་འདི་བཞིན་དུ་བྱོས་ཤིག་གསུངས་སོ།"

20 ༢༠་ །དགོང་ཟས་ཀྱི་རྗེས་སུ་དེ་བཞིན་དུ་ཕོར་པ་ཕྱག་ཏུ་བཞེས་ནས། འདི་སྐད་དུ། ཕོར་པ་འདི་ཁྱེད་ཀྱི་དོན་དུ་བླུགས་པའི་ངའི་ཁྲག་གི་སྒོ་ནས་ཞལ་ཆད་གསར་པ་དེ་ཡིན་ནོ།"

21 ༢༡་ །ལྟོས་ཤིག་ང་དགྲར་གཏོད་མཁན་གྱི་ལག་པ་ངའི་ལག་པ་མཉམ་ལྕོག་ཙེའི་ཁར་འདུག་གོ"

22 ༢༢་ །མིའི་བུ་དམ་བཅས་པ་བཞིན་གཤེགས་ཀྱང་། ཁོང་གཏོད་པའི་མི་དེ་ལ་སྙིང་རེ་རྗེ་གསུངས་པ་དང་།"

23 ༢༣་ དེ་ཚོས་ང་ཚོའི་ཁྲོད་ནས་འདི་འདྲ་སུས་བྱ་ཟེར་ཞིང་ཕན་ཚུན་གླེང་ངོ་།།"

24 ༢༤་ །དེ་རྣམས་ཀྱི་ནང་ནས་མཆོག་སུ་ཡིན་ཞེས་པའི་རྩོད་པ་ཞིག་འབྱུང་བས།"

25 ༢༥་ ཁོང་གིས་དེ་ཚོར། མི་བརྒྱུད་རྣམས་ཀྱི་རྒྱལ་པོས་དེ་རྣམས་ལ་སྲིད་བྱེད་དེ། དབང་སྒྱུར་མཁན་རྣམས་ལ་དྲིན་ཅན་ཟེར་རོ།"

26 ༢༦་ །ཁྱེད་ཀྱིས་ནི་དེ་ལྟར་མ་བྱེད་ཅིག ཁྱེད་ཀྱི་ནང་ནས་མཆོག་དེ་དམན་པ་འདྲ་བ་དང་། དཔོན་པོ་དེ་གཡོག་པོ་འདྲ་བར་འགྱུར་དགོས།"

27 ༢༧་ ཟ་མཁན་དེ་ཆེའམ་གཡོག་པོ་དེ་ཆེ། ཟ་མཁན་དེ་ཆེའོ། །འོན་ཀྱང་ང་ནི་ཁྱེད་ཀྱི་ནང་དུ་གཡོག་པོ་དང་འདྲ་བ་ཡིན།"

28 ༢༨་ ང་ལ་ཉམས་སད་བྱུང་དུས་ཁྱེད་ང་མཉམ་བསྡད་པས།"

29 ༢༩་ ངའི་ཡབ་ཀྱིས་ང་ལ་རྒྱལ་སྲིད་བཏད་པ་ལྟར། ངས་ཀྱང་ཁྱེད་ལ་བཏད་ཅིང་།"

30 ༣༠་ ངའི་རྒྱལ་ཁམས་ཀྱི་ནང་ན་ཁྱེད་ངའི་ལྕོག་ཙེ་ལས་ཟ་འཐུང་ཞིང་ཁྲིར་འཁོད་ཅིང་། ཡི༷ས་ར་ཨེལ་གྱི་སྡེ་བཅུ་གཉིས་ཀྱི་ཞལ་ཆེ་གཅོད་པར་འགྱུར་རོ།།"

31 ༣༡་ །ཤི༷་མོན། ཤི༷་མོན། ས༷་ཏན་གྱིས་ཁྱེད་རྣམས་གྲོ་ལྟར་འཚག་པའི་ཕྱིར་ཞུས་ཀྱང་།"

32 ༣༢་ ཁྱེད་ཀྱི་དད་པ་མི་ཡལ་ཕྱིར་ངས་སྨོན་ལམ་བཏབ་པ་ཡིན། ཁྱེད་སེམས་བསྒྱུར་བ་དང་། སྤུན་རྣམས་བརྟན་པོ་བྱོས་ཤིག་གསུངས་པས།"

33 ༣༣་ དེས། ཀྱུ་རི་བོ། ང་ཁྱེད་དང་མཉམ་དུ་བཙོན་ཁང་ངམ། འཆི་བར་འགྲོ་ཆོག་པ་ཡོད་ཞུས་སོ།"

34 ༣༤་ །ཁོང་གིས། པེ༷་ཏྲོ། ཁྱོད་ཀྱིས་ང་ངོ་མི་ཤེས་བྱས་ནས་ལན་གསུམ་རྒྱབ་མ་ལོག་པའི་བར་དུ། དེ་རིང་བྱ་ཕོས་སྐད་མི་གཏང་གསུངས་སོ།"

35 ༣༥་ །ཁོང་གིས་དེ་ཚོར། ཁྱེད་དངུལ་ཁུག་གམ། སྒྱེ་ཁུག་གམ། ལྷམ་མེད་པར་བཏང་དུས་སུ་དགོས་པ་བྱུང་ངམ་གསུངས་པ་དང་། མ་བྱུང་ཞུས་སོ།"

36 ༣༦་ །ཁོང་གིས། ད་དངུལ་ཁུག་ཡོད་པ་དེས་ཁུར་ཞིག། སྒྱེ་ཁུག་ཀྱང་ཁུར་ཞིག །རལ་གྲི་མེད་པ་དེས་ཕྱུ་བ་བཙོངས་ནས་ཉོས་ཤིག"

37 ༣༧་ ངའི་སྐོར་དུ་བྲིས་པ་ཐམས་ཅད་གྲུབ་ཅིང་། ཁོང་ཉེས་པ་ཅན་གྱི་གྲལ་དུ་བརྩིས་པ་ཡིན་ཞེས་བྲིས་པ་དེའང་ངའི་ནང་འགྲུབ་དགོས་སོ་གསུངས་པ་དང་།"

38 ༣༨་ དེ་ཚོས། ཀྱུ་རི་བོ། གཟིགས་ཤིག་འདིར་རལ་གྲི་གཉིས་ཡོད་ཞུས་པ་དང་། ཆོག་གོ་གསུངས་སོ།།"

39 ༣༩་ །དུས་རྒྱུན་བཞིན་ཕྱི་རོལ་དུ་ཕེབས་ནས། ཁ་སྐྱུར་པོའི་རི་ལ་ཕེབས་པ་དང་། སློབ་མ་རྣམས་ཕྱི་བཞིན་སོང་ངོ་།"

40 ༤༠་ །དེར་བསླེབས་ནས་ཁྱེད་ཚོ་ཉམས་སད་ནང་མི་ལྷུང་ཕྱིར་སྨོན་ལམ་ཐོབ་གསུངས་ཏེ།"

41 ༤༡་ དེ་ཚོ་ལས་རྡོ་རྒྱང་གཅིག་ཕར་བྱོན་ནས། ཞབས་པུས་ས་ལ་བཙུགས་ཤིང་།"

42 ༤༢་ ཡབ་ལགས། མཉེས་ན་ཕོར་པ་འདི་ང་ལས་ཕྱིར་ལྡོག་པར་མཛོད། འོན་ཀྱང་ངའི་འདོད་པ་བཞིན་མ་ཡིན་པར་ཁྱེད་ཀྱི་དགོངས་པ་བཞིན་གྱུར་ཅིག་ཅེས་སྨོན་ལམ་བཏབ་པ་དང་།"

43 ༤༣་ ནམ་མཁའ་ནས་ཁོང་ལ་མཐུ་སྟོབས་སྟེར་བའི་ཨ༷ན་ཇལ་གཟིགས་སོ།"

44 ༤༤་ །འཆི་ཁར་ཐུག་པ་ལྟ་བུའི་ཟུག་གཟེར་གྱིས། སྨོན་ལམ་དྲག་པོ་བཏབ་པས། ཁྲག་གི་ཐིགས་པ་ཆེན་པོ་འཛག་པ་ལྟར་རྔུལ་ཆུ་ས་ལ་ཐིགས་སོ།"

45 ༤༥་ །སྨོན་ལམ་ལས་བཞེངས་ཏེ་སློབ་མ་རྣམས་ཀྱི་རྩར་ཕེབས་ནས། དེ་ཚོ་མྱ་ངན་གྱིས་གཉིད་ལ་སོང་བ་གཟིགས་ཏེ།"

46 ༤༦་ ཅི་ལ་ཉལ། ལོངས་ལ་ཉམས་སད་ནང་མི་ལྟུང་ཕྱིར་སྨོན་ལམ་ཐོབ་ཅིག་གསུངས་སོ།།"

47 ༤༧་ །གསུང་བའི་འཕྲོ་ལ་བཅུ་གཉིས་བོའི་ནང་གི་ཡུ༷་དཱ་བྱ་བས་མི་ཚོགས་ཤིག་འཁྲིད་ནས། ཡེ་ཤུ་ལ་འོ་བྱེད་པའི་ཕྱིར་ཉེ་བར་འོངས་སོ།"

48 ༤༨་ ཡེ་ཤུས། ཡུ༷་དཱ། འོ་ཡིས་མིའི་བུ་དགྲར་གཏོད་དམ་གསུངས་སོ།"

49 ༤༩་ །འཁོར་རྣམས་ཀྱིས་ཅི་འོངས་བ་མཐོང་ནས། ཀྱུ་རི་བོ། རལ་གྲི་རྒྱབ་བམ་ཞུས།"

50 ༥༠་ གཅིག་གིས་ལེ༷་ཝི་ཆེན་གྱི་གཡོག་པོ་ལ་བརྒྱབས་ནས་རྣ་བ་གཡས་པ་བཅད་པས།"

51 ༥༡་ ཡེ་ཤུས་དེས་ཆོག་གསུངས་ནས། དེའི་རྣ་བ་ལ་ཕྱག་རེག་ནས་སོས་པར་མཛད་དོ།"

52 ༥༢་ །ཁོང་འཛིན་དུ་འོངས་པའི་ལེ༷་ཝི་ཆེན་དང་། སྨོན་ལམ་ཁང་གི་བརྒྱ་དཔོན་དང་། རྒན་པོ་རྣམས་ལ་ཡེ་ཤུས། རལ་གྲི་དང་དབྱུག་པ་ཐོགས་ནས་ང་ཇག་པ་ལྟར་འཛིན་དུ་འོངས་སམ།"

53 ༥༣་ ང་ཉིན་རེ་བཞིན་སྨོན་ལམ་ཁང་དུ་ཁྱེད་མཉམ་ཡོད་ཀྱང་ང་མ་བཟུང། དེ་ནི་ཁྱེད་ཚོའི་དུས་ཚོད་དང་མུན་པའི་དབང་ཡིན་གསུངས་སོ།།"

54 ༥༤་ དེ་རྣམས་ཀྱིས་ཁོང་བཟུང་ནས་ལེ༷་ཝི་ཆེན་གྱི་ཁྱིམ་དུ་འཁྲིད་དོ། །པེ༷་ཏྲོས་རྒྱང་ནས་འབྲངས་སོ།"

55 ༥༥་ །ཚོམས་ནང་མེ་བཏང་ནས་འདུས་པའི་ཚེ། པོ༷་ཏྲོ་ཡང་མཉམ་དུ་བསྡད་དོ།"

56 ༥༦་ །གཡོག་པོ་ཞིག་གིས་པེ༷་ཏྲོ་མེ་འོད་ལ་བསྡད་པ་མཐོང་ནས། ཞིབ་པར་བལྟས་ཏེ། འདིའང་ཁོ་མཉམ་དུ་ཡོད་པ་ཡིན་ནོ་སྨྲས་སོ།"

57 ༥༧་ །པེ༷་ཏྲོས། བུད་མེད། ངས་ཁོ་ངོ་མི་ཤེས་ཟེར་ཞིང་རྫུན་བཤད་དོ།"

58 ༥༨་ །ཅུང་ཞིག་ན་གཞན་ཞིག་གིས་མཐོང་ནས། ཁྱོད་ཀྱང་དེ་ཚོའི་ནང་ནས་གཅིག་ཡིན་ནོ་ཟེར་བས། པེ༷་ཏྲོས། ང་མིན་སྨྲས་སོ།"

59 ༥༩་ །ཆུ་ཚོད་གཅིག་འགྱངས་ནས་གཞན་ཞིག་གིས། འདི་ག༷་ལིལ་པ་ཡིན། ཁོ་མཉམ་ཡོད་ཐག་ཆོད་ཡིན། ཞེས་ཨུ་ཚུགས་བྱས་ཀྱང་།"

60 ༦༠་ པེ༷་ཏྲོས་ཁྱོད་ཀྱིས་ཅི་ཟེར་ངས་མི་ཤེས་ཞེས་ཟེར་བའི་འཕྲོ་ལ་བྱ་ཕོས་སྐད་བཏང་ངོ་།"

61 ༦༡་ །ཀྱུ་རི་བོས་ཞལ་བསྒྱུར་ཏེ་པེ༷་ཏྲོ་ལ་གཟིགས་པ་དང་། དེ་རིང་བྱ་སྐད་ལས་སྔོན་དུ་ཁྱོད་ཀྱིས་ང་ལ་ལན་གསུམ་རྒྱབ་ལོག་བྱེད་འོང་ཞེས་ཀྱུ་རི་བོས་གསུངས་པ་དེ་པེ༷་ཏྲོས་དྲན་ཞིང་།"

62 ༦༢་ ཕྱི་རོལ་དུ་སོང་ནས་དྲག་ཏུ་ངུས་སོ།"

63 ༦༣་ །ཡེ་ཤུ་བཟུང་ཡོད་པ་རྣམས་ཀྱིས། ཞལ་ངོ་ལ་རས་བཀབ་ནས།"

64 ༦༤་བརྡུང་མཁན་སུ་ཡིན་མངོན་ཤེས་ཤོད་ཟེར་ནས་ཁོང་ལ་འཕྱ་ཞིང་བརྡུངས་ཏེ།"

65 ༦༥་ སྨད་ཅིང་རྒོལ་བ་མང་པོ་ཞུས་སོ།།"

66 ༦༦་ སྔ་དྲོ་ལེ༷་ཝི་ཆེན་དང་མོ༷་ཤེའི་བཀའ་ཁྲིམས་མཁས་པ་ལ་གཏོགས་པའི་མི་སྡེའི་རྒན་པོའི་ཚོགས་འདུས་ཏེ། ཁོང་དེ་ཚོའི་འདུན་སར་ཁྲིད་ནས།"

67 ༦༧་ ཁྱོད་མ་ཤི་ཀ་ཡིན་ན་ང་ཚོར་ཤོད་ཅིག་ཞུས་པ་དང་། ཁོང་གིས། ངས་ཟེར་ན་ཁྱེད་ཀྱིས་ཡིད་མི་ཆེས།"

68 ༦༨་ ངས་འདྲི་ན་ཁྱེད་ཀྱིས་ལན་མི་བཏང་།"

69 ༦༩་ ད་ཕྱིན་མིའི་བུ་ཨེ་ལོ་ཧིམ་ཀུན་དབང་གི་ཕྱག་གཡས་སུ་འཁོད་པར་འགྱུར་གསུངས་སོ།"

70 ༧༠་ །ཐམས་ཅད་ཀྱིས་འོ་ན་ཁྱོད་ཨེ་ལོ་ཧིམ་གྱི་སྲས་དེ་ཡིན་ནམ། ཞུས་པས་ཁོང་གིས། ང་ཡིན་པ་ཁྱེད་ཀྱིས་ཟེར་རོ་གསུངས་པས།"

71 ༧༡་ དེ་ཚོས་ཁོང་རང་གི་ཁ་ནས་ཐོས་པས། དཔང་པོ་གཞན་ཅི་དགོས་ཟེར་ཏོ།། །།"

23

1 ༡་ །མི་ཚོགས་ཚང་མ་ལངས་ནས། ཁོང་པི༷་ལ་ཏུའི་མདུན་དུ་འཁྲིད་དེ།"

2 ༢་ ཁོང་ལ་སྐྱོན་འགེལ་ཞིང་། མི་འདིས་ང་ཚོའི་མི་སྡེ་རྣམས་ཀྱི་བློ་ལོག་འཇུག་ཅིང་། ཀེ༷་སར་རུ་ཁྲལ་འཇལ་བར་བཀག་ཅིང་། ཁོ་རང་རྒྱལ་པོ་མ་ཤི་ཀ་ཡིན་ཟེར་བ་ཐོས་སོ་སྨྲས་སོ།"

3 ༣་ །པི༷་ལ་ཏུས་ཁོང་ལ། ཁྱེད་ཡ༷་ཧུ་དཱ་པའི་རྒྱལ་པོ་ཡིན་ནམ། ཞུས་པའི་བཀའ་ལན་དུ། ཁྱེད་ཀྱིས་སྨྲས་པ་བཞིན་ནོ་གསུངས་སོ།"

4 ༤་ །པི༷་ལ་ཏུས་ལེ༷་ཝི་ཆེན་དང་མི་ཚོགས་ལ། ངས་མི་འདིའི་ནང་སྐྱོན་ཅིའང་མི་རྙེད་དོ་ཞེས་སྨྲས་ཀྱང་།"

5 ༥་ དེ་ཚོས་ཨུ་ཚུགས་བྱེད་ཅིང་། ག༷་ལིལ་ཡུལ་ནས་འགོ་བཙུགས་ཏེ་འདི་བར་དུ་ཡ༷་ཧུ་དཱ་ཧྲིལ་པོར་བསླབ་བྱ་བཏང་ནས་མི་སྡེ་རྣམས་དཀྲུག་གོ་ཟེར་ཏོ།"

6 ༦་ །པི༷་ལ་ཏུས་དེ་ཐོས་ནས་མི་འདི་ག༷་ལིལ་པ་ཡིན་ནམ་དྲིས་ཏེ།"

7 ༧་ ཧེ༷་རོ་དཱེའི་མངའ་འོག་ནས་ཡིན་པ་བརྟགས་ནས། ཧེ༷་རོ་དཱེ་དེའི་ཚེ་ཡེ༷་རུ་ཤ་ལེམ་ན་ཡོད་པས། ཁོང་དེའི་རྩར་གཏང་ངོ་།།"

8 ༨་ །ཧེ༷་རོ་དཱེས་ཡེ་ཤུའི་སྐོར་ཐོས་ནས། ཡུན་རིང་ནས་ཁོང་མཐོང་བར་འདོད་ཅིང་། ཁོང་གིས་སྟོན་པའི་ལས་བཟང་མཐོང་དུ་རེ་བས། ཁོང་མཇལ་ནས་ཤིན་ཏུ་དགའོ།"

9 ༩་ །བཀའ་འདྲི་མང་དུ་ཞུས་ཀྱང་བཀའ་ལན་མ་གནང་ངོ་།"

10 ༡༠་ །དེར་ཡོད་པའི་ལེ༷་ཝི་ཆེན་དང་མོ༷་ཤེའི་བཀའ་ཁྲིམས་མཁས་པ་རྣམས་ཀྱིས་ངར་ངར་ཤུགས་ཤུགས་ཀྱིས་ཁོང་ལ་སྐྱོན་བཀལ་ཏོ།"

11 ༡༡་ །དམག་མི་དང་བཅས་ཧེ༷་རོ་དཱེས་ཁོང་ལ་སྨད་ཅིང་འཕྱས་ནས། གོས་མདངས་ཅན་བསྐོན་ཏེ། པི༷་ལ་ཏུའི་རྩར་ཕྱིར་བཏང་ངོ་།"

12 ༡༢་ །པི༷་ལ་ཏུ་དང་ཧེ༷་རོ་དཱེ་སྔོན་ལ་འཁོན་ ཡོད་ཀྱང་། ཞག་དེ་ལ་གྲོགས་པོར་གྱུར་ཏོ།།"

13 ༡༣་ །པི༷་ལ་ཏུས་ལེ༷་ཝི་ཆེན་དང་། དཔོན་པོ་དང་། མི་ཚོགས་བསྡུས་ནས་དེ་རྣམས་ལ།"

14 ༡༤་ ཁྱེད་ཀྱིས་མི་འདིས་མི་སྡིའི་བློ་ལོག་གོ་ཟེར་ཞིང་ངའི་རྩར་འཁྲིད་ཀྱང་། ཁྱེད་ཀྱི་མདུན་དུ་ཞིབ་དབྱོད་བྱས་ནས། མི་འདིའི་ནང་ཁྱེད་ཀྱིས་བཀལ་བའི་སྐྱོན་ཅིའང་མ་མཐོང་།"

15 ༡༥་ ཧེ༷་རོ་དཱེ་ལའང་མ་མཐོང་བར་ངའི་རྩར་ཕྱིར་བཏང་ངོ་། །དེས་གསོད་འོས་པའི་ལས་མ་བྱས་སོ།"

16 ༡༦་ །དེའི་ཕྱིར་རྟ་ལྕག་ཞུས་ནས་གཏང་བར་བྱའོ་སྨྲས་སོ།"

17 ༡༧་ །ཐམས་ཅད་ཀྱིས་ཁ་མཐུན་ནས་ཀུ་སྒྲ་བཏོན་ཏེ།"

18 ༡༨་ ང་ཚོའི་ཕྱིར་བ༷་རབ་བཱ་བཏང་ནས་མི་འདི་མེད་པར་མཛོད་ཅིག་སྨྲས་སོ།"

19 ༡༩་ །བ༷་རབ་བཱས་གྲོང་ཁྱེར་ལ་ནང་འཁྲུག་བསླང་བ་དང་། མི་བསད་པའི་རྐྱེན་གྱིས་བཙོན་དུ་ཡོད་པ་ཡིན་ནོ།"

20 ༢༠་ །པི༷་ལ་ཏུས་ཡེ་ཤུ་བཀྲོལ་བར་འདོད་ཅིང་སླར་དེ་ཚོར་སྨྲས་ཀྱང་། "

21 ༢༡་ དེ་ཚོས་སྐད་ཆེན་པོས། རྒྱང་ཤིང་ལ་རྐྱོང་། རྒྱང་ཤིང་ལ་རྐྱོང་སྨྲས་སོ།"

22 ༢༢་ །དེས་ལན་གསུམ་པར་མི་རྣམས་ལ། མི་འདིས་ཉེས་པ་ཅི་བྱས། གསོད་འོས་པའི་སྐྱོན་ཅིའང་ངས་མ་བརྙེད་པས། རྟ་ལྕག་ཞུས་ནས་འགྲོལ་བར་བྱའོ་ཟེར་ཀྱང་།"

23 ༢༣་ དེ་ཚོས་སྐད་དྲག་པོས་མི་འདི་རྒྱང་ཤིང་ལ་རྐྱོང་ཟེར་ནས་ཨུ་ཚུགས་བྱས་པས་ཀུ་སྒྲ་རྒྱབ་པའི་དོན་གྲུབ་སྟེ།"

24 ༢༤་ པི༷་ལ་ཏུས་དེ་ཚོས་ཞུ་བ་བཞིན་ཁྲིམས་བཅད་དེ།"

25 ༢༥་ ནང་འཁྲུག་དང་མི་བསད་པའི་རྐྱེན་གྱིས་བཙོན་དུ་ཡོད་པ་དེ་བཏང་ནས། ཡེ་ཤུ་དེ་ཚོའི་འདོད་པ་ལྟར་བཏད་དོ།།"

26 ༢༦་ །དེ་ཚོས་ཁོང་འཁྱེར་བ་ལས། གྲོང་གསེབ་ནས་འོང་བའི་ཀི༷་རེ་ནི་པ་ཤི༷་མོན་བྱ་བ་བཟུང་ནས། ཡེ་ཤུའི་རྒྱང་ཤིང་བཀལ་ནས་སྐུ་རྒྱབ་ནས་འགྲོ་རུ་བཅུག་གོ"

27 ༢༧་ །མི་སྡེའི་ཚོགས་ཆེན་པོ་དང་། བྲང་རྡུང་ཞིང་ཁོང་གི་ཕྱིར་ངུ་བའི་བུད་མེད་མང་པོ་རྗེས་སུ་འབྲངས་པས།"

28 ༢༨་ ཡེ་ཤུས་ཕྱི་མིག་གཟིགས་ནས། ཡེ༷་རུ་ཤ་ལེམ་གྱི་བུ་མོ་ཚོ། ངའི་ཕྱིར་མ་ངུ་། ཁྱེད་རང་དང་ཁྱེད་ཚོའི་ཕྲུ་གུའི་ཕྱིར་ངུས་ཤིག"

29 ༢༩་ །རབས་ཆད་མ་རྣམས་བདེའོ།། བུ་མ་འཁུར་བའི་མངལ་བདེའོ། །འོ་མ་མ་སྟེར་པའི་ནུ་མ་བདེའོ།། ཟེར་དགོས་པའི་ཉིན་མོ་ཞིག་འོང་ངོ་།"

30 ༣༠་ །དེའི་དུས་སུ་རི་རྣམས་ལ། ང་ཚོའི་ཐོག་ཏུ་ལོག་ཅིག འརི་ཕྲན་རྣམས་ལ། ང་ཚོ་ཁོབ་ཅིག་ཟེར་འོང་།"

31 ༣༡་ ཤིང་སྡོང་སྔོན་པོ་ཡོད་དུས་འདི་འདྲ་བྱེད་ན། སྐམ་ན་ཅི་མི་བྱ་གསུངས་སོ།"

32 ༣༢་ །སྡིག་སྤྱོད་གཉིས་ཀྱང་སྲོག་ལེན་པའི་ཕྱིར་ཁོང་མཉམ་འཁྲིད་དོ།"

33 ༣༣་ །ཐོད་པ་ཟེར་བའི་གནས་སུ་བསླེབས་ཏེ། ཁོང་རྒྱང་ཤིང་ལ་བརྐྱངས་སོ། །སྡིག་སྤྱོད་གཉིས་ཀྱང་ཁོང་གི་གཡས་གཡོན་དུ་བརྐྱངས་སོ།"

34 ༣༤་ །ཡེ་ཤུས། ཡབ་ལགས། འདི་ཚོས་ཅི་བྱེད་མི་ཤེས་པས། བཤགས་པ་མཛོད་གསུངས་སོ། །དེ་ཚོས་རྒྱན་བརྒྱབ་ནས་ན་བཟའ་བགོས་སོ།"

35 ༣༥་ །མི་ཚོགས་ལྟ་ཞིང་བསྡད། དཔོན་པོ་རྣམས་ཀྱིས་འཕྱ་སྟེ། ཁོས་གཞན་སྐྱོབས་པས་ཁོ་ཨེ་ལོ་ཧིམ་གྱིས་འདམས་པའི་མ་ཤི་ཀ་ཡིན་ན། ཁོ་རང་སྐྱོབས་ཤིག་ཟེར་ཏོ།"

36 ༣༦་ །དམག་མིས་ཀྱང་རྒུན་ཆང་སྐྱུར་མོ་ཕུལ་ཞིང་།"

37 ༣༧་ ཡ༷་ཧུ་དཱ་པའི་རྒྱལ་པོ་ཡིན་ན་རང་སྐྱོབས་ཤིག་ཟེར་ཞིང་སྨད་དོ།"

38 ༣༨་ །འདི་ཡ༷་ཧུ་དཱ་པའི་རྒྱལ་པོའོ་ཞེས་དབུའི་ལྟག་པར་བྲིས་ཡོད་དོ།"

39 ༣༩་ །རྒྱང་ཤིང་ལ་བརྐྱངས་པའི་སྡིག་སྤྱོད་གཅིག་གིས་ཁོང་ལ་ཚིག་ངན་ཞུ་ཞིང་། ཁྱེད་མ་ཤི་ཀ་བྱ་བ་དེ་མིན་ནམ། ཡིན་ན་ཁྱོད་རང་དང་ང་གཉིས་སྐྱོབས་ཤིག་སྨྲས་སོ།"

40 ༤༠་ །གཞན་གཅིག་པོས་ཁོ་འགེག་ཅིང་། ཨེ་ལོ་ཧིམ་ལ་མི་འཇིགས་སམ། ཁྱོད་ཀྱང་ཆད་པ་དེ་ཀའི་ནང་ཡོད་དེ།"

41 ༤༡་ ང་གཉིས་ལ་ང་ཚོའི་ལས་བཞིན་དུ་ལས་གཡོགས་ཕོག་འོས་པ་ཡིན། སྐྱེས་བུ་འདིས་ནི་མི་འོས་པ་ཅི་ཡང་མ་མཛད་དོ། །སྨྲ་ཞིང་ཡེ་ཤུ་ལ།"

42 ༤༢་ ཡེ་ཤུ་ལགས། ཁྱེད་མངའ་དབང་དང་བཅས་ཕེབས་པའི་དུས་སུ། ང་དྲན་དུ་ཞུ་བ་ཞུས་སོ།"

43 ༤༣་ །ཁོང་གིས། དེ་རིང་ང་དང་མཉམ་ཁྱོད་པ༷་ར་ཏེ་གསོ་རུ་སླེབ་འོང་ཞེས་ངས་བདེན་པར་ཟེར། གསུངས་སོ།།"

44 ༤༤་ །ཉིན་ཕྱེད་ལ་ཡུལ་ཐམས་ཅད་མུན་པས་ཐིབས་ནས་ཆུ་ཚོད་གསུམ་པའི་བར་དུ་ལུས་ཏེ།"

45 ༤༥་ ཉི་མའི་འོད་བསྒྲིབས། གཙང་ཁང་གི་ཡོལ་བ་ཁག་གཉིས་སུ་རལ།"

46 ༤༦་ ཡེ་ཤུས་གསུང་སྐད་ཆེན་པོས། ཡབ་ལགས། ངའི་སེམས་ཁྱེད་ཀྱི་ཕྱག་ཏུ་འབུལ་ལོ། །ཞེས་གསུངས་ནས་སྐུ་སྲོག་གནང་ངོ་།"

47 ༤༧་ །བརྒྱ་དཔོན་གྱིས་དེ་མཐོང་ནས། ཨེ་ལོ་ཧིམ་ལ་བསྟོད་ཅིང་། མི་འདི་མནོངས་མེད་ཡིན་ཐག་ཆོད་ཅེས་སྨྲས་སོ།"

48 ༤༨་ །ལྟད་མོ་ལ་འདུས་པའི་མི་ཐམས་ཅད་ཀྱིས་བྱ་བ་དེ་མཐོང་ནས། བྲང་རྡུང་ཞིང་ལོག་གོ"

49 ༤༩་ །ག༷་ལིལ་ནས་ཁོང་མཉམ་འབྲངས་པའི་ཁོང་གི་ངོ་ཤེས་དང་བུད་མེད་རྣམས་ཀྱིས་རྒྱང་མ་ནས་དེ་རྣམས་མཐོང་ངོ་།།"

50 ༥༠་ །ཡ༷་ཧུ་དཱའི་གྲོང་ཁྱེར་ཨ༷་རི་མ་ཐ་ཡཱ་ནས་ཡིན་པའི་མི་ཡོ༷་སེབ་བྱ་བ། གྲོས་མི་བཟང་ཞིང་དྲང་པོ་ཡིན་པ།"

51 ༥༡་ དེ་ཚོའི་གྲོས་དང་ལས་ལ་མ་འཆམས་པར། ཨེ་ལོ་ཧིམ་གྱི་རྒྱལ་སྲིད་ལ་རེ་བ་ཞིག་ཡོད་དོ།"

52 ༥༢་ །ཁོས་པི༷་ལ་ཏུ་མཇལ་ཏེ་ཡེ་ཤུའི་སྤུར་གནང་ཕྱིར་ཞུས་སོ།"

53 ༥༣་ །ཁོས་སྐུ་སྤུར་མར་ཕབས་ཏེ། རས་ནང་བཏུམས་ནས། སྔར་སུའང་མ་བཞག་པའི་བྲག་ནང་བརྐོས་པའི་སྤུར་ཁང་ནང་གདན་ཞུས་སོ།"

54 ༥༤་ །ཤ༷བ་བད་ཉེ་བས། ཞག་དེ་ནི་སྟ་གོན་གྱི་ཉིན་མོ་ཡིན་ཏེ་ཁོང་མཉམ་ག༷་ལིལ་ནས་འོངས་པའི་བུད་མེད་རྣམས་ཕྱི་བཞིན་སོང་སྟེ།"

55 ༥༥། སྤུར་ཁང་དེ་དང་སྐུ་སྤུར་ཇི་ལྟར་བཞག་པ་མཐོང་ནས།"

56 ༥༦་ ལོག་འོངས་ཏེ་དྲི་བཟང་དང་སྤོས་ཆུ་བཤམས་ནས། ཤ༷བ་བད་ཀྱི་ཞག་བཀའ་ཁྲིམས་བཞིན་དལ་བར་བསྡད་དོ།། །།"

24

1 ༡་ །བདུན་ཕྲག་གི་ཞག་དང་པོའི་ཐོ་རངས་ལ། བུད་མེད་རྣམས་ཀྱིས་བཤམས་པའི་དྲི་བཟང་ཁུར་ནས། སྤུར་ཁང་ལ་བསླེབས་པ་དང་།"

2 ༢་ སྤུར་ཁང་ལས་ཁ་རྡོ་བསྒྲིལ་ཡོད་པ་མཐོང་བས།"

3 ༣་ ནང་དུ་ཞུགས་ནས་ལྟ་དུས། སྤུར་མེད་པས།"

4 ༤་ ཅི་བྱ་མ་ཤེས་པའི་སྒང་ལ། གོས་བཀྲག་མདངས་ཆེ་བ་གོན་པའི་མི་གཉིས་འབྱུང་བས།"

5 ༥་ བུད་མེད་རྣམས་འཇིགས་ཏེ། ཁ་འབུབ་ལོག་གོ །དེ་གཉིས་ཀྱིས། གསོན་པོ་དེ་གཤིན་པོའི་ཁྲོད་དུ་ཅི་ལ་འཚོལ།"

6 ༦་ ཁོང་སྐུ་གསོན་པོར་བཞེངས་པས་འདིར་མེད། ག༷་ལིལ་དུ་བཞུགས་པའི་ཚེ་ཁོང་གིས།"

7 ༧་ མིའི་བུ་ནི་སྡིག་ཅན་ལ་བཏད་དེ་རྒྱངས་ཤིང་ལ་བཀྲོངས་ནས་ ཞག་གསུམ་པར་གསོན་པོར་བཞེངས་དགོས་ཞེས་གསུངས་པ་དྲོན་ཞིག་སྨྲས་སོ།"

8 ༨་ །དེ་ཚོས་གསུང་དྲན་ཏེ།"

9 ༩་ སྤུར་ཁང་ནས་ལོག་འོངས་ཏེ། གནས་ལུགས་དེ་ཐམས་ཅད་སློབ་མ་བཅུ་གཅིག་པོ་དང་གཞན་ཐམས་ཅད་ལ་བཤད་དོ།"

10 ༡༠་ །བཤད་མཁན་ནི་མ༷ག་དལ་མ་མ༷་རི་ཡཱ་དང་། ཡོ༷་ཧ་ནན་དང་ཡ༷་ཀོབ་ཀྱི་མ་མ༷་རི་ཡཱ་དང་། མཉམ་དུ་ཡོད་པའི་བུད་མེད་གཞན་རྣམས་སོ།"

11 ༡༡་ །གཏམ་དེ་འཆོལ་གཏམ་དུ་སྣང་བས་དེ་རྣམས་ཡིད་མ་ཆེས་ཏེ།"

12 ༡༢་ །པེ༷་ཏྲོ་ལངས་ནས་བརྒྱུག་ཅིང་སྤུར་ཁང་ལ་སོང་སྟེ། དགུས་ནས་བལྟས་པས། སྤུར་རས་དེ་ལོགས་ལ་བཞག་ནས་གཤེགས་ཟིན་པ་མཐོང་སྟེ། ཅི་བྱུང་བ་ལ་ངོ་མཚར་དུ་གྱུར་ཏོ།།"

13 ༡༣་ །ཞག་དེ་ཀར་སློབ་མ་གཉིས་ཡེ༷་རུ་ཤ་ལེམ་ནས་དཔག་ཚད་གཉིས་ལ་ཡོད་པའི་ཨེ༷་མ་ཨུ་བྱ་བའི་ཡུལ་ལ་འགྲོ་མུར།"

14 ༡༤་ ཅི་འབྱུང་བ་ཐམས་ཅད་ཀྱི་སྐོར་དུ་གླེང་ངོ་།"

15 ༡༥་ །ཕན་ཚུན་གླེང་བའི་ཚེ་ཡེ་ཤུ་རང་ཉིད་དེ་དག་དང་ཉེ་བར་ཕེབས་ནས་མཉམ་དུ་གཤེགས་ཀྱང་།"

16 ༡༦་ དེ་དག་གི་མིག་བསྒྲིབས་པས་ངོ་མ་ཤེས་སོ།"

17 ༡༧་ །ཁོང་གིས། འགྲོ་མུར་ལབ་པའི་གཏམ་འདི་ཅི་ཡིན་གསུངས་ནས། དེ་དག་སེམས་སྐྱོ་ཞིང་ཀྲོང་ངེར་བསྡད་དོ།"

18 ༡༨་ །དེ་ནས་ཀ༷་ལོ་པ་བྱ་བ་དེས། ཡེ༷་རུ་ཤ་ལེམ་ལ་སོང་བའི་དཀྱིལ་ནས། དེང་སང་དེར་བྱུང་བ་རྒྱུས་མེད་པ་དེ་ཁྱེད་གཅིག་པུ་ཡིན་ནམ་ཞུས་པས།"

19 ༡༩་ ཁོང་གིས་གང་བྱུང་སོང་གསུངས་པས། དེ་དག་གིས། ཨེ་ལོ་ཧིམ་དང་མི་སྡེ་ཡོངས་ཀྱི་ཞལ་ངོར་མཛད་པ་དང་གསུང་མཐུ་ལྡན་གྱི་ཕ༷་རོ་པེ་ཏེ་པ་ཡིན་པའི་ན༷་ཙ་རེད་པ་ཡེ་ཤུ་ལ་བྱུང་བ་རྣམས་སོ།"

20 ༢༠་ །ལེ༷་ཝི་ཆེན་དང་ང་ཚོའི་དཔོན་པོ་རྣམས་ཀྱི་ཁོང་གསོད་པའི་ཁྲིམས་ལ་བཏད་ནས། རྒྱང་ཤིང་ལ་བརྐྱངས་ནས་བཀྲོངས་སོ།"

21 ༢༡་ །ཁོང་གིས་ཡི༷ས་ར་ཨེལ་སྐྱབ་འོང་བ་ལ་ང་ཚོས་རེ་བ་བྱས་ཀྱང་། བྱ་བ་དེ་ཐམས་ཅད་བྱུང་ནས་ད་ཞག་གསུམ་སོང་།"

22 ༢༢་ དེ་ནས་ང་ཚོའི་ནང་ནས་བུད་མེད་རེ་སྔ་དྲོ་སྤུར་ཁང་ལ་སོང་བས།"

23 ༢༣་ སྤུར་མ་ཐོབ་པར། ཁོང་སྐུ་གསོན་པོར་བཞེངས་ཟེར་བའི་ཨ༷ན་ཇལ་གྱི་ཞལ་གཟིགས་མཐོང་ཟེར་ཞིང་འོངས་ནས་ང་ཚོ་ངོ་མཚར་དུ་གྱུར་ཏོ།"

24 ༢༤་ །ང་ཚོའི་ཁྲོད་ནས་ཀྱང་ཁ་ཅིག་སྤུར་ཁང་ལ་སོང་ནས། བུད་མེད་ཀྱིས་བཤད་པ་ལྟར་མཐོང་། ཁོང་ནི་མ་མཇལ་ཏོ་ཞུས་སོ།"

25 ༢༥་ །ཁོང་གིས། བླུན་པོ་ཁྱོད། ཕ༷་རོ་པེ་ཏེ་པ་རྣམས་ཀྱིས་བཤད་པར་ཡིད་མ་ཆེས་པའི་བློ་དྲེད་པོ་ཁྱོད།"

26 ༢༦་ མ་ཤི་ཀ་ཉིད་ཀྱི་དཔལ་ལ་ལོངས་སྤྱོད་པའི་ཕྱིར་སྡུག་བསྔལ་མྱོང་དགོས་པ་མི་ཤེས་སམ་གསུངས་ནས།"

27 ༢༧་ མོ༷་ཤེ་དང་ཕ༷་རོ་པེ་ཏེ་པ་ཐམས་ཅད་ནས་འགོ་བཙུགས་ཏེ། བི༷་བལ་ཐམས་ཅད་ནང་ཉིད་ཀྱི་སྐོར་དུ་བྲིས་པ་རྣམས་ཀྱི་དོན་བཤད་པར་མཛད་དོ།"

28 ༢༨་ །དེ་གཉིས་འགྲོ་བའི་ཡུལ་ལ་ཉེ་བ་དང་། ཁོང་དེ་ནས་ཕར་ཙམ་ཕེབས་པ་ལྟར་མཛད་པས།"

29 ༢༩་ དེ་དག་གིས་ཁོང་ལ། སྲོད་རུབ་ཏུ་ཉེ་བས། ང་ཚོ་མཉམ་བཞུགས་ཞུས་ནས་ཨུ་ཚུགས་ཕུལ་བ་དང་། ཁོང་དེ་དག་མཉམ་བཞུགས་ཕྱིར་ནང་ལ་ཕེབས་སོ།"

30 ༣༠་ །དེ་གཉིས་དང་མཉམ་དུ་གསོལ་བ་བཞེས་པའི་ཚེ། བག་ལེབ་ཕྱག་ཏུ་བཞེས་ནས། བྱིན་རླབས་མཛད་དེ། བཅག་ནས་དེ་དག་ལ་གནང་བས།"

31 ༣༡་ དེ་དག་གི་མིག་ཕྱེ་སྟེ། ཁོང་ངོ་ཕྲོད་པ་དང་། ཁོང་མི་སྣང་བར་གྱུར་ཏོ།"

32 ༣༢་ །དེ་དག་གིས་འདི་སྐད་དུ། ལམ་ལ་ཁོང་གིས་ང་ཚོར་གསུང་གླེང་མཛད་ཅིང་། བི་བལ་གྱི་དོན་བཀྲོལ་དུས་སུ། ང་ཚོའི་སྙིང་མ་དྲོས་སམ། ཞེས་ཕན་ཚུན་ཟེར་ཞིང་།"

33 ༣༣་ དེ་མ་ཐག་མལ་ལས་ལངས་ཏེ་ཡེ༷་རུ་ཤ་ལེམ་དུ་ལོག་ནས།"

34 ༣༤་ ཀྱུ་རི་བོ་བདེན་པར་བཞེངས་པ་ཡིན། ཤི༷་མོན་གྱིས་མཇལ་ཏོ་ཟེར་བའི་བཅུ་གཅིག་པོ་དང་། དེར་འདུས་ཡོད་པ་རྣམས་དང་ཕྲད་ནས།"

35 ༣༥་ དེ་གཉིས་ཀྱིས་ལམ་བར་དུ་བྱུང་བ་དང་། བག་ལེབ་བཅག་དུས་སུ་ཁོང་མངོན་པ་དེ་བཤད་དོ།།"

36 ༣༦་ །དེ་ཟེར་བའི་འཕྲོ་ལ། ཡེ་ཤུ་དེ་རྣམས་ཀྱི་དཀྱིལ་དུ་བཞེངས་ཡོད་དོ།"

37 ༣༧་ །དེ་ཚོ་འདྲོགས་ཤིང་འཇིགས་ནས། ས༷་ཏན་མཐོང་ངོ་བསམས་པ་ལས།"

38 ༣༨་ ཁོང་གིས་ཅི་ལ་འདྲོགས། ཐེ་ཚོམ་ཅི་ལ་སྐྱེད།"

39 ༣༩་ ང་རང་ཡིན་པ་ངའི་རྐང་ལག་ལ་ལྟོས། ང་ལ་རེག་ནས་ལྟོས། ས༷་ཏན་ལ་ཤ་དང་རུས་པ་མེད་ཅིང་། ང་ལ་ཡོད་པ་ཁྱེད་ཀྱིས་མཐོང་ངོ་གསུངས་ནས།"

40 ༤༠་ ཕྱག་དང་ཞབས་བསྟན་པར་མཛད་དོ།"

41 ༤༡་ དེ་ཚོ་དགའ་དྲགས་ནས་ད་དུང་འང་ཡིད་མ་ཆེས་པར། ངོ་མཚར་དུ་གྱུར་བས། ཁོང་གིས། འདིར་ཟ་རྒྱུ་ཞིག་ཡོད་དམ་གསུངས་ནས།"

42 ༤༢་ ཉ་བརྔོས་པ་དུམ་པོ་ཞིག་ཕུལ་བས།"

43 ༤༣་ དེ་ཚོའི་མདུན་དུ་བཞེས་སོ།"

44 ༤༤་ །དེ་ནས་དེ་ཚོར། ང་ཁྱེད་དང་མཉམ་དུ་ཡོད་དུས་སུ། འདི་སྐད་དུ། མོ༷་ཤེའི་བཀའ་ཁྲིམས་དང་། ཕ༷་རོ་པེ་ཏེ་པ་དང་། གསུང་མགུར་རྣམས་ནང་ངའི་སྐོར་དུ་བྲིས་པ་ཐམས་ཅད་འགྲུབ་དགོས་སོ་ཞེས་སྨྲས་པ་ཡིན་གསུངས་སོ།"

45 ༤༥་ །དེ་ནས་བི་བལ་གྱི་དོན་གོ་བའི་ཕྱིར་དེ་ཚོའི་ཤེས་པ་གསལ་བར་མཛད་དེ།"

46 ༤༦་ གསུངས་པ། འདི་ལྟར་བྲིས་འདུག་སྟེ། མ་ཤི་ཀ་སྡུག་བསྔལ་མྱང་ནས། ཞག་གསུམ་པ་ལ་གཤིན་པོའི་ཁྲོད་ནས་བཞེང་བར་འགྱུར།"

47 ༤༧་ ཡེ༷་རུ་ཤ་ལེམ་ནས་འགོ་བཙུགས་ཏེ། མི་བརྒྱུད་ཐམས་ཅད་ལ་ཁོང་གི་མཚན་གྱི་སྒོ་ནས་ཡིན་པའི། འགྱོད་ཚངས་དང་། སྡིག་པ་སེལ་བའི་འཆད་འོང་ངོ་།"

48 ༤༨་ །ཁྱེད་ནི་བྱ་བ་དེ་རྣམས་ཀྱི་དཔང་པོ་ཡིན་ནོ།"

49 ༤༩་ །ངའི་ཡབ་ཀྱིས་ཞལ་ཆད་མཛད་པ་དེ། ངས་ཁྱེད་ལ་གཏང་བས། སྟེང་ནས་མཐུ་སྟོབས་ཀྱིས་ཁྱབ་པའི་བར་དུ་ཡེ༷་རུ་ཤ་ལེམ་གྱི་ནང་སྒུག་ཅིག་ཅེས་བཀའ་གནང་ངོ་།།
།དེ་ཚོ་བེ༷ད་ཨན་ཡཱ་ཐུག་ཕར་འཁྲིད་ནས། ཕྱག་བཏེགས་ནས་དེ་ཚོར་བྱིན་གྱིས་བརླབས་སོ།"

51 ༥༡་ །བྱིན་རླབས་མཛད་པའི་རིང་ལ་དེ་ཚོ་དང་བྲལ་ནས། ནམ་མཁར་གདན་དྲངས་སོ།"

52 ༥༢་ །དེ་ཚོས་པུས་མོ་ས་ལ་འཛུགས་ནས། ཡི་རང་ཞིང་ཡེ༷་རུ་ཤ་ལེམ་དུ་ལོག་སྟེ།"

53 ༥༣་ དུས་རྒྱུན་དུ་སྨོན་ལམ་ཁང་དུ་སྡོད་ཅིང་ཨེ་ལོ་ཧིམ་ལ་བསྟོད་དོ།། །།"

3

1 ༡་ །རྒྱལ་པོ་ཏེ༷་བེར་ཡུས་སྲིད་བྱེད་པའི་ལོ་བཅོ་ལྔ་པར། པོ༷ན་ཏིའུ་པི་ལ་ཏུ། ཡ༷་ཧུ་དཱའི་སྤྱི་ཁྱབ་དང་། ཧེ༷་རོ་དེ་ག༷་ལིལ་ཡུལ་གྱི་ལྗོངས་དཔོན་དང་། དེའི་ནུ་བོ་ཕི༷་ལིབ་ནི་ཨི༷་ཏུ་ར་ཡཱ་དང་ཏྲ༷་ཀོ་ནི་ཏིའི་ལྗོངས་དཔོན་དང་། ལི༷་སན་ཡ། ཨ༷་བི་ལེ་ནེའི་ལྗོངས་དཔོན་དང་།"

2 ༢་ ཨ༷ན་ན་དང་ཀ༷་ཡ་ཕ་ལེ༷་ཝི་ཆེན་ལ་ཡོད་དུས་སུ། ཟ༷་ཀར་ཡཱའི་བུ་ཡོ༷་ཧ་ནན་ལ་འབྲོག་སྟོང་ནང་ཨེ་ལོ་ཧིམ་གྱི་བཀའ་བྱུང་བས།"

3 ༣་ ཡོ༷ར་དན་ཆུ་བོའི་མཐའ་འཁོར་གྱི་ལྗོངས་ཐམས་ཅད་ལ་ཕེབས་ཏེ། སྡིག་པ་སེལ་བའི་དོན་དུ། འགྱོད་ཚངས་ཀྱི་བ༷བ་ཐི་སོ་བླངས་པས་སློབ་འཁྲིད་དོ།"

4 ༤་ །ཕ༷་རོ་པེ་ཏེ་པ་ཡེ༷་ཤ་ཡཱའི་མདོ་ན། །འབྲོག་སྟོང་ནང་གི་སྐད་དེ་ཡིས། །ཀྱུ་རི་བོའི་གཤེགས་ལམ་བྱོས་ཤིག་དང་། །ཁོང་གི་ཕེབས་ལམ་སྲོང་ཞིག་ཟེར།"

5 ༥་ །ལུང་པ་ཐམས་ཅད་བཀང་འགྱུར་ཞིང་། །རི་དང་སྒང་རྣམས་ཕབ་པར་འགྱུར། །ལམ་ཀྱོག་ཅན་ནི་སྲོང་བར་འགྱུར། རྩུབ་པ་ཐམས་ཅད་སྙོམ་པར་འགྱུར།"

6 ༦་ །དེ་ཡི་རྗེས་སུ་ཨེ་ལོ་ཧིམ་གྱི། །ཐར་པ་མི་ཡིས་མཐོང་བར་འགྱུར། ཞེས་བྲིས་པ་བཞིན་ནོ།"

7 ༧་ བ༷བ་ཐི་སོ་ལེན་དུ་འོང་བའི་མི་ཚོགས་ལ་ཁོང་གིས། དུག་སྦྲུལ་གྱི་རྒྱུད་ཁྱོད། འོང་བའི་ཐུགས་ཁྲོ་ལས་ཁྱོད་ཚོ་བྲོས་པ་སུས་བསྟན།"

8 ༨་ འགྱོད་ཚངས་དང་མཚུངས་པའི་འབྲས་བུ་སྐྱེད་ཅིག །ཨ༷བ་ར་ཧམ་ང་ཚོའི་ཡབ་ཡིན་མ་སེམས་ཤིག ངས་ཁྱོད་ལ་ཟེར། ཨེ་ལོ་ཧིམ་གྱིས་རྡོ་འདི་རྣམས་ནས་ཨ༷བ་ར་ཧམ་ལ་བུ་བརྒྱུད་སྐྱེད་པར་ནུས།"

9 ༩་ ད་ཤིང་སྡོང་རྣམས་ཀྱི་རྩ་བར་སྟ་རེ་བཞག་ཡོད་པས། འབྲས་བུ་བཟང་པོ་མི་སྐྱེད་པ་རེ་རེ་བཅད་དེ་མེ་ལ་འདེབས་སོ་གསུངས་པ་དང་།"

10 ༡༠་ མི་ཚོགས་ཀྱིས་ཁོང་ལ། འོ་ན་ང་ཚོས་ཅི་བྱ་ཞུས།"

11 ༡༡་ ཁོང་གིས་ལན་དུ། གོས་གཉིས་ཡོད་པ་དེས་མེད་མཁན་ལ་བགོས་ནས་སྦྱིན་ཞིག །ཟ་རྒྱུ་ཡོད་པས་ཀྱང་དེ་བཞིན་དུ་བྱོས་ཤིག་གསུངས་སོ།"

12 ༡༢་ ཤོ་གམ་པའང་འོངས་ནས་བ༷བ་ཐི་སོ་བླངས་ཏེ་ཁོང་ལ། རྒན་ལགས་ང་ཚོས་ཅི་བྱ་ཞུས་པ་དང་།"

13 ༡༣་ །ཁོང་གིས། ལེན་དགོས་པ་ལས་ལྷག་མ་ལེན་ཞིག་གསུངས་སོ།"

14 ༡༤་ །དམག་མིས་ཀྱང་ཁོང་ལ། ང་ཚོས་ཅི་བྱ་ཞུས་པས་ཁོང་གིས། དབང་དང་སྙད་ཀྱིས་སུ་ཡང་མ་ཕྲོག །ཕོག་ལ་ཆོག་ཤེས་གྱིས་ཤིག་གསུངས་སོ།"

15 ༡༥་ །མི་སྡེ་མ་ཤི་ཀ་ལ་སྒུག་ཅིང་ཡོད་པས། ཐམས་ཅད་ཀྱི་སྙིང་ནང་ཡོ༷་ཧ་ནན་ནི་དེ་མ་ཡིན་ནམ་བསམས་པ་དང་།"

16 ༡༦་ ཡོ༷་ཧ་ནན་གྱིས་མི་ཚོགས་ལ། ངས་ཁྱོད་ཚོ་ལ་ཆུའི་བ༷བ་ཐི་སོ་གཏོང་གིས། ང་ལས་དབང་ཆ་ཆེ་བ་དེ་ཕེབས་སོ། ང་ཁོང་གི་ཞབས་ལྷམ་གྱི་སྒྲོག་བུ་སྒྲོལ་དུའང་འོས་མ་ཡིན། ཁོང་གིས་ཁྱེད་ཚོར་དམ་པའི་རུ་ཨག་དང་མེའི་བ༷བ་ཐི་སོ་གནང་བར་འགྱུར་རོ།"

17 ༡༧་ །ཁོང་རང་གི་གཡུལ་ཁ་ལ་བྱི་དོར་མཛད་པ་དང་། གྲོ་བང་མཛོད་དུ་བསྡུ་ཕྱིར་ཕྱག་ན་འབྲབ་གཞོང་ཡོང་། ཕུབ་མ་ནི་འཆི་བ་མེད་པའི་མེས་སྲེག་པར་འགྱུར་གསུངས་སོ།"

18 ༡༨་ །དེ་འདྲ་བའི་ཞལ་གདམས་མང་པོ་མཛད་ཅིང་། མི་སྡེ་ལ་འཕྲིན་བཟང་བཤད་དོ།"

19 ༡༩་ །ལྗོངས་དཔོན་ཧེ༷་རོ་དེས། གང་ལ་ཡོ༷་ཧ་ནན་གྱི་ཞལ་ནས་ཁོའི་ནུ་བོའི་ཆུང་མ་ཧེ༷་རོད་ཡཱའི་སྐོར་དང་། ཧེ༷་རོ་དེས་བྱས་པའི་ལས་ངན་ཐམས་ཅད་ཀྱི་ཕྱིར་བཀའ་བཀྱོན་བྱུང་།"

20 ༢༠་ ལས་ངན་གྱི་སྣོན་མར་ཡོ༷་ཧ་ནན་བཙོན་དུ་བཅུག་གོ།"

21 ༢༡་ །མི་ཐམས་ཅད་ལ་བ༷བ་ཐི་སོ་གཏོང་བའི་ཚེ། ཡེ་ཤུ་ལའང་སྐུ་བ༷བ་ཐི་སོ་བཞེས་ནས། སྨོན་ལམ་འདེབས་པ་དང་། ནམ་མཁའ་བྱེས་ཏེ། "

22 ༢༢་ དམ་པའི་རུ་ཨག་གཟུགས་དང་ལྡན་ཅིང་ཕུག་རོན་ལྟར་ཁོང་གི་སྟེང་དུ་བབས་ནས། ནམ་མཁའ་ནས་སྒྲ་ཞིག་གིས། ཁྱེད་ནི་ང་རབ་ཏུ་དགའ་བའི་ངའི་སྲས་གཅིག་པོ་ཡིན་གསུངས་སོ།།"

23 ༢༣་ །ཡེ་ཤུས་ཐོག་མར་རང་གི་མཛད་འཕྲིན་གཞན་ལ་མངོན་པའི་ཚེ་དགུང་ལོ་སུམ་ཅུ་ཙམ་ཡོད་དོ། །མི་རྣམས་ཀྱི་སྣང་ངོར་ཡོ༷་སེབ་ཀྱི་བུ་ཡིན་པ་དང་། དེ་ནི་ཨེ༷་ལིའི་བུ།"

24 ༢༤་ དེ་མད་ཐད་ཀྱི་བུ། དེ་ལེ༷་ཝིའི་བུ། དེ་མེ༷ལ་ཀའི་བུ། དེ་ཡ༷ན་ནའི་བུ། དེ་ཡོ༷་སེབ་ཀྱི་བུ།"

25 ༢༥་ དེ་མ༷ད་ཏ་ཐའི་བུ། དེ་ཨ༷་མོའི་བུ། དེ་ན༷་ཧུམ་གྱི་བུ། དེ་ཨེ༷ས་ལིའི་བུ། །དེ་ན༷ག་གའི་བུ།"

26 ༢༦་ །དེ་མ༷་ཨད་ཀྱི་བུ། དེ་མ༷ད་ཏ་ཐའི་བུ། དེ་སེ༷་མའི་བུ། དེ་ཡོ༷་སེག་གི་བུ། དེ་ཡུ༷་དཱ་དའི་བུ།"

27 ༢༧་ །དེ་ཡོ༷་ཧ་ནན་གྱི་བུ། དེ་རེ༷་སའི་བུ། དེ་ཟེ༷་རུ་བ་བེལ་གྱི་བུ། དེ་ཤ༷་ཨལ་ཏི་ཨེལ་གྱི་བུ། དེ་ནེ༷་རིའི་བུ།"

28 ༢༨་ །དེ་མེ༷ལ་ཀིའི་བུ། དེ་ཨ༷ད་དིའི་བུ། དེ་ཀོ༷་སམ་གྱི་བུ། དེ་ཨེ༷ལ་མ་དམ་གྱི་བུ། དེ་ཨེ༷ར་གྱི་བུ།"

29 ༢༩་ དེ་ཡེ༷་སུའི་བུ། དེ་ཨེ༷་ལི་ཨེ་ཟེར་གྱི་བུ། དེ་ཡོ༷་རིམ་གྱི་བུ། དེ་མ༷ད་ཐད་ཀྱི་བུ། དེ་ལེ༷་ཝའི་བུ།"

30 ༣༠་ དེ་ཤི༷མ་ཨོན་གྱི་བུ། དེ་ཡུ༷་དཱའི་བུ། དེ་ཡོ༷་སེབ་ཀྱི་བུ། དེ་ཡོ༷་ནམ་གྱི་བུ། དེ་ཨེ༷ལ་ཡ་ཀིམ་གྱི་བུ།"

31 ༣༡་ དེ་མེ༷་ལི་ཨའི་བུ། དེ་མ༷ན་ནའི་བུ། དེ་མ༷ད་ཏ་ཐཱའི་བུ། དེ་ན༷་ཐན་གྱི་བུ། དེ་ད༷་བིད་ཀྱི་བུ།"

32 ༣༢་ དེ་ཨི༷་ཤཱའི་བུ། དེ་ཨོ༷་བེད་ཀྱི་བུ། དེ་བོ༷་ཨ་ཟའི་བུ། དེ་ས༷ལ་མོན་གྱི་བུ། དེ་ན༷་ཧ་ཤོན་གྱི་བུ།"

33 ༣༣་ དེ་ཨ༷་མི་ན་དབ་ཀྱི་བུ། དེ་ཨ༷ད་མིའི་བུ། དེ་ཨ༷ར་མིའི་བུ། དེ་ཧེ༷ས་རོན་གྱི་བུ། དེ་ཕེ༷་རེས་ཀྱི་བུ། དེ་ཡུ༷་དཱའི་བུ།"

34 ༣༤་ དེ་ཡ༷་ཀོབ་ཀྱི་བུ། དེ་ཨི༷་སག་གི་བུ། དེ་ཨ༷བ་ར་ཧམ་གྱི་བུ། དེ་ཐ༷་རའི་བུ། དེ་ན༷་ཀོར་གྱི་བུ།"

35 ༣༥་ དེ་སེ༷་རུག་གི་བུ། དེ་རེ༷་ཨུའི་བུ། དེ་ཕེ༷་ལེག་གི་བུ། དེ་ཨེ༷་བེར་གྱི་བུ། དེ་ཤ༷་ལའི་བུ།"

36 ༣༦་ དེ་ཀེ༷་ནན་གྱི་བུ། དེ་ཨ༷ར་ཕག་ཤད་ཀྱི་བུ། དེ་ཤེ༷མ་གྱི་བུ། དེ་ནོ༷་ཨའི་བུ། དེ་ལ༷་མེག་གི་བུ།"

37 ༣༧་ དེ་མ༷་ཐུ་ས་ལའི་བུ། དེ་ཧེ༷་ནོག་གི་བུ། དེ་ཡ༷་རེད་ཀྱི་བུ། དེ་མ༷་ལལ་ཨེལ་གྱི་བུ། དེ་ཀེ༷་ནན་གྱི་བུ།"

38 ༣༨་ དེ་ཨེ༷་ནོས་ཀྱི་བུ། དེ་ཤེ༷ད་ཀྱི་བུ། དེ་ཨ༷་དམ་གྱི་བུ། དེ་ཨེ་ལོ་ཧིམ་གྱི་སྲས་སོ།། །།"

4

1 ༡་ །ཡེ་ཤུ་དམ་པའི་རུ་ཨག་གིས་གང་སྟེ། ཆུ་བོ་ཡོ༷ར་དན་ནས་ཕྱིར་ཕེབས་པ་དང་། རུ་ཨག་གིས་ཞག་བཞི་བཅུའི་བར་དུ་འབྲོག་སྟོང་དུ་ཁྲིད་དོ།"

2 ༢་ ས༷་ཏན་གྱིས་ཁོང་གི་ཐུགས་སད་དོ། དེ་ཙ་ན་ཁོང་གིས་གསོལ་བ་ཅིའང་མ་བཞེས་པས། བཞག་ཚང་བ་དང་བཀྲེས་སོ།"

3 ༣་ ས༷་ཏན་གྱིས་ཁོང་ལ། ཨེ་ལོ་ཧིམ་གྱི་སྲས་ཡིན་ན། རྡོ་འདི་བག་ལེབ་ཏུ་འགྱུར་བའི་བཀའ་གནོང་ཞིག་ཞུས་པ་དང་།"

4 ༤་ ཡེ་ཤུས་བཀའ་ལན་དུ། མདོ་ན་མི་ནི་བག་ལེབ་གཅིག་པུས་མི་འཚོ་ཞེས་བྲིས་འདུག་གསུངས་སོ།"

5 ༥་ །ད་ནས་མཐོན་པོར་ཁྲིད་དེ། འཇིག་རྟེན་གྱི་རྒྱལ་ཁམས་ཐམས་ཅད་ལྷན་ཅིག་ཏུ་བསྟན་ཏེ།"

6 ༦་ ས༷་ཏན་གྱིས། འདི་ཐམས་ཅད་ཀྱི་དབང་དང་དཔལ་ངའི་ལག་ཏུ་ཡོད་ཅིང་། ངས་སུ་ལ་དགའ་བ་དེ་ལ་གཏོང་བས། ཁྱེད་ལ་འབུལ་བར་བྱའོ།"

7 ༧་ །གལ་ཏེ་ཁྱེད་ཀྱིས་ང་ལ་ཕྱག་འཚལ་ན། ཐམས་ཅད་ཁྱེད་ཀྱི་ཡིན་པར་འགྱུར་རོ་ཞུས་སོ།"

8 ༨་ །ཡེ་ཤུས་བཀའ་ལན་དུ། རང་གི་ཨེ་ལོ་ཧིམ་ཀྱུ་རི་བོ་ལ་པུས་མོ་ས་ལ་འཛུགས་ཞིང་། ཁོང་འབའ་ཞིག་ལ་བཀུར་སྟི་བྱོས་ཤིག་ཅེས་བྲིས་འདུག་གསུངས་སོ།"

9 ༩་ །དེ་ནས་ཁོང་ཡེ༷་རུ་ཤ་ལེམ་ལ་ཁྲིད་དེ་སྨོན་ལམ་ཁང་གི་དབུ་རྩེར་བཞག་ནས་ཁོང་ལ།།"

10 ༡༠་ ཁྱེད་ནི་སྲུང་ཕྱིར་ཨ༷ན་ཇལ་ལ་བཀའ་གནང་ཞིང་། །རྡོ་ལ་ཁྱེད་ཀྱི་ཞབས་ནི་མི་ཕོག་ཕྱིར།"

11 ༡༡་ །དེ་ཚོའི་ལག་པར་ཁྱེད་ནི་འཁུར་བར་འགྱུར།། ཞེས་བྲིས་པས། ཁྱེད་ཨེ་ལོ་ཧིམ་གྱི་སྲས་ཡིན་ན། འདི་ནས་མར་ལྕེབ་པར་མཛོད་ཞུས་པ་དང་།"

12 ༡༢་ ཡེ་ཤུས་བཀའ་ལན་དུ། རང་གི་ཨེ་ལོ་ཧིམ་ཀྱུ་རི་བོའི་ཐུགས་མ་སད་ཅིག་ཅེས་པའི་གསུང་ཡང་འདུག་གསུངས་སོ།"

13 ༡༣་ ས༷་ཏན་གྱིས་ཐུགས་སད་ཟིན་པ་དང་། རེ་ཞིག་ཁོང་ལས་བྲལ་ཏོ།།"

14 ༡༤་ །ཡེ་ཤུ་རུ་ཨག་གི་དབང་དང་ལྡན་ཏེ། ག༷་ལིལ་ཡུལ་དུ་ཕྱིར་ལོག་ཕེབས་པ་དང་། ཡུལ་འཁོར་ཡོངས་སུ་ཁོང་གི་སྙན་གྲགས་ཁྱབ་བོ།"

15 ༡༥་ །སི༷ན་ན་གོས་རྣམས་ཀྱི་ནང་སློབ་ཁྲིད་མཛད་པས་ཐམས་ཅད་ཀྱིས་ཁོང་ལ་བསྟོད་དོ།"

16 ༡༦་ ཡེ་ཤུ་སྐྱེད་སྲིངས་པའི་ན༷་ཙ་རེད་དུ་བྱོན་ནས་དུས་རྒྱུན་ལྟར། ཤ༷བ་བད་ཀྱི་ཞག་ལ་སིན་ན་གོས་ཏུ་ཕེབས་ཏེ། ཀློག་ཏུ་བཞེངས་པ་ལས།"

17 ༡༧་ ཕ༷་རོ་པེ་ཏེ་པ་ཡེ༷་ཤ་ཡའི་མདོ་ཕུལ་ནས། ཁོང་གིས་མདོ་ཕྱེས་ནས་འདི་ལྟར།།"

18 ༡༨་ །ཀྱུ་རི་བོའི་རུ་ཨག་ང་ཡི་སྟེང་ལ་གནས། །དབུལ་འཕོངས་རྣམས་ལ་འཕྲིན་བཟང་སྒྲོག་ཕྱིར་དུ། ཁོང་གིས་ང་ལ་སྣུམ་གྱིས་བྱུགས་མཛད་དོ། བཙོན་པར་སྒྲོལ་དང་ལོང་བར་མིག་དང་ནི། །མནན་པ་བཏང་བའི་འཕྲིན་བཟང་སྒྲོག་ཕྱིར་དང་།"

19 ༡༩་ །ཀྱུ་རི་བོའི་ཐུགས་རྗེའི་ནམ་ལོ་སྒྲོག་ཕྱིར་མངགས།། ཞེས་བྲིས་ཡོད་པའི་མཚམས་བརྙེད་དོ།"

20 ༢༠་ །བཀླགས་ནས་མདོ་བསྒྲིལ་ཏེ། ཞབས་ཏོག་པ་ལ་གནང་ནས་བཞུགས་པ་དང་། སི༷ན་ན་གོས་སུ་ཡོད་པ་ཐམས་ཅད་ཀྱིས་ཁོང་ལ་མིག་ཅེར་རེ་ལྟ་ཞིང་།"

21 ༢༡་ ཁོང་གིས། དེ་རིང་ཁྱེད་ཀྱིས་རྣ་བས་ཐོས་སར་གསུང་འདི་གྲུབ་བོ་གསུངས་སོ།"

22 ༢༢་ །ཐམས་ཅད་ཀྱིས་ཁོང་ལ་བསྔགས་ཤིང་། ཁོང་གི་ཞལ་ནས་ཐོན་པའི་གསུང་སྙན་པོར་ངོ་མཚར་དུ་གྱུར་ནས། ཡོ༷་སེབ་ཀྱི་བུ་དེ་མ་ཡིན་ནམ་ཞེས་ཕན་ཚུན་སྨྲས་སོ།"

23 ༢༣་ །ཁོང་གིས་འདི་སྐད་དུ་ཁྱེད་ཀྱིས་ང་ལ་ཨམ་ཆི་ཁྱེད་རང་གསོས་ཤིག་ཞེས་པའི་གཏམ་དཔེ་ང་ལ་སྦྱར་ཞིང་། ང་ཚོས་ཐོས་པའི་ཀ༷་ཕར་ན་ཧུམ་དུ་བྱུང་བ། རང་གི་ཕ་ཡུལ་འདི་རུའང་བྱོས་ཤིག་ཟེར་ཡོང་ལས་ཆེ།"

24 ༢༤་ །ཕ༷་རོ་པེ་ཏེ་པ་སུ་ལའང་རང་གི་ཡུལ་དུ་བཀུར་སྟི་མི་འབྱུང་ཞེས་ངས་ཁྱེད་ལ་བདེན་པར་ཟེར།"

25 ༢༥་ ཨེ༷་ལི་ཡཱའི་དུས་སུ་ལོ་གསུམ་དང་ཟླ་བ་དྲུག་གནམ་གྱི་ཆར་པ་ཆད་དེ། ས་གཞི་ཡོངས་ལ་མུ་གེ་ཆེན་པོ་བྱུང་བའི་ཚེ། ཡི༷ས་ར་ཨེལ་གྱི་ནང་མོ་རེང་མ་མང་པོ་ཡོད་ཀྱང་།"

26 ༢༦་ དེ་རྣམས་ཀྱི་རྩར་ཨེ༷་ལི་ཡཱ་མ་གནང་བར། ཚི༷་དོན་གྱི་གྲོང་ཁྱེར་ཚ༷ར་པད་ཀྱི་མོ་རེང་མའི་རྩར་གནང་ངོ་།"

27 ༢༧་ །ཕ༷་རོ་པེ་ཏེ་པ་ཨེ༷་ལི་ཤའི་དུས་སུ། ཡི༷ས་ར་ཨེལ་གྱི་ནང་ན་མཛེ་ཅན་མང་པོ་ཡོད་ཀྱང་། དེ་རྣམས་གཙང་མར་མ་མཛད་པར། སི༷ར་ཡ་པ་ན༷་ཨ་མན་གཙང་བར་མཛད་པ་བདེན་པ་ཡིན་གསུངས་སོ།"

28 ༢༨་ །གསུང་འདི་རྣམས་ཐོས་ནས་སི༷ན་ན་གོས་ན་ཡོད་པ་ཐམས་ཅད་ཤིན་ཏུ་ཁྲོས་ནས།"

29 ༢༩་ ལངས་ཏེ་ཁོང་གྲོང་ཁྱེར་ནས་བཏོན་ནས། གཡང་ལ་གཏང་ཕྱིར་གྲོང་ཁྱེར་ཆགས་ཡོད་པའི་རི་ཟུར་དུ་ཁྱེར་ཏོ།"

30 ༣༠་ །འོན་ཀྱང་ཁོང་དེ་རྣམས་ཀྱི་དཀྱིལ་ནས་བཞུད་ཅིང་ཕེབས་སོ།།"

31 ༣༡་ །ཁོང་ག༷་ལིལ་གྱི་གྲོང་ཁྱེར་ཀ༷་ཕར་ན་ཧུམ་དུ་བྱོན་པ་ལས། ཤ༷བ་བད་ཀྱི་ཞག་ལ་མི་རྣམས་ལ་སློབ་ཁྲིད་མཛད་དོ།"

32 ༣༢་ ཁོང་གི་བཀའ་དབང་དང་ལྡན་པས། ཁོང་གི་སློབ་ཁྲིད་མཛད་པ་ལ་ངོ་མཚར་དུ་གྱུར་ཏོ།"

33 ༣༣་ །སི༷ན་ན་གོས་ཀྱི་ནང་ས༷་ཏན་ཞུགས་ཤིག་ཡོད་དེ། དེས་སྐད་ཆེན་པོས།"

34 ༣༤་ ཀྱེ་ན༷་ཙ་རེད་པ་ཡེ་ཤུ། ཁྱེད་དང་ང་ཚོར་བྲེལ་བ་ཅི། ང་ཚོ་མེད་པར་མཛད་དུ་ཕེབས་སམ། ཁྱེད་སུ་ཡིན་ངས་ཤེས། ཁྱེད་ཨེ་ལོ་ཧིམ་གྱི་དམ་པ་དེ་ལགས་ཞུས་སོ།"

35 ༣༥་ ཡེ་ཤུས་བཀའ་བཀྱོན་མཛད་ཅིང་དེ་ལ། ཁ་རོག །ཁོང་གི་ནང་ནས་ཐོན་ཞེས་བཀའ་བསྒོ་བ་དང་། ས༷་ཏན་གྱིས་མི་དེ་མི་ཚོགས་ཀྱི་དཀྱིལ་དུ་བརྡབས་ནས། གནོད་པ་མ་བྱས་པར་འཐོན་སོང་ངོ་།"

36 ༣༦་ །ཐམས་ཅད་ངོ་མཚར་དུ་གྱུར་ཏེ་ཕན་ཚུན་སྨྲས་པ། བཀའ་འདི་ཅི་ཡིན། དབང་དང་མཐུ་ཡིས་ས༷་ཏན་ལ་བཀའ་གནང་ཞིང་། དེ་རྣམས་འཐོན་འགྲོའོ།"

37 ༣༧་ །དེ་ནས་ཁོང་གི་མཚན་གྲགས་ཡུལ་འཁོར་ཐམས་ཅད་ནང་ཁྱབ་བོ།།"

38 ༣༨་ སི༷ན་ན་གོས་ནས་བཞེངས་ཏེ་ཤི༷་མོན་གྱི་ཁྱིམ་དུ་ཕེབས་སོ། ཤི༷་མོན་གྱི་སྒྱུག་མོ་ལ་ཚ་བའི་ནད་ལྕི་བ་ཡོད་པས། དེའི་དོན་དུ་ཁོང་ལ་ཞུས་པ་དང་།"

39 ༣༩་ མོའི་རྩར་བཞེངས་ནས་ཚ་བའི་ནད་ལ་བཀའ་བཀྱོན་མཛད་པས། ཚ་བ་དངས་ནས། དེ་མ་ཐག་མོ་ལངས་ནས་ཞབས་ཕྱི་ཞུས་སོ།"

40 ༤༠་ །ཉི་མ་ནུབ་དུས་སུ་ནད་རིགས་སོ་སོའི་ནད་པ་ཐམས་ཅད་ཁོང་གི་དྲུང་དུ་དྲངས་པ་དང་། རེ་རེ་ལ་ཕྱག་བཞག་ནས་གསོ་བར་མཛད་དོ།"

41 ༤༡་ །ས༷་ཏན་རྣམས་ཀྱང་སྐད་ཆེན་པོས། ཁྱེད་ཨེ་ལོ་ཧིམ་གྱི་སྲས་ལགས། ཞུ་ཞིང་མང་པོའི་ནང་ནས་ཐོན་སོང་ངོ་དེ་རྣམས་ཀྱིས་ཁོང་མ་ཤི་ཀ་ཡིན་པ་ཤེས་པས་བཀའ་བཀྱོན་གནང་ཞིང་ལབ་ཏུ་མ་གནང་ངོ་།"

42 ༤༢་ སྔ་དྲོ་ཁོང་དབན་པར་ཕེབས་པ་དང་། མི་ཚོགས་ཀྱིས་ཁོང་བཙལ་ནས་དྲུང་དུ་འོངས་ཏེ། ཕར་མི་ཕེབས་པའི་ཕྱིར་ནན་གྱིས་ཞུ་ནའང་།"

43 ༤༣་ བཀའ་ལན་དུ། ཨེ་ལོ་ཧིམ་གྱི་རྒྱལ་སྲིད་ཀྱི་འཕྲིན་བཟང་འཆད་ཕྱིར་ང་མངགས་པས། གྲོང་ཁྱེར་གཞན་རྣམས་ལའང་འཆད་དགོས་སོ་གསུངས་ནས།"

44 ༤༤་ ག༷་ལིལ་གྱི་སི༷ན་ན་གོས་རྣམས་ནང་སློབ་ཁྲིད་མཛད་དོ།། །།"

5

1 ༡་ །ཨེ་ལོ་ཧིམ་གྱི་བཀའ་ཉན་པའི་ཕྱིར་མི་ཚོགས་འཚང་བའི་ཚེ། ཁོང་ག༷་ལིལ་མཚོ་འགྲམ་ན་མཆིས་ཤིང་།"

2 ༢་ མཚོ་འགྲམ་ན་གྲུ་གཉིས་གཟིགས་སོ། །ཉ་པ་ནི་གྲུ་ནས་ཐོན་ཏེ་ཉ་དོལ་འཁྲུ་ཞིང་ཡོད་དོ།"

3 ༣་ །ཤི༷་མོན་གྱི་ཡིན་པའི་གྲུའི་ནང་ཕེབས་ནས་དེ་ལ། སྐམ་ས་ནས་ཅུང་ཟད་ཕར་ཁྱེར་དུ་གསུངས་ནས། གདན་ཆགས་ཏེ་གྲུའི་ནང་ནས་མི་ཚོགས་ལ་སློབ་ཁྲིད་མཛད་དོ།"

4 ༤་ །གསུང་འཕྲོ་ཟིན་པ་དང་ཤི༷་མོན་ལ། གཏིང་ཟབ་སར་ཁྱེར་ལ་ཉ་འཛིན་ཕྱིར་ཉ་དོལ་ཐོང་ཞིག་གསུངས་སོ།"

5 ༥་ །ཤི་མོན་གྱིས། ཀྱུ་རི་བོ། མཚན་གང་དཀའ་ལས་བྱས་ཀྱང་ཅིའང་མ་བཟུང་། ད་ཁྱེད་ཀྱིས་གསུངས་པས་གཏང་ངོ་ཞུས་ནས།"

6 ༦་ དེ་ལྟར་བཏང་བས་ཉའི་ཚོགས་ཆེན་པོ་ཞིག་དགར་ནས། ཉ་དོལ་ཆད་པ་ལ་ཐུག་པས།"

7 ༧་ གྲུ་གཞན་གྱི་གྲོགས་པོ་རྣམས་ལ་རོགས་བྱེད་པའི་བརྡ་བཏང་ནས། དེ་རྣམས་འོངས་ཏེ། གྲུ་གཉིས་པོ་ནུབ་པ་ཙམ་བཀང་ངོ་།"

8 ༨་ །ཤི༷་མོན་པེ༷་ཏྲོས་དེ་མཐོང་བས་ཡེ་ཤུའི་ཞབས་ལ་འཐམ་ནས། ཀྱེ་ཀྱུ་རི་བོ། ང་སྡིག་ཅན་ཡིན་པས། ངའི་རྩ་ནས་ཕར་ཕེབས་ཤིག་ཞུས་སོ།"

9 ༩་ །ཁོ་དང་ཁོ་མཉམ་དུ་ཡོད་པ་ཐམས་ཅད་ཉ་ཚོགས་བཟུང་བ་དེ་མཐོང་ནས། ངོ་མཚར་དུ་གྱུར་ཏེ།"

10 ༡༠་ ཤི༷་མོན་གྱི་གྲོགས་པོ་ཟེ༷་བད་ཡཱའི་བུ་ཡ༷་ཀོབ་དང་ཡོ༷་ཧ་ནན་ཡང་དེ་ལྟར་གྱུར་ཏོ། །ཡེ་ཤུས་ཤི༷་མོན་ལ། མ་འཇིགས་ཤིག ཕྱིན་ཆད་ཁྱོད་ཀྱིས་མི་རྣམས་གཟུང་འོང་གསུངས་སོ།"

11 ༡༡་ །གྲུ་རྣམས་མཚོ་འགྲམ་ལ་བཏང་ནས་ཐམས་ཅད་སྤངས་ཏེ་ཁོང་གི་ཞབས་རྗེས་ལ་འབྲངས་སོ།།"

12 ༡༢་ ཁོང་གྲོང་ཁྱེར་ཞིག་ནང་བཞུགས་པའི་ཚེ། མཛེ་ཡིས་གང་བའི་མི་ ཞིག་གིས་མཇལ་བ་དང་། ལུས་ས་ལ་བརྡབས་ནས། ཀྱུ་རི་བོ་ལགས། ཐུགས་མཉེས་ན་ང་གཙང་བར་མཛད་ནུས་སོ་ཞེས་ཞུས།"

13 ༡༣་ །ཡེ་ཤུས་ཕྱག་བརྐྱངས་ཏེ། ཁོ་ལ་རེག་ནས། ང་འདོད་དོ། །གཙང་བར་གྱུར་ཅིག་གསུངས་པ་དང་། མཛེ་དག་གོ"

14 ༡༤་ །ཁོང་གིས་དེ་ལ། སོང་ལ། དག་པར་གྱུར་པ་མི་རྣམས་ཀྱིས་ཤེས་པའི་ཕྱིར་རང་གི་ལུས་གཙང་བར་འབུལ་བའི། མོ༷་ཤེས་བཀའ་གནང་བ་དེ་ཕུལ་ཞིག་བྱ་བ་དེ་སུ་ལའང་མ་འཆད་ཅེས་ཅི་ཙམ་བཀའ་གནང་བ།"

15 ༡༥་ དེ་ཙམ་གྱིས་ཁོང་གི་སྙན་གྲགས་དར་བས། མི་ཚོགས་རྣམས་ཁོང་གི་གསུང་ལ་ཉན་པ་དང་། ནད་གསོ་ཕྱིར་འདུས་སོ།"

16 ༡༦་ །ཁོང་ནི་དབེན་པར་སྨོན་ལམ་རྒྱབ་ལ་བཞུགས་སོ།"

17 ༡༧་ །ཞག་གཅིག་ཁོང་གིས་སློབ་ཁྲིད་མཛད་པའི་ཚེ། ག༷་ལིལ་དང་ཡ༷་ཧུ་དཱའི་ཡུལ་ཚོ་རྣམས་དང་ཡེ༷་རུ་ཤ་ལེམ་ནས་འོངས་པའི་ཕ༷་རུ་ཤི་པ་དང་མོ་ཤེའི་བཀའ་ཁྲིམས་ཀྱི་དགེ་རྒན་བསྡད་ཡོད་པ་ཡིན། ཡེ་ཤུ་ནད་རྣམས་སེལ་བའི་ཕྱིར་ཀྱུ་རི་བོའི་ཐུགས་དང་ལྡན་པས།"

18 ༡༨་ མི་འགས་གཟའ་ཕོག་གཅིག་ཉལ་ཁྲིའི་ཁར་འཁུར་ཏེ། ནང་དུ་ཁོང་གི་དྲུང་དུ་འཇོག་པའི་ཐབས་བཙལ་ཡང་།"

19 ༡༩་ མི་ཚོགས་མང་བའི་རྐྱེན་གྱིས། ནང་དུ་ཁྱེར་བའི་ལམ་མ་ཐོབ། ཐོག་ཁར་འཛེགས་ཏེ་ཐོག་ཤུས་ནས་མི་དེ་ཉལ་ཁྲི་དང་བཅས་མི་ཚོགས་ཀྱི་དཀྱིལ་དུ་ཡེ་ཤུའི་དྲུང་དུ་ཕེབས་སོ།"

20 ༢༠་ །དེ་རྣམས་ཀྱི་ཡིད་ཆེས་ལ་གཟིགས་ནས་གཟའ་ཕོག་ལ། མི་ཕོ་ཁྱོད་ཀྱི་སྡིག་པ་སེལ་ཟིན་གསུངས་སོ།"

21 ༢༡་ །མོ༷་ཤེའི་བཀའ་ཁྲིམས་མཁས་པ་དང་ཕ༷་རུ་ཤི་པ་རྣམས་ཀྱིས། སྐུར་པ་འདེབས་མཁན་འདི་སུ་ཡིན། ཨེ་ལོ་ཧིམ་གཅིག་པོས་མ་གཏོགས་སུས་སྡིག་པ་སེལ་ཐུབ་ཅེས་བསམས་པ་དང་།"

22 ༢༢་ ཡེ་ཤུས་དེ་མཁྱེན་ནས་དེ་རྣམས་ལ། སྙིང་ནང་ཅི་སེམས།"

23 ༢༣་ ཁྱོད་ཀྱི་སྡིག་པ་སེལ་ཟིན་ཟེར་ བ་སླ་འམ། ལངས་ཏེ་འགྲུལ་ཟེར་བ་སླ།"

24 ༢༤་ འོན་ཀྱང་མིའི་བུ་ལ་འཇིག་རྟེན་དུ་སྡིག་པ་སེལ་བའི་དབང་ཡོད་པ། ཁྱོད་ཚོས་ཤེས་པའི་ཕྱིར། ཞེས་གསུངས་ནས་གཟའ་ཕོག་དེ་ལ། ངས་ཁྱོད་ལ་ཟེར། ལོངས་ལ། ཉལ་ཁྲི་འཁུར་ནས་ཁྱིམ་དུ་སོང་ཞིག་གསུངས་སོ།"

25 ༢༥་ །དེ་མ་ཐག་ཁོ་དེ་ཚོའི་མདུན་དུ་ལངས་ཏེ་ཉལ་ཁྲི་ཁུར་ནས། ཨེ་ལོ་ཧིམ་ལ་བསྟོད་ཅིང་ཁྱིམ་དུ་སོང་ངོ་།"

26 ༢༦་ །ཐམས་ཅད་ངོ་མཚར་དུ་གྱུར་ཏེ། ཨེ་ལོ་ཧིམ་ལ་བསྟོད་དོ། །བག་ཚ་ཞིང་། དེ་རིང་ཁྱད་མཚར་ཞིག་མཐོང་བྱུང་ཞེས་སྨྲས་སོ།།"

27 ༢༧་ །དེའི་རྗེས་སུ་ཁོང་ཕྱིར་ཕེབས་ནས་ལེ༷་ཝི་བྱ་བའི་ཤོ་གམ་པ་ཤོ་ཁྲལ་ལེན་སར་བསྡད་ཡོད་པར་གཟིགས་ཏེ་དེ་ལ། ངའི་ཕྱག་ཕྱིར་འབྲོང་ཞིག་གསུངས་པ་དང་།"

28 ༢༨་ དེས་ཐམས་ཅད་སྤངས་ཏེ། ལངས་ནས་ཁོང་གི་ཕྱི་བཞིན་འབྲངས་སོ།"

29 ༢༩་ །ལེ༷་ཝིས་རང་གི་ཁྱིམ་དུ་ཁོང་ལ་མགྲོན་ཆེན་པོ་ཕུལ་ནས། ཁོང་རྣམས་དང་མཉམ་དུ་ཤོ་གམ་པ་དང་གཞན་མི་ཚོགས་ཀྱིས་ཀྱང་ཟོས་སོ།"

30 ༣༠་ །ཕ༷་རུ་ཤི་པ་དང་མོ༷་ཤེའི་བཀའ་ཁྲིམས་མཁས་པ་རྣམས་ཀྱིས་སློབ་མ་རྣམས་ལ་ཟུར་ཟ་ཞིང་། ཤོ་གམ་པ་དང་སྡིག་ཅན་དང་མཉམ་དུ་ཅི་ལ་ཟ་ཞིང་འཐུང་ཟེར་བ་དང་།"

31 ༣༡་ ཡེ་ཤུས་བཀའ་ལན་དུ། ཨམ་ཆི་ནི་ཁམས་བཟང་ལ་མི་དགོས་ཀྱི། ནད་པ་ལ་དགོས་སོ།"

32 ༣༢་ །ང་ནི་བཟང་པོ་རྣམས་འབོད་དུ་མ་འོངས་ཀྱིས། སྡིག་ཅན་རྣམས་འགྱོད་ཚངས་ཕྱིར་འབོད་དུ་འོངས་པ་ཡིན་གསུངས་སོ།།"

33 ༣༣་ །དེ་རྣམས་ཀྱིས་ཁོང་ལ། ཡོ༷་ཧ་ནན་གྱི་སློབ་མས་ལན་དུ་མར་བཟའ་བཏུང་གཅོད་སྲུང་ཞིང་སྨོན་ལམ་འདེབས་སོ། ཕ༷་རུ་ཤི་པའི་སློབ་མས་ཀྱང་དེ་བཞིན་བྱེད། ཁྱེད་ཀྱི་སློབ་མས་ཟ་ཞིང་འཐུང་ངོ་ཞུས།"

34 ༣༤་ ཡེ་ཤུས། མག་པ་མཉམ་དུ་ཡོད་རིང་ལ་གྲོགས་པོ་རྣམས་བཟའ་བཏུང་གཅོད་སྲུང་དུ་འཇུག་གམ།"

35 ༣༥་ མག་པ་དང་འབྲལ་བའི་དུས་བསླེབ་འོང་། དེའི་ཚེ་བཟའ་བཏུང་གཅོད་སྲུང་འོང་གསུངས་སོ།"

36 ༣༦་ །དཔེ་གཞན་ཡང་སློབ་ཁྲིད་པར་མཛད་ནས། སུས་ཀྱང་གོས་གསར་པ་ནས་ལྷན་པ་ཞིག་བཏུབས་ཏེ། གོས་རྙིང་པར་མི་རྒྱབ། རྒྱབ་ན་གོས་གསར་པའང་རལ་ཞིང། ལྷན་པ་གསར་པ་དེ་གོས་རྙིང་པ་ལ་མཛེས་པར་མི་འགྱུར་རོ།"

37 ༣༧་ །སུས་ཀྱང་རྒུན་ཆང་གསར་པ་རྐྱལ་པ་རྙིང་པའི་ནང་དུ་མི་བླུག བླུག་ན་ཆང་གསར་པས་རྐྱལ་པ་གས་ཏེ། ཆང་ཡང་འབོ། རྐྱལ་པའང་ཞིག་གོ།"

38 ༣༨་ རྒུན་ཆང་གསར་པ་རྐྱལ་པ་གསར་པའི་ནང་བླུག་དགོས་སོ།"

39 ༣༩་ །རྒུན་ཆང་རྙིང་པ་བཏུང་བ་སུས་ཀྱང་གསར་པ་མི་འདོད། རྙིང་པ་དེ་ལེགས་སོ་ཟེར་རོ། །ཞེས་གསུངས་སོ།།"

6

1 ༡་ །ཤ༷བ་བད་ཅིག་ལ་ཁོང་ཞིང་ག་རྒྱུད་དེ་ཕེབས་པ་ལས། སློབ་མ་རྣམས་ཀྱིས་སྲུས་གཏོག་སྟེ་ལག་པའི་ནང་མཉེས་ནས་ཟོས་སོ།"

2 ༢་ ཕ༷་རུ་ཤི་པ་འགས། ཤ༷བ་བད་ཀྱི་ཞག་ལ་བྱེད་མི་ཆོག་པ་དེ་ཅི་ལ་བྱེད་སྨྲས་པས།"

3 ༣་ ཡེ་ཤུས་བཀའ་ལན་དུ། ད༷་བིད་དང་འཁོར་རྣམས་ལྟོགས་དུས་སུ་ཅི་བྱས་པ་མ་བཀླགས་སམ།"

4 ༤་ ཨེ་ལོ་ཧིམ་གྱི་ཁྱིམ་ནང་ཞུགས་ཏེ། ལེ༷་ཝིས་མིན་པ་གཞན་གྱིས་ཟ་མི་ཆོག་པའི་ཞལ་ཟས་བླངས་ནས་ཟོས་ཏེ། འཁོར་ལའང་མ་བྱིན་ནམ།"

5 ༥་ མིའི་བུ་ནི་ཤ༷བ་བད་ཀྱི་ཀྱུ་རི་བོ་ཡིན་གསུངས་སོ།།"

6 ༦་ ཡང་ཤ༷བ་བད་ཅིག་ལ་ཁོང་སི༷ན་ན་གོས་ལ་ཕེབས་ཏེ་སློབ་ཁྲིད་མཛད་དོ། །དེར་ལག་པ་གཡས་པ་བསྐམས་པའི་མི་ཞིག་ཡོད་དེ།"

7 ༧་ མོ༷་ཤེའི་བཀའ་ཁྲིམས་མཁས་པ་དང་ཕ༷་རུ་ཤི་པ་རྣམས་ཀྱིས་ཡེ་ཤུ་ལ་སྙད་འཛུག་པའི་ཕྱིར། ཤ༷བ་བད་ཀྱི་ཞག་ལ་ནད་གསོ་འམ་མི་གསོ་བལྟས་སོ།"

8 ༨་ །དེ་ཚོའི་བསམ་པ་མཁྱེན་ནས། མི་ལག་པ་སྐམ་པོ་དེ་ལ། འདིར་ཤོག་ལ་དཀྱིལ་དུ་ལོངས་ཤིག་གསུངས་པ་དང་། ཁོ་དཀྱིལ་དུ་ལངས་སོ།"

9 ༩་ །ཡེ་ཤུས་དེ་ཚོར། ཤ༷བ་བད་ཀྱི་ཞག་ལ་བཟང་པོ་བྱེད་ཆོག་གམ་ངན་པ་བྱེད་ཆོག་སྲོག་སྐྱོབ་ཆོག་གམ་གཅོད་མཆོག་ངས་ཁྱེད་ལ་འདྲི་གསུངས་ནས།"

10 ༡༠་ འཁོར་ཡོད་པ་རྣམས་ལ་གཟིགས་ནས་མི་དེ་ལ་ལག་པ་རྐྱོངས་གསུངས་པས། བརྐྱངས་ཏེ་ལག་པ་སོས་སོ།"

11 ༡༡་ །དེ་ཚོ་ཤིན་ཏུ་ཁྲོས་ནས། ཡེ་ཤུ་ལ་ཅི་བྱེད་པར་བྱ་ཞེས་བགྲོས་སོ།།"

12 ༡༢་ །དུས་དེའི་ཚེ། ཁོང་རིར་ཕེབས་ནས། མཚན་གང་ཨེ་ལོ་ཧིམ་ལ་སྨོན་ལམ་བཏབ་བོ།"

13 ༡༣་ །སྔ་དྲོ་སློབ་མ་རྣམས་བོས་ནས། བཅུ་གཉིས་འདམས་ནས་མིང་ལ་ཨ༷་པོ་ཏོ་ལོ་བཏགས་སོ།"

14 ༡༤་ ཁོང་གིས་པེ༷་ཏྲོར་བཏགས་པའི་ཤི༷་མོན་དང་། དེའི་ནུ་བོ་ཨ༷ན་དྲེ་ཡཱ་དང་། ཡ༷་ཀོབ་དང་། ཡོ༷་ཧ་ནན་དང་། ཕི༷་ལིབ་དང་། བ༷ར་ཐོལ་མཱ་དང་།"

15 ༡༥་ མ༷ད་ཐཱ་དང་། ཐོ༷་མཱ་དང་། ཨ༷ལ་ཕའི་བུ་ཡ༷་ཀོབ་དང་། ཟེ༷་ལོ་ཏེ་བྱ་བའི་ཤི༷་མོན་དང་།"

16 ༡༦་ ཡ༷་ཀོབ་ཀྱི་བུ་ཡུ༷་ད་དང་། ངོ་ལོག་བྱས་པའི་ཀ༷ར་ཡོད་པ་ཡུ༷་དཱ་དང་བཅུ་གཉིས་སོ།"

17 ༡༧་ །དེ་རྣམས་དང་མཉམ་རི་ལས་མར་ཕེབས་ནས། ས་ཆ་མཉམ་པ་ཞིག་ལ་སློབ་མའི་ཚོགས་ཆེན་པོ་དང་།"

18 ༡༨་ གསུང་ལ་ཉན་ཕྱིར་དང་། ནད་ལས་ཐར་ཕྱིར་ཡ༷་ཧུ་དཱ་ཡོངས་དང་། ཡེ༷་རུ་ཤ་ལེམ་དང་། ཚོ༷ར་དང་ཚི་དོན་གྱི་རྒྱ་མཚོའི་འགྲམ་ནས་འོངས་པའི་མི་ཚོགས་ཆེན་པོ་དང་མཉམ་དུ་བཞུགས་སོ། །ས༷་ཏན་ཞུགས་པ་རྣམས་ཀྱང་སོས་སོ།"

19 ༡༩་ ཁོང་ལས་མཐུ་བྱུང་ཞིང་ཐམས་ཅད་སོས་པས། མི་ཚོགས་ཀྱིས་ཁོང་ལ་རེག་པར་འདོད་དོ།།"

20 ༢༠་ །སློབ་མ་རྣམས་ལ་སྤྱན་ཡར་བཏེགས་ཤིང་གཟིགས་ནས། ཁྱེད་དབུལ་པོ་རྣམས་བདེའོ། །ཨེ་ལོ་ཧིམ་གྱི་རྒྱལ་སྲིད་ཁྱེད་ཀྱི་ཡིན་ནོ།"

21 ༢༡་ །ཁྱེད་ད་ལྟ་ལྟོགས་པ་རྣམས་བདེའོ། ཁྱེད་ཚིམ་པར་འགྱུར་རོ། །ཁྱེད་ད་ལྟ་ངུ་བ་རྣམས་བདེའོ། ཁྱེད་དགོད་པར་འགྱུར་རོ།"

22 ༢༢་ ཁྱེད་ཅག་ལ་མིའི་བུའི་དོན་དུ་མི་རྣམས་ཀྱིས་སྡང་ཞིང་། མི་སྲེ་ཞིང་། སྨད་ཅིང་། ཁྱེད་ཀྱི་མིང་བཙོག་པ་ལྟར་སྤང་ན་ཁྱེད་བདེའོ།"

23 ༢༣་ །ནམ་མཁའ་རུ་ཁྱེད་ལ་རྔན་པ་ཆེན་པོ་ཡོད་པས། ཉིན་མོ་དེ་ལ་དགའ་ཞིང་མཆོངས་ཤིག །དེའི་མེས་པོ་རྣམས་ཀྱིས་ཕ༷་རོ་པེ་ཏེ་པ་རྣམས་ལ་དེ་ལྟར་བྱས་སོ།"

24 ༢༤་ །འོན་ཀྱང་ཁྱེད་ཕྱུག་པོ་རྣམས་སྙིང་རེ་རྗེ། ཁྱོད་ལ་སེམས་གསོ་ཐོབ་ཟིན།"

25 ༢༥་ ཁྱེད་ད་ལྟ་ཚིམ་པ་རྣམས་སྙིང་རེ་རྗེ། ཁྱེད་ལྟོག་པར་འགྱུར་རོ། །ཁྱེད་ད་ལྟ་དགོད་པ་སྙིང་རེ་རྗེ། མྱ་ངན་བྱེད་ཅིང་ངུ་བར་འགྱུར།"

26 ༢༦་ མི་ཀུན་གྱིས་ཁྱེད་ལ་བསྟོད་ན་སྙིང་རེ་རྗེ། དེའི་མེས་པོ་རྣམས་ཀྱིས་ཕ༷་རོ་པེ་ཏེ་པ་རྫུན་མ་རྣམས་ལ་དེ་ལྟར་བྱས་སོ།།"

27 ༢༧་ ཁྱེད་ཉན་མཁན་རྣམས་ལ་ངས་འདི་ལྟར་ཟེར། དགྲ་ལ་བྱམས་པ་བྱོས། སྡང་བ་རྣམས་ལ་བཟང་པོ་བྱོས།"

28 ༢༨་ ཁྱེད་ལ་དམོད་པ་རྣམས་ལ་བྱིན་རླབས་ཐོང་། ཁྱེད་ལ་གཤེ་བ་རྣམས་ཀྱི་དོན་དུ་སྨོན་ལམ་ཐོབ།"

29 ༢༩་ ཁྱེད་ཀྱི་འགྲམ་པ་ཡ་གཅིག་ལ་འགྲམ་ལྕག་བརྒྱབ་མཁན་ལ་གཞན་ཡ་གཅིག་ཀྱང་སྟོན། སུས་ཁྱེད་ཀྱི་ཕྱུ་པ་འཁྱེར་ན། སྟོད་ཐུང་ཡང་འཁྱེར་བ་ལས་མ་འགེགས་ཤིག"

30 ༣༠་ ཁྱེད་ལས་སློང་བ་ཐམས་ཅད་ལ་སྟེར། སུས་ཁྱེད་ཀྱི་ནོར་ཁྱེར་ན་མ་རྩོད་ཅིག"

31 ༣༡་ །གཞན་ལས་ཇི་ལྟར་འདོད་པ། དེ་ཀ་བཞིན་དུ་གཞན་ལ་བྱོས་ཤིག"

32 ༣༢་ །ཁྱེད་ལ་བྱམས་མཁན་ལ་བྱམས་ན། ཁྱོད་ཀྱིས་ཧ་ལས་ཆེ་བ་ཅི་བྱས། སྡིག་ཅན་གྱིས་ཀྱང་བྱམས་མཁན་ལ་བྱམས་སོ།"

33 ༣༣་ །ཁྱེད་ལ་ཕན་མཁན་ལ་ཕན་ན། ཧ་ལས་ཆེ་བ་ཅི་བྱས། སྡིག་ཅན་གྱིས་ཀྱང་དེ་ལྟར་བྱེད་དོ།"

34 ༣༤་ །ཁྱེད་ལ་ཐོབ་པའི་རེ་བ་ཡོད་དེ་སྐྱི་ན། ཧ་ལས་ཆེ་བ་ཅི་བྱས། སྡིག་ཅན་གྱིས་ཀྱང་སྡིག་ཅན་ལ་ཚབ་ཐོབ་ཕྱིར་སྐྱིའོ།"

35 ༣༥་ །དགྲ་ལ་བྱམས་པ་བྱེད་ཅིང་ཕན་གདོགས་ཤིག །ལན་ལ་མི་རེ་བར་སྐྱིས་ཤིག་དང་། ཁྱེད་ཀྱི་རྔན་པ་ཆེ་སྟེ། དྲིན་མི་ཤེས་པ་དང་ངན་པ་ལའང་ཀུན་དབང་གི་ཨེ་ལོ་ཧིམ་བཀའ་དྲིན་ཅན་ཡིན་པས། ཁྱེད་ཁོང་གི་སྲས་སུ་འགྱུར་འོང་།"

36 ༣༦་ ཁྱེད་ཀྱི་ཡབ་སྙིང་རྗེ་ཅན་ཡིན་པ་ལྟར། ཁྱེད་ཀྱང་སྙིང་རྗེ་ཅན་དུ་གྱུར་ཅིག།"

37 ༣༧་ །མཚང་མ་འབྲུ། ཁྱེད་ལའང་མཚང་མི་འབྲུ། གཤགས་མ་འདེབས། ཁྱེད་ལའང་གཤགས་མི་འདེབས། གཞན་ལ་ཉེས་པ་སོལ་ཞིག ཁྱེད་ལའང་ཉེས་པ་བསལ་བར་འགྱུར།"

38 ༣༨་ སྟེར་ཞིག ཁྱེད་ལའང་སྟེར་བར་འགྱུར། ཁྱེད་ཀྱིས་གང་འཇལ་བའི་བྲེ་དེ་ཀས་ཁྱེད་ལའང་འཇལ་བར་འགྱུར་བས། བྲེ་བཟང་པོ་མནན་ཏེ་སྤྲུགས་ནས་བྱུར་བུར་གང་བ་ཁྱེད་ཀྱི་ཐུ་བར་བླུག་འོང་གསུངས་སོ།"

39 ༣༩་ ཁོང་གིས་དེ་རྣམས་ལ་དཔེ་ཞིག་ཀྱང་གསུངས་པ། ལོང་བས་ལོང་བ་འཁྲིད་ཐུབ་བམ། གཉིས་ཀ་དོང་ནང་མི་ལྷུང་ངམ།"

40 ༤༠་ སློབ་དཔོན་ལས་སློབ་མ་མི་ཆེ་ནའང་། ཡོན་ཏན་མཐར་ཕྱིན་ནས་སློབ་དཔོན་དང་འདྲ་བར་འགྱུར།"

41 ༤༡་ སྤུན་གྱི་མིག་ན་སྦུར་མ་མཐོང་ཡང་། རང་གི་མིག་གི་གདུང་མ་མི་ཚོར་བ་ཅི་ཡིན།"

42 ༤༢་ རང་གི་མིག་ན་གདུང་མ་མི་མཐོང་བར། སྤུན་ལ། ཁྱོད་ཀྱི་མིག་གི་སྦུར་མ་དེ་ང་ལ་འདོན་དུ་ཆུག་ཅེས་ཅི་ལྟར་ཟེར་ཐུབ། ཁ་ཆོས་པ་ཁྱོད་སྔོན་ལ་རང་གི་མིག་ནས་གདུང་མ་ཕྱུངས་ཤིག དེ་ནས་སྤུན་གྱི་མིག་གི་སྦུར་མ་གསལ་པོར་མཐོང་ནས་འདོན་ཐུབ་འོང་།"

43 ༤༣་ འབྲས་བུ་ངན་པ་སྐྱེད་པའི་རྩི་ཤིང་བཟང་པོ་མེད། འབྲས་བུ་བཟང་པོ་སྐྱེད་པའི་རྩི་ཤིང་ངན་པ་མེད་དེ།"

44 ༤༤་ རྩི་ཤིང་རེ་རེའི་བཟང་ངན་འབྲས་བུ་ལས་ཤེས་སོ། །ཚེར་མ་ལས་སེ་ཡབ་མི་འབྱུང་། ལྗང་ཚེར་ལས་རྒུན་འབྲུམ་མི་འབྱུང་།"

45 ༤༥་ སྙིང་གི་ནང་ནས་ལུད་པ་དེ་ཁ་ནས་འཐོན་པས། བཟང་པོས་སྙིང་གི་མཛོད་བཟང་པོ་ནས་བཟང་པོ་འདོན། ངན་པས་མཛོད་ངན་པ་ནས་ངན་པ་འདོན།།"

46 ༤༦་ །ངས་སྨྲས་པ་བཞིན་དུ་མི་བྱེད་པར་ང་ལ། ཀྱུ་རི་བོ་ལགས། ཀྱུ་རི་བོ་ལགས་ཅི་ལ་ཟེར།"

47 ༤༧་ ངའི་རྩར་འོངས་ནས་ངའི་བཀའ་ཐོས་ཏེ་དེ་བཞིན་དུ་བྱེད་མཁན་སུ་འདྲ་ཞིག་ཡིན་ངས་ཟེར་ན། ཁང་པ་རྩིག་ཕྱིར་ས་གཏིང་རིང་བྲུས་ནས།"

48 ༤༨་ བྲག་གི་ཁར་རྩིག་རྨང་བཏིང་མཁན་དང་འདྲའོ། །ཆུ་ལོག་བྱུང་ནས་ཆུའི་ཤུགས་ཁང་པ་དེ་ལ་ཕོག་ཀྱང་བརྟན་པོར་བརྩིགས་པས་མ་གཡོས་སོ།"

49 ༤༩་ །འོན་ཀྱང་ངའི་བཀའ་ཐོས་ནས་མི་བྱེད་མཁན་ནི། རྨང་མ་འབྲུ་བར་སའི་ཁར་ཁང་པ་བརྩིགས་མཁན་དང་འདྲའོ། །ཆུའི་ཤུགས་ཁང་པ་དེ་ལ་ཕོག་པ་ཙམ་གྱིས་བརྡིབས་ནས། རྩ་བ་ནས་བརླགས་སོ་ཞེས་གདམསོ།།"

7

1 ༡་ །ཁོང་གིས་མི་ཚོགས་ཀྱི་ཐོས་སར་ཞལ་གདམས་རྣམས་གསུངས་ཟིན་པའི་འོག་ཏུ། ཀ༷་ཕར་ན་ཧུམ་དུ་ཕེབས་སོ།"

2 ༢་ །བརྒྱ་དཔོན་ཞིག་གི་གཡོག་པོ་གཅེས་པ་ནད་ཀྱིས་མནར་ནས་འཆི་བ་ལ་ཐུག་པས།"

3 ༣་ ཡེ་ཤུའི་སྙན་གྲགས་ཐོས་ནས། ཁོའི་གཡོག་གསོ་བར་མཛད་ཕྱིར། ཡ༷་ཧུ་དཱ་པའི་རྒན་པོ་རེ་ཁོང་གི་དྲུང་དུ་གདན་འདྲེན་པར་བཏང་སྟེ།"

4 ༤་ དེ་རྣམས་བསླེབས་ནས་ཁོང་ལ། ཁོ་ང་ཚོའི་མི་བརྒྱུད་ལ་བྱམས་ཤིང་།"

5 ༥་ ང་ཚོའི་སི༷ན་ན་གོས་ཡང་ཁོས་བརྩིགས་པས། ཁྱེད་ཀྱིས་ཁོ་ལ་དེ་ལྟར་མཛད་འོས་སོ་ཞེས་ནན་གྱིས་ཞུས་པས།"

6 ༦་ ཡེ་ཤུ་མཉམ་དུ་ཕེབས་ཏེ། ཁོའི་ཁང་པ་དང་ཉེ་བར་བྱོན་པ་དང་བརྒྱ་དཔོན་གྱིས་གྲོགས་པོ་རེ་བཏང་ནས་ཁོང་ལ། ཀྱུ་རི་བོ་ལགས། འོ་བརྒྱལ་མ་མཛད་པར་ཁྱེད་ང་ལྟ་བུའི་ཐོག་འོག་ཏུ་ཕེབས་པར་མི་འོས་པ་མ་ཟད།"

7 ༧་ ང་རང་ཁྱེད་ཀྱི་དྲུང་དུ་བཅར་བར་མི་འོས་བསམ་མོ། །བཀའ་ཙམ་ཞིག་གནོང་དང་། ངའི་གཡོག་པོ་གསོ་བར་འགྱུར་རོ།"

8 ༨་ །ང་གཞན་གྱི་དབང་འོག་ཏུ་ཡོད་ནའང་ངའི་འོག་ལའང་དམག་མི་ཡོད། གཅིག་ལ་སོང་ཟེར་ན་འགྲོ། །གཅིག་ལ་ཤོག་ཟེར་ན་འོང་། གཡོག་པོ་ལ་ལས་འདི་བྱོས་ཟེར་ན་བྱེད་དོ་ཞེས་ཞུས་སོ།"

9 ༩་ །ཡེ་ཤུས་དེ་གསན་ནས། ཁོ་ལ་ངོ་མཚར་དུ་གྱུར་ནས། འཁོར་རྣམས་ལ་ཞལ་བསྒྱུར་ནས། ཡི༷ས་ར་ཨེལ་གྱི་ནང་ནའང་འདི་འདྲ་བའི་དད་སེམས་མ་བརྙེད་ངས་བདེན་པ་ཟེར་གསུངས་སོ།"

10 ༡༠་ བཏང་བའི་མི་རྣམས་ཁང་པར་ལོག་བསླེབས་དུས། གཡོག་པོ་སོས་ཡོད་པར་མཐོང་ངོ་།།"

11 ༡༡་ །རིང་པོར་མ་ལོན་པར་ན༷་ཨེན་བྱ་བའི་གྲོང་ཁྱེར་དུ་ཕེབས། སློབ་མ་དང་མི་ཚོགས་ཕྱག་ཕྱིར་སོང་ངོ་།"

12 ༡༢་ །གྲོང་ཁྱེར་གྱི་རྒྱལ་སྒོ་དང་ཉེ་བར་ཕེབས་པའི་ཚེ། མོ་རེང་མ་ཞིག་གི་བུ་གཅིག་པུ་ཡིན་པའི་རོ་འཁྱེར་ཞིང་། མོ་དང་མཉམ་དུ་གྲོང་ཁྱེར་གྱི་མི་མང་པོ་ཡོད་དོ།"

13 ༡༣་ །ཀྱུ་རི་བོས་མོ་གཟིགས་ནས། སྙིང་རྗེ་འཁྲུངས་ཏེ་མ་ངུ་ཞིག་གསུངས་ནས།"

14 ༡༤་ ཉེ་བར་ཕེབས་ཏེ། རོ་སྒམ་ལ་ཕྱག་རེག་པ་དང་། འཁུར་མཁན་རྣམས་བསྡད་དོ། །ཁོང་གིས། ཀྱེ་གཞོན་ནུ། ངས་ཁྱོད་ལ་ལོངས་ཤིག་ཟེར་ཞེས་གསུངས་པས།"

15 ༡༥་ ཤི་མཁན་དེ་ལངས་ནས་སྨྲ་བ་ལ་ཞུགས་ཏེ། ཁོང་གིས་བུ་དེ་མ་ལ་གནང་ངོ་།"

16 ༡༦་ །ཐམས་ཅད་ཀྱིས་འཇིགས་ནས་ཕ༷་རོ་པེ་ཏེ་པ་ཆེན་པོ་ཞིག་ང་ཚོའི་དབུས་སུ་བཞེངས། ཨེ་ལོ་ཧིམ་གྱིས་ཉིད་ཀྱི་མི་སྡེ་ལ་གཟིགས་སོ་ཟེར་ཞིང་། ཨེ་ལོ་ཧིམ་ལ་བསྟོད་དོ།"

17 ༡༧་ །ཁོང་གི་སྐོར་ལ་ལོ་རྒྱུས་འདི་ཡ༷་ཧུ་དཱ་ཡོངས་དང་། ཡུལ་འཁོར་ཀུན་ཏུ་ཁྱབ་བོ།།"

18 ༡༨་ །ཡོ༷་ཧ་ནན་ལ་འདི་ཐམས་ཅད་ཁོང་རང་གི་སློབ་མ་རྣམས་ཀྱིས་བཤད་པ་དང་།"

19 ༡༩་ ཁོང་གི་སློབ་མ་གཉིས་བོས། འབྱོན་པར་འགྱུར་བ་དེ་ཁྱེད་ལགས་སམ། གཞན་ཞིག་ལ་སྒུག་པར་བྱ་ཞེས་ཀྱུ་རི་བོ་ལ་ཞུ་རུ་བཏང་ངོ་།"

20 ༢༠་ །དེ་གཉིས་ཁོང་གི་དྲུང་དུ་བསླེབས་ཏེ་ཁོང་ལ་བ༷བ་ཐི་སོ་གནང་མཁན་ཡོ༷་ཧ་ནན་གྱིས་ང་གཉིས་ཁྱེད་ཀྱི་དྲུང་དུ་འདི་ཞུ་རུ་བཏང་བས་འབྱོན་པར་འགྱུར་བ་དེ་ཁྱེད་ལགས་སམ། གཞན་ཞིག་ལ་སྒུག་པར་བྱ་ཞེས་ཞུས་སོ།"

21 ༢༡་ །དུས་ཚོད་དེ་རང་ལ་ཁོང་གིས་མི་མང་པོ་ནད་དང་། གཟུག་ཟེར་དང་། ས༷་ཏན་ལས་གསོ་བར་མཛད་དེ། ལོང་བ་མང་པོའི་མིག་འབྱེད་པར་མཛད་ཅིང་།"

22 ༢༢་ དེ་གཉིས་ལ་བཀའ་ལན་དུ། སོང་ལ། ཁྱེད་ཀྱིས་ཇི་ཐོས་པ་དང་མཐོང་བ། ལོང་བས་མཐོང་། ཞ་བོ་འགྲུལ་བ། མཛེ་ཅན་དག་པ། འོན་པས་ཐོས་པ། ཤི་མཁན་ལང་བ། དབུལ་པོས་འཕྲིན་བཟང་ཐོས་པ་རྣམས་ཡོ༷་ཧ་ནན་ལ་ཤོད་ཅིག"

23 ༢༣་ །ངའི་རྐྱེན་གྱིས་དད་པ་མི་ཉམས་པ་རྣམས་བདེའོ་ཞེས་གསུངས་སོ།"

24 ༢༤་ །ཡོ༷་ཧ་ནན་གྱི་བང་ཆེན་སོང་བའི་འོག་ཏུ། ཡེ་ཤུས་མི་ཚོགས་ལ་ཡོ༷་ཧ་ནན་གྱི་སྐོར་ལ་འདི་སྐད་དུ། ཁྱེད་ཐང་སྟོང་ནང་ཅི་ཞིག་ལ་ལྟ་རུ་སོང་། རླུང་གིས་སྐྱོད་པའི་འདམ་བུ་ཞིག་ལ་ལྟ་རུ་སོང་ངམ།"

25 ༢༥་ འོ་ན་ཅི་ཞིག་ལ་ལྟ་རུ་སོང་། གོས་འཇམ་པོ་གོན་པ་ཞིག་ལ་ལྟ་རུ་སོང་ངམ། གོས་ཟབ་མོ་གོན་ཏེ། ལོངས་སྤྱོད་ནང་གནས་པ་རྣམས་ནི། རྒྱལ་པོའི་གཟིམ་ཁང་ནང་ཡོད་དོ།"

26 ༢༦་ །འོ་ན་ཅི་ལ་ལྟ་རུ་སོང་། ཕ༷་རོ་པེ་ཏེ་པ་ཞིག་ལ་ལྟ་རུ་སོང་ངམ། ཕ༷་རོ་པེ་ཏེ་པ་ལས་ལྷག་པ་ཞིག་ལ་ལྟ་རུ་སོང་ངོ་ཞེས་ངས་ཟེར།"

27 ༢༧་ ཁྱེད་ཀྱི་སྔོན་དུ་ང་ཡི་ཕོ་ཉ་གཏོང་། །དེ་ཡིས་ཁྱེད་ཀྱི་སྔོན་དུ་ཕེབས་ལམ་བཟོ། ཞེས་བྲིས་པ་ཁོང་གི་སྐོར་དུ་ཡིན།"

28 ༢༨་ བུད་མེད་ལས་སྐྱེས་མཁན་ཐམས་ཅད་ཀྱི་ནང་ནས། ཡོ༷་ཧ་ནན་ལས་ཆེ་བ་གཅིག་ཀྱང་མེད། འོན་ཀྱང་ཨེ་ལོ་ཧིམ་གྱི་རྒྱལ་སྲིད་ཀྱི་ནང་ན་ཆུང་ཤོས་དེ་ཁོང་ལས་ཆེའོ་ཞེས་ངས་བདེན་པར་ཟེར་གསུངས་སོ།"

29 ༢༩་ །ཡོ༷་ཧ་ནན་གྱི་བ༷བ་ཐོ་སོ་ཐོབ་པའི་མི་སྡེ་དང་ཤོ་གམ་པ་རྣམས་ཀྱིས་ཐོས་ནས་ཨེ་ལོ་ཧིམ་གྱི་དྲང་བ་ཉིད་ཀྱི་མངོན་རྟགས་ཕྲོད་དོ།"

30 ༣༠་ །འོན་ཀྱང་ཕ༷་རུ་ཤི་པ་དང་མོ༷་ཤེའི་བཀའ་ཁྲིམས་མཁས་པ་ཤེས་པ་རྣམས་ཀྱིས་བ༷བ་ཐི་སོ་མ་བླངས་པས། ཨེ་ལོ་ཧིམ་གྱི་ཐུགས་དགོངས་རང་གི་ཕྱིར་དུ་མ་བླངས་སོ།"

31 ༣༡་ །མི་རབས་འདི་ངས་སུ་དང་སྡུར་བར་བྱ། ཅི་དང་འདྲ།"

32 ༣༢་ ཁྲོམ་ལ་སྡོད་པའི་བྱིས་པ་ཚོས་ཕན་ཚུན་འབོད་ཅིང་། ང་ཚོས་ཁྱོད་ཕྱིར་གླིང་བུ་ཕུས་ཀྱང་གར་མ་རྩེས། ང་ཚོས་ཁྱོད་ཕྱིར་མྱ་ངན་བྱས་ཀྱང་ཁྱོད་མ་ངུས། ཞེས་ཟེར་བ་དང་འདྲའོ།"

33 ༣༣་ །ཅིའི་ཕྱིར་ཞེ་ན། བ༷བ་ཐི་སོ་གནང་མཁན་ཡོ༷་ཧ་ནན་བག་ལེབ་མི་ཟ་ཞིང་ཆང་མི་འཐུང་བར་ཕེབས་པས། ཁྱོད་ཚོས་ཁོང་ལ་ས༷་ཏན་ཞུགས་ཟེར།"

34 ༣༤་ མིའི་བུ་ཟ་ཞིང་འཐུང་ཞིང་འོང་བས། ཁྱོད་ཅག་གིས་ཟས་བརྣབ་ཅན། ཆང་འཐུང་། ཤོ་གམ་པ་དང་སྡིག་ཅན་གྱི་གྲོགས་པོའོ་ཟེར།"

35 ༣༥་ འོན་ཀྱང་ཨེ་ལོ་ཧིམ་གྱི་ཡེ་ཤེས་ལ་དེའི་བུ་རྣམས་ཀྱིས་མངོན་རྟགས་ཕྲོད་དོ། །ཞེས་ཡེ་ཤུས་གསུངས་སོ།།"

36 ༣༦་ ཕ༷་རུ་ཤི་པ་ཞིག་གིས་གསོལ་བ་བཞེས་སུ་གདན་ཞུས་ནས། ཁོང་དེའི་ཁྱིམ་དུ་ཕེབས་ཏེ། གསོལ་བ་བཞེས་སུ་བཞུགས་པ་དང་།"

37 ༣༧་ གྲོང་ཁྱེར་དེའི་བུད་མེད་སྡིག་ཅན་མ་ཞིག་གིས། ཡེ་ཤུ་ཕ༷་རུ་ཤི་པའི་ཁྱིམ་དུ་བཞུགས་ཡོད་པ་ཤེས་ནས། སྤོས་ཆུས་བཀང་བའི་ཀ་མ་རུའི་བུམ་པ་ཞིག་ཁུར་ཏེ།"

38 ༣༨་ སྐུ་རྒྱབ་ཏུ་ཞབས་ཀྱི་རྩར་ལངས་ནས། ངུ་ཞིང་མཆི་མས་ཞབས་ཁྲུས་ཏེ། སྐྲས་ཕྱིས་ནས། ཞབས་ལ་འོ་མང་དུ་བྱས་ནས། སྤོས་ཆུ་བྱུགས་སོ།"

39 ༣༩་ ཁོང་སྤྱན་དྲངས་པའི་ཕ༷་རུ་ཤི་པས་དེ་མཐོང་ནས། མོ་ནི་སྡིག་ཅན་ཡིན་པས། གལ་ཏེ་ཕ༷་རོ་པེ་ཏེ་པ་ཡིན་ན། ཁོང་ལ་རེག་པའི་བུད་མེད་འདི་སུ་དང་ཇི་ལྟ་བུ་ཡིན་པ་ཤེས་དགོས་མཉམ་པ་ལས།"

40 ༤༠་ ཡེ་ཤུས་དེ་ལ། ཤི༷་མོན། ང་ལ་སྨྲ་རྒྱུ་ཞིག་ཡོད་གསུངས་པ་དང་། དེས་རྒན་ལགས། གསུང་མཛོད་ཞུས་སོ།"

41 ༤༡་ །ཁོང་གིས། བུན་བདག་ཅིག་ལ་བུ་ལོན་པ་གཉིས་ཡོད་དེ། གཅིག་ལ་དི༷་ནཱར་ལྔ་བརྒྱ་དང་། གཅིག་ལ་ལྔ་བཅུའི་བུ་ལོན་ཡོད་དོ།"

42 ༤༢་ །དེ་འཇལ་མ་ཐུབ་པས། གཉིས་ཀ་བསལ་ལོ། གང་དེས། བུན་བདག་ལ་ལྷག་པར་གཅེས་འོང་གསུངས་པ་དང་།"

43 ༤༣་ ཤི༷་མོན་གྱིས། ངའི་བསམ་པར་མང་པོ་བསལ་བ་དེས་ལྷག་པར་གཅེས་འོང་ཞུས་སོ། །ཁོང་གིས། ཁྱོད་ཀྱིས་དྲང་པོར་སྨྲས་སོ་གསུངས་ནས།"

44 ༤༤་ བུད་མེད་དེའི་ཕྱོགས་སུ་ཞལ་བསྒྱུར་ནས་ཤི༷་མོན་ལ། བུད་མེད་འདི་མཐོང་ངམ། ང་ཁྱོད་ཀྱི་ཁྱིམ་དུ་འོངས་པས་ངའི་རྐང་པའི་ཁར་ཁྱོད་ཀྱིས་ཆུ་མ་བླུགས། མོས་ངའི་རྐང་པ་མཆི་མས་ཁྲུས་ཏེ། སྐྲས་ཕྱིས་སོ།"

45 ༤༥་ །ཁྱོད་ཀྱིས་ང་ལ་འོ་མ་བྱས། མོས་ང་སླེབས་པ་ནས་ཚུན་ངའི་རྐང་པར་བར་མ་ཆད་པར་འོ་བྱས་སོ།"

46 ༤༦་ །ཁྱོད་ཀྱིས་ངའི་མགོ་ལ་སྣུམ་མ་བྱུགས། མོས་ངའི་རྐང་པར་སྤོས་ཆུ་བྱུགས་སོ།"

47 ༤༧་ །དེའི་ཕྱིར་ངས་ཁྱོད་ལ་ཟེར། མོའི་སྡིག་པ་མང་ཡང་ང་ལ་མང་དུ་གཅེས་པས། མོའི་སྡིག་པ་སེལ་ལོ། སྡིག་སེལ་ཉུང་ངུ་ཐོབ་པ་དེས་ཉུང་ངུ་གཅེས་སོ་གསུངས།"

48 ༤༨་ དེ་ནས་མོ་ལ། ཁྱོད་ཀྱི་སྡིག་པ་རྣམས་སེལ་ཟིན་གསུངས་པས།"

49 ༤༩་ མགྲོན་པོ་རྣམས་ཀྱིས། སྡིག་པའང་སེལ་བ་འདི་སུ་ཡིན་སྙམ་མོ།"

50 ༥༠་ །ཡེ་ཤུས་མོ་ལ། ཁྱེད་ཀྱི་དད་པས་ཁྱོད་ཐར་བས། ཞི་བདེ་བར་སོང་གསུངས་སོ།། །།"

8

1 ༡་ །རིང་པོར་མ་ལོན་ཁོང་སློབ་ཁྲིད་གནང་ཞིང་། ཨེ་ལོ་ཧིམ་གྱི་རྒྱལ་སྲིད་ཀྱི་འཕྲིན་བཟང་འཆད་ཅིང་། གྲོང་ཁྱེར་དང་ཡུལ་ཚོ་བརྒྱུད་ནས་ཕེབས་སོ། །ཁོང་གི་ཕྱག་ཕྱིར་བཅུ་གཉིས་པོ་དང་།"

2 ༢་ ས༷་ཏན་བདུན་ཐོན་པའི་མ༷ག་དལ་མ་ཟེར་བའི་མ༷་རི་ཡཱ་དང་།"

3 ༣་ ཧེ༷་རོ་དཱེའི་གཉེར་པ་ཀུ༷་སའི་ཆུང་མ་ཡོ༷་ཧན་ན་དང་། སུ༷་སན་ནཱ་དང་། བུད་མེད་གཞན་ཁ་ཅིག་ཡོད་དོ། །དེ་རྣམས་ས༷་ཏན་དང་ནད་ལས་ཁོང་གིས་བསྐྱབས་པ་ཡིན་ཅིང་། རང་གི་ནོར་ནས་ཁོང་ལ་ཞབས་ཏོག་བྱེད་དོ།།"

4 ༤་ །གྲོང་ཁྱེར་ཐམས་ཅད་ནས་མི་རྣམས་འོང་སྟེ། མི་ཚོགས་ཆེན་པོ་ཁོང་གི་དྲུང་དུ་འཛོམས་པའི་ཚེ། ཁོང་གིས་དཔེའི་སྒོ་ནས་འདི་སྐད་དུ།"

5 ༥་ ཞིང་པ་ཞིག་ས་བོན་འདེབས་ཕྱིར་ཐོན་ཏེ། འདེབས་ཙ་ན་ཁ་ཅིག་ལམ་ཁར་འགྲིལ་ཏེ། རྐང་པས་བརྫིས་གནམ་གྱི་བྱས་ཀྱང་ཟོས་སོ།"

6 ༦་ །ཁ་ཅིག་བྲག་གི་ཁར་འགྲིལ་ཏེ། གཤེར་མེད་པས་རྡོལ་མ་ཐག་ཏུ་སྐམས་སོ།"

7 ༧་ །ཁ་ཅིག་ཚེར་གསེབ་ཏུ་འགྲིལ་ཏེ། ཚེར་མ་མཉམ་དུ་སྐྱེས་ནས་མནན་ཏོ།"

8 ༨་ །ཁ་ཅིག་ས་བཟང་པོའི་ནང་དུ་འགྲིལ་ཏེ། སྐྱེས་ཏེ་འབྲུ་བརྒྱ་འགྱུར་ཆགས་སོ་གསུང་ཞིང་སྐད་ཆེན་པོས། ཉན་པའི་རྣ་བ་ཡོད་པ་དེས་ཉོན་ཅིག་གསུངས་སོ།"

9 ༩་ །སློབ་མ་རྣམས་ཀྱིས། དཔེ་དེའི་དོན་ཅི་ལགས་ཞུས་པ་དང་ཁོང་གིས།"

10 ༡༠་ ཨེ་ལོ་ཧིམ་གྱི་རྒྱལ་སྲིད་ཀྱི་གསང་བ་རྟོགས་པ་འདི་ཁྱེད་ལ་གནང་ཡོད་ཀྱང་། གཞན་ལ་དཔེའི་སྒོ་ནས་བྱུང་བས། །ལྟ་བར་བྱེད་ཀྱང་དེ་ཚོས་མི་མཐོང་ཞིང་། །ཐོས་པར་བྱེད་ཀྱང་རྟོགས་པར་མི་བྱེད་དོ།།"

11 ༡༡་ དཔེ་དེའི་དོན་ནི། ས་བོན་ནི་ཨེ་ལོ་ཧིམ་གྱི་བཀའ་ཡིན།"

12 ༡༢་ ལམ་ཁར་འགྲིལ་བ་དེ་བཀའ་ཐོས་ཀྱང་ས༷་ཏན་འོངས་ནས། དད་པ་མི་བྱེད་པ་དང་མི་ཐར་བའི་ཕྱིར། སྙིང་ནས་བཀའ་འཕྲོག་པ་རྣམས་ཡིན།"

13 ༡༣་ བྲག་ཁར་འགྲིལ་བ་དེ། བཀའ་ཐོས་ནས་དགའ་ཞིང་བླང་ཡང་། རྩ་བ་མེད་པས་རེ་ཞིག་དད་པ་བྱེད་ཀྱང་། ཚོད་ལྟའི་དུས་སུ་དད་པ་ལོག་པ་རྣམས་ཡིན་ནོ།"

14 ༡༤་ །ཚེར་གསེབ་ཏུ་འགྲིལ་བ་དེ། བཀའ་ཐོས་ནས་ཡུན་ཙམ་ན་ཚེ་འདིའི་སེམས་ཁྲལ་དང་། ནོར་དང་། འདོད་ཡོན་གྱིས་མནན་ཏེ། འབྲས་བུ་མ་སྨིན་པ་རྣམས་ཡིན་ནོ།"

15 ༡༥་ །ས་བཟང་པོར་འགྲིལ་བ་དེ། སྙིང་ལེགས་མོ་དང་བཟང་པོས་བཀའ་ཐོས་ནས། དམ་དུ་བཟུང་སྟེ། བཟོད་སྲན་གྱིས་འབྲས་བུ་སྐྱེད་པ་རྣམས་ཡིན་ནོ།།"

16 ༡༦་ །སུས་ཀྱང་སྣུམ་བཞུ་སྤར་ནས་སྣོད་ཀྱིས་མི་འགེབས། ཉལ་ཁྲིའི་འོག་ཏུ་མི་འཇོག་པར་ནང་དུ་འོང་བ་རྣམས་ཀྱིས་འོད་མཐོང་ཕྱིར། སྟེགས་ཀྱི་ཁར་འཇོག་གོ"

17 ༡༧་ །མངོན་པར་མི་འགྱུར་བ་ཅིའང་སྦས་མེད། ཤེས་པ་དང་མངོན་པར་མི་འགྱུར་བའི་གསང་བ་ཅིའང་མེད།"

18 ༡༨་ ཇི་ལྟར་ཉན་པར་ནན་ཏན་གྱིས་ལྟོས། ཡོད་མཁན་ལ་སྣོན་པར་འགྱུར་གྱིས། མེད་མཁན་ལས་གང་ཡོད་བསམ་པ་དེའང་འཁྱེར་བར་འགྱུར་གསུངས་སོ།།"

19 ༡༩་ །ཁོང་གི་ཡུམ་དང་སྐུ་མཆེད་རྣམས་བསླེབས་ནས། མི་ཚོགས་ཀྱི་སྟབས་ཀྱིས་ཁོང་གི་དྲུང་དུ་མ་ཐར་བ་དང་།"

20 ༢༠་ ཁྱེད་ཀྱི་ཡུམ་དང་སྐུ་མཆེད་ཀྱིས་ཁྱེད་མཇལ་བར་འདོད་པས། ཕྱི་རོལ་ན་བཞུགས་སོ་ཞེས་ཞུས་པས།"

21 ༢༡་ ཁོང་གིས་དེ་ཚོར། ཨེ་ལོ་ཧིམ་གྱི་བཀའ་ཐོས་ནས་དེ་བཞིན་དུ་བྱེད་པ་རྣམས་ངའི་མ་དང་སྤུན་ཡིན་ནོ་གསུངས་སོ།།"

22 ༢༢་ །ཉིན་གཅིག་ཡེ་ཤུ་སློབ་མ་རྣམས་དང་བཅས་གྲུར་ཞུགས་ནས། ང་ཚོ་མཚོའི་ཕ་རོལ་དུ་འགྲོའོ་གསུངས་ནས་ཕེབས་སོ།"

23 ༢༣་ །གྲུ་འགྲོ་བ་ལས་ཁོང་མནལ་གཟིམས་སོ། །མཚོ་ལ་རླུང་འཚུབ་དྲག་པོ་ལངས་ནས། གྲུ་ཆུས་གང་ཞིང་སྲོག་གི་ཉེན་བྱུང་བས།"

24 ༢༤་ སྐུ་དྲུང་དུ་སོང་ནས་མནལ་སད་དེ། ཀྱུ་རི་བོ། ཀྱུ་རི་བོ་ལགས། ང་ཚོ་འཆིའོ་ཞུས་པ་དང་། ཁོང་མནལ་སད་དེ། རླུང་དང་ཆུའི་ངར་ལ་བཀའ་བཀྱོན་མཛད་པས། གཉིས་ཀ་ཆད་ནས་ཞི་བར་གྱུར་ཏོ།"

25 ༢༥་ །དེ་རྣམས་ལ། ཁྱོད་ཀྱི་དད་པ་ག་ན་ཡོད་གསུངས་སོ། །དེ་ཚོ་འཇིགས་ཤིང་ངོ་མཚར་དུ་གྱུར་ཏེ། ཕན་ཚུན་གླེང་ཞིང་། འདི་སུ་ཡིན། རླུང་དང་ཆུ་ལའང་བཀའ་གནང་སྟེ། ཉན་ནོ་ཞེས་སྨྲས་སོ།།"

26 ༢༦་ །ག༷་ལིལ་ཡུལ་གྱི་ཐད་ཀར་གེ༷་ར་ས་ཡུལ་དུ་ཕེབས་ནས།"

27 ༢༧་ སྐམ་སར་འཐོན་པ་དང་། མི་ས༷་ཏན་ཞུགས་པ་ཞིག་ཡུན་རིང་ནས་གོས་མ་གོན་པར། ཁང་པར་མི་བསྡད་ཅིང་། དུར་ཁུང་ནང་བསྡད་པའི་གྲོང་ཁྱེར་དེའི་མི་དེ་དང་ཕྲད་ནས།"

28 ༢༨་ ཡེ་ཤུས་མི་དེའི་ནང་ནས་ཐོན་ཞིག་གསུངས་པས། ཁོས་ཀུ་སྒྲ་རྒྱབ་ཅིང་། སྐུ་དྲུང་དུ་ལུས་ས་ལ་བརྡབས་ནས། སྐད་ཆེན་པོས། ཀུན་དབང་གི་ཨེ་ལོ་ཧིམ་གྱི་སྲས་ཡེ་ཤུ་ལགས། ཁྱེད་དང་ང་ཚོ་ལ་འབྲེལ་བ་ཅི་ཡོད། ང་ལ་འཚེ་བར་མ་མཛད་ཅེས་ཞུས་སོ།"

29 ༢༩་ །མི་དེ་ལ་ལན་མང་ས༷་ཏན་གྱིས་བཟུངས་ནས། ལྕགས་ཐག་དང་ལྕགས་སྒྲོག་གིས་བཅིངས་ཏེ། མི་རྣམས་ཀྱིས་སྲུང་ཡང་། ལྕགས་ཐག་བཅད་དེ། ས༷་ཏན་གྱིས་འབྲོག་སྟོང་ལ་འདེད་དོ།"

30 ༣༠་ །ཡེ་ཤུས། ཁྱོད་ཀྱི་མིང་ལ་ཅི་ཟེར་ཞེས་བཀའ་དྲི་མཛད་པ་དང་། ས༷་ཏན་མང་པོ་ཞུགས་ཡོད་པའི་མི་དེས། ང་ཚོའི་མིང་ལ་དམག་དཔུང་ཟེར་རོ་ཞུས་ནས།"

31 ༣༡་ དེ་ཚོ་གཏིང་རུམ་གྱི་ནང་འགྲོ་བའི་བཀའ་མི་གནང་ཕྱིར་བཅོལ་ཏོ།"

32 ༣༢་ །རི་ལ་འཚོ་བའི་ཕག་ཁྱུ་ཆེན་པོ་ཞིག་ཡོད་པ་ལས། ཕག་གི་ནང་དུ་འཇུག་པའི་དགོངས་པ་གནང་བའི་ཕྱིར་བཅོལ་ནས། ཁོང་གིས་དེ་གནང་བས།"

33 ༣༣་ ས༷་ཏན་རྣམས་ཁོའི་ནང་ནས་ཕྱིར་ཐོན་ཏེ། ཕག་གི་ནང་དུ་ཞུགས་ནས། ཕག་ཁྱུ་དེ་གཡང་གཟར་ནས་རྒྱུགས་པས་མཚོར་ལྷུངས་ནས་ཤིའོ།"

34 ༣༤་ །ཕག་རྫི་རྣམས་ཀྱིས་ཅི་བྱུང་བ་མཐོང་ནས་བྲོས་ཏེ། གྲོང་ཁྱེར་དང་གྲོང་ཚོར་གནས་ཚུལ་ཁྱེར་ནས།"

35 ༣༥་ ཡུལ་མི་རྣམས་ཅི་བྱུང་བ་བལྟ་རུ་ཐོན་ཏེ། ཡེ་ཤུའི་དྲུང་དུ་བསླེབས་ནས། ས༷་ཏན་ཐོན་པའི་མི་དེ། གོས་གོན་ཏེ། དྲན་པ་སོས་ནས། ཡེ་ཤུའི་ཞབས་དྲུང་དུ་བསྡད་པ་མཐོང་ནས་འཇིགས་སོ།"

36 ༣༦་ །མཐོང་བ་རྣམས་ཀྱིས་ས༷་ཏན་ཞུགས་དེ་ཇི་ལྟར་སོས་པ་བཤད་པས།"

37 ༣༧་ གེ༷་ར་སའི་ཡུལ་འཁོར་གྱི་མི་ཐམས་ཅད་ཤིན་ཏུ་འཇིགས་པས། ཁོང་ལ་ང་ཚོའི་རྩ་ནས་ཕར་ཕེབས་ཤིག་ཞུས་པ་དང་། ཁོང་གྲུ་ལ་ཞུགས་ནས་ལོག་ཕེབས་སོ།"

38 ༣༨་ །ས༷་ཏན་ཐོན་པའི་མི་དེས། ང་ཁྱེད་མཉམ་སྡོད་པར་གནོང་ཞིག་ཅེས་ཞུ་བ་ཕུལ་ཀྱང་། ཡེ་ཤུས་དེ་ཕར་ལ་བཏང་བ་གནང་ཞིང་།"

39 ༣༩་ ཁྱིམ་དུ་ལོག་སྟེ། ཨེ་ལོ་ཧིམ་གྱིས་ཁྱོད་ལ་ཇི་ལྟ་བུ་མཛད་པ་ཤོད་ཅིག་གསུངས་པ་དང་། ཁོ་སོང་ནས་ཡེ་ཤུས་ཁོའི་ཕྱིར་ཇི་ལྟ་བུ་མཛད་པ་གྲོང་ཁྱེར་ཡོངས་ལ་བཤད་དོ།།"

40 ༤༠་ །ཡེ་ཤུ་ལོག་ཕེབས་པའི་ཚེ། ཁོང་ལ་སྒུག་པའི་མི་ཚོགས་ཀྱིས་ཁོང་གདན་དྲངས་སོ།"

41 ༤༡་ སི༷ན་ན་གོས་ཀྱི་དབུ་མཛད་ཡ༷་ཨིར་བྱ་བ་འོངས་ནས། ཡེ་ཤུའི་ཞབས་དྲུང་དུ་ལུས་ས་ལ་བརྡབས་ཏེ། ངའི་ཁྱིམ་དུ་ཕེབས་སུ་གསོལ།"

42 ༤༢་ ལོ་བཅུ་གཉིས་ཙམ་ལོན་པའི་ངའི་བུ་མོ་གཅིག་པུ་འཆི་བ་ལ་ཐུག་ཡོད་ཞུས་སོ། འདིར་ཁོང་ཕེབས་པ་ལས་མི་ཚོགས་ཀྱིས་རུབ་བོ།"

43 ༤༣་ །ལོ་བཅུ་གཉིས་ཁྲག་འཛག་ཅིང་ན་བར་སུས་ཀྱང་གསོ་མ་ཐུབ་པའི་བུད་མེད་གཅིག་ཡོད་པ།"

44 ༤༤་ སྐུ་རྒྱབ་ནས་འོངས་ཏེ། ན་བཟའི་སྣེ་མོ་ལ་རེག་པ་ཙམ་གྱིས་མོའི་ཁྲག་ཆད་དོ།"

45 ༤༥་ །ཡེ་ཤུས་ང་ལ་རེག་མཁན་སུ་ཡིན་གསུངས་པས། ཐམས་ཅད་ཀྱིས་ང་མིན་ཞུས་ནས་པེ༷་ཏྲོས། ཀྱུ་རི་བོ་ལགས། མི་ཚོགས་ཀྱིས་ཁྱེད་ལ་རུབ་ཅིང་བཙིར་རོ་ཞུས་སོ།"

46 ༤༦་ །ཡེ་ཤུས། ངའི་ནང་ནས་མཐུ་སྟོབས་ཤིག་ཐོན་པ་ཚོར་བས། གཅིག་གིས་ང་ལ་རེག་པ་ཡིན་འདུག་གསུངས་པས།"

47 ༤༧་ བུད་མེད་དེས་ཡིབ་མི་ཐུབ་པར་མཐོང་ནས། འདར་གྱིན་འོངས་ཏེ། སྐུ་དྲུང་དུ་ལུས་ས་ལ་བརྡབས་ནས། རེག་པའི་རྒྱུ་དང་། རེག་པ་ཙམ་གྱིས་ཕན་པ། མི་ཐམས་ཅད་ཀྱི་མདུན་དུ་ཞུས་སོ།"

48 ༤༨་ །ཁོང་གིས་མོ་ལ། བུ་མོ། ཁྱོད་ཀྱི་དད་པས་ཁྱོད་ཐར་བ་ཡིན། ཞི་བདེ་བར་སོང་ཞིག་གསུངས་སོ།"

49 ༤༩་ །གསུང་འཕྲོ་མ་ཟིན་པར། དབུ་མཛད་ཀྱི་དྲུང་ནས་མི་འོངས་ནས་ཡ༷་ཨིར་ལ། ཁྱེད་ཀྱི་བུ་མོ་ཤི་བས། རྒན་ལགས་ལ་འོ་བརྒྱལ་མ་ཞུ་སྨྲས་སོ།"

50 ༥༠་ །ཡེ་ཤུས་དེ་གསན་ནས་དབུ་མཛད་ལ། མ་འཇིགས་ཤིག དད་པ་རང་བྱོས་ཤིག །མོ་སླར་གསོ་བར་འགྱུར་གསུངས་ནས།"

51 ༥༡་ ཁང་པ་ལ་ཕེབས་པའི་ཚེ། པེ༷་ཏྲོ་དང་། ཡ༷་ཀོབ་དང་། ཡོ༷་ཧ་ནན་དང་། བུ་མོའི་ཕ་མ་གཉིས་མ་གཏོགས་པར། གཞན་ཁོང་དང་མཉམ་ནང་དུ་ཞུགས་པར་མ་གནང་ངོ་།"

52 ༥༢་ །དེར་ཐམས་ཅད་ཀྱིས་ངུ་ཞིང་མྱ་ངན་བྱེད་པས། ཁོང་གིས་མ་ངུ་ཞིག་མོ་མ་ཤི་བར་ཉལ་ལོ་གསུངས་པ་དང་།"

53 ༥༣་ དེ་ཚོས་མོ་ཤི་བར་ཤེས་ནས་ཁོང་ལ་ཁྲེལ་དགོད་བཏང་ངོ་།"

54 ༥༤་ །ཡེ་ཤུས་མོའི་ལག་པ་ནས་བཟུང་སྟེ། བུ་མོ་ལོངས་ཤིག །ཅེས་བཀའ་གནང་མ་ཐག་ཏུ།"

55 ༥༥་ དེའི་དབུགས་ཕྱིར་ལོག་ནས་ལངས་སོ། །བུ་མོ་ལ་ཁ་ཟས་ཐོང་ཞིག་ཅེས་བཀའ་གནང་ངོ་།"

56 ༥༦་ །ཕ་མ་གཉིས་ཤིན་ཏུ་ངོ་མཚར་དུ་གྱུར་ཏོ། ཁོང་གིས་དེ་དག་ལ་ནན་ཏན་མཛད་ཅིང་། བྱ་བ་འདི་སུ་ལའང་མ་འཆད་གསུངས་སོ་།། །།"

9

1 ༡་ ཨ༷་པོ་ཏོ་ལོ་པ་བཅུ་གཉིས་པོ་བོས་ནས། ས༷་ཏན་ཐམས་ཅད་སྐྲོད་པ་དང་། ནད་གསོ་བའི་མཐུ་དང་དབང་བསྐུར་ཏེ།"

2 ༢་ ཨེ་ལོ་ཧིམ་གྱི་རྒྱལ་སྲིད་ཀྱི་སློབ་ཁྲིད་མཛད་པ་དང་། ནད་གསོ་ཕྱིར་མངགས་ཏེ།"

3 ༣་ འདི་སྐད་དུ། ལམ་གྱི་ཕྱིར་དབྱུག་པའམ། སྒྱེ་ཁུག་གམ། རྒྱགས་སམ། དངུལ་ལམ། གོས་གཉིས་སམ། གཞན་ཅིའང་མ་ཁྱེར།"

4 ༤་ ཁང་པ་གང་དུ་ཞུགས་ན། ཡུལ་དེ་ནས་མ་འཐེགས་པའི་བར་དེར་སྡོད་ཅིག"

5 ༥་ །ཁྱེད་མི་བསུ་བ་དེར་དེ་ཚོར་མངོན་རྟགས་སྟོན་ཕྱིར་དུ། གྲོང་ཁྱེར་དེ་ནས་འགྲོ་དུས་སུ། རྐང་པ་ལས་རྡུལ་སྤྲུགས་ཤིག་གསུངས་སོ།"

6 ༦་ །དེ་རྣམས་སོང་སྟེ། ཡུལ་ཚོ་རྣམས་ནང་འཕྲིན་བཟང་བཤད་ཅིང་ཡུལ་ཀུན་གྱི་ནད་པ་རྣམས་གསོས་སོ།།"

7 ༧་ །མི་ལ་ལས་ཡོ༷་ཧ་ནན་གཤིན་པོའི་ཁྲོད་ནས་ལངས་སོ།"

8 ༨་ ལ་ལས་ཨེ༷་ལི་ཡཱ་བྱུང་ངོ་། ལ་ལས་སྔོན་གྱི་ཕ༷་རོ་པེ་ཏེ་པ་ཞིག་སླར་ལངས་སོ་སྨྲས་པས། ལྗོངས་དཔོན་ཧེ༷་རོ་དཱས་དེ་ཐམས་ཅད་ཐོས་ནས། ཅི་བྱ་མ་ཤེས་ཤིང་འདི་སྐད་དུ།"

9 ༩་ ཡོ༷་ཧ་ནན་གྱི་སྐེ་ངས་བཅད་པས། སྐད་ཆ་འདི་འདྲ་ཐོས་པའི་མི་དེ་སུ་ཡིན་སྨྲས་ནས་མཇལ་བར་རྩམ་མོ།།"

10 ༡༠་ །ཨ༷་པོ་ཏོ་ལོ་པ་རྣམས་ལོག་བསླེབས་ནས། ཇི་བྱས་པ་རྣམས་ཁོང་ལ་ཞུས་སོ། །དེ་རྣམས་སོ་སོར་ཁྲིད་དེ། བེ༷ད་སེ་དཱ་བྱ་བའི་གྲོང་ཁྱེར་ལ་ཕེབས་སོ།"

11 ༡༡་ །མི་ཚོགས་ཀྱིས་གོ་ནས་ཕྱིར་འབྲང་བ་དང་ཁོང་གིས་བསྙེན་ཞིང་། ཨེ་ལོ་ཧིམ་གྱི་རྒྱལ་སྲིད་ཀྱི་སྐོར་དུ་གསུངས་ནས། ནད་གསོ་དགོས་པ་རྣམས་གསོས་པར་མཛད་དོ།"

12 ༡༢་ །ཉི་མ་ཕྱི་ཡོལ་ལ། སློབ་མ་བཅུ་གཉིས་པོ་སྐུ་དྲུང་དུ་འོང་སྟེ། འདིར་དབེན་པ་ཡིན་ཏེ། མི་ཚོགས་ཉེ་འཁོར་གྱི་ཡུལ་ཚོ་དང་གྲོང་ལ། དགོངས་མོར་སྡོད་པ་དང་བཟའ་བཏུང་འཚོལ་བར་འགྲོ་བའི་དགོངས་པ་གནོང་ཞིག་ཞུས་སོ།"

13 ༡༣་ །ཁོང་གིས། འདི་རྣམས་ལ་ཟས་རྒྱུ་ཁྱེད་ཀྱིས་སྟེར་ཞིག་གསུངས་སོ། །དེ་རྣམས་ཀྱིས། ང་ཚོ་སོང་ནས་མི་ཚོགས་འདིའི་ཕྱིར་ཁ་ཟ་མི་ཉོ་ན། འདིར་བག་ལེབ་ལྔ་དང་ཉ་གཉིས་ལས་ལྷག་མེད་ཞུས་སོ།"

14 ༡༤་ །དེར་མི་སྟོང་ལྔ་ཙམ་ཡོད་དོ། །ཁོང་གིས་སློབ་མ་རྣམས་ལ། མི་རྣམས་ལྔ་བཅུ་ལྔ་བཅུའི་ཚོ་ཁག་ཏུ་སྡོད་ཆུག་གསུངས།"

15 ༡༥་ བཀའ་བཞིན་དུ་ཐམས་ཅད་སྡོད་དུ་བཅུག་གོ"

16 ༡༦་ །ཁོང་གིས་བག་ལེབ་ལྔ་དང་ཉ་གཉིས་པོ་ཕྱག་ཏུ་བཞེས་ནས། ནམ་མཁའ་ལ་གཟིགས་ཤིང་། བྱིན་རླབས་མཛད་དེ་བཅག་ནས། མི་ཚོགས་ལ་འགྲེམ་ཕྱིར་སློབ་མ་རྣམས་ལ་གནང་ངོ་།"

17 ༡༧་ །ཐམས་ཅད་ཀྱིས་ཟོས་ཏེ་ཚིམ་ནས་ལྷག་པའི་བྲུལ་བུ་ཙེལ་པོ་བཅུ་གཉིས་བླངས་སོ།།"

18 ༡༨་ ཁོང་ཟུར་དུ་སྨོན་ལམ་བརྒྱབ་ལ་བཞུགས་ཙ་ན། སློབ་མ་རྣམས་ཡོད་པ་དང་ཁོང་གིས། མི་རྣམས་ཀྱིས་ང་སུ་ཡིན་ཟེར་ཞེས་བཀའ་འདྲི་མཛད་པས།"

19 ༡༩་ ཞུ་ལན་དུ། ལ་ལས་བ༷བ་ཐི་སོ་གནང་མཁན་ཡོ༷་ཧ་ནན་དང་། ལ་ལས་ཨེ༷་ལི་ཡཱ། ལ་ལས་སྔོན་གྱི་ཕ༷་རོ་པེ་ཏེ་པ་གསོན་པོར་བཞེངས་པ་ཞིག་ལགས་ཟེར་རོ་ཞུས།"

20 ༢༠་ ཁྱེད་ཀྱིས་ང་སུ་ཡིན་ཟེར་གསུངས་པའི་ཞུ་ལན་དུ། པེ༷་ཏྲོས། ཨེ་ལོ་ཧིམ་གྱི་མ་ཤི་ཀ་ལགས་ཞུས་སོ།།"

21 ༢༡་ །ཁོང་གིས་དེ་སུ་ལའང་མི་འཆད་པའི་ཕྱིར་ནན་ཏན་མཛད་ནས།"

22 ༢༢་ མིའི་བུ་སྡུག་བསྔལ་མང་པོ་མྱོང་བ་དང་། ཁོང་རྒན་པོ་དང་། ལེ༷་ཝི་ཆེན་པོ་དང་། མོ༷་ཤེའི་བཀའ་ ཁྲིམས་ཀྱི་མཁས་པ་རྣམས་ཀྱིས་སྤོང་བ་དང་། བཀྲོང་བ་དང་། ཞག་གསུམ་པ་ལ་གསོན་པོར་བཞེང་བར་དགོས་ཞེས་གསུངས་སོ།།"

23 ༢༣་ ཁོང་གིས་མི་ཐམས་ཅད་ལ། ངའི་རྗེས་སུ་འབྲང་བར་འདོད་པ་དེས། བདག་འཛིན་སྤོང་ལ། ཉིན་རེ་བཞིན་རང་གི་རྒྱང་ཤིང་འཁུར་ལ་ངའི་རྗེས་སུ་འབྲོང་།"

24 ༢༤་ རང་སྲོག་སྐྱོབ་འདོད་པ་དེས་བརླག །ངའི་དོན་རང་སྲོག་བརླག་པ་དེས་སྐྱོབ་པར་འགྱུར།"

25 ༢༥་ མི་ལ་འཇིག་རྟེན་ཧྲིལ་པོ་ཐོབ་ཀྱང་། རང་སྲོག་བརླག་ན་ཅི་ཕན།"

26 ༢༦་ ང་དང་ངའི་བཀའ་ལ་ངོ་ཚ་བ་ལ། མིའི་བུ་ཀྱང་ཉིད་དང་ཡབ་དང་ཨ༷ན་ཇལ་དམ་པ་རྣམས་ཀྱི་གཟི་བརྗིད་ནང་འབྱོན་པའི་ཚེ་ངོ་ཚ་བར་བྱའོ།"

27 ༢༧་ །འདིར་ཡོད་པ་ཁ་ཅིག་གིས། ཨེ་ལོ་ཧིམ་གྱི་རྒྱལ་སྲིད་མ་མཇལ་བའི་བར་དུ་འཆི་བ་མི་མྱོང་ཞེས་ངས་བདེན་པར་ཟེར་གསུངས་སོ།།"

28 ༢༨་ །འདི་རྣམས་གསུངས་པའི་ཞག་བརྒྱད་ཙམ་ན། པེ༷་ཏྲོ་དང་། ཡོ༷་ཧ་ནན་དང་། ཡ༷་ཀོབ་གསུམ་ཁྲིད་དེ། སྨོན་ལམ་འདེབས་ཕྱིར་རིར་ཕེབས་སོ།"

29 ༢༩་ །སྨོན་ལམ་བརྒྱབ་ཚེ་ཁོང་གི་ཞལ་ངོ་གྱུར་ནས། ན་བཟའ་དཀར་ལ་མདངས་ཅན་དུ་གྱུར་ཏོ།"

30 ༣༠་ །མོ༷་ཤེ་དང་ཨེ༷་ལི་ཡཱ། སྐྱེས་བུ་གཉིས་པོས་ཁོང་མཉམ་གླེང་ངོ་། "

31 ༣༡་ དེ་གཉིས་དཔལ་དང་ལྡན་པར་མངོན་ཏེ། ཡེ༷་རུ་ཤ་ལེམ་དུ་སྒྲུབ་པར་འགྱུར་བའི་ཁོང་སྐུ་གཤེགས་པའི་འཕྲོས་ཞུས་སོ།"

32 ༣༢་ །པེ༷་ཏྲོ་དང་དེ་མཉམ་ཡོད་པ་ལ་གཉིད་འཐིབས་ཡོད་ཀྱང་། སད་ནས་ཁོང་གི་གཟི་བརྗིད་དང་། ཁོང་མཉམ་བཞེངས་པའི་སྐྱེས་བུ་གཉིས་པོ་མཇལ་ཏོ།"

33 ༣༣་ །དེ་གཉིས་བཞུད་པའི་ཚེ། པེ༷་ཏྲོས་ཡེ་ཤུ་ལ། ང་ཚོ་འདིར་བཞུགས་པ་ལེགས། གཟིམ་གུར་གསུམ་ཁྱེད་ལ་གཅིག་མོ༷་ཤེ་ལ་གཅིག་ །ཨེ༷་ལི་ཡཱ་ལ་གཅིག་ཕུབ་འོང་ཞེས་ཅི་ཞུས་པ་མ་ཤེས་པར་ཞུས་སོ།"

34 ༣༤་ །ཞུ་བའི་འཕྲོ་ལ་སྤྲིན་བྱུང་ནས་དེ་རྣམས་བསྒྲིབས་ནས་སྤྲིན་ནང་འཇུག་པའི་ཚེ་འཇིགས་སོ།"

35 ༣༥་ །སྤྲིན་ནས་སྒྲ་ཞིག་གིས། འདི་ནི་ངའི་སྲས་ངས་འདམས་པ་དེ་ཡིན། ཁོང་ལ་ཉོན་ཞེས་གསུངས་སོ།"

36 ༣༦་ །དེའི་མོད་ལ་ཡེ་ཤུ་སྐུ་རྐྱང་མཇལ་ཏོ། ཇི་མཐོང་བ་དེ། དེའི་ཚེ་སུ་ལའང་མ་བཤད་པར་ཁ་རོག་གོ།"

37 ༣༧་ །དེའི་སང་ཉིན་རི་ནས་མར་ཕེབས་པ་དང་། མི་ཚོགས་རྣམས་ཀྱིས་མཇལ་ཏོ།"

38 ༣༨་ །མི་ཚོགས་ལས་གཅིག་གིས་སྐད་ཆེན་པོས། རྒན་ལགས། ངའི་བུ་འདི་ལ་གཟིགས་སུ་གསོལ། ཁོ་ངའི་བུ་གཅིག་ཡིན་ཏེ།"

39 ༣༩་ ས༷་ཏན་གྱིས་འཛིན་ཅིང་བློ་བུར་དུ་སྐད་ངན་འདོན། ཁོ་དྲག་ཏུ་གཟིར་བས་ཁ་ནས་ལྦུ་བ་ཐོན་ནོ། ས༷་ཏན་གྱིས་ཤིན་ཏུ་བསྔལ་བར་བྱེད་ཅིང་འཐོན་པར་དཀའོ།"

40 ༤༠་ །ཁྱེད་ཀྱི་སློབ་མ་རྣམས་ལ་དེ་སྐྲོད་པའི་ཕྱིར་ཞུས་ཀྱང་དེ་རྣམས་ཀྱིས་མ་ནུས་ཞུས་པ་དང་།"

41 ༤༡་ ཡེ་ཤུས་མི་རབས་དད་མེད་དང་བསམ་བརླག་ཁྱོད། ང་ཁྱོད་མཉམ་དུ་ཅི་ཙམ་བར་ཐུག་བཟོད་པར་བྱ། ཁྱོད་ཀྱི་བུ་ཁྲིད་ཤོག་གསུངས་སོ།"

42 ༤༢་ །ཁོ་འོངས་པ་དང་ས༷་ཏན་གྱིས་ཁོ་ས་ལ་བརྡབས་ནས་དྲག་ཏུ་གཟིར་ཏོ། །ཡེ་ཤུས་ས༷་ཏན་ལ་བཀྱོན་པས། ཁྱེའུ་སོས་པར་མཛད་དེ་ཕ་ལ་གནང་ངོ་།"

43 ༤༣་ །ཐམས་ཅད་ཨེ་ལོ་ཧིམ་གྱི་དཔལ་ལ་ཤིན་ཏུ་ངོ་མཚར་བར་གྱུར་ཏོ།།"

44 ༤༤་ །དེ་ཐམས་ཅད་ཁོང་གི་མཛད་རྒྱ་ལ་ངོ་མཚར་དུ་གྱུར་པ་ལས། ཁོང་གིས་སློབ་མ་རྣམས་ལ། གཏམ་འདི་རྣ་བར་ཞོག་ཅིག །མིའི་བུ་མི་རྣམས་ཀྱི་ལག་ཏུ་གཏད་འོང་གསུངས་ཀྱང་།"

45 ༤༥་ གསུང་དེའི་དོན་ཁོ་ཚོས་མི་རྟོགས་པའི་ཕྱིར་སྦས་པ་ཡིན་པས། མ་གོ་ཞིང་། དེའི་སྐོར་བཀའ་འདྲི་ཞུ་བ་ལ་ནི་ཚབས་སོ།།"

46 ༤༦་ །དེ་ཚོའི་ནང་ནས་མཆོག་སུ་ཡིན་པའི་རྩོད་གླེང་བྱུང་བ་དང་།"

47 ༤༧་ ཡེ་ཤུས་དེ་ཚོའི་བསམ་པ་མཁྱེན་ནས། བྱིས་པ་ཞིག་ཉིད་ཀྱི་གཞོགས་སུ་བསླངས་ནས།"

48 ༤༨་ དེ་ཚོར་བྱིས་པ་འདི་ངའི་མིང་རྗོད་ཅིང་བསྙེན་པ་དེས་ང་བསྙེན་ནོ། །ང་བསྙེན་པ་དེས་ང་མངགས་མཁན་ཁོང་བསྙེན་ནོ། །ཁྱེད་ཀྱི་ནང་ན་ཆུང་ཤོག་དེ་མཆོག་ཡིན་ནོ་གསུངས་སོ།"

49 ༤༩་ །ཡོ༷་ཧ་ནན་གྱིས། ཀྱུ་རི་བོ་ལགས། ཁྱེད་ཀྱི་མཚན་རྗོད་ཅིང་ས༷་ཏན་སྐྲོད་པ་ཞིག་མཐོང་། ཁོ་རྗེས་འབྲང་མ་ཡིན་པས་བཀག་པ་ཡིན་ཞུས་པས།"

50 ༥༠་ ཡེ་ཤུས་དེ་ལ། ཁྱོད་ལ་དགྲ་མི་བྱེད་པ་དེས་ཁྱོད་ཀྱི་ཕྱོགས་བྱེད་པས་མ་འགེགས་ཤིག་གསུངས་སོ།།"

51 ༥༡་ །ཁོང་ཡར་འདེགས་པའི་དུས་ཉེ་བས། ཡེ༷་རུ་ཤ་ལེམ་དུ་རྩེ་གཅིག་གིས་ཕྱོགས་ཏེ།"

52 ༥༢་ །སྔོན་དུ་བང་ཆེན་གནང་ནས། ཁོང་གི་ཕྱིར་གྲལ་བྱེད་པར་སོང་ནས། ས༷་མར་ཡཱ་པའི་ཡུལ་ཚོ་ཞིག་ཏུ་བསླེབས་པ་དང་།"

53 ༥༣་ ཡེ༷་རུ་ཤ་ལེམ་ལ་ཕྱོགས་པས་ཁོང་ལ་བསུ་བ་མ་བྱས་སོ།"

54 ༥༤་ །སློབ་མ་ཡ༷་ཀོབ་དང་ཡོ༷་ཧ་ནན་གྱིས་དེ་མཐོང་ནས། ཀྱུ་རི་བོ། ང་ཚོས་ནམ་མཁའ་ནས་མེ་ཕབ་སྟེ། དེ་ཚོ་ཚར་གཅོད་པ་ལ་མཉེས་སམ་ཞུས་པས།"

55 ༥༥་ དེ་དག་ལ་གཟིགས་ནས་བཀྱོན་ཏེ།"

56 ༥༦་ ཡུལ་ཚོ་གཞན་ཞིག་ལ་ཕེབས་སོ།།"

57 ༥༧་ །ལམ་ནས་ཕེབས་པ་ལས། མི་ཞིག་གིས་ཁོང་ལ། ཁྱེད་ཕེབས་སར་ངའང་འབྲང་ངོ་ཞུས་སོ།"

58 ༥༨་ །ཡེ་ཤུས་ཝ་ལ་ཝ་ཚང་ཡོད། གནམ་གྱི་བྱ་ལ་བྱ་ཚང་ཡོད་ཀྱང་། མིའི་བུ་ལ་མགོ་བཞག་སའང་མེད་གསུངས་སོ།"

59 ༥༩་ །གཞན་ཞིག་ལ། ང་ལ་འབྲོང་གསུངས་ཀྱང་དེས། སྔོན་ལ་ངའི་ཕ་དུར་དུ་འཇུག་པར་གནོང་ཞིག་ཞུས།"

60 ༦༠་ ཁོང་གིས་དེ་ལ། གཤིན་པོ་གཤིན་པོར་སྦ་ཆུག །ཁྱེད་རང་སོང་ལ་ཨེ་ལོ་ཧིམ་གྱི་རྒྱལ་སྲིད་ཀྱི་ཕྲིན་སྤེལ་ཞིག་གསུངས་སོ།"

61 ༦༡་ །གཞན་ཞིག་གིས། ཀྱུ་རི་བོ། སྔོན་ལ་ངའི་ཁྱིམ་གྱི་མི་རྣམས་ལ་ཕྱི་ཕྱག་བྱེད་དུ་གནོང་ཞིག །དེ་ནས་ང་ཞབས་རྗེས་སུ་འབྲང་འོང་ཞུས་པས།"

62 ༦༢་ ཡེ་ཤུས་དེ་ལ། གཤོལ་ལ་ལག་པ་འཐམ་ནས་ཕྱི་མིག་ལོག་པ་ཨེ་ལོ་ཧིམ་གྱི་རྒྱལ་སྲིད་ལ་མི་མཚུངས་གསུངས་སོ།། །།"