1

1 ༡་ །ཡེ་ཤུ་མ་ཤི་ཀ་ཨེ་ལོ་ཧིམ་གྱི་སྲས་ཀྱི་འཕྲིན་བཟང་གི་ཐོག་མ་ནི།"

2 ༢་ །ཕ༷་རོ་ཕེ་ཏེ་པ་ཡེ༷་ཤཱ་ཡ༷ས།
།ང་ཡི་ཕོ་ཉ་ཁྱེད་མདུན་གཏོང་།
།དེས་ནི་ཁྱེད་ལམ་བསལ་བར་བྱ།"

3 ༣་ །ཐང་ན་འབོད་པའི་སྒྲ་དེ་ཡིས།
།ཁོང་གི་ཕེབས་ལམ་སྲོང་ཤིག་ཟེར།
ཅེས་བྲིས་པ་བཞིན་དུ།"

4 ༤་ །བ༷བ་ཐི་སོ་གནང་མཁན་ཡོ༷་ཧ་ནན་ནི་སྡིག་པ་སེལ་བའི་ཕྱིར། འགྱོད་ཚངས་ཀྱི་བ༷བ་ཐི་སོ་ཡི་བཤད་ཅིང་འབྲོག་སྟོང་ན་བྱུང་ངོ་།"

5 ༥་ །ཡ༷་ཧུ་དཱ་ཡུལ་ཐམས་ཅད་དང་། ཡེ༷་རུ་ཤ་ལེམ་པ་ཐམས་ཅད་ཁོང་གི་དྲུང་དུ་སོང་སྟེ། སྡིག་པ་མཐོལ་ནས་ཡོ༷ར་དན་གཙང་པོའི་ནང་བ༷བ་ཐི་སོ་བླངས་སོ།"

6 ༦་ །ཡོ༷་ཧ་ནན་ནི་རྔ་མོང་གི་སྤུའི་གོས་གོན་ཏེ། རྐེད་པར་ཀོ་བའི་སྐ་རགས་བཅིངས་ནས། ཆ་ག་འབུ་དང་རིའི་སྦྲང་རྩི་ལ་སྤྱད་དོ།"

7 ༧་ །ཁོང་གིས་འདི་སྐད་དུ། ང་ལས་མཐུ་སྟོབས་ཆེ་བ་དེ་ངའི་རྗེས་སུ་འབྱོན་ནོ། །ང་སྒུར་ནས་ཁོང་གི་ཞབས་ལྷམ་གྱི་སྒྲོག་བུ་སྒྲོལ་བའང་འོས་མ་ཡིན།"

8 ༨་ །ངས་ཁྱེད་ལ་ཆུའི་བ༷བ་ཐི་སོ་གཏང་གི །ཁོང་གིས་དམ་པའི་རུ་ཨཱག་གི་བ༷བ་ཐི་སོ་གནང་བར་འགྱུར་ཞེས་བསྒྲགས་སོ།།"

9 ༩་ །དེའི་ཚེ་ག༷་ལིལ་ཡུལ་གྱི་གྲོང་ཁྱེར་ན༷་ཙ་རེད་ནས་ཡེ་ཤུ་བྱོན་ནས། ཡོ༷ར་དན་གྱི་གཙང་པོའི་ནང་ཡོ༷་ཧ་ནན་གྱིས་བ༷བ་ཐི་སོ་གནང་ངོ་།"

10 ༡༠་ །ཆུའི་ནང་ནས་ཐོན་པ་དང་། ནམ་མཁའ་རལ་ནས་དམ་པའི་རུ་ཨག་ནི་ཕུག་རོན་ལྟར་ཁོང་གི་སྟེང་དུ་འབབ་པར་གཟིགས་སོ།"

11 ༡༡་ །ནམ་མཁའ་ནས་སྒྲ་ཞིག་གིས། ཁྱེད་ནི་ང་རབ་ཏུ་དགའ་བའི་ངའི་སྲས་གཅིག་པོ་ཡིན་གསུངས་སོ།།"

12 ༡༢་ །དེ་ནས་དམ་པའི་རུ་ཨག་གིས་ཁོང་འབྲོག་སྟོང་དུ་འདེད་ནས།"

13 ༡༣་ །དེར་ཞག་བཞི་བཅུའི་བར་དུ་ས༷་ཏན་གྱིས་ཁོང་གི་ཐུགས་སད་དོ། །གཅན་གཟན་དང་མཉམ་དུ་བཞུགས་ཏེ། ཨ༷ན་ཇལ་རྣམས་ཀྱིས་ཁོང་ལ་ཞབས་ཕྱི་ཞུས་སོ།།"

14 ༡༤་ །ཡོ༷་ཧ་ནན་བཟུང་བའི་རྗེས་སུ། ཡེ་ཤུ་ག་ལིལ་དུ་ཕེབས་ནས། ཨེ་ལོ་ཧིམ་གྱི་འཕྲིན་བཟང་འདི་ལྟར།"

15 ༡༥་ །ད་དུས་རན། ཨེ་ལོ་ཧིམ་གྱི་རྒྱལ་སྲིད་ཉེ་བར་བསླེབས། སེམས་སྒྱུར་ལ་འཕྲིན་བཟང་ལ་དད་པ་བྱོས་ཤིག་ཅེས་བསྒྲགས་སོ།།"

16 ༡༦་ །ག༷་ལིལ་གྱི་མཚོ་འགྲམ་ནས་ཕེབས་པ་ལས། ཉ་པ་ཡིན་པའི་ཤི་མོན་དང་དེའི་སྤུན་ཨ༷ན་དྲེ་ཨ་མཚོའི་ནང་དུ་ཉ་དོལ་གཏོང་བ་གཟིགས་ནས།"

17 ༡༧་ །དེ་དག་ལ། ངའི་རྗེས་སུ་བྲོང་ཞིག་དང་། ངས་ཁྱེད་མི་རྣམས་འཛིན་མཁན་གྱི་ཉ་པར་བསྐོ་བར་བྱའོ་གསུངས་པ་དང་།"

18 ༡༨་ །ཉ་དོལ་བོར་ནས་ཞབས་རྗེས་སུ་འབྲངས་སོ།"

19 ༡༩་ །ཅུང་ཟད་ཕེབས་པ་ལས། ཟེ༷་བད་ཡཱའི་བུ་ཡཱ༷་ཀོབ་དང་ཡོ༷་ཧ་ནན་གྲུའི་ནང་ན་ཉ་དོལ་བཟོ་སྐྱོར་བྱེད་ཅིང་ཡོད་པར་གཟིགས་ཏེ།"

20 ༢༠་ །བོས་པར་མཛད་པ་དང་། ཕ་ཟེ༷་བད་ཡཱ་གླ་པ་རྣམས་དང་བཅས་གྲུའི་ནང་དུ་བོར་ནས་ཕྱི་བཞིན་འབྲངས་སོ།།"

21 ༢༡་ །ཀ༷་པར་ན་ཧུམ་དུ་བྱོན་པ་ལས། ཤ༷བ་བད་ཀྱི་ཞག་ལ་སི༷ན་ན་གོས་སུ་སློབ་ཁྲིད་མཛད་དོ།"

22 ༢༢་ །ཁོང་གིས་མོ་ཤེའི་བཀའ་ཁྲིམས་མཁས་པ་རྣམས་དང་མི་འདྲ་བར། དབང་ཡོད་པ་ལྟར་སློབ་ཁྲིད་མཛད་པས། ཐམས་ཅད་ངོ་མཚར་དུ་གྱུར་ཏོ།"

23 ༢༣་ །དེའི་ཚེ་དེ་རྣམས་ཀྱི་སི༷ན་ན་གོས་ནང་ས༷་ཏན་ཞུགས་པ་ཤིག་ཡོད་དེ་དེས་སྐད་ཆེན་པོས།"

24 ༢༤་ །ཀྱེ་ན༷་ཙ་རེད་པ་ཡེ་ཤུ། ཁྱེད་དང་ང་ཚོ་ལ་བྲེལ་བ་ཅི། ང་ཚོ་མེད་པར་མཛད་དུ་ཕེབས་སམ། ཁྱེད་སུ་ཡིན་ངས་ཤེས། ཁྱེད་ཨེ་ལོ་ཧིམ་གྱི་དམ་པ་དེ་ལགས་ཞུས་སོ།"

25 ༢༥་ །ཡེ་ཤུས་དེ་ལ་བཀའ་བཀྱོན་མཛད་ཅིང་། ཁ་རོག་སྡོད། ཁོང་གི་ནང་ནས་ཐོན་ཅིག་ཅེས་གསུངས་པ་དང་།"

26 ༢༦་ །ས༷་ཏན་གྱིས་མི་དེ་དཀྲུགས་ནས། སྐད་ངན་བཏོན་བཞིན་ཁོང་གི་ནང་ནས་ཕྱིར་ཐོན་སོང་ངོ་།"

27 ༢༧་ །ཐམས་ཅད་ངོ་མཚར་དུ་གྱུར་ཏེ་ཕན་ཚུན་དྲིས་པ། འདི་ཅི་ཡིན། སློབ་ཁྲིད་གསར་པ་འདི་ཅི་ཡིན། ས༷་ཏན་ལའང་དབང་གིས་བཀའ་གནང་ཞིང་། དེ་རྣམས་ཀྱིས་ཉན་ནོ།"

28 ༢༨་ །དེ་མ་ཐག་ཏུ་ཁོང་གི་སྙན་གྲགས་ག༷་ལིལ་གྱི་ཡུལ་འཁོར་ཕྱོགས་ཀུན་དུ་ཁྱབ་བོ།།"

29 ༢༩་ །དེ་ནས་སི༷ན་ན་གོས་ནས་བཞེངས་ཏེ། ཡ༷་ཀོབ་དང་ཡོ༷་ཧ་ནན་མཉམ་དུ། ཤི༷་མོན་དང་ཨ༷ན་དྲེ་ཨའི་ཁྱིམ་དུ་ཕེབས་སོ།"

30 ༣༠་ །ཤི༷་མོན་གྱི་སྒྱུག་མོ་ཚ་བའི་ནད་ཀྱིས་ཟིན་ནས་ཉལ་ཡོད་པས། དེའི་དོན་དུ་ཁོང་ལ་ཞུས་པ་ལས།"

31 ༣༡་ །མདུན་དུ་བྱོན་ཏེ། ལག་པ་ལ་བཟུང་ནས་བསླངས་མ་ཐག་ཏུ་ཚ་བ་དཱངས་ནས་མོས་ཞབས་ཕྱི་ཞུས་སོ།"

32 ༣༢་ །ཉི་མ་ནུབ་པའི་འོག་ཏུ་སྲོད་ལ། ནད་པ་དང་ས༷་ཏན་ཞུགས་པ་ཐམས་ཅད་སྐུ་དྲུང་དུ་འཁྱེར་འོངས་ཏེ།"

33 ༣༣་ །གྲོང་ཁྱེར་པ་ཐམས་ཅད་སྒོ་རྩར་འདུས་སོ།"

34 ༣༤་ །ནད་སོ་སོ་ན་བ་མང་པོ་གསོས་ནས། ས༷་ཏན་མང་པོ་བཏོན་པར་མཛད་དེ། ས༷་ཏན་རྣམས་ཀྱིས་ཁོང་ངོ་ཤེས་པས་ལབ་ཏུ་མ་བཅུག་གོ"

35 ༣༥་།ཐོ་རངས་ལས་སྔོན་དུ་བཞེངས་ནས་དབེན་པར་ཕེབས་ཏེ། དེར་སྨོན་ལམ་བརྒྱབ་ལ་བཞུགས་སོ།"

36 ༣༦་ །ཤི་མོན་ལ་སོགས་པས་ཁོང་ལ་བདས་ནས།"

37 ༣༧་ །མཇལ་བ་དང་མི་ཐམས་ཅད་ཀྱིས་ཁྱེད་འཚོལ་ལོ་ཞུས་ཏེ།"

38 ༣༨་ །བཀའ་ལན་དུ། ང་ཚོ་ཉེ་འཁོར་གྱི་ཡུལ་རྣམས་ལ་སོང་ནས། ངས་དེ་རུའང་འཕྲིན་བཟང་འཆད་པར་བྱ། དོན་དེའི་ཕྱིར་འོངས་པ་ཡིན་གསུངས་སོ།"

39 ༣༩་ །དེ་ནས་ག༷་ལིལ་གྱི་སི༷ན་ན་གོས་ཐམས་ཅད་ཀྱི་ནང་སློབ་ཁྲིད་མཛད་ཅིང་། ས༷་ཏན་བསྐྲད་དོ།"

40 ༤༠་ །མཛེ་ཅན་ཞིག་མཇལ་དུ་འོངས་ནས། པུས་མོ་ས་ལ་བཙུགས་ཏེ། ཐུགས་མཉེས་ན་ང་གཙང་བར་མཛད་ནུས་སོ་ཞེས་ཞུ་བ་ཕུལ་བས།"

41 ༤༡་ །ཐུགས་བརྩེ་ནས་ཕྱག་བརྐྱངས་ཏེ། ཁོང་ལ་རེག་ནས་དེ་བཞིན་དུ་འདོད་དོ། །གཙང་བར་གྱུར་ཅིག་གསུངས་པ་དང་།"

42 ༤༢་ །མཛེ་ནད་དག་པར་གྱུར་ཏོ།"

43 ༤༣་ །དྲག་པོའི་ངང་ནས་མི་དེ་འཕྲལ་དུ་བཏོན་ཞིང་།"

44 ༤༤་ །སུ་ལའང་ཅི་ཞིག་མི་ཟེར་བར་སོང་ལ། དག་པར་གྱུར་པ་མི་རྣམས་ཀྱིས་ཤེས་པའི་ཕྱིར་རང་གི་ལུས་བཙང་བར་འབུལ་བའི་མོ༷་ཤེས་བཀའ་བཞིན་དུ་ཨེ་ལོ་ཧིམ་ལ་ཕུལ་ཞིག་ཅེས་བཀའ་གནང་ཡང་།"

45 ༤༥་ །མི་དེ་སོང་ནས། བྱ་བ་དེ་མང་དུ་བཤད་ཅིང་རྒྱས་བཅུག་པས། ཕྱིན་ཆད་ཡེ་ཤུ་མངོན་སུམ་དུ་གྲོང་ཁྱེར་ལ་ཕེབས་མ་ཐུབ་པར། ཕྱི་རོལ་དུ་དབེན་པར་བཞུགས་། མི་རྣམས་ཕྱོགས་བཞི་ནས་ཁོང་གི་དྲུང་དུ་འོངས་སོ།། །།"

10

1 ༡་ །དེ་ནས་བཞེངས་ཏེ། ཡ༷་ཧུ་དཱའི་མཐའ་འཁོར་དང་། ཡོ༷ར་དན་གྱི་ཕ་རོལ་གྱི་ཡུལ་དུ་ཕེབས་པ་དང་། སླར་མི་ཚོགས་སྐུ་དྲུང་དུ་འཛོམས་པས། དུས་རྒྱུན་བཞིན་དུ་སླར་དེ་རྣམས་ལ་སློབ་ཁྲིད་མཛད་དོ།"

2 ༢་།ཕ༷་རུ་ཤི་པ་རེ་འོངས་ཏེ། ཚོད་ལྟ་བའི་ཕྱིར། སྐྱེས་པས་ཆུང་མ་འཕྲལ་ཆོག་གམ། ཞེས་བཀའ་འདྲི་ཞུས་པ་དང་།"

3 ༣་ །བཀའ་ལན་དུ། མོ༷་ཤེས་ཁྱེད་ལ་བཀའ་ཅི་གནང་གསུངས་པས།"

4 ༤་ །དེ་དག་གིས། མོ༷་ཤེས་ནི་འབྲལ་ཡིག་བྲིས་ནས་འབྲལ་བའི་དགོངས་པ་གནང་ངོ་ཞུས་སོ།"

5 ༥་།ཁྱེད་ཀྱི་སྙིང་གྱོང་བས་བཀའ་ཁྲིམས་འདི་བྲིས་ཀྱི།"

6 ༦་ །འཇིག་རྟེན་བཀོད་པ་ནས། ཨེ་ལོ་ཧིམ་གྱིས་མི་ཕོ་མོར་མཛད་པ་ཡིན།"

7 ༧་ །དེའི་ཕྱིར་སྐྱེས་པས་ཕ་མ་བཞག་ནས། ཆུང་མ་མཉམ་འགྲོགས་ཤིང་།"

8 ༨་།དེ་གཉིས་གཅིག་ཏུ་འགྱུར་འོང་། དེས་ན་དེ་དག་གཉིས་མིན་ཏེ། གཅིག་ཡིན་ནོ།"

9 ༩་།ཨེ་ལོ་ཧིམ་གྱིས་སྦྲེལ་བ་དེ་མིས་མ་འཕྲལ་ཞིག་གསུངས་སོ།"

10 ༡༠་།ཁྱིམ་དུ་སློབ་མ་རྣམས་ཀྱིས་དེའི་སྐོར་སླར་ཡང་བཀའ་འདྲི་ཞུས་པ་དང་།"

11 ༡༡་།ཆུང་མ་འཕྲལ་ཏེ་གཞན་ཞིག་བླང་བ་དེས་ལོག་གཡེམ་བྱེད་དོ།"

12 ༡༢་ །ཆུང་མས་ཁྱོ་བོ་འཕྲལ་ནས་གཞན་ཞིག་བླང་ན་ལོག་གཡེམ་བྱེད་དོ་གསུངས་སོ།།"

13 ༡༣་།མི་རྣམས་ཀྱིས་བྱིས་པ་རེ་ཁོང་གི་སྐུ་དྲུང་དུ་ཕྱག་རེག་ཕྱིར་སྐྱེལ་བ་དང་། སློབ་མས་བཀག་པ་ལས།"

14 ༡༤་ །ཡེ་ཤུས་གཟིགས་ནས་ཐུགས་ཁྲོས་ཏེ། དེ་རྣམས་ལ། ཨེ་ལོ་ཧིམ་གྱི་རྒྱལ་སྲིད་ནི་འདི་འདྲ་བ་རྣམས་ཀྱི་ཡིན་པས། བྱིས་པ་མ་དགག་པར་ངའི་དྲུང་དུ་འོང་དུ་ཆུག་ཅིག"

15 ༡༥་།ཨེ་ལོ་ཧིམ་གྱི་རྒྱལ་སྲིད་བྱིས་པས་བླང་བ་ལྟར་མི་བླང་བ་དེ་ནི་དེའི་ནང་དུ་མི་ཆུད་ཅེས་ངས་བདེན་པར་ཟེར་གསུངས་ནས།"

16 ༡༦་།བྱིས་པ་སྐུ་པང་ལ་བསྣམས་ནས། ཕྱག་བཞག་ཅིང་བྱིན་གྱིས་བརླབས་སོ།།"

17 ༡༧་།དེ་ནས་ལམ་ཐོག་ཕེབས་པའི་ཚེ། མི་ཞིག་སྐུ་དྲུང་དུ་རྒྱུགས་འོངས་ཏེ། པུས་མོ་ས་ལ་བཙུགས་ནས། རྒན་བཟང་པོ་ལགས། མི་ཚེ་རྒྱུན་དུ་པ་ཐོབ་པའི་ཕྱིར་ངས་ཅི་བྱ། ཞེས་ཞུས་པ་དང་།"

18 ༡༨་།ཡེ་ཤུས། ཅིའི་ཕྱིར་ང་ལ་རྒན་བཟང་པོ་ལགས་ཟེར། ཨེ་ལོ་ཧིམ་གཅིག་མ་གཏོགས་པར་བཟང་པོ་སུའང་མེད།"

19 ༡༩་།མི་མ་གསོད། ལོག་གཡེམ་མ་བྱེད། མ་རྐུ། རྫུན་གྱི་དཔང་པོ་མ་བྱེད། མགོ་མ་སྐོར། ཕ་དང་མ་ལ་བཀུར་སྟི་བྱོས་ཤིག །བཀའ་དེ་རྣམས་ཁྱེད་ཀྱིས་ཤེས་སོ་གསུངས་པ་དང་།"

20 ༢༠་།རྒན་ལགས། དེ་ཐམས་ཅད་ངས་ཆུང་དུས་ནས་བསྲུངས་པ་ཡིན་ཞུས་སོ།"

21 ༢༡་།ཡེ་ཤུས་དེ་ལ་གཟིགས་ཤིང་ཐུགས་བརྩེར་དགོངས་ནས་དེ་ལ། ཁྱེདནང་གཅིག་མ་ཚང་བས། སོང་ལ། ཇི་ཡོད་ཐམས་ཅད་བཙོང་སྟེ། དབུལ་པོ་ལ་ཐོང་ཞིག་དང་། ནམ་མཁའ་རུ་ཁྱེད་ལ་གཏེར་ཐོབ་འོང་། ཡང་འོངས་ཏེ་ངའི་རྗེས་སུ་འབྲོང་ཞིག་གསུངས་སོ།"

22 ༢༢་།ཁོང་ལ་ནོར་མང་པོ་ཡོད་པས། གསུང་དེ་ཐོས་ནས་ངོ་ནག་པར་གྱུར་ཏེ་འཚེར་གྱིན་སོང་ངོ་།"

23 ༢༣་ །ཡེ་ཤུས་འཁོར་ལ་གཟིགས་ཤིང་། སློབ་མ་རྣམས་ལ་། ཕྱུག་པོ་ཨེ་ལོ་ཧིམ་གྱི་རྒྱལ་སྲིད་ནང་ཆུད་པ་ཤིན་དུ་དཀའོ།"

24 ༢༤་ །གསུངས་པ་ལས་སློབ་མ་རྣམས་ངོ་མཚར་དུ་གྱུར་ཏོ། །སླར་ཡེ་ཤུས། བུ་རྣམས། ཨེ་ལོ་ཧིམ་གྱི་རྒྱལ་སྲིད་ནང་ཆུད་པ་ནི་ཤིན་ཏུ་དཀའ་འོ།"

25 ༢༥་།ཕྱུག་པོ་ཨེ་ལོ་ཧིམ་གྱི་རྒྱལ་སྲིད་ནང་ཆུད་པ་ལས། རྔ་མོང་ཁབ་མིག་ནང་ཆུད་པ་སླའོ་གསུངས་པས།"

26 ༢༦་དེ་རྣམས་ངོ་མཚར་ཆེ་བར་གྱུར་ཏེ། འོ་ན་སུ་ཐར་ཐུབ་ཞུས་པ་དང་།"

27 ༢༧་དེ་རྣམས་ལ་གཟིགས་ཏེ། མི་ལ་མི་ཐུབ་ཀྱང་། ཨེ་ལོ་ཧིམ་ལ་ཐུབ་བོ། །ཨེ་ལོ་ཧིམ་ལ་ཐམས་ཅད་ཐུབ་བོ། །ཞེས་གསུངས་སོ།།"

28 ༢༨་པེ༷་ཏྲོས་ཁོང་ལ་། གཟིགས་ཤིག །ང་ཚོས་ཐམས་ཅད་སྤང་ཏེ། ཁྱེད་ཀྱི་ཞབས་རྗེས་སུ་འབྲངས་པ་ཡིན་ཞུས་པ་དང་།"

29 ༢༩་།ཡེ་ཤུས། ང་དང་འཕྲིན་བཟང་གི་དོན་ལ་ཁང་པའམ། ཕུ་ནུའམ། སྲིང་མོའམ། ཕ་མའམ། ཆུང་མའམ། ཕྲུ་གུའམ། ཞིང་སྤང་མཁན་ལ།"

30 ༣༠་ད་ལྟ་ཚེ་འདི་ནང་གནོད་འཚེ་མཉམ་ཁང་པ་དང་། ཕུ་ནུ་དང་། སྲིང་མོ་དང་། མ་དང་། ཕྲུ་གུ་དང་། ཞིང་སོགས་བརྒྱ་འགྱུར་དང་། མ་འོངས་པའི་དུས་སུ་མི་ཚེ་རྒྱུན་དུ་པ་མི་ཐོབ་པ་མེད་ངས་བདེན་པར་ཟེར།"

31 ༣༡་།དང་པོ་ཡིན་པ་མང་པོ་མཐའ་མར་དང་། མཐའ་མ་ཡིན་པ་དང་པོར་འགྱུར་འོང་གསུངས་སོ།།"

32 ༣༢་།ཡེ་རུ་ཤ་ལེམ་དུ་ཕེབས་པའི་ལམ་ཁར། ཡེ་ཤུ་དེ་ཚོའི་སྔོན་ལ་བྱོན་པ་ལས། དེ་དག་ངོ་མཚར་དུ་གྱུར་ཏེ་རྗེས་སུ་འབྲང་བ་རྣམས་འཇིགས་སྐྲག་གོ །སླར་སློབ་མ་བཅུ་གཉིས་པོ་སོ་སོར་ཁྲིད་དེ། ཉིད་ལ་འབྱུང་རྒྱུ་རྣམས་བཤད་ཅིང་།"

33 ༣༣་།ལྟོས་ཤིག །ང་ཚོ་ཡེ༷་རུ་ཤ་ལེམ་དུ་འགྲོ་སྟེ། མིའི་བུ་ལེ༷་ཝི་ཆེན་དང་མོ་ཤེའི་བཀའ་ཁྲིམས་མཁས་པ་རྣམས་ལ་བཏད་ནས། དེ་རྣམས་ཀྱིས་ཁོང་གསད་པའི་ཁྲིམས་བཅད་དེ། །ཨེ་ལོ་ཧིམ་ངོ་མ་ཤེས་པའི་ལག་ཏུ་གཏད་འོང་།"

34 ༣༤་།དེ་རྣམས་ཀྱིས་ཁོང་ལ་འཕྱ་བ་དང་། མཆིལ་མ་རྒྱབ་སྟེ། རྟ་ལྕག་གིས་བརྡུང་ཞིང་། འགྲོང་འོང་ཞག་གསུམ་སོང་བ་དང་ཁོང་སྐུ་གསོན་པོར་བཞེང་བར་འགྱུར་རོ་གསུངས་སོ།།"

35 ༣༥་།ཟེ༷་བད་ཡཱའི་བུ་ཡ༷་ཀོབ་དང་ཡོ༷་ཧ་ནན་གཉིས་སྐུ་དྲུང་དུ་འོངས་ནས། རྒན་ལགས། ང་ཚོས་གང་ཞུ་བ་དེ་ང་ཚོའི་དོན་ལ་མཛད་དུ་གསོལ་ཞུས་པ་དང་།"

36 ༣༦་ །ཁྱེད་ཀྱི་དོན་ལ་ངས་ཅི་བྱ་བར་འདོད་གསུངས་པས།"

37 ༣༧་དེ་དག་གིས། ཁྱེད་ཀྱི་གཟི་བརྗིད་ནང་ང་ཚོ་གཅིག་ཁྱེད་ཀྱི་ཕྱག་གཡས་དང་། གཅིག་ཕྱག་གཡོན་དུ་སྡོད་དུ་གནོང་ཞུས་སོ།"

38 ༣༨་།ཡེ་ཤུས། ཇི་ཞུས་པ་ཁྱེད་ཀྱིས་མི་ཤེས་སོ། །ངས་འཐུང་བའི་ཕོར་པ་དེ་འཐུང་བར་ནུས་སམ། ང་ལ་གསོལ་བའི་བ༷བ་ཐི་སོ་སྟེ་ལེན་པར་ནུས་སམ་གསུངས་པ་དང་།"

39 ༣༩་དེ་དག་གིས་ནུས་སོ་ཞུས་ནས། ཡེ་ཤུས། ངས་འཐུང་བའི་ཕོར་པ་དེ་ཁྱེད་ཀྱིས་འཐུང་འོང་། ང་ལ་གསོལ་བའི་ བ༷བ་ཐི་སོ་དེ་ཁྱེད་ཀྱིས་ལེན་འོང་ཡང་།"

40 ༤༠་ ངའི་གཡས་གཡོན་དུ་སྡོད་པར་གནང་བའི་དབང་ང་ལ་མེད། གང་གི་ཕྱིར་གཤམས་པ་དེ་རྣམས་ཀྱི་ཕྱིར་ཡིན་གསུངས་སོ།"

41 ༤༡་།གཞན་བཅུ་པོས་ཐོས་ནས་ཡ༷་ཀོབ་དང་ཡོ༷་ཧ་ནན་ལ་ཁྲོས་པ་ལས།"

42 ༤༢་ཡེ་ཤུས་དེ་རྣམས་བོས་ནས། མིའི་དཔོན་པོ་ཡིན་སེམས་པ་རྣམས་ཀྱིས་དེ་ཚོར་སྲིད་བྱེད་པ་དང་། མི་ཆེན་རྣམས་ཀྱིས་དེ་ཚོར་དབང་སྟོན་པ་ཁྱེད་ཅག་གིས་ཤེས་སོ།"

43 ༤༣་ ཁྱེད་ཀྱི་ཁྲོད་དུ་དེ་ལྟར་མིན། ཆེན་པོ་འགྱུར་འདོད་པ་དེ་ཁྱེད་ཚོའི་ཞབས་ཕྱིར་འགྱུར་དགོས།"

44 ༤༤་།དང་པོར་འགྱུར་འདོད་པ་དེ་ཐམས་ཅད་ཀྱི་གཡོག་པོར་འགྱུར་དགོས།"

45 ༤༥་དེ་ལྟར་མིའི་བུ་འཇིག་རྟེན་དུ་ཞབས་ཏོག་ལེན་ཕྱིར་མ་ཕེབས་ཀྱིས། ཞབས་ཏོག་ཞུ་ཞིང་མང་པོའི་སྲོག་ཚབ་ལ་སྐུ་སྲོག་གནང་བའི་ཕྱིར་ཕེབས་ཞེས་གསུངས་སོ།།"

46 ༤༦་།ཡེ༷་རི་ཀོ་ལ་ཕེབས་ཏེ། སློབ་མ་དང་མི་ཚོགས་དང་བཅས་དེ་ནས་ཐོན་པ་དང་། ཏི༷་མཱིའི་བུ་བ༷ར་ཏི་མ་བྱ་བ་ཞར་བ་སློང་མཁན་ཞིག་ལམ་ཁར་བསྡད་ཡོད་དེ།"

47 ༤༧་།ན༷་ཙ་རེད་པ་ཡེ་ཤུ་ལགས་པར་ཐོས་ནས། ད༷་བིད་ཀྱི་སྲས་ཡེ་ཤུ་ལགས། ང་ལ་ཐུགས་བརྩེ་བར་དགོངས་ཞེས་འབོད་བསྒྲགས་སོ།"

48 ༤༨་།མང་པོས་ཁ་བཀག་ཀྱང་། ཁོང་གིས། ད༷་བིད་ཀྱི་སྲས་ལགས་། ང་ལ་ཐུགས་བརྩེ་བར་དགོངས་ཞེས་ལྷག་པར་འབོད་བསྒྲགས་སོ།"

49 ༤༩་།ཡེ་ཤུས་དེར་འཐེན་ཙམ་བཞུགས། ཁོང་ལ་བོས་ཤིག་གསུངས་པ་དང་། དེ་ཚོས་ལོང་བ་ལ། སེམས་ལྷོད་དེར་སྡོད་ལོངས་ཤིག །ཁོང་གིས་ཁྱེད་ལ་བཀའ་གནང་ངོ་ཟེར་ཞིང་བོས་སོ།"

50 ༥༠་།ཁོང་གོས་དབྱུགས་ནས་རིངས་སྟབས་སུ་ཡེ་ཤུའི་དྲུང་དུ་འོངས་སོ་།"

51 ༥༡་།ངས་ཁྱེད་ཕྱིར་ཅི་བྱེད་དུ་འདོད་གསུངས་པས། ལོང་བས། ར༷བ་བི་ལགས། ངས་མཐོང་བར་འདོད་དོ་ཞུས་པ་ལས།"

52 ༥༢་།ཡེ་ཤུས། སོང་ཞིག །ཁྱེད་ཀྱི་དད་པས་ཁྱེད་ཐར་བ་ཡིན་གསུངས་པ་དང་། ཁོང་གིས་མཐོང་ནས། ཡེ་ཤུའི་ཞབས་རྗེས་སུ་འབྲངས་སོ།། །།
"

11

1 ༡་ །ཡེ༷་རུ་ཤ་ལེམ་དང་ཉེ་བར་ཁ་སྐྱུར་པོའི་རིའི་ངོས་ལ་ཡོད་པའི་བེ༷ད་ཕ་གེ་དང་བེ༷ད་ཨན་ཡཱར་ཕེབས་ནས། ཡེ་ཤུས་སློབ་མ་གཉིས་གཏོང་བར་མཛད་ཅིང་།"

2 ༢་།ཐད་ཀར་ཡོད་པའི་ཡུལ་ཚོ་ལ་སོང་། དེར་བསླེབ་ནས། ད་ཐུག་སུས་ཀྱང་མ་ཞོན་པའི་བོང་གསར་བཏགས་པ་ཞིག་མཐོང་འོང་། དེ་བཀྲོལ་ནས་ཁྲིད་ཤོག"

3 ༣་ །སུ་ཞིག་གིས་འདི་ཅི་བྱེད་འདྲི་ན། ཀྱུ་རི་བོ་ལ་དགོས་པས། མྱུར་དུ་ལོག་གཏང་འོང་ཟེར་ཞིག་གསུངས་སོ།"

4 ༤་ །དེ་གཉིས་སོང་སྟེ། སྒོ་རྩར་ལམ་སྲང་ནང་བོང་གསར་བཏགས་པ་ཞིག་མཐོང་ནས་བཀྲོལ་བ་དང་།"

5 ༥་ དེར་ཡོད་པ་འགས་བོང་གསར་བཀྲོལ་ཞིང་ཅི་བྱེད་ཟེར་བ་ལས།"

6 ༦་ དེ་དག་གིས་ཡེ་ཤུས་བཀའ་གནང་པ་བཞིན་དུ་ཟེར་བས་འགྲོ་རུ་བཅུག་གོ"

7 ༧་ །བོང་གསར་ཡེ་ཤའི་སྐུ་དྲུང་དུ་འཁྲིད་དེ། གོས་རྣམས་བཀབ་ནས། ཁོང་དེར་བཅིབས་སོ།"

8 ༨་ །མི་མང་པོས་ཕེབས་ལམ་ལ་རང་གི་གོས་བཏིང་སྟེ། ལ་ལས་ཤིང་གི་ཡལ་ག་བཅད་ནས་བཀྲམ་མོ།"

9 ༩་ །སྐུའི་རྒྱབ་མདུན་ནས་འབྲང་མཁན་རྣམས་ཀྱིས། ཧོ༷་ཤི་ཨ་ནཱ་བོད་སྐད་དུ། ཁོང་ལ་བྱིན་རླབས་འོང་བར་ཤོག། ཀྱུ་རི་བོའི་ཕྱོགས་ནས་འབྱོན་པ་བྱིན་རླབས།"

10 ༡༠་ ང་ཚོའི་ཡབ་ད༷་བིད་ཀྱི་རྒྱལ་སྲིད་འོང་བ་བྱིན་རླབས། སྟེང་གི་གནམ་ལ་ཧོ༷་ཤི་ཨ་ནཱ། ཞེས་འབོད་བསྒྲགས་སོ།"

11 ༡༡་ །ཡེ༷་རུ་ཤ་ལེམ་ནང་ཕེབས་ཏེ། སྨོན་ལམ་ཁང་དུ་བྱོན་ནས་ཕྱོགས་ཀུན་དུ་གཟིགས་ཏེ། ཕྱི་མོར་སོང་བ་དང་བཅུ་གཉིས་པོ་དང་བཅས་བེ༷ད་ཨན་ཡཱ་ལ་ཕེབས་སོ།།"

12 ༡༢་ །དེའི་སང་ཉིན་བེ༷ད་ཨན་ཡཱ་ནས་བཞེངས་ཏེ། ཁོང་བཀྲེས་ནས།"

13 ༡༣་ །ཐག་རིང་ནས་ལོ་མ་ཡོད་པའི་སེ་ཡབ་ཤིང་ཞིག་གཟིགས་ནས། དེ་ལས་ཇི་ཞིག་ཐོབ་བམ་དགོངས་ནས་དེར་བྱོན་ཀྱང་། སེ་ཡབ་ཡོད་པའི་དུས་མིན་པས་ལོ་མ་མ་གཏོགས་ཅིའང་མ་ཐོབ།"

14 ༡༤་ ཁོང་གིས་ཤིང་ལ། ཕྱིན་ཆད་སུས་ཀྱང་ཁྱོད་ལས་ཤིང་ཏོག་ནམ་ཡང་མི་ཟ་བར་ཤོག །ཅེས་གསུངས་པ་སློབ་མ་རྣམས་ཀྱིས་ཐོས་སོ།།"

15 ༡༥་ །ཡེ༷་རུ་ཤ་ལེམ་ནང་ཕེབས་ཏེ་། སྨོན་ལམ་ཁང་དུ་ཕེབས་ནས། དེར་ཉོ་ཚོང་བྱེད་མཁན་རྣམས་ཕྱི་རོལ་དུ་འདོན་ཞིང་། དངུལ་རྗེ་མཁན་གྱི་ལྕོག་ཙེ་དང་། ཕུག་རོན་འཚོང་མཁན་གྱི་སྟེགས་རྣམས་སློག་ནས།"

16 ༡༦་ སུ་ལའང་སྨོན་ལམ་ཁང་རྒྱུད་དེ་ཡོ་བྱད་འཁྱེར་དུ་མ་གནང་ངོ་།"

17 ༡༧་ །སློབ་ཁྲིད་མཛད་ཅིང་དེ་རྣམས་ལ་། ངའི་ཁང་པ་ལ་མི་རྒྱུད་ཐམས་ཅད་ཀྱི་ཕྱིར་དུ་སྨོན་ལམ་ཁང་ཟེར་བར་འགྱུར་ཞེས་བྲིས་མི་འདུག་གམ་། འོན་ཀྱང་ཁྱེདཚོས་ཇག་པའི་ཚང་དུ་བྱས་གསུངས་སོ།"

18 ༡༨ །མི་ཚོགས་ཐམས་ཅད་ཁོང་གི་སློབ་ཁྲིད་ལ་ངོ་མཚར་དུ་གྱུར་པས། ལེ༷་ཝི་ཆེན་དང་མོ༷་ཤེའི་བཀའ་ཁྲིམས་མཁས་པ་རྣམས་ཀྱིས་དེ་ཐོས་ནས། ཁོང་ལ་འཇིགས་ཏེ། ཁོང་མེད་པར་བྱེད་པའི་ཐབས་བཙལ་ཏོ།"

19 ༡༩་ །ཕྱི་དྲོར་གྲོང་ཁྱེར་གྱི་ཕྱི་རོལ་དུ་ཕེབས་སོ།།"

20 ༢༠་ སྔ་དྲོ་ལམ་ཐོག་ཏུ། སེ་ཡབ་ཤིང་དེ་རྩ་བ་ནས་བསྐམས་པ་མཐོང་ནས།"

21 ༢༡་ །ཕེ༷་ཏྲོས་དྲན་ནས། ར༷བ་བི་ལགས། གཟིགས་ཤིག །ཁྱེད་ཀྱིས་དམོད་པ་གནང་བའི་སེ་ཡབ་ཤིང་དེ་བསྐམས་སོ་ཞུས་པ་དང་།"

22 ༢༢་ །བཀའ་ལན་དུ། ཨེ་ལོ་ཧིམ་ལ་དད་པ་བྱོས་ཤིག"

23 ༢༣་ །སུ་ཞིག་གིས་རི་འདི་ལ། ལོངས་ལ་རྒྱ་མཚོར་ལྕེབ་ཤིག་ཟེར་ཞིང་སྨྲས་པ་བཞིན་འགྲུབ་པ་ལ་ཐེ་ཚོམ་མེད་པར་ཡིད་ཆེས་ན་འགྲུབ་འོང་ངས་ཟེར།"

24 ༢༤་ །སྨོན་ལམ་ནང་ཅིའི་ཕྱིར་ཞུ་ནའང་། ཐོབ་ཟིན་པ་ལ་དད་པ་བྱོས་ཤིག །འཐོབ་པར་འགྱུར་ངས་ཟེར་རོ།"

25 ༢༥ །ཁྱེད་ཀྱི་ནམ་མཁའི་ཡབ་ཀྱིས་ཀྱང་ཁྱེདཀྱི་ཉེས་པ་སེལ་བའི་ཕྱིར་། ལངས་ནས་སྨོན་ལམ་འདེབས་པའི་ཚེ་།"

26 ༢༦་ སུ་དང་འཁོན་ཡོད་ན་སེལ་ཞིག"

27 ༢༧་ །སླར་ཡེ༷་རུ་ཤ་ལེམ་དུ་ཕེབས་ནས། སྨོན་ལམ་ཁང་ནང་ཞབས་འཆག་མཛད་པ་ལས། ལེ༷་ཝི་ཆེན་དང་། མོ་ཤེའི་བཀའ་ཁྲིམས་མཁས་པ་དང་། རྒན་པོ་རེ་སྐུ་དྲུང་དུ་འོངས་ནས་ཁོང་ལ་།"

28 ༢༨་ འདི་རྣམས་དབང་གང་གིས་མཛད། འདི་རྣམས་མཛད་པའི་དབང་སུས་ཁྱེད་ལ་ཕུལ་ཞུས་པ་དང་།"

29 ༢༩་ །ཡེ་ཤུས། ངས་ཁྱེད་ཚོར་དྲི་བ་ཞིག་འདྲི། ལན་གཏོང་ན་ངས་འདི་རྣམས་དབང་གང་གིས་བྱེད་པ་འཆད་འོང་།"

30 ༣༠་ ཡོ༷་ཧ་ནན་གྱི་བ༷བ་ཐི་སོ་དེ་ནམ་མཁའ་ནས་བྱུང་ངམ་མི་ནས་བྱུང་ལན་ཐོང་ཞིག་གསུངས་པ་དང་།"

31 ༣༡་ དེ་རྣམས་ཀྱིས་ཕན་ཚུན་གླེང་ཞིང་། ནམ་མཁའ་ནས་བྱུང་ཟེར་ན། ཁོང་གིས་ཁྱེད་ཚོས་ཁོང་ལ་ཅིའི་ཕྱིར་ཡིད་མ་ཆེས་གསུང་འོང་།"

32 ༣༢་ མི་ནས་བྱུང་ཟེར་ན། མི་ཐམས་ཅད་ཀྱིས་ཡོ༷་ཧ་ནན་བདེན་པར་ཕ༷་རོ་པེ་ཏེ་པར་བརྩིས་པའི་རྐྱེན་གྱིས་མི་རྣམས་ལ་འཇིགས་པས་ཞུ་ལན་དུ།"

33 ༣༣་ །ང་ཚོས་མི་ཤེས་སོ་ཞུས་པ་དང་། ཡེ་ཤུས། ངས་ཀྱང་དབང་གང་གིས་འདི་རྣམས་བྱེད་པ་མི་བཤད་གསུངས་སོ།། །།"

12

1 ༡་ །དཔེའི་སྒོ་ནས་གསུང་ཞིང་། མི་ཞིག་གིས་རྒུན་ཚལ་བཙུགས་ཏེ། ར་བས་བསྐོར། འཚིར་གཞོང་བྲུས། སྤེའུ་བརྩིགས། ཚལ་མཁན་ལ་བཏད་ནས་ཡུལ་གཞན་དུ་སོང་ངོ་།"

2 ༢་།དུས་རན་ནས། འབྲས་བུའི་སྐལ་པ་ལེན་པའི་ཕྱིར་གཡོག་པོ་ཞིག་རྒུན་ཚལ་མཁན་གྱི་རྩར་བཏང་བ་དང་།"

3 ༣་དེ་རྣམས་ཀྱིས་ཁོང་བཟུང་ནས་བརྡངས་ཏེ། སྟོང་པར་བཏང་ངོ་།"

4 ༤་ །གཡོག་པོ་གཞན་ཞིག་བཏང་ནས། དེ་རྣམས་ཀྱིས་ཁོང་གི་མགོ་ལ་རྡུང་ཞིང་དམའ་འབེབ་བྱས་སོ།"

5 ༥་ །སླར་གཅིག་བཏང་ནས་བསད་དོ། །ཡང་གཞན་མང་པོའི་ནང་ནས། ཁ་ཅིག་ལ་བརྡུངས། ཁ་ཅིག་ནི་བསད་དོ།"

6 ༦་ །ད་ཁོང་ལ་གཅིག་ལས་མེད་དེ། དེ་ནི་བུ་གཅིག་པུ་སྟེ། ངའི་བུ་ལ་བཀུར་སྟི་བྱེད་འོང་ཟེར་ནས། མཐར་དེའང་དེ་རྣམས་ཀྱི་རྩར་བཏང་ངོ་། "

7 ༧་ །རྒུན་ཚལ་མཁན་རྣམས་ཀྱིས་ཕན་ཚུན་གཏམ་བྱེད་ཅིང་། འདི་ནི་རྒྱུད་འཛིན་ཡིན་ཏེ། ཤོག་ཅིག །བསད་ན་ནོར་སྐལ་ང་ཚོར་ཐོབ་འོང་ཟེར་ནས།"

8 ༨་ བཟུང་ནས་བསད་དེ། རྒུན་ཚལ་གྱི་ཕྱི་རོལ་དུ་དབྱུག་གོ"

9 ༩་ །ད་རྒུན་ཚལ་གྱི་བདག་པོས་ཅི་བྱ། ཁོང་འོང་ནས་རྒུན་ཚལ་མཁན་རྣམས་བསད་ནས། རྒུན་ཚལ་གཞན་ལ་གཏང་འོང་།"

10 ༡༠་།རྩིག་དཔོན་རྣམས་ཀྱིས་སྤངས་པའི་རྡོ།
།དེ་ཀ་ཟུར་རྡོ་ཆེན་པོར་གྱུར།"

11 ༡༡་ །འདི་ནི་ཀྱུ་རི་བོའི་མཛད་པ་ཡིན།
།ང་ཚོའི་མིག་ལ་ངོ་མཚར་ཆེ།
ཞེས་པའི་གསུང་མ་བཀླགས་སམ་གསུངས་སོ།"

12 ༡༢་ །དཔེ་དེ་ནི་དེ་རྣམས་ལ་ཕོག་ཏུ་གསུངས་པ་ཤེས་ནས། ཁོང་འཛིན་པར་བརྩམས་ཀྱང་། མི་ཚོགས་ལ་འཇིགས་ནས་བཞག་ནས་སོང་ངོ་།།"

13 ༡༣་ །ཁོང་གཏམ་ནང་འཛིན་པའི་ཕྱིར། ཕ༷་རུ་ཤི་པ་དང་། ཧེ༷་རོ་དེའི་ཕྱོགས་གཏོགས་རེ་ཁོང་གི་དྲུང་དུ་བཏང་བ་དང་།"

14 ༡༤་ །མཇལ་ནས། རྒན་ལགས། ཁྱེད་ནི་དྲང་པོ་ཡིན་ཅིང་མིའི་ངོ་མི་སྲུང་བ་དང་། ཕྱོགས་རིས་མེད་པར། ཨེ་ལོ་ཧིམ་གྱི་ལམ་དྲང་པོར་སྟོན་པ་ང་ཚོས་ཤེས་སོ། །ཀེ༷་སར་ལ་ཁྲལ་འཇལ་བར་རུང་ངམ་མི་རུང་།"

15 ༡༥་ ང་ཚོས་གཏང་ངམ་མི་གཏང་། ཞུས་པ་དང་། ཁོང་གིས་དེ་རྣམས་ཀྱི་གཡོ་སྒྱུ་མཁྱེན་ནས། ཁྱེད་ཀྱིས་ཅི་ལ་ངའི་ཚོད་ལེན། །བལྟ་ཕྱིར་དི༷་ནཱར་ཞིག་ཁྱེར་ཤོག་གསུངས་ནས།"

16 ༡༦་ །ཕུལ་པས། ཁོང་གིས། རི་མོ་དང་ཡི་གེ་འདི་སུའི་ཡིན་གསུངས་ནས། ཀེ༷་སར་ཀྱི་ཡིན་ཞུས་སོ།"

17 ༡༧་ །ཡེ་ཤུས། ཀེ༷་སར་ཀྱི་ཡིན་པ་དེ་ཀེ༷་སར་ལ་ཕུལ། ཨེ་ལོ་ཧིམ་གྱི་ཡིན་པ་དེ་ཨེ་ལོ་ཧིམ་ལ་ཕུལ་གསུངས་པས་དེ་རྣམས་ངོ་མཚར་ཆེ་བར་གྱུར་ཏོ།།"

18 ༡༨་ །གཤིན་པོ་རྣམས་གསོན་པོར་མི་ལང་ཟེར་བའི་ས༷ད་དུ་ཀི་པ་རེ་དྲུང་དུ་འོངས་ནས།"

19 ༡༩་ །རྒན་ལགས། མི་ཞིག་གི་སྤུན་ཕྲུ་གུ་མེད་པར་ཤི་སྟེ། ཆུང་མ་ལུས་ན། མི་དེས་རང་གི་སྤུན་དེའི་ཕྱིར་བརྒྱུད་སྐྱེད་པའི་དོན་དུ་མོ་ཆུང་མར་བླང་དགོས་ཞེས་མོ༷་ཤེས་ང་ཚོའི་ཕྱིར་བྲིས་སོ།"

20 ༢༠་ །སྤུན་བདུན་ཡོད་དེ། དང་པོ་ཆུང་མ་བླང་ནས་བུ་མེད་པར་ཤི།"

21 ༢༡་ །གཉིས་པས་དེ་ཆུང་མར་བླང་ཏེ་བུ་མེད་པར་ཁོའང་ཤི། གསུམ་པ་ལའང་དེ་བཞིན་དུ་སོང་ནས།"

22 ༢༢་ བདུན་པོས་དེ་བླང་ནས་བུ་མ་འབྱོར། མཐར་བུད་མེད་དེའང་ཤིའོ།"

23 ༢༣་ །དེ་ནི་བདུན་པོའི་ཆུང་མར་གྱུར་པས། གཤིན་པོ་རྣམས་ལང་བའི་ཚེ་། མོ་སུའི་ཆུང་མར་འགྱུར་འོང་ཞུས་སོ།"

24 ༢༤་ །ཡེ་ཤུས། ཁྱེད་ཚོས་དམ་པའི་བི༷་བལ་དང་ཨེ་ལོ་ཧིམ་གྱི་དབང་མི་ཤེས་པའི་རྐྱེན་གྱིས་ལམ་མ་ནོར་རམ།"

25 ༢༥་ གཤིན་པོ་རྣམས་ལང་བའི་དུས་སུ། བག་མ་མི་བླང་བག་མར་མི་འགྲོ་སྟེ་ནམ་མཁའི་ཨ༷ན་ཇལ་དང་འདྲའོ།"

26 ༢༦་ །གཤིན་པོ་ལང་བའི་སྐོར་ལ། མོ༷་ཤེས་བྲིས་པའི་ནང་ཚེར་མའི་ཕྲོས་ཡོད་སར། ཨེ་ལོ་ཧིམ་གྱིས་ཁོང་ལ་། ང་ནི་ཨ༷བ་ར་ཧམ་གྱི་ཨེ་ལོ་ཧིམ་དང་། ཨི༷་སཱག་གི་ཨེ་ལོ་ཧིམ་དང་། ཡ༷་ཀོབ་ཀྱི་ཨེ་ལོ་ཧིམ་ཡིན་གསུངས་པ་མ་བཀླགས་སམ།"

27 ༢༧་ །གཤིན་པོ་རྣམས་ཀྱི་ཨེ་ལོ་ཧིམ་མ་ཡིན་ཏེ། གསོན་པོ་རྣམས་ཀྱི་ཨེ་ལོ་ཧིམ་ལགས་པས། ཁྱེད་ཤིན་ཏུ་ལམ་ནོར་རོ་གསུངས་སོ།།"

28 ༢༨་ །མོ༷་ཤེའི་བཀའ་ཁྲིམས་མཁས་པ་ཞིག་དང་ས༷ད་དུ་ཀི་པ་འོངས་ནས་དེ་ཚོ་རྩོད་པར་ཐོས་ཤིང་། ཁོང་གིས་བཀའ་ལན་ལེགས་པར་གནང་བ་མཐོང་བས། ཁོང་ལ། བཀའ་རྒྱའི་ནང་ནས་ཆེ་ཤོས་དེ་གང་ཡིན་ཞུས་སོ།"

29 ༢༩་ །ཡེ་ཤུས་བཀའ་ལན་དུ། ཀྱེ་ཨི༷ས་ར་ཨེལ་ཉོན་ཞིག །ང་ཚོའི་ཀྱུ་རི་བོ་ཨེ་ལོ་ཧིམ་ནི། ཀྱུ་རི་བོ་གཅིག་ལགས་ཏེ།"

30 ༣༠་ རང་གི་ཀྱུ་རི་བོ་ཨེ་ལོ་ཧིམ་ལ་སྙིང་ཧྲིལ་པོ་དང་། སེམས་ཧྲིལ་པོ་དང་། ཡིད་ཧྲིལ་པོ་དང་། ཤེད་ཧྲིལ་པོས་གཅེས་པར་ཟུངས་ཤིག ཅེས་པའི་བཀའ་རྒྱ་ཆེ་ཤོས་ཡིན།"

31 ༣༡་ །གཉིས་པ་འདི་ཡིན། ཁྱིམ་མཚེས་ལ་རང་དང་འདྲ་བར་གཅེས་པར་ཟུངས་ཤིག །འདི་གཉིས་ལས་ཆེ་བའི་བཀའ་རྒྱ་གཞན་མེད་གསུངས་སོ།"

32 ༣༢་ །མོ༷་ཤེའི་བཀའ་ཁྲིམས་མཁས་པས་རྒན་ལགས། དེ་ལེགས་སོ། །ཨེ་ལོ་ཧིམ་གཅིག་གོ །ཁོང་མིན་པར་གཞན་མེད་ཅེས་ཁྱེད་ཀྱིས་བདེན་པར་གསུངས་སོ།"

33 ༣༣་ །ཁོང་ལ་སྙིང་ཧྲིལ་པོ་དང་། བློ་གྲོས་ཧྲིལ་པོ་དང་། ཤེད་ཧྲིལ་པོས་གཅེས་པ་དང་། ཁྱིམ་མཚེས་ལ་རང་དང་འདྲ་བར་གཅེས་པ་ནི། སྤྱིན་སྲེག་དང། དམར་མཆོད་ཐམས་ཅད་ལས་དྲག་ཤོག་ཡིན་ཞུས་སོ།"

34 ༣༤་ །དེས་མཁས་པའི་ལུགས་སུ་ལན་བཏབ་པར་གཟིགས་ནས། ཡེ་ཤུས། ཁྱེད་ཨེ་ལོ་ཧིམ་གྱི་རྒྱལ་སྲིད་དང་ཐག་རིང་མི་འདུག་གསུངས་སོ། །ཕྱིན་ཆད་སུས་ཀྱང་ཁོང་ལ་བཀའ་འདྲི་ཞུ་མ་སྤོབས་སོ།།"

35 ༣༥་ །སྨོན་ལམ་ཁང་དུ་སློབ་ཁྲིད་མཛད་ཞིང་ཡེ་ཤུས། མོ༷་ཤེའི་བཀའ་ཁྲིམས་མཁས་པ་རྣམས་ཀྱིས་མ་ཤི་ཀ་ནི་ད༷་བིད་ཀྱི་སྲས་ཡིན་ཅི་ལྟར་ཟེར།"

36 ༣༦་།ད༷་བིད་རང་གིས་དམ་པའི་རུ་ཨག་གི་ངང་ན།
།ཨེ་ལོ་ཧིམ་གྱིས་ནི་ངའི་ཀྱུ་རི་བོར།
།ང་ཡིས་ཁྱེད་ཀྱི་དགྲ་བོ་རྣམས།
།ཁྱེད་ཀྱི་ཞབས་འོག་བཞག་པའི་བར།
།ང་ཡི་གཡས་སུ་བཞུགས་ཤིག་གསུང་།།སྨྲ་ཞིང་།"

37 ༣༧་ །ད༷་བིད་རང་གིས་ཁོང་ལ་ཀྱུ་རི་བོ་ཞུ་བས། དེའི་སྲས་ཅི་ལྟར་ཡིན་གསུངས་སོ། །མི་ཚོགས་ཀྱིས་སེམས་དགའ་ཞིང་ཁོང་གི་གསུང་ལ་ཉན་ཏོ།།"

38 ༣༨་ སློབ་ཁྲིད་མཛད་ཞིང་འདི་སྐད་དུ་། མོ་ཤེའི་ཁྲིམས་ཀྱི་མཁས་པ་རྣམས་ལས་ཟོན་བྱོས་ཤིག །དེ་རྣམས་གོས་རིང་མོ་གོན་ཏེ་འགྲུལ་བ་དང་། ཁྲོམ་ནང་ཕྱག་དང་།"

39 ༣༩་ །སི༷ན་ན་གོས་ནང་ཁྲི་མཐོ་བ་དང་། མགྲོན་ལ་གྲལ་འགོར་སྡོད་པར་དགའ་ཞིང་།"

40 ༤༠་ །མོ་རེང་མའི་ཁང་པའང་ཟ་ཞིང་། མི་ལ་སྟོན་ཕྱིར་སྨོན་ལམ་རིང་མོ་རྒྱག་པས། ལྷག་པར་ཆད་པ་འཕོག་འོང་གསུངས་སོ།།"

41 ༤༡་ །འབུལ་བའི་སྒམ་གྱི་ཐད་ཀར་བཞུགས་ཏེ། མི་ཚོགས་ཀྱིས་འབུལ་བའི་སྒམ་ནང་དངུལ་ཇི་ལྟར་འབུལ་བ་ལ་གཟིགས་སོ། །ཕྱུག་པོ་མང་པོས་མང་པོ་ཕུལ་ཞིང་།"

42 ༤༢་ །མོ་རེངས་མ་དབུལ་མོ་ཞིག་འོངས་ནས། །དོང་ཙེ་ཆུང་བ་གཉིས་ཕུལ་ཏོ།"

43 ༤༣་ །ཁོང་གིས་སློབ་མ་རྣམས་བོས་ནས། དད་འབུལ་བའི་སྒམ་ནང་དངུལ་འབུལ་མཁན་ཀུན་ལས་མོ་རེངས་མ་དབུལ་མོ་འདིས་མང་བར་ཕུལ་ཏོ་ངས་བདེན་པར་ཟེར།"

44 ༤༤་ །ཐམས་ཅད་ཀྱིས་ནོར་མང་པོ་ཡོད་པའི་ནང་ནས་ཕུལ། འོན་ཀྱང་མོས་དཀོན་པའི་ནང་ནས་ཚེ་ཕྱིད་ཕྱིར་ཇི་ཡོད་པ་ཐམས་ཅད་ཕུལ་ཏོ་གསུངས་སོ།། །།"

13

1 ༡་ །སྨོན་ལམ་ཁང་ནས་ཕྱི་རོལ་དུ་ཕེབས་པ་ལས། སློབ་མ་གཅིག་གིས། རྒན་ལགས། ཇི་ལྟ་བུའི་རྡོ་དང་། ཁང་རྒྱ་འདུག །གཟིགས་ཤིག་ཞུས་པ་དང་།"

2 ༢་།ཡེ་ཤུས། ཁང་རྒྱ་ཆེན་པོ་འདི་མཐོང་ངམ། རྡོ་གཅིག་ཀྱང་མ་ལུས་པར་རློག་པར་འགྱུར་གསུངས་སོ།"

3 ༣་།ཡང་ཁ་སྐྱུར་བོའི་རི་ལ། སྨོན་ལམ་ཁང་གི་ཐད་ཀར་བཞུགས་ཡོད་པའི་ཚེ། པེ༷་ཏྲོ་དང་། ཡ༷་ཀོབ་དང་། ཡོ༷་ཧ་ནན་དང་། ཨ༷ན་དྲེ་ཡཱས་ཟུར་དུ་ཁོང་ལ།"

4 ༤་།དེ་ནམ་འབྱུང་འོང་། དེ་རྣམས་འགྲུབ་དུས་ཀྱི་རྟགས་ཅི་ཡིན་ང་ཚོར་འཆད་དུ་ཞུས་པ་དང་།"

5 ༥་ཡེ་ཤུས་བཀའ་ལན་དུ། ཁྱེད་སླུ་བར་མ་འགྱུར་ཞིག"

6 ༦་།མང་པོས་ངའི་མིང་འཁུར་ནས་འོངས་ཏེ་ང་ཡིན་ཟེར་ཞིང་མང་པོ་བསླུ་འོང་།"

7 ༧་།དམག་དང་དམག་གི་སྐད་ཆ་ཐོས་པའི་ཚེ་མ་འཇིགས་ཤིག །དེ་འབྱུང་དགོས། ད་དུང་མཐའ་མ་མིན།"

8 ༨་མི་རྒྱུད་དང་རྒྱལ་ཁག་ཕན་ཚུན་ལང་འོང་། ཡུལ་སོ་སོར་ས་གཡོ་དང་མུ་གེ་འབྱུང་འོང་། དེ་རྣམས་ནི་ཟུག་གཟེར་གྱི་ཐོག་མ་ཡིན།"

9 ༩་རང་གི་དོན་དུ་གཅང་གྲུང་བྱོས་ཤིག །སྔོན་ལ་མི་རྒྱུད་ཐམས་ཅད་ལ་འཕྲིན་བཟང་འཆད་པ་གལ་ཆེ་བས། ངའི་དོན་དུ་དེ་རྣམས་ལ་དཔང་བྱེད་ཕྱིར། ཁྱེད་ཚོ་ཁྲིམས་རར་གཏད་འོང་། སི༷ན་ན་གོས་ཀྱི་ནང་བརྡུང་འོང་། སྤྱི་ཁྱབ་དང་རྒྱལ་པོ་རྣམས་ཀྱི་མདུན་དུ་འཁྱེར་འོང་ངོ་།"

10 ༡༠་།ཁྲིམས་རར་གཏོད་པའི་དུས་སུ། ཅི་ཟེར་སེམས་ཤིང་སྔོན་ལ་མ་འཚེར་ཞིག །གཏམ་བྱེད་མཁན་ཁྱོད་མ་ཡིན། དམ་པའི་རུ་ཨག་ཡིན་པས། དུས་ཚོད་དེ་རང་ལ་ཇི་གནང་བ་དེ་ཟེར་ཞིག"

11 ༡༡་།སྤུན་གྱིས་སྤུན་དང་། ཕས་བུ་གསོད་པའི་ཕྱིར་གཏད་འོང་། ཕྲུ་གུས་ཕ་མའི་དགྲར་ལངས་ཏེ་དེ་དག་གསད་འོང་།"

12 ༡༢་ངའི་མཚན་གྱི་དོན་དུ། ཐམས་ཅད་ཀྱིས་ཁྱེད་ཚོར་སྡང་འོང་།"

13 ༡༣་མཐའ་མའི་བར་དུ་སྲན་ཚུགས་པ་དེ་ཐར་བར་འགྱུར་རོ།"

14 ༡༤་།ཀློག་མཁན་གྱིས་གོ་ཞིག སྟོང་བྱེད་ཀྱི་མི་གཙང་བ་དེ་མི་ཆོག་པའི་གནས་དེར་ལང་བ་མཐོང་བའི་ཚེ། ཡ༷་ཧུ་དཱ་རུ་ཡོད་པ་རྣམས་རི་ལ་བྲོས་ཤིག"

15 ༡༥་ །ཐོག་ཁར་ཡོད་པ་དེ་མི་འབབ་ཅིང་། ཁང་པའི་ནང་ཇི་ཞིག་ལེན་ཕྱིར་མ་ཞུགས་ཤིག"

16 ༡༦་ཀླུངས་ལ་ཡོད་པ་གོས་ལེན་དུ་ལོག་མ་འགྲོ་ཞིག"

17 ༡༧་།དེའི་ཚེ་སྦྲུམ་མ་དང་ནུ་མ་སྣུན་མཁན་རྣམས་སྙིང་རེ་རྗེ།"

18 ༡༨་བྱ་བ་འདི་དགུན་ཀར་མི་འབྱུང་བའི་ཕྱིར་སྨོན་ལམ་རྒྱག་བ་ཐོབ་ཅིག"

19 ༡༩་།ཨེ་ལོ་ཧིམ་གྱིས་ཐོག་མར་བཀོད་པ་ནས་། ད་ལྟའི་བར་དུ་མ་བྱུང་བ། ཕྱིས་ཀྱང་མི་འབྱུང་བའི་སྡུག་བསྔལ་ཞག་དེ་ལ་བྱུང་བར་འགྱུར་རོ།"

20 ༢༠་།ཀྱུ་རི་བོས་ཞག་དེའི་གྲངས་ཕྲིས་པ་མ་ཡིན་ན། སུའང་མི་ཐར། ཁོང་གིས་འདམས་པ་རྣམས་ཀྱི་དོན་དུ་ཞག་དེ་རྣམས་ཕྲིས་པ་ཡིན།"

21 ༢༡་ དེའི་ཚེ་མ་ཤི་ཀ་འདིར་བཞུགས་དེར་བཞུགས་སུས་ཟེར་ན་ཡིད་མ་ཆེས་ཤིག"

22 ༢༢་ །མ་ཤི་ཀ་རྫུས་མ་དང་ཕ༷་རོ་པེ་ཏེ་པ་རྫུས་མ་འཐོན་ཞིང་། ཐུབ་ན་འདམས་པའང་བསླུ་བའི་ཕྱིར་ངོ་མཚར་བའི་ལྟས་བསྟན་འོང་།"

23 ༢༣་ །ཁྱེད་ཚོ་གཅང་གྲུང་བྱོས་ཤིག །ངས་ཁྱེད་ཚོར་ཐམས་ཅད་སྔོན་དུ་བཤད་དོ།"

24 ༢༤་ །སྡུག་བསྔལ་དེའི་འོག་ཏུ་ཉི་མ་མུན་པར་འགྱུར། ཟླ་བས་འོད་མི་གཏང་།"

25 ༢༥་ །གནམ་ནས་སྐར་མ་ལྷུང་། གནམ་གྱི་མཐུ་སྟོབས་གཡོ་བར་འགྱུར།"

26 ༢༦་ །དེ་ནས་མིའི་བུ་དབང་ཆེན་པོ་དང་གཟི་བརྗིད་དང་ལྡན་ཞིང་སྤྲིན་གྱི་ནང་ནས་འབྱོན་པ་མཐོང་འོང་།"

27 ༢༧་ །དེ་ནས་ཁོང་གི་ཨ༷ན་ཇལ་རྣམས་མངགས་ཏེ། འཇིག་རྟེན་གྱི་མཐའ་མ་ནས་ནམ་མཁའི་མཐའ་མའི་བར་དུ། ཕྱོགས་བཞི་ནས། ཉིད་ཀྱི་འདམས་པ་རྣམས་བསྡུ་བར་འགྱུར་རོ།།"

28 ༢༨་ །སེ་ཡབ་ཤིང་ནས་དཔེ་སློབས་ཤིག །དེའི་ཡལ་ག་མཉེན་ པོར་འགྱུར་ཏེ་ལོ་མ་འབུར་བ་དང་། དབྱར་ཀ་ཉེ་བར་ཤེས་སོ་།"

29 ༢༩་།དེ་ལྟར་ཁྱེད་ཚོས་དེ་འབྱུང་བ་མཐོང་བ་དང་། དེ་ནི་ཉེ་བ་སྒོ་རྩར་བསླེབས་ཡོད་པར་ཤེས་འོང་།"

30 ༣༠་ །དེ་ཐམས་ཅད་འགྲུབ་པའི་བར་དུ་མི་རབས་འདི་འདའ་བར་མི་འགྱུར་ངས་བདེན་པར་ཟེར།"

31 ༣༡་།གནམ་ས་གཉིས་འདའ་བར་འགྱུར་ཡང་ངའི་བཀའ་འདའ་བར་མི་འགྱུར།"

32 ༣༢་ །ཉིན་མོ་དེ་དང་དུས་ཚོད་དེའི་སྐོར་ལ་ཡབ་ཀྱིས་མ་གཏོགས། སུས་ཀྱང་མི་ཤེས། ནམ་མཁའི་ཨ༷ན་ཇལ་གྱིས་ཀྱང་མི་ཤེས་། སྲས་ཀྱིས་ཀྱང་མི་ཤེས་སོ།"

33 ༣༣་ །དུས་ཚོད་དེ་ནམ་འོང་བ་ཁྱེདཅག་གིས་མི་ཤེས་པས། གཅང་གྲུང་བྱོས། གཉིད་མ་ལོག་ཅིག་།"

34 ༣༤་ །འདི་ནི་མི་ཞིག་ཁྱིམ་བཞག་ནས་འགྲོ་བའི་དུས་སུ། གཡོག་པོ་ལ་དབང་བཏད་དེ། རེ་རེ་ལ་ལས་བཀལ་ནས། སྒོ་སྲུང་པ་ལ་བྱ་ར་བྱོས་ཅེས་བསྒོ་བ་དང་འདྲ་བས།"

35 ༣༥་ །ཁྱིམ་བདག་ཕྱི་དྲོའམ། མཚན་ཕྱེད་དམ། བྱ་སྐད་ལའམ། སྔ་དྲོ་ནམ་འོང་མི་ཤེས་པས། བྱ་ར་བྱོས་ཤིག"

36 ༣༦་ །དེ་མིན་ཁོང་བློ་བུར་དུ་འོང་ཞིང་། ཁྱེད་ཚོ་གཉིད་ལོག་པ་མཐོང་འོང་།"

37 ༣༧་ །བྱ་ར་བྱོས་ཤིག་ཅེས་ངས་ཁྱེད་ཚོར་ཟེར་བ་དེ། ཐམས་ཅད་ལ་ཟེར་རོ། །ཞེས་གསུངས་སོ།། །།"

14

1 ༡་ །པེ༷་སག་གི་དུས་ཆེན་དང་སྐྱུར་རྩི་མེད་པའི་བག་ལེབ་ཀྱི་དུས་ཆེན་ལས་ཞག་གཉིས་སྔོན་དུ། ལེ༷་ཝི་ཆེན་དང་མོ༷་ཤེའི་བཀའ་ཁྲིམས་མཁས་པ་རྣམས་ཀྱིས་གཡོ་སྒྱུས་ཁོང་བཟུང་ནས་གསོད་པའི་ཐབས་བཙལ་ཏེ།"

2 ༢་ མི་སྡེ་མི་འཁྲུགས་ཕྱིར་དུས་ཆེན་ལ་མི་གཟུང་ཞེས་སྨྲས་སོ།།"

3 ༣་།ཡེ་ཤུས་བེ༷ད་ཨན་ཡཱར། མཛེ་ཅན་ཤི༷་མོན་གྱི་ཁྱིམ་དུ་གསོལ་བ་བཞེས་པའི་ཚེ། སྤོས་ཆུ་རིན་ཅན་གྱི་ཀ་མ་རུའི་བུམ་པ་འཁུར་བའི་བུད་མེད་གཅིག་འོངས་ནས། བུམ་པའི་ཁ་བཅག་སྟེ་དབུའི་ཁར་བླུགས་སོ།"

4 ༤་ དེར་ཡོད་པ་རེ་ཁྲོས་ནས། སྤོས་ཆུ་འདི་ཅིའི་ཕྱིར་ཆུད་ཟོས་ལ་བཏང་།"

5 ༥་།དི༷་ནར་གསུམ་བརྒྱ་ལྷག་ལ་བཙོངས་ནས་དབུལ་པོར་སྦྱིན་ནུས་ཞེས་ཕན་ཚུན་ཟེར་ཞིང་། བུད་མེད་ལ་གཤེས་སོ།"

6 ༦་།ཡེ་ཤུས་དེ་རྣམས་ལ། ཅོག་གེར་ཞོག མོའི་སེམས་ཅི་ལ་དཀྲུག །དེས་ང་ལ་བཟང་པོ་ཞིག་བྱས།"

7 ༧་དབུལ་པོ་རྒྱུན་དུ་ཁྱེད་རྩར་ལུས་པས། ནམ་དགའ་ནའང་དེ་ལ་ཕན་ཐུབ་ཀྱང་། ང་རྒྱུན་དུ་ཁྱེད་རྩར་མི་ལུས།"

8 ༨་མོས་གང་ཐུབ་པ་དེ་བྱས་པ་ཡིན། ང་དུར་དུ་འཇུག་པའི་སྔོན་དུ་སྤོས་ཆུ་བླུགས་པ་ཡིན་ནོ།"

9 ༩་ །འཇིག་རྟེན་ནང་གང་དུའང་འཕྲིན་བཟང་འདི་འཆད་ན། མོས་བྱས་པའང་ཁོང་གི་དྲན་རྟགས་སུ་འཆད་འོང་ངས་བདེན་པར་ཟེར་གསུངས་སོ།།"

10 ༡༠་།སློབ་མ་བཅུ་གཉིས་པོ་ལས་གཅིག་ཡིན་པའི་ཀ༷ར་ཡོད་པ་ཡུ་༷དས། ཁོང་ལེ༷་ཝི་ཆེན་རྣམས་ཀྱི་ལག་ཏུ་གཏད་པའི་ཕྱིར་དེ་རྣམས་ཀྱི་རྩར་སོང་བ་དང་།"

11 ༡༡་ །དེ་རྣམས་ཀྱིས་ཐོས་ཏེ་དགའ་ནས། ཁོང་ལ་དངུལ་སྟེར་བའི་ཁ་ཆད་བྱས་པས། ཁོང་གིས་ཡེ་ཤུ་གཏད་པའི་སྐབས་བཙལ་ཏོ།།"

12 ༡༢་།སྐྱུར་རྩི་མེད་པའི་བག་ལེབ་ཀྱི་དུས་ཆེན་གྱི་ཞག་དང་པོར། པེ༷་སག་གི་ལུག་གུ་གསོད་པའི་ཞག་ལ། སློབ་མ་རྣམས་ཀྱིས་ཁོང་ལ། ང་ཚོ་སོང་ནས་ཁྱེད་ཀྱི་ཕྱིར་པེ༷་སག་གང་དུ་བཤམ་ཞུས་པ་དང་།"

13 ༡༣་སློབ་མ་གཉིས་བརྫངས་ནས་དེ་དག་ལ། གྲོང་ཁྱེར་ལ་སོང་ཞིག ཆུ་རྫ་འཁུར་བ་ཞིག་འཕྲད་འོང་། ཁོང་གི་རྗེས་སུ་སོང་ལ།"

14 ༡༤་ནང་གང་དུ་ཞུགས་པའི་ཁང་བདག་ལ། ང་སློབ་མ་མཉམ་པེ༷་སག་ཟ་བའི་མགྲོན་ཁང་གང་ན་ཡོད་ཅེས་སྟོན་པས་གསུང་ངོ་སྨྲོས་ཤིག"

15 ༡༥་།དེས་གདན་བཏིང་ནས་གྲལ་འགྲིག་ཡོད་པའི་སྟེང་ཁང་ཆེན་པོ་ཞིག་བསྟན་འོང་། དེར་ང་ཚོའི་པེ་༷སག་ཤོམས་ཤིག་གསུངས་སོ།"

16 ༡༦་།དེ་དག་སོང་ནས་གྲོང་ཁྱེར་ལ་བསླེབས་ཏེ། གང་གསུངས་པ་བཞིན་དུ་བརྙེད་ནས། པེ༷་སག་བཤམས་སོ།"

17 ༡༧་།ཕྱི་དྲོ་སློབ་མ་བཅུ་གཉིས་པོ་དང་མཉམ་དུ་ཕེབས་ནས།"

18 ༡༨་ཁོང་རྣམས་བཞུགས་ནས་ཟ་བ་བཞེས་པ་ལས། ཡེ་ཤུས། ང་མཉམ་ཟ་བ་ཁྱེད་ཚོ་ལས་གཅིག་གིས་ང་དགྲའི་ལག་ཏུ་གཏད་འོང་ངས་བདེན་པར་ཟེར་གསུངས་པས།"

19 ༡༩་དེ་རྣམས་ཚེར་ཏེ། ང་ཡིན་སྲིད་དམ་ཞེས་རེ་རེས་ཞུས་པའི་བཀའ་ལན་དུ།"

20 ༢༠་སློབ་མ་བཅུ་གཉིས་པོ་ལས་གཅིག་ང་མཉམ་ཕོར་པའི་ནང་ལག་པ་འཇུག་མཁན་དེ་ཡིན།"

21 ༢༡་བྲིས་པ་བཞིན་མིའི་བུ་གཤེགས་དགོས་ཀྱང་། མིའི་བུ་གཏོད་པ་དེ་ལ་སྙིང་རེ་རྗེ། མ་སྐྱེས་པ་ཡིན་ན་དེ་ལ་ལེགས་སོ་གསུངས་སོ།"

22 ༢༢་།ཟ་བ་བཞེས་པའི་ཚེ། ཡེ་ཤུས་བག་ལེབ་ཕྱག་ཏུ་བཞེས་ཏེ། སྨོན་ལམ་བཏབ་ནས། བཅག་སྟེ། དེ་རྣམས་ལ་གནང་ཞིང་། འདི་ནི་ངའི་ལུས་ཡིན། ལེན་ལ་ཟོ་གསུངས་སོ།"

23 ༢༣་།ཕོར་པ་ཕྱག་ཏུ་བཞེས་ཏེ། ཐུགས་རྗེ་ཆེ་ཕུལ་ནས། དེ་རྣམས་ལ་གནང་བ་དང་། ཐམས་ཅད་ཀྱིས་དེ་ལས་བཏུངས་སོ་།"

24 ༢༤་ འདི་ནི་ཞལ་ཆད་ཀྱི་ངའི་ཁྲག་ཡིན་། ཁྲག་དེ་མང་པོའི་དོན་དུ་བླུག་གོ"

25 ༢༥་།ཨེ་ལོ་ཧིམ་གྱི་རྒྱལ་སྲིད་ནང་། གསར་དུ་འཐུང་བའི་བར་དུ། ངས་རྒུན་ཤིང་གི་ཁུ་བ་འདི་ལས་མི་འཐུང་ངས་ཟེར་གསུངས་སོ།"

26 ༢༦་།དེ་ནས་གསུང་མགུར་བླངས་ནས་ཁ་སྐྱུར་བོའི་རི་ལ་ཕེབས་སོ།།"

27 ༢༧་།ཡེ་ཤུས་དེ་རྣམས་ལ།
།ང་ཡི་ལུག་རྫི་ལ་བརྡུང་སྟེ།
།ཁྱུ་ཡི་ལུག་རྣམས་འཐོར་བར་འགྱུར།
ཅེས་བྲིས་ཡོད་པ་བཞིན། ཁྱེད་ཐམས་ཅད་རྒྱབ་ཕྱོགས་པར་འགྱུར།"

28 ༢༨་ ང་ལང་བའི་འོག་ཏུ་ཁྱེད་ལས་སྔོན་དུ་ག༷་ལིལ་དུ་འགྲོ་འོང་གསུངས།"

29 ༢༩་པེ་ཏྲོས་ཁོང་ལ། ཐམས་ཅད་ཀྱིས་རྒྱབ་ཕྱོགས་ཀྱང་། ངས་རྒྱབ་མི་ཕྱོགས་ཞུས་པ་ལས།"

30 ༣༠་།ཡེ་ཤུས། དེ་རིང་མཚན་འདི་ལ། བྱ་སྐད་གཉིས་པ་ལས་སྔོན་དུ། ཁྱེད་ཀྱིས་ལན་གསུམ་ང་ལ་རྒྱབ་ལོག་བྱེད་འོང་བདེན་པར་ཟེར་གསུངས།"

31 ༣༡་།དེས་ང་ཁྱེད་མཉམ་འཆི་དགོས་ནའང་། ཁྱེད་ལ་རྒྱབ་མི་ཕྱོགས་ཞེས་ཡང་ཡང་ཞུས་ནས། དེ་བཞིན་དུ་ཐམས་ཅད་ཀྱིས་ཀྱང་ཞུས་སོ།།"

32 ༣༢་ །གེ༷་ཤེ་མ་ནེ་བྱ་བའི་ས་ཆར་ཕེབས་ནས། ཁོང་གིས་སློབ་མ་རྣམས་ལ། ངས་སྨོན་ལམ་འདེབས་པའི་བར་དུ། ཁྱེད་ཅག་འདིར་སྡོད་ཅིག་གསུངས་ནས།"

33 ༣༣་པེ༷་ཏྲོ་དང་། ཡ༷་ཀོབ་དང་ཡོ༷་ཧ་ནན་འཁྲིད་ནས་ཕེབས་ཏེ། ཐུགས་འཚེར་ཞིང་འཁྲུགས་ཏེ།"

34 ༣༤་ དེ་གསུམ་ལ། ང་འཆི་ལ་ཐུག་པ་ཙམ་ཤིན་ཏུ་འཚེར་རོ། འདིར་གཉིད་མ་ལོག་པར་སྡོད་ཅིག་གསུངས་སོ།"

35 ༣༥་ །ཅུང་ཟད་ཕར་ཕེབས་ཏེ། སྐུ་ལུས་ས་ལ་བརྡབས་ཏེ། སྲིད་ན་དུས་ཚོད་འདི་ང་ལས་འདའ་བར་ཤོག་ཅིག"

36 ༣༦་།ཡབ་ལགས། ཁྱེད་ལ་ཐམས་ཅད་ཐུབ་པས། ཕོར་པ་འདི་ང་ནས་ཕར་ཞོག་པར་མཛོད་ཅིག །འོན་ཀྱང་ངའི་སྨོན་པ་བཞིན་དུ་མ་ཡིན་པར་ཁྱེད་ཀྱི་དགོངས་པ་བཞིན་དུ་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ།"

37 ༣༧་།ཚུར་བྱོན་ཏེ། དེ་གསུམ་ཉལ་བ་གཟིགས་ནས་པེ༷་ཏྲོ་ལ། ཤི༷་མོན། ཉལ་ལམ། ཆུ་ཚོད་གཅིག་ཀྱང་སྲུང་མི་ཐུབ་བམ།"

38 ༣༨་།ཉམས་སད་ནང་མི་ལྷུང་ཕྱིར། མ་ཉལ་བར་སྨོན་ལམ་ཐོབ་ཅིག་སྙིང་རུས་ཡོད་ཀྱང་ལུས་སྟོབས་ཆུང་ངོ་གསུངས་སོ།"

39 ༣༩་།སླར་ཕར་ཕེབས་ཏེ། སྨོན་ལམ་བཏབ་བོ།"

40 ༤༠་།ཚུར་ཕེབས་པ་དང་། དེ་གསུམ་གཉིད་ཐིབ་སྟེ་ཉལ་བས། ཞུ་ལན་ཞུ་མ་ཤེས་སོ།"

41 ༤༡་ །ཐེངས་གསུམ་པར་ཕེབས་ཏེ་དེ་གསུམ་ལ། ད་དུང་ཉལ་ཞིང་ངལ་སོའམ། ཆོག། །དུས་ཚོད་རན་ཏེ་མིའི་བུ་ནི་སྡིག་ཅན་གྱི་ལག་ཏུ་གཏོང་ངོ་།"

42 ༤༢་།ལོངས་ཤིག་ང་ཚོ་འགྲོ །དགྲའི་ལག་ལ་གཏོད་མཁན་དེ་ཉེ་བར་བསླེབས་སོ། ལྟོས་ཤིག །གསུངས་སོ།།"

43 ༤༣་ །གསུང་བའི་མོད་ལ་བཅུ་གཉིས་པོའི་ནང་གི་ཡུ༷་ད་མཉམ་དུ། ལེ༷་ཝི་ཆེན་དང་། མོ༷་ཤེའི་བཀའ་ཁྲིམས་མཁས་པ་དང་། རྒན་པོས་བཏང་བའི་དཔུང་། རལ་གྲི་དང་དབྱུག་པ་ཐོགས་ནས་དེར་འོངས་སོ།"

44 ༤༤་།ཁོང་བཏད་མཁན་དེས། ངས་སུ་ལ་འོ་བྱ་བ་དེ་ཁོང་ཡིན། བཟུང་ནས་བརྟན་པོར་ཁྲིད་ཅིག །ཅེས་བརྡ་བཏང་ཡོད་དོ།"

45 ༤༥་།ཁོང་གིས་ཡེ་ཤུ་མཇལ་མ་ཐག་ཏུ། ར༷བ་བི། ཞུས་ནས་འོ་ཕུལ་བས།"

46 ༤༦་དེ་རྣམས་ཀྱིས་ཁོང་བཟུང་ངོ་།"

47 ༤༧་།དེར་ཡོད་པའི་སློབ་མ་གཅིག་གིས། རལ་གྲི་བཏོན་ནས། ལེ༷་ཝི་ཆེན་གྱི་གཡོག་པོ་ལ་བརྒྱབ་ནས། རྣ་བ་ཡ་གཅིག་བཅད་དོ།"

48 ༤༨་།ཡེ་ཤུས། རལ་གྲི་དང་དབྱུག་པ་ཐོགས་ནས་ང་ཇག་པ་ལྟར་འཛིན་དུ་ཐོན་ནམ།"

49 ༤༩་།ང་ཉིན་རེ་བཞིན་སྨོན་ལམ་ཁང་ནང་ཁྱེད་ཚོའི་དཀྱིལ་དུ་སློབ་ཁྲིད་མཛད་ཀྱང་ཁྱེད་ཚོས་ང་མ་བཟུང་། དེ་ནི་བི༷་བེལ་བཞིན་འགྲུབ་པའི་ཕྱིར་རོ་གསུངས་སོ།"

50 ༥༠་།སློབ་མ་ཐམས་ཅད་ཀྱིས་ཁོང་སྤང་ནས་བྲོས་སོ།"

51 ༥༡་རས་རྐྱང་གོན་པའི་གཞོན་ནུ་ཞིག་ཁོང་གི་རྗེས་སུ་འབྲངས་པས། དེ་རྣམས་ཀྱིས་བཟུང་བ་དང་།"

52 ༥༢་།རས་རྐྱང་དེ་ཕུད་ནས་གཅེར་བུར་བྲོས་སོ།།"

53 ༥༣་ །ཡེ་ཤུ་ལེ༷་ཝི་ཆེན་གྱི་རྩར་གདན་དྲངས་ནས། དེར་ལེ༷་ཝི་ཆེན་དང་། རྒན་པོ་དང་། མོ་ཤེའི་བཀའ་ཁྲིམས་མཁས་པ་རྣམས་འདུས་སོ།"

54 ༥༤་ །པེ༷་ཏྲོ་ལེ༷་ཝི་ཆེན་གྱི་མཚོམས་ཀྱི་བར་ཐུག་རྒྱང་མ་ནས་འབྲངས་ཏེ། འཁོར་གཡོག་རྣམས་དང་མཉམ་དུ་སྡོད་ཅིང་མེ་ལྡེས་སོ།"

55 ༥༥་།ལེ༷་ཝི་ཆེན་དང་གྲོས་མི་ཐམས་ཅད་ཀྱིས་ཡེ་ཤུ་གསོད་པའི་ཕྱིར། དཔང་པོ་བཙལ་ཡང་མ་ཐོབ་བོ།"

56 ༥༦་།རྫུན་གྱི་དཔང་པོ་མང་པོ་ཐོན་ཡང་། དཔང་པོ་ཚོ་མ་མཐུན་ནོ།"

57 ༥༧་།མི་རེ་ལངས་ནས་རྫུན་གྱི་དཔང་པོ་གཏོང་ཞིང་།"

58 ༥༨་ལག་པས་བརྩིགས་པའི་སྨོན་ལམ་ཁང་འདི་བཤིགས་སྟེ། ལག་པས་མ་བརྩིགས་པའི་གཞན་ཞིག་ངས་ཞག་གསུམ་ནང་རྩིག་འོང་། ཞེས་འདིས་ཟེར་བ་ང་ཚོས་ཐོས་སོ་ཟེར་ཀྱང་།"

59 ༥༩་ །གཏམ་མ་མཐུན་ཏོ།"

60 ༦༠་།ལེ༷་ཝི་ཆེན་གྱིས་དཀྱིལ་དུ་ལངས་ནས་ཡེ་ཤུ་ལ། འདི་རྣམས་ཀྱིས་ཁྱེད་འགལ་བའི་དཔང་བྱེད་པ་ལ། ལན་མི་གཏོང་ངམ་ཞུས་ཀྱང་།"

61 ༦༡་ཞལ་རོག་ཅིང་བཀའ་ལན་ཅི་ཡང་མ་གནང་ངོ་། །ལེ༷་ཝི་ཆེན་གྱིས་སླར་འདྲི་ཞིང་། ཁྱེད་ནི་བསྟོད་འོས་པ་དེའི་སྲས་མ་ཤི་ཀ་ཡིན་ནམ། ཞུས་པའི་བཀའ་ལན་དུ།"

62 ༦༢་།ཡེ་ཤུས་། ང་ཡིན། མ་ཟད་ཁྱེད་ཅག་གིས་མིའི་བུ་ནི་ཀུན་དབང་གི་ཕྱག་གཡས་སུ་བཞུགས་ཏེ། གནམ་གྱི་སྤྲིན་དང་བཅས་སུ་འབྱོན་པ་མཐོང་བར་འགྱུར་གསུངས་སོ།"

63 ༦༣་།ལེ༷་ཝི་ཆེན་གྱིས་རང་གྱི་གོས་བཤགས་ཏེ། ད་དུང་དཔང་པོ་ཅི་དགོས།"

64 ༦༤་།སྐུར་བ་འདེབས་པ་འདི་ཁྱེད་ཚོས་ཐོས་པས། ཅི་སེམས་སྨྲས་ནས། ཐམས་ཅད་ཀྱིས་གསོད་པའི་ཁྲིམས་བཅད་དོ།"

65 ༦༥་།དེ་ནས་ཁ་ཅིག་གིས་ཁོང་ལ་མཆིལ་མ་གཏོར། ཞལ་གདོང་བཏུམ་ནས། མུར་རྫོག་བརྒྱབ་སྟེ་ཁོང་ལ། མངོན་ཤེས་ཤོད་ཅེས་སྨྲས་སོ། །འཁོར་གཡོག་རྣམས་ཀྱིས་ཀྱང་འགྲམ་ལྕག་བརྒྱབས་སོ།།"

66 ༦༦་།དེའི་ཚེ་པེ༷་ཏྲོ་འོག་གི་ཚོམས་ནང་ཡོད་པ་ལས། ལེ༷་ཝི་ཆེན་གྱི་གཡོག་མོ་ཞིག་འོངས་ཏེ།"

67 ༦༧་པེ་ཏྲོས་མེ་ལྡེ་བ་མཐོང་ནས། ཁོང་ལ་བལྟས་ཏེ། ཁྱེད་ཀྱང་ན་ཙ་རེད་པ་ཡེ་ཤུ་མཉམ་ཡོད་པ་ཡིན་ནོ་སྨྲས་པ་དང་།"

68 ༦༨་།ཁྱེད་ཀྱིས་ཅི་ཟེར་བ་ངས་མི་ཤེས་མི་གོའོ་ཟེར་ནས་རྒྱབ་ལོག་བྱས་ཏེ། ཕྱི་རོལ་དུ་ཐོན་ནས་རྒྱལ་སྒོའི་རྩར་སོང་བ་དང་། བྱ་ཕོས་སྐད་བརྒྱབས་སོ།"

69 ༦༩་།གཡོག་མོ་དེས་པེ་ཏྲོ་མཐོང་ནས། དེར་ཡོད་པ་རྣམས་ལ་སླར་ཡང་འདི་ནི་དེ་རྣམས་ཀྱི་ནང་ནས་གཅིག་ཡིན་ནོ་ཟེར་ཏོ།"

70 ༧༠་།སླར་རྒྱབ་ལོག་བྱས་སོ། ཅུང་ཞིག་ནས་དེར་ཡོད་པ་རྣམས་ཀྱིས་པེ༷་ཏྲོ་ལ། ཁྱེད་ག༷་ལིལ་པ་ཡིན་པས། དེ་ཚོའི་ནང་ནས་གཅིག་ཡིན་ཐག་ཆོད་ཡིན་ཅེས་སྨྲས་ཀྱང་།"

71 ༧༡་ཁོང་གིས་དམོད་ཅིང་མནའ་བསྐྱལ་ནས། ཁྱེད་ཀྱིས་ཟེར་བའི་མི་དེ་ངས་མི་ཤེས་ཟེར་མ་ཐག་ཏུ།"

72 ༧༢་།བྱ་ཕོས་སྐད་གཉིས་པ་བརྒྱབས་སོ། །བྱ་སྐད་གཉིས་པ་ལས་སྔོན་དུ། ཁྱེད་ཀྱིས་ལན་གསུམ་ང་ལ་རྒྱབ་ལོག་བྱེད་འོང་ཞེས་ཡེ་ཤུས་གསུངས་པ་དེ་པེ༷་ཏྲོས་དྲན་ནས། རབ་ཏུ་ངུས་སོ།། །།
"

15

1 ༡་ །སྔ་དྲོ་ལེ༷་ཝི་ཆེན་དང་། རྒན་པོ་དང་། མོ༷་ཤེའི་བཀའ་ཁྲིམས་མཁས་པ་དང་། གྲོས་མི་ཐམས་ཅད་ཀྱིས་གྲོས་བྱས་ཏེ། ཡེ་ཤུ་བཀྱིགས་ནས་ཁྲིད་དེ། པི༷་ལ་ཏུའི་ལག་ཏུ་བཏད་དོ།"

2 ༢་།པི༷་ལ་ཏུས་ཁོང་ལ། ཁྱེད་ཡ༷་ཧུ་དཱ་པའི་རྒྱལ་པོ་ཡིན་ནམ་ཞུས་ནས། བཀའ་ལན་དུ། ཁྱེད་ཀྱིས་སྨྲས་པ་བཞིན་ནོ་གསུངས།"

3 ༣་ལེ༷་ཝི་ཆེན་དག་གིས་ཁོང་ལ་ཉེས་སྐྱོན་མང་པོ་བཀལ་བ་དང་།"

4 ༤་པི༷་ལ་ཏུས་ཁོང་ལ། ལན་ཅིའང་མི་གཏོང་ངམ། དེ་དག་གིས་ཉེས་སྐྱོན་ཇི་ཙམ་འགེལ་ལོ། །ཞེས་སླར་ཞུས་ཀྱང་།"

5 ༥་ ཡེ་ཤུས་བཀའ་ལན་ཅིའང་མ་གནང་བས། པི༷་ལ་ཏུ་ངོ་མཚར་དུ་གྱུར་ཏོ།"

6 ༦་།དུས་ཆེན་དེ་ལ་མི་ཚོགས་དགའ་བའི་བཙོན་པ་ཞིག་ཐར་བར་བྱེད་པའི་སྲོལ་ཡོད་པ་ཡིན།"

7 ༧་ནང་འཁྲུག་གི་ཚེ་གསོད་གཅོད་བྱས་པའི་ངོ་ལོག་རྣམས་ལས་གཅིག་བ༷་རབ་བཱ་བྱ་བ་བཙོན་ལ་ཡོད་པ་ཡིན།"

8 ༨་མི་ཚོགས་ཀྱིས་པི༷་ལ་ཏུ་མཇལ་ནས། སྲོལ་བཞིན་དུ་མཛོད་ཅིག་ཞུས་པས།"

9 ༩་།པི༷་ལ་ཏུས་ལེ༷་ཝི་ཆེན་གྱིས་ཕྲག་དོག་བྱས་ནས་ཁོང་བཏད་པ་ཤེས་ནས་ལན་དུ།"

10 ༡༠་ ཡ༷་ཧུ་དཱ་པའི་རྒྱལ་པོ་ཐར་བར་བྱེད་པ་ལ་དགའ་འམ་དྲིས་སོ།"

11 ༡༡་།ལེ༷་ཝི་ཆེན་དག་གིས་བ༷་རབ་བཱ་དེ་ཉིད་ཐར་བར་མི་ཚོགས་ལ་བསྐུལ་ཏོ།"

12 ༡༢་།པི༷་ལ་ཏུས་དེ་རྣམས་ལ། ཁྱེད་ཀྱིས་ཡ༷་ཧུ་དཱ་པའི་རྒྱལ་པོ་ཞེས་ཟེར་བ་ལ་ངས་ཅི་བྱ་ཞེས་སླར་དྲིས་པ་དང་།"

13 ༡༣་།སྐད་ཆེན་པོས་རྒྱང་ཤིང་ལ་རྐྱོངས་ཤིག་ཅེས་སླར་སྨྲས་པས།"

14 ༡༤་།པི༷་ལ་ཏུས། ངན་པ་ཅི་བྱས་ཟེར་ཡང་། སྐད་ལྷག་པར་ཆེན་པོས་རྒྱང་ཤིང་ལ་རྐྱོངས་ཤིག་སྨྲས་པ་ལས།"

15 ༡༥་།པི༷་ལ་ཏུས་མི་ཚོགས་ཀྱི་བློ་ཚིམ་འཇུག་པར་འདོད་དེ། བ༷་རབ་བཱ་ཐར་བར་བཏང་ནས། ཡེ་ཤུ་ལ་རྟ་ལྕག་གིས་བརྡུངས་ནས། རྒྱང་ཤིང་ལ་རྐྱོང་བའི་ཕྱིར་བཏད་དོ།།"

16 ༡༦་།དམག་མིས་གཟིམ་ཁང་གི་ཚོམས་ནང་ཁོང་ཁྲིད་དེ། དམག་ཚོ་བསྡུས་ནས།"

17 ༡༧་།ན་བཟའ་དམར་པོ་བསྐོན། ཚེར་མའི་ཅོད་པན་ལྷས་ཏེ་དབུ་ལ་བསྐོན་ནས།"

18 ༡༨་ །ཡ༷་ཧུ་དཱ་པའི་རྒྱལ་པོ་ལ་པུས་མོ་ས་ལ་འཛུགས་སོ་། ཞེས་ཞུ་ཞིང་ཕྱག་བྱས།"

19 ༡༩་།སྨྱུག་བེར་གྱིས་དབུ་ལ་བརྡུང་ཞིང་། ཐུ་ལུ་རྒྱབ་ཀྱིན། པུས་མོ་ས་ལ་འཛུགས་ནས་ཕྱག་ཕུལ་ཏོ།"

20 ༢༠་།ཁོང་ལ་འཕྱས་ཟིན་ནས། ན་བཟའ་དམར་པོ་ཕུད། ཁོང་ཉིད་ཀྱི་ན་བཟའ་དེ་བསྐོན་ནས། རྒྱང་ཤིང་ལ་རྐྱོང་ཕྱིར་ཕྱི་རོལ་དུ་ཁྲིད་དོ།།"

21 ༢༡་།ཨ༷་ལེག་སན་དར་དང་རུ༷་ཕུའི་ཕ་ཀི༷་རེ་ནི་པ་ཤི༷་མོན་ཀླུངས་ནས་འོང་བ་ལ། ཁོང་གི་རྒྱང་ཤིང་འཁུར་ཕྱིར་དབང་བྱས་སོ།"

22 ༢༢་།ཁོང་གོ༷ལ་གོ་ཐཱ། བོད་སྐད་དུ། ཀ་པཱ་ལའི་གནས་ལ་གདན་དྲངས་ནས།"

23 ༢༣་།ག༷ན་དྷ་ར་ས་བསྲེས་པའི་རྒུན་ཆང་ཕུལ་ཀྱང་མ་བཞེས་སོ།"

24 ༢༤་།དེ་ནས་ཁོང་རྒྱང་ཤིང་ལ་བརྐྱངས་སོ། །དམག་མི་རེ་རེར་ཅི་ཐོབ་རྒྱན་བརྒྱབས་ཏེ། ན་བཟའ་དགོས་སོ།"

25 ༢༥་།རྒྱང་ཤིང་ལ་བརྐྱང་བའི་དུས་ཉིན་མོའི་ཆུ་ཚོད་དགུ་པའོ།"

26 ༢༦་།ཁོང་ལ་བཏགས་པའི་ཉེས་སྐྱོན་ནི། ཡ༷་ཧུ་དཱ་པའི་རྒྱལ་པོ་ཞེས་བྲིས་ཡོད་པ་ཡིན།"

27 ༢༧་ཁོང་མཉམ་དུ་ཇག་པ་མི་གཉིས་ནས་གཅིག"

28 ༢༨་ ཁོང་གི་གཡས་དང་གཅིག་གཡོན་དུ་རྒྱང་ཤིང་ལ་བརྐྱངས་སོ།"

29 ༢༩་།དེར་འགྲུལ་མཁན་རྣམས་ཀྱིས་མགོ་གཡུག་ཅིང་སྨད་དེ། སྨོན་ལམ་ཁང་བཤིག་སྟེ་ཞག་གསུམ་ལ་རྩིག་མཁན་ཁྱོད།"

30 ༣༠་།རང་སྐྱོབ་ཅིག །རྒྱང་ཤིང་ལས་མར་བོབས་ཤིག་སྨྲས་སོ།"

31 ༣༡་།དེ་བཞིན་དུ་ལེ༷་ཝི་ཆེན་དང་མོ༷་ཤེའི་བཀའ་ཁྲིམས་མཁས་པ་རྣམས་ཀྱིས་ཀྱང་ཕན་ཚུན་གླེང་ཞིང་། ཁོང་གིས་གཞན་སྐྱོབ་ཅིང་རང་སྐྱོབ་མི་ཐུབ་བོ།"

32 ༣༢་།ཡི༷ས་ར་ཨེལ་གྱི་རྒྱལ་པོ་མ་ཤི་ཀ །ང་ཚོས་མཐོང་ནས་དད་པའི་ཕྱིར། ད་རྒྱང་ཤིང་ལས་མར་བོབས་ཤིག་ཟེར་ཏོ། །ཁོང་མཉམ་དུ་བརྐྱངས་པ་གཉིས་ཀྱིས་ཀྱང་སྨད་དོ།།"

33 ༣༣་།ཉིན་ཕྱེད་ལ་ཡུལ་ཐམས་ཅད་མུན་པས་འཐིབས་ནས་ཆུ་ཚོད་གསུམ་པའི་བར་དུ་ལུས་སོ།"

34 ༣༤་།ཆུ་ཚོད་གསུམ་པ་ལ་ཡེ་ཤུས་གསུང་སྐད་ཆེན་པོས། ཨེ༷་ལོ་ཨི། ཨེ་ལོ་ཨི། ལ༷་མ་ཤ་བཁ་ཐ་ནི། བོད་སྐད་དུ། ངའི་ཨེ་ལོ་ཧིམ།ངའི་ཨེ་ལོ་ཧིམ། ཁྱེད་ཀྱིས་ང་ཅི་ལ་སྤངས་པ་ཡིན། གསུངས་སོ།"

35 ༣༥་།དེར་ཡོད་པ་རེས་ཐོས་ནས། ཨེ༷་ལི་ཡཱ་ལ་འབོད་དོ་སྨྲས་པ་དང་།"

36 ༣༦་།གཅིག་བརྒྱུགས་ནས། ཆུ་བལ་ཆང་སྐྱུར་གྱི་ནང་དུ་སྦངས་ནས། སྨྱུག་མའི་རྩེ་ལ་སྐྱོན་ཏེ། བཞེས་པའི་ཕྱིར་བསྲིངས་ནས། ཨེ༷་ལི་ཡཱ་ཁོང་ཕབ་ཕྱིར་ཕེབས་བམ་མི་ཕེབས་བལྟའོ་སྨྲས་སོ།"

37 ༣༧་།དེ་ནས་ཡེ་ཤུས་གསུང་སྐད་དྲག་པོ་བཏོན་པར་མཛད་དེ། སྐུ་སྲོག་གནང་ངོ་།"

38 ༣༨་།སྨོན་ལམ་ཁང་གི་ཡོལ་བ་འགོ་ནས་མཇུག་ཏུ་ཁག་གཉིས་ལ་རལ་།"

39 ༣༩་ཁོང་གི་དྲུང་དུ་ཡོད་པའི་བརྒྱ་དཔོན་གྱིས། ཁོང་འདི་ལྟར་གྲོངས་པ་མཐོང་ནས། མི་འདི་ཨེ་ལོ་ཧིམ་གྱི་སྲས་ཡིན་པར་བདེན་ནོ་ཞེས་སྨྲས་སོ།"

40 ༤༠་།ཁོང་ག༷་ལིལ་དུ་བཞུགས་དུས་རྗེས་སུ་འབྲངས་ཏེ་ཞབས་ཕྱི་ཞུ་བའི་བུད་མེད་ནི་མ༷ག་དལ་མ་མཱ་རི་ཡ་དང་། ཡ༷་ཀོབ་ཆུང་བ་དང་ཡོ༷་སེའི་མ་མ༷་རི་ཡཱ་དང་། ས༷་ལོ་མེ་དང་།"

41 ༤༡་ ཁོང་མཉམ་ཡེ༷་རུ་ཤ་ལེམ་ལ་འོངས་པའི་བུད་མེད་གཞན་མང་པོས་ཀྱང་ཐག་རིང་ནས་བལྟས་སོ།།"

42 ༤༢་།ཕྱི་དྲོ་ཤ༷བ་བད་ཀྱི་ཞག་སྔ་མ་སྟ་གོན་གྱི་ཉིན་མོ་ཡིན་པས།"

43 ༤༣་།རྩིས་ཆེ་བའི་གྲོས་མི་ཨ༷་རི་མ་ཐ་པ་ཡོ༷་སེབ། ཨེ་ལོ་ཧིམ་གྱི་རྒྱལ་སྲིད་ལའང་སྒུག་པ་དེ་འོངས་ནས། སྤོབས་པ་བྱས་ནས་པི༷་ལ་ཏུ་མཇལ་ཏེ། ཡེ་ཤུའི་སྤུར་གྱི་ཕྱིར་ཞུས་པ་དང་།"

44 ༤༤་།གྲོངས་ཟིན་པ་ལ་པི༷་ལ་ཏུ་ངོ་མཚར་དུ་གྱུར་ཏེ། བརྒྱ་དཔོན་བོས་ནས། ཁོང་གྲོངས་ཟིན་ནམ་ཞེས་དྲིས་ཏེ།"

45 ༤༥་།བརྒྱ་དཔོན་ལས་བརྟགས་ནས། སྤུར་ཡོ༷་སེབ་ལ་བཏང་ངོ་།"

46 ༤༦་།དེས་རས་ཉོས་ནས་སྤུར་ཕབས་ཏེ། རས་ཀྱི་ནང་དུ་བཏུམ་ནས། བྲག་ནང་བརྐོས་པའི་དུར་ཁུང་ནང་བཅུག་ཞུས་ཏེ། ཁ་ལ་ཕ་བོང་ཞིག་བསྒྲིལ་ལོ།"

47 ༤༧་།མ༷ག་དལ་མ་མ༷་རི་ཡ་དང་། ཡོ༷་སེའི་མ་མ༷་རི་ཡ་ཡིས་ཁོང་བཅུག་ཞུ་ས་མཐོང་ངོ་།། །།"

16

1 ༡་ །ཤ༷བ་བད་ཐོན་པ་དང་། མ༷ག་དལ་མ་མ༷་རི་ཡཱ་དང་། ཡ༷་ཀོབ་ཀྱི་མ་མ༷་རི་ཡཱ་དང་། ས༷་ལོ་མེས་སྤུར་ལ་འབྱུག་པའི་ཕྱིར་དྲི་བཟང་ཉོས་ནས།"

2 ༢་།བདུན་ཕྲག་གི་ཞག་དང་པོ་ལ། ཤིན་ཏུ་སྔ་བར་ལངས་ནས་ཉི་མ་ཤར་བ་དང་སྤུར་ཁང་དུ་བསླེབས་ཏེ།"

3 ༣་།ཕན་ཚུན་གཏམ་བྱེད་ཅིང་། ང་ཚོའི་ཕྱིར་སྤུར་ཁང་གི་ཁ་རྡོ་སུས་བསྒྲིལ་འོང་ཟེར་ཞིང་བལྟས་པས།"

4 ༤་ཕ་བོང་ཆེན་པོ་ཞིག་ཡིན་ཀྱང་བསྒྲིལ་ཟིན་ཡོད་པ་མཐོང་ངོ་།"

5 ༥་ །སྤུར་ཁང་གི་ནང་དུ་ཞུགས་པ་དང་། གོས་དཀར་པོ་གོན་པའི་གཞོན་ནུ་ཞིག་གཡས་ཕྱོགས་སུ་བསྡད་པ་མཐོང་ནས་འཇིགས་སོ།"

6 ༦་།དེས། མ་འཇིགས་ཤིག །ཁྱེད་ཚོས་འཚོལ་བའི་རྒྱང་ཤིང་ལ་བརྐྱངས་པའི་ཡེ་ཤུ་ཁོང་ནི་གསོན་པོར་བཞེངས་ཏེ་འདིར་མེད། ཁོང་གི་སྐུ་སྤུར་བཞག་པའི་གནས་འདི་ཡིན།"

7 ༧་།སོང་ལ་སློབ་མ་དང་པེ༷་ཏྲོ་ལ་འདི་སྐད་དུ། སྔར་གསུངས་པ་བཞིན་དུ་ཁོང་ཁྱེད་ལས་སྔོན་དུ་ག༷་ལིལ་དུ་ཕེབས་ནས་། དེ་རུ་མཇལ་འོང་སྨྲོས་ཤིག་ཟེར་བ་དང་།"

8 ༨་།བུ་མོ་རྣམས་འདར་ཞིང་འཇིགས་པས་ཐོན་ཏེ་སྤུར་ཁང་ནས་བྲོས་ཏེ། ཚབས་ནས་སུ་ལའང་མ་སྨྲས་སོ།།"

9 ༩་།ཡེ་ཤུ་བདུན་ཕྲག་གི་ཞག་དང་པོའི་སྔ་དྲོར་སྐུ་གསོན་པོར་བཞེངས་པ། ས༷་ཏན་བདུན་བཏོན་པའི་མ༷ག་དལ་མ་མ༷་རི་ཡ༷ས་དང་པོར་མཇལ་ནས་སོང་སྟེ།"

10 ༡༠་།ངུ་ཞིང་མྱ་ངན་བྱེད་པའི་ཁོང་གི་འཁོར་རྣམས་ལ་བཤད་ཀྱང་།"

11 ༡༡་ཁོང་སྐུ་གསོན་པོར་ཡོད་པ་དང་མ༷་རི་ཡཱས་མཇལ་བ་ཐོས་ནས་ཡིད་མ་ཆེས་སོ།"

12 ༡༢་ །དེའི་རྗེས་སུ་དེ་ཚོའི་ནང་ནས་ཡུལ་ཚོ་ལ་འགྲོ་བ་གཉིས་ལ་སྐུ་གཟུགས་གཞན་དུ་གྱུར་ཏེ་མངོན་པར་མཛད་པས།"

13 ༡༣་།དེ་དག་ལོག་ནས་གཞན་ཚོར་བཤད་ཀྱང་ཡིད་མ་ཆེས་སོ་།"

14 ༡༤་།དེའི་རྗེས་སུ་བཅུ་གཅིག་པོ་ཁ་ཟས་ཟ་བའི་ཚེ་སྐུ་མངོན་པར་མཛད་དེ། སྐུ་གསོན་པོར་བཞེངས་པར་མཇལ་བ་ལ་ཡིད་མ་ཆེས་པས། སྙིང་གྱོང་ཞིང་དད་པ་མེད་པར་བཀའ་བཀྱོན་མཛད་དོ།"

15 ༡༥་།དེ་རྣམས་ལ། འཇིག་རྟེན་ཀུན་ཏུ་སོང་ལ་མི་ཐམས་ཅད་ལ་འཕྲིན་བཟང་བཤོད་ཅིག"

16 ༡༦་།དད་ཅིང་བ༷བ་ཐི་སོ་ཐོབ་པ་རྣམས་ཐར་བར་འགྱུར། མི་དད་པ་རྣམས་ལ་ཆད་པ་གཅོད་པར་འགྱུར་རོ།"

17 ༡༧་།ཡང་དད་པ་བྱེད་མཁན་ལ་ངའི་མཚན་བརྗོད་ཅིང་ས༷་ཏན་སྐྲོད་པ་དང་། སྐད་གསར་པས་སྨྲ་བ་དང་།"

18 ༡༨་སྦྲུལ་ལག་པར་ལེན་པ་དང་། དུག་ཆེན་རིགས་ཐུང་ནའང་མི་གནོད་པ་དང་། ནད་པའི་ཐོག་ཏུ་ལག་པ་བཞག་ནས་ནད་གསོ་བའི་ལྟས་དང་ལྡན་པར་འགྱུར་རོ་གསུངས་སོ།"

19 ༡༩་།དེ་ལྟར་ཀྱུ་རི་བོ་ཡེ་ཤུས་དེ་དག་ལ་གདམས་པའི་འོག་ཏུ། ཁོང་ནམ་མཁར་ཕེབས་ནས་། ཨེ་ལོ་ཧིམ་གྱི་ཕྱག་གཡས་སུ་བཞུགས་སོ།"

20 ༢༠་།དེ་དག་སོང་ནས་ཕྱོགས་ཀུན་ཏུ་འཕྲིན་བཟང་བཤད་ཅིང་། ཀྱུ་རི་བོ་དེ་རྣམས་དང་འགྲོགས་ཏེ། ལས་བཟང་བོའི་སྒོ་ནས་བཀའ་དེ་བདེན་པ་ཡིན་པར་བསྟན་ཏོ།། །།"

2

1 ༡་ །དུས་འགའ་ཞིག་ནས་སླར་ཀ༷་ཕར་ན་ཧུམ་དུ་བྱོན་པའི་ཚེ། ཁྱིམ་དུ་བཞུགས་པའི་སྐད་ཆ་གྲགས་ནས།"

2 ༢་ །སྒོ་རྩ་ལའང་འདུག་ས་མི་ཐོབ་པ་ཙམ་དུ་མི་མང་པོ་འདུས་པས། སློབ་ཁྲིད་པར་མཛད་དོ།"

3 ༣་ །མི་བཞིས་ཁུར་བའི་གཟའ་ཕོག་གཅིག་ཁོང་གི་དྲུང་དུ་བསྐྱེལ་བ་ལ།"

4 ༤་ །མི་ཚོགས་མང་བས་སྐུ་དྲུང་དུ་མ་ཐར་བར་བཞུགས་སའི་ཐོག་བཞུས་ཏེ། བརྟོལ་ནས་ཉལ་ཁྲི་དང་གཟའ་ཕོག་མར་ཕབ་བོ།"

5 ༥་ །དེ་རྣམས་ཀྱི་དད་པ་ལ་གཟིགས་ནས་ཡེ་ཤུས་གཟའ་ཕོག་ལ། བུ། ཁྱེད་ཀྱི་སྡིག་པ་སེལ་ཟིན་གསུངས།"

6 ༦་ །དེར་ཡོད་པའི་མོ༷་ཤེའི་བཀའ་ཁྲིམས་མཁས་པ་ཁ་ཅིག་གིས།"

7 ༧་ །མི་འདིས་འདི་ལྟར་ཅི་ལ་སྨྲ། ཁོང་གིས་སྐུར་པ་འདེབས་སོ། །ཨེ་ལོ་ཧིམ་གཅིག་པོས་མ་གཏོགས་སྡིག་པ་སུས་སེལ་ཐུབ་ཅེས་བསམས་པ་དང་།"

8 ༨་ །ཡེ་ཤུས་དེ་རྣམས་ཀྱིས་དེ་ལྟར་བསམ་པ་མཁྱེན་ནས། ཁྱེད་ཀྱི་སྙིང་ནང་འདི་ལྟར་ཅི་ལ་སེམས།"

9 ༩་ །གཟའ་ཕོག་འདི་ལ། ཁྱེད་ཀྱི་སྡིག་པ་སེལ་ཟིན་ཟེར་བ་སླའམ། ལངས་ཏེ་ཁྱེད་ཀྱི་ཉལ་ཁྲི་ཁུར་ནས་འགྲུལ་ཟེར་བ་སླ།"

10 ༡༠་ །འོན་ཀྱང་མིའི་བུ་ལ་འཇིག་རྟེན་དུ་སྡིག་པ་སེལ་བའི་དབང་ཡོད་པ་ཁྱེད་ཅག་གིས་ཤེས་པའི་ཕྱིར། ཞེས་གསུངས་ནས་གཟའ་ཕོག་དེ་ལ།"

11 ༡༡་ །ངས་ཁྱེད་ལ་ཟེར། ལོངས་ལ་ཉལ་ཁྲི་ཁུར་ནས་ཁྱིམ་དུ་སོང་ཞེས་གསུངས་སོ།"

12 ༡༢་ །ཁོང་ལངས་ནས་ཉལ་ཁྲི་ཁུར་ཏེ། མི་ཚོགས་ཀྱི་མཐོང་སར་སོང་བས། ཐམས་ཅད་ངོ་མཚར་དུ་གྱུར་ཏེ། ཨེ་ལོ་ཧིམ་ལ་བསྟོད་ཅིང་། ང་ཚོས་འདི་འདྲ་ནམ་ཡང་མ་མཐོང་སྨྲས་སོ།"

13 ༡༣་ །ཁོང་སླར་མཚོ་འགྲམ་ལ་ཕེབས་པ་དང་། མི་ཚོགས་ཧྲིལ་པོ་སྐུ་དྲུང་དུ་འོངས་པ་ལ། སློབ་ཁྲིད་པར་མཛད་དོ།"

14 ༡༤་ །ལམ་ན་ཨལ༷་ཕའི་བུ་ལེ༷་ཝི་བྱ་བ་ཤོ་གམ་ལེན་སར་བསྡད་ཡོད་པ་གཟིགས་ནས་དེ་ལ། ངའི་རྗེས་སུ་འབྲོང་གསུངས་པ་དང་། ཁོང་ལངས་ནས་ཞབས་རྗེས་ལ་འབྲངས་སོ།"

15 ༡༥་ །ཁོང་གི་ཁྱིམ་དུ་གསོལ་བ་བཞེས་པའི་ཚེ། མི་མང་པོ་ཡོད་པས། ཡེ་ཤུ་དང་སློབ་མ་རྣམས་མཉམ་དུ་ཤོ་གམ་པ་དང་སྡིག་ཅན་མང་པོས་ཀྱང་ཟོས་སོ།"

16 ༡༦་ །མཉམ་དུ་འོངས་པའིཕ༷་རུ་ཤི་པའི་མཁས་པ་རྣམས་ཀྱིས། སྡིག་ཅན་དང་ཤོ་གམ་པ་མཉམ་དུ་གསོལ་བ་བཞེས་པ་མཐོང་ནས། སློབ་མ་རྣམས་ལ། ཁོང་ནི་ཤོ་གམ་པ་དང་སྡིག་ཅན་མཉམ་དུ་ཟ་ཞིང་འཐུང་ངོ་ཟེར་ཏོ།"

17 ༡༧་ །ཡེ་ཤུས་དེ་གསན་ནས་དེ་རྣམས་ལ། ཨམ་ཆི་ནི་ཁམས་བཟང་ལ་མི་དགོས་ཀྱི་ནད་པ་ལ་དགོས་སོ། །ང་ནི་སྡིག་མེད་རྣམས་འབོད་དུ་མ་འོངས་ཀྱི། སྡིག་ཅན་རྣམས་འབོད་དུ་འོངས་པ་ཡིན་གསུངས་སོ།།"

18 ༡༨་ །ཡོ༷་ཧ་ནན་གྱི་སློབ་མ་དང་ཕ༷་རུ་ཤི་པ་རྣམས་བཟའ་བཏུང་གཅོད་པའི་ཚེ། མི་རེ་འོངས་ནས་ཁོང་ལ། ཡོ༷་ཧ་ནན་གྱི་སློབ་མ་དང་། ཕ༷་རུ་ཤི་པའི་སློབ་མ་རྣམས་བཟའ་བཏུང་གཅོད་ཀྱང་། ཁྱེད་ཀྱི་སློབ་མ་རྣམས་ཅིའི་ཕྱིར་བཟའ་བཏུང་མི་གཅོད་ཞུས་པ་ལས།"

19 ༡༩་ །ཡེ་ཤུས། མག་པ་མཉམ་དུ་ཡོད་རིང་ལ་གྲོགས་པོ་རྣམས་བཟའ་བཏུང་གཅོད་ཐུབ་བམ། དེ་རྣམས་མཉམ་མག་པ་ཡོད་རིང་དུ་བཟའ་བཏུང་གཅོད་མི་ཐུབ་ཀྱང་།"

20 ༢༠་ །དེ་རྣམས་ལས་མག་པ་འབྲལ་བའི་དུས་ལ་འབབ་འོང་། དེ་ཉིན་དེ་རྣམས་བཟའ་བཏུང་གཅོད་འོང་།"

21 ༢༡་ སུས་ཀྱང་གོས་རྙིང་པར་ལྷན་པ་གསར་པ་མི་འདེབས། འདེབས་ན་ལྷན་པ་དེས་གོས་ཧྲལ་ཏེ་བུག་པ་ཆེ་བར་བྱེད་དོ།"

22 ༢༢་ །རྒུན་ཆང་གསར་པ་རྐྱལ་པ་རྙིང་པའི་ནང་དུ་མི་བླུག །བླུག་ན་ཆང་གིས་རྐྱལ་པ་རལ་ཏེ། རྒུན་ཆང་དང་རྐྱལ་པ་གཉིས་པོ་བརླག་གོ །རྒུན་ཆང་གསར་པ་རྐྱལ་པ་གསར་པའི་ནང་བླུག་གོ་གསུངས་སོ།།"

23 ༢༣་ །ཤ༷བ་བད་ཀྱི་ཞག་ལ་ཞིང་ཁ་རྒྱུད་དེ་ཕེབས་པ་ལས། སློབ་མ་རྣམས་ཀྱིས་ལམ་ཁར་སྲུས་འཐུས་པས།"

24 ༢༤་ །ཕ༷་རུ་ཤི་པ་རྣམས་ཀྱིས་ཁོང་ལ། གཟིགས་ཤིག །ཤ༷བ་བད་ཀྱི་ཞག་ལ་བྱེད་མི་ཆོག་པ་འདི་རྣམས་ཀྱིས་ཅི་ལ་བྱེད་ཞུས་པ་ལས།"

25 ༢༥་ །ཁོང་གིས། ད༷་བིད་ཀྱིས་ཅི་བྱས་པ་ནམ་ཡང་མ་བཀླགས་སམ།"

26 ༢༦་ །ལེ༷་ཝི་ཆེན་ཨབ་ཡ་ཐར་གྱི་དུས་ལ། ད༷་བིད་དང་འཁོར་རྣམས་ལྟོགས་དུས་སུ། ཨེ་ལོ་ཧིམ་གྱི་གཟིམ་ཁང་དུ་ཞུགས་ཏེ། ལེ༷་ཝི་ཡིས་མ་གཏོགས་པར་ཟ་མི་ཆོག་པའི་ཞལ་ཟས་ཟོས་ནས་། འཁོར་ལའང་བྱིན་ཏོ།"

27 ༢༧་ །མི་ནི་ཤ༷བ་བད་ཀྱི་དོན་དུ་མཛད་པ་མ་ཡིན་གྱི། །ཤ༷བ་བད་མིའི་དོན་དུ་མཛད་པ་ཡིན།"

28 ༢༨་།མིའི་བུ་ནི་ཤབ་བད་ཀྱིའངཀྱུ་རི་བོ་ཡིན་ནོ་གསུངས་སོ།།"

3

1 ༡་ །སླར་སི༷ན་ན་གོས་སུ་ཕེབས་ནས། དེར་ལག་པ་བསྐམས་པའི་མི་ཞིག་ཡོད་པས།"

2 ༢་།མི་རྣམས་ཀྱིས་སྙད་འཛུག་པའི་ཕྱིར། ཁོང་གིས་ཤ༷བ་བད་ཀྱི་ཞག་ལ་ནད་གསོ་འམ་མི་གསོ་བལྟས་སོ།"

3 ༣་།ཁོང་གིས་ལག་པ་བསྐམས་པའི་མི་དེ་ལ། དཀྱིལ་དུ་ལོངས་གསུངས་ནས།"

4 ༤་།དེ་རྣམས་ལ་། ཤ༷བ་བད་ཀྱི་ཞག་ལ་བཟང་པོ་བྱེད་ཆོག་གམ་ངན་པ་བྱེད་ཆོག །སྲོག་སྐྱོབ་ཆོག་གམ་གཅོད་ཆོག་ཅེས་གསུངས་ཀྱང་། དེ་རྣམས་ཁ་རོག་བསྡད་དོ།"

5 ༥་།ཁོང་ལ་འཁོར་ཡོད་པ་ཐམས་ཅད་ལ་ཁྲོ་བས་གཟིགས་ཏེ། དེ་རྣམས་ཀྱི་སྙིང་མཁྲེགས་པོ་ལ་ཐུགས་ཚེར་ནས། མི་དེ་ལ། ལག་པ་རྐྱོང་གསུངས་པས། བརྐྱངས་ཏེ་ལག་པ་བསྐམས་པ་དེ་གསོ་པའོ།"

6 ༦་།ཕ༷་རུ་ཤི་པ་རྣམས་དེ་མ་ཐག་ཐོན་ནས། ཧེ༷་རོ་དཱེའི་ཕྱོགས་པ་རྣམས་དང་མཉམ་དུ། ཁོང་ཇི་ལྟར་གསོད་པའི་གྲོས་བྱས་སོ།།"

7 ༧་།ཡེ་ཤུ་སློབ་མ་རྣམས་དང་མཉམ་དུ་མཚོའི་ཕྱོགས་སུ་ཕེབས།"

8 ༨་ །ཁོང་གི་མཛད་པའི་གྲགས་པ་ཐོས་ནས། ག༷་ལིལ་དང་། ཡ༷་ཧུ་དཱ་དང་། ཡེ༷་རུ་ཤ་ལེམ་དང་། ཨི༷་དུམ་ཡཱ་དང་། ཡོ༷ར་དན་གྱི་ཕར་ཁ་དང་། ཚོ༷ར་དང་ཚི༷་དོན་ནས་མི་ཚོགས་ཆེན་པོ་ཁོང་གི་སྐུ་དྲུང་དུ་འོངས་སོ།"

9 ༩་།ཁོང་གིས་སློབ་མ་རྣམས་ལ། མི་ཚོགས་ཀྱིས་ང་མི་བཙིར་བའི་ཕྱིར། གྲུ་ཆུང་ཞིག་གི་གྲལ་བྱོས་གསུངས་སོ།"

10 ༡༠་།ཅིའི་ཕྱིར་ཞེ་ན། མི་མང་པོའི་ནད་གསོས་པས། ནད་པ་ཐམས་ཅད་ཀྱིས་ཁོང་ལ་རེག་པའི་ཕྱིར་འཚངས་སོ།"

11 ༡༡་།ས༷་ཏན་རྣམས་ཀྱིས་ཁོང་མཇལ་བ་ཙམ་གྱིས། ལུས་ས་ལ་བརྡབས་ཏེ། སྐད་ཆེན་པོས།ཁྱེད་ནི་ཨེ་ལོ་ཧིམ་གྱི་སྲས་དེ་ལགས་སོ་ཞུས་པས།"

12 ༡༢་།ཁོང་མངོན་པར་མི་བྱེད་ཕྱིར་དེ་རྣམས་ལ་ནན་གྱིས་བསྐུལ་ཏོ།།"

13 ༡༣་།རི་ལ་ཕེབས་ཏེ། ཐུགས་མཉེས་པ་རྣམས་དྲུང་དུ་བོས་ནས། དེ་རྣམས་སྐུ་དྲུང་དུ་འོངས་པ་ལས།"

14 ༡༤་།ཁོང་དང་ཉེ་བར་གནས་པ་དང་། "

15 ༡༥་ ས༷་ཏན་སྐྲོད་པའི་དབང་དང་འཕྲིན་བཟང་འཆད་པར་གཏོང་བའི་ཕྱིར་བཅུ་གཉིས་པོ་བསྐོས་སོ།"

16 ༡༦་།ཁོང་གིས་ཕེ༷་ཏྲོ་བཏགས་པའི་ཤི༷་མོན་དང་།"

17 ༡༧་ །ཟེ༷་བད་ཡའི་བུ་གཉིས་བོ༷་ཨ༷་ནེར་གེ་འམ་འབྲུག་གི་བུར་བཏགས་ཡོད་པའི་ཡ༷་ཀོབ་དང་ནུ་བོ་ཡོ༷ཧ་ནན་དང་།"

18 ༡༨་།ཨ༷ན་དྲེ་ཨ་དང་། ཕི༷་ལིབ་དང་། བ༷ར་ཐོལ་མཱ་དང་། མ༷ད་ཐཱ་དང་། ཐོ༷་མཱ་དང་། ཨ༷ལ་ཕའི་བུ་ཡ༷་ཀོབ་དང་། ཐ༷ད་དཱ་དང་། བརྩོན་འགྲུས་པ་བྱ་བའི་ཤི༷་མོན་དང་།"

19 ༡༩་།ཁོང་དགྲ་ལ་བཏད་པའི་ཀ༷ར་ཡོད་པ་ཡུ༷་དཱ་དང་བཅུ་གཉིས་སོ།།"

20 ༢༠་ །ཁྱིམ་དུ་ཕེབས་པ་དང་། སླར་མི་ཚོགས་འདུས་སྟབས་ཀྱིས། ཁོང་རྣམས་གསོལ་བའང་བཞེས་མ་བཏུབ།"

21 ༢༡་།ཁོང་གི་སྐུ་གཉེན་རྣམས་ཀྱིས་དེ་ཐོས་ནས། ཁོང་སྨྱོའོ་ཟེར་ཏེ། ཁོང་འཛིན་དུ་འོངས་སོ།"

22 ༢༢་།ཡེ༷་རུ་ཤ་ལེམ་ནས་འོངས་པའི་མོ༷་ཤེའི་བཀའ་ཁྲིམས་མཁས་པ་རྣམས་ཀྱིས། ཁོང་ནང་ལྷ་བ་ཨཱལ་ཟེ་བུལ་ཞུགས་ཡོད་པས། ས༷་ཏན་གྱི་རྒྱལ་པོའི་མཐུས་ས༷་ཏན་སྐྲོད་དོ་སྨྲས་པ་དང་།"

23 ༢༣་།ཁོང་གིས་དེ་རྣམས་བོས་ནས་དཔེའི་སྒོ་ནས་གསུངས་པ། ས༷་ཏན་གྱིས་ས༷་ཏན་ཅི་ལྟར་སྐྲོད་པར་ནུས།"

24 ༢༤་།རྒྱལ་ཁམས་ཤིག་གི་ནང་མི་ཐུན་པ་འབྱུང་ན། རྒྱལ་ཁམས་དེ་གནས་མི་ཐུབ།"

25 ༢༥་།ཁང་པ་ཞིག་གི་ནང་མི་མཐུན་པ་འབྱུང་ན། ཁང་པ་དེ་གནས་མི་ཐུབ།"

26 ༢༦་ས༷་ཏན་རང་གི་དགྲར་ལངས་ཏེ་མི་མཐུན་པར་བྱེད་ན། ཁོ་གནས་མི་ཐུབ་སྟེ་མེད་པར་འགྱུར་རོ།"

27 ༢༧་ །སྟོབས་ཆེན་ཞིག་སྔོན་ལ་བཅིངས་ནས་མ་གཏོགས། དེའི་ཁང་པར་ཞུགས་ནས་དེའི་ཡོ་བྱད་འཕྲོག་མི་ནུས། དེ་བཅིངས་ནས་འཕྲོག་ཐུབ་བོ།"

28 ༢༨་།མིའི་སྡིག་པ་ཐམས་ཅད་དང་སྐུར་པ་ཅི་ཙམ་འདེབས་ཀྱང་སེལ་བར་འགྱུར་གྱི།"

29 ༢༩་།དམ་པའི་རུ་ཨག་ལ་སྐུར་པ་འདེབས་པ་ནམ་ཡང་མི་སེལ། རྒྱུན་ཆད་མེད་པར་ཆད་པ་འཕོག་འོས་པའི་སྡིག་པ་ཡིན་ངས་ཟེར་གསུངས་སོ།"

30 ༣༠་།ཁོང་ནང་ས༷་ཏན་ཞུགས་སོ་ཞེས་སྨྲས་པས་དེ་ལྟར་གསུངས་སོ།"

31 ༣༡་།ཁོང་གི་ཡུམ་དང་སྐུ་མཆེད་རྣམས་བསླེབས་ནས། ཕྱི་རོལ་དུ་བཞེངས་ནས་ཁོང་ལ་ཕེབས་ཞུས་སོ།"

32 ༣༢་།ཁོང་ལ་འཁོར་ནས་བསྡད་ཡོད་པའི་མི་ཚོགས་ཀྱིས་ཁོང་ལ། ཁྱེད་ཀྱི་ཡུམ་དང་སྐུ་མཆེད་རྣམས་ཀྱིས་ཁྱེད་འཚོལ་ཞིང་ཕྱི་རོལ་ན་ཡོད་དོ་ཞུས་པས།"

33 ༣༣་།བཀའ་ལན་དུ། ངའི་མ་དང་སྤུན་རྣམས་སུ་ཡིན་གསུངས་ནས།"

34 ༣༤་།ཁོང་ལ་འཁོར་ནས་བསྡད་ཡོད་པ་རྣམས་ལ་གཟིགས་ཤིང་། ངའི་མ་དང་སྤུན་རྣམས་འདིའོ།"

35 ༣༥་།ཨེ་ལོ་ཧིམ་གྱི་ཐུགས་དགོངས་སྒྲུབ་པ་དེ། ངའི་སྤུན་དང་སྲིང་མོ་དང་མ་ཡིན་གསུངས་སོ།།
"

4

1 ༡་ །ཁོང་གིས་མཚོའི་འགྲམ་ལ་སླར་སློབ་ཁྲིད་མཛད་ཅིང་མི་ཚོགས་མང་པོ་འཛོམས་པས། །ཁོང་གྲུའི་ནང་ཞུགས་ནས། མཚོའི་ཐོག་ཏུ་བཞུགས་པ་ལས། མི་ཚོགས་མཚོ་འགྲམ་དུ་སྐམ་སར་བསྡད་དོ།"

2 ༢་ །དཔེའི་སྒོ་ནས་གསུངས་པ་མང་པོ་འཁྲིད་ཅིང་། ཞལ་གདམས་མཛད་ནས་དེ་རྣམས་ལ།།"

3 ༣་ །ཉོན་ཅིག་ཞིང་པ་ཕྱིར་ཐོན་ཏེ།"

4 ༤་ །ས་བོན་འདེབས་ཙ་ན། ཁ་ཅིག་ལམ་ཁར་འགྲིལ་ཏེ་བྱ་འོངས་ནས་ཟོས་སོ།"

5 ༥་ །ཁ་ཅིག་ས་མང་པོ་མེད་པའི་རྡོ་གསེབ་ཏུ་འགྲིལ་ཏེ། ས་དཔངས་མེད་སྟབས་ཀྱིས་སྐྱེས་ཀྱང་།"

6 ༦་ །ཉི་མ་ཤར་བ་དང་ཚིག་སྟེ་། རྩ་བ་ཚུགས་མེད་པས་སྐམས་སོ།"

7 ༧་ །ཁ་ཅིག་ཚེར་གསེབ་ཏུ་འགྲིལ་ཏེ། ཚེར་མ་སྐྱེས་ནས་མནན་ཏེ། འབྲས་བུ་མ་ཆགས་སོ།"

8 ༨་ །ཁ་ཅིག་ས་བཟང་པོའི་ནང་ཏུ་འགྲིལ་ཏེ། སྐྱེས་ཏེ། ཆེར་སོང་ནས་འབྲུ་ཆགས་ཏེ། གཅིག་ལ་སུམ་ཅུ་འགྱུར། གཅིག་ལ་དྲུག་ཅུ་འགྱུར། གཅིག་ལ་བརྒྱ་འགྱུར་ཐོན་ཏོ།"

9 ༩་ །ཉན་པའི་རྣ་བ་ཡོད་པ་དེས་ཉོན་ཅིག་གསུངས་སོ།"

10 ༡༠་ །ཁོང་གཅིག་པུར་བཞུགས་པའི་ཚེ། འཁོར་རྣམས་དང་བཅུ་གཉིས་པོས་དཔེ་རྣམས་ཀྱི་དོན་བཀའ་འདྲི་ཞུས་པ་དང་།"

11 ༡༡་ །ཁོང་གིས། ཨེ་ལོ་ཧིམ་གྱི་རྒྱལ་སྲིད་ཀྱི་གསང་བ་རྟོགས་པ་ཁྱེད་ལ་གནང་ཡོད་ཀྱང་། མི་གཞན་རྣམས་ལ་ཐམས་ཅད་དཔེའི་སྒོ་ནས་འབྱུང་བས།"

12 ༡༢་ །སེམས་ཀྱང་མི་འགྱུར་སྡིག་པའང་མི་སེལ་ཕྱིར།
།ལྟ་བར་བྱེད་ཀྱང་དེ་ཚོས་མི་མཐོང་ཞིང་།
།ཐོས་པར་བྱེད་ཀྱང་རྟོགས་པར་མི་བྱེད་དོ།།"

13 ༡༣་ །ཁྱེད་ཀྱིས་དཔེ་འདི་མ་གོ་ན། དཔེ་གཞན་ཐམས་ཅད་ཅི་ལྟར་གོ"

14 ༡༤་ །ས་བོན་འདེབ་མཁན་གྱིས་བཀའ་འདེབས་སོ།"

15 ༡༥་ །ལམ་ཁར་བཏབ་པ་རྣམས་ནི། བཀའ་ཐོས་པ་ཙམ་གྱིས་ས༷་ཏན་འོང་སྟེ། དེ་རྣམས་ཀྱི་སྙིང་ནང་བཏབ་པའི་བཀའ་དེ་འཕྲོག་གོ"

16 ༡༦་ །དེ་བཞིན་དུ་རྡོ་གསེབ་ཏུ་བཏབ་པ་རྣམས་ནི། བཀའ་ཐོས་པ་ཙམ་གྱིས་དགའ་ཞིང་བླང་སྟེ།"

17 ༡༧་ །རང་གི་ནང་རྩ་བ་མེད་པས། མི་རྟག་སྟེ། བཀའ་དེའི་དོན་དུ་སྡུག་བསྔལ་ལམ་གནོད་འཚེ་འབྱུང་བ་དང་དད་པ་ལོག་གོ"

18 ༡༨་ །ཚེར་གསེབ་ཏུ་བཏབ་པ་རྣམས་ནི། བཀའ་ཐོས་ནས།"

19 ༡༩་ །འཇིག་རྟེན་གྱི་སེམས་ཁྲལ་དང་ནོར་གྱི་སླུ་འཁྲིད་དང་། སྲེད་པ་སྣ་ཚོགས་སྙིང་ནང་ཞུགས་ནས། བཀའ་དེ་མནན་ཏེ་འབྲས་བུ་མེད་པར་འགྱུར།"

20 ༢༠་ །ས་བཟང་པོའི་ནང་བཏབ་པ་རྣམས་ནི། བཀའ་ཐོས་ནས་བླང་སྟེ་། འབྲས་བུ་ཆགས་ཏེ། གཅིག་ལ་སུམ་ཅུ་འགྱུར། གཅིག་ལ་དྲུག་ཅུ་འགྱུར། གཅིག་ལ་བརྒྱ་འགྱུར་ཐོན་ནོ་གསུངས་སོ།།"

21 ༢༡་ །ཁོང་གིས་དེ་རྣམས་ལ། སྣུམ་བཞུ་ནི་འབོ་འམ་མལ་ཁྲིའི་འོག་ཏུ་འཇོག་པའི་ཕྱིར་འཁྱེར་རམ། སྟེགས་ཁར་འཇོག་པའི་ཕྱིར་མི་འཁྱེར་རམ།"

22 ༢༢་ །མངོན་པར་འགྱུར་བའི་དོན་དུ་མ་གཏོགས་པར་ཅིའང་སྦེད་ནས་མེད། མངོན་དུ་འབྱུང་བའི་དོན་དུ་མ་གཏོགས་པར་གསང་བ་ཅི་འང་མེད།"

23 ༢༣་ །ཉན་པའི་རྣ་བ་ཡོད་པ་དེས་ཉོན་ཅིག་གསུངས་སོ།"

24 ༢༤་ །ཇི་ལྟར་ཉན་པར་ལྟོས། ཁྱེད་ཀྱིས་ཚད་གང་གི་གཤོར་ན་དེ་རང་གིས་ཁྱེད་ལ་གཤོར་བ་མ་ཟད་སྣོན་པར་འགྱུར།"

25 ༢༥་ །ཅིའི་ཕྱིར་ཞེ་ན། ཡོད་མཁན་ལ་སྣོན་པར་འགྱུར་གྱིས། མེད་མཁན་ལས་ཅི་ཡོད་པའང་འཁྱེར་བར་འགྱུར་གསུངས་སོ།"

26 ༢༦་ །ཨེ་ལོ་ཧིམ་གྱི་རྒྱལ་སྲིད་ནི། མི་ཞིག་གིས་ས་ལ་ས་བོན་བཏབ་པ་དང་འདྲ་སྟེ།"

27 ༢༧་ །མི་དེ་ཉལ་ཡང་། ལང་ཀྱང་། མི་ཤེས་པར་ཉིན་མཚན་མེད་པར་ས་བོན་རྡོལ་ཞིང་ཆེར་སྐྱེའོ།"

28 ༢༨་ །ས་གཞིས་རང་བཞིན་གྱིས་འབྲས་བུ་སྐྱེད་ཅིང་། དང་པོ་ལྗང་པ། དེ་ནས་སྙེ་མ། དེའི་རྗེས་སུ་སྙེ་མའི་ནང་འབྲུས་གང་བ་འབྱུང་ངོ་།"

29 ༢༩་ །འབྲུ་སྨིན་པ་དང་། བཙས་མ་རན་པས། མགྱོགས་པར་ཟོར་བ་རྒྱབ་བོ་གསུངས་སོ།"

30 ༣༠་ །ཨེ་ལོ་ཧིམ་གྱི་རྒྱལ་སྲིད་ནི། ཅི་དང་སྡུར་བར་བྱ། དཔེ་གང་གིས་བརྗོད་པར་བྱ།"

31 ༣༡་ །ཡུངས་འབྲུ་དང་འདྲའོ། །དེ་ནི་ས་ལ་འདེབས་དུས་སུ། ས་གཞིའི་ས་བོན་ཐམས་ཅད་ལས་ཆུང་ཡང་།"

32 ༣༢་ །བཏབ་ནས་བརྡོལ་ཏེ། སྔོ་ཚོད་ཀུན་ལས་ཆེ་བར་འགྱུར་ཞིང་། གནམ་གྱི་བྱ་རྣམས་ཀྱང་བསིལ་གྲིབ་ལ་སྡོད་ཐུབ་པའི་ཡལ་ག་ཆེན་པོ་སྐྱེད་དོ་གསུངས་སོ།"

33 ༣༣་ །དེ་ལྟ་བུའི་དཔེ་མང་པོའི་སྒོ་ནས། དེ་རྣམས་ཀྱི་གོ་ཚོད་དང་བསྟུན་ཏེ་བཀའ་འཆད་གསུངས་ནས།"

34 ༣༤་ །དཔེ་མེད་པར་ཅིའང་མ་གསུངས་ཀྱང་། ཉིད་ཀྱི་སློབ་མ་རྣམས་ལ་ཟུར་དུ་ཐམས་ཅད་བཀྲོལ་ཏོ།།"

35 ༣༥་ །ཞག་དེ་ཀར་སྲོད་ལ་ཁོང་གིས། ང་ཚོ་མཚོའི་ཕ་རོལ་དུ་འགྲོའོ་ཞེས་གསུངས་པས།"

36 ༣༦་ །མི་ཚོགས་བཏང་སྟེ། ཁོང་གྲུའི་ནང་བཞུགས་ཡོད་པས་གདན་ཞུས་སོ། །ཁོང་མཉམ་དུ་གྲུ་གཞན་ཡང་ཡོད་པ་ཡིན།"

37 ༣༧་ །རླུང་འཚུབ་ཆེན་པོ་ལངས་ཏེ་། ཆུས་གྲུ་གང་བ་ཙམ་དུ་རྦ་རླབས་ལངས་ཏེ་བརྒྱབ་བོ།"

38 ༣༨་།ཁོང་ནི་གྲུའི་མཇུག་ལ་སྙེས་འབོལ་ཁར་གཟིམས་ཡོད་པས། དེ་དག་གིས་མནལ་སད་དེ། རྒན་ལགས། ང་ཚོ་འཆིའོ་ཁྱེད་ཐུགས་སྣང་མི་མཛད་དམ་ཞུས་པ་དང་།"

39 ༣༩་ །མནལ་སད་དེ་རླུང་ལ་བཀའ་བཀྱོན་མཛད་ནས་མཚོ་ལ། ཁ་རོག་སྡོད་ཅིག །ཞི་བར་གྱུར་ཅིག །ཅེས་བཀའ་གནང་པ་དང་། རླུང་ཆད་དེ་ཡོངས་སུ་ཞི་བར་གྱུར་ཏོ།"

40 ༤༠་།དེ་རྣམས་ལ། ཅི་ལ་འཇིགས། དད་ད་བར་སེམས་དང་མ་ལྡན་ནམ་གསུངས་སོ།"

41 ༤༡་ །དེ་རྣམས་ཤིན་ཏུ་འཇིགས་ནས་གཅིག་གིས་གཅིག་ལ། འདི་ནི་སུ་ཡིན། རླུང་དང་མཚོས་ཀྱང་ཁོང་གི་བཀའ་ལ་ཉན་ནོ། །ཞེས་སྨྲས་སོ།། །།"

5

1 ༡་ །མཚོའི་ཕ་རོལ་དུ་གེ་ར་ས་པའི་ཡུལ་འཁོར་དུ་ཕེབས་ནས།"

2 ༢་།གྲུ་ལས་ཐོན་པ་ཙམ་གྱིས། ས༷་ཏན་ཞུགས་པའི་མི་ཞིག་དུར་ཁྲོད་ནས་འབྱུང་ཞིང་ཁོང་མཇལ་ཏོ།"

3 ༣་ །ཁོང་ནི་དུར་ཁྲོད་ན་བསྡད་དེ། སུས་ཀྱང་ཁོང་ལྕགས་སྒྲོག་གིས་ཀྱང་འཆིང་བར་མ་ཐུབ་པར།"

4 ༤་།ལན་མང་པོར་རྐང་ལྕགས་དང་ལག་ལྕགས་བརྒྱབ་ཀྱང་། ལྕགས་སྒྲོག་བཅག་སྟེ། རྐང་ལྕགས་དུམ་བུར་བཏང་བས། སུས་ཀྱང་བཅུན་མ་ཐུབ་བོ།"

5 ༥་།ཉིན་མཚན་མེད་པར་དུར་ཁྲོད་དང་རི་རྣམས་ལ་སྐད་ངན་འདོན་ཞིང་། རྡོས་ཁོང་རང་རྨས་པར་བྱེད་དོ།"

6 ༦་།ཐག་རིང་ནས་ཡེ་ཤུ་མཇལ་བ་དང་། རྒྱུགས་ནས་ཁོང་གིས་པུས་མོ་ས་ལ་བཙུགས་སོ།"

7 ༧་།ཁོང་གིས། ས༷་ཏན་ཁྱོད་། མི་འདིའི་ནང་ནས་ཕྱིར་ཐོན་ཅིག་ཅེས་བཀའ་གནང་པས། དེས་སྐད་ཆེན་པོས། ཀྱེ་ཀུན་དབང་གི་ཨེ་ལོ་ཧིམ་གྱི་སྲས་ཡེ་ཤུ། ཁྱེད་དང་ང་ལ་བྲེལ་བ་ཅི།"

8 ༨་ ངས་ཁྱེད་ལ་ཨེ་ལོ་ཧིམ་གྱི་མནའ་འགེལ་བས། ང་ལ་འཚེ་བར་མ་མཛད་ཅེས་ཞུས་སོ།"

9 ༩་།ཁྱོད་ཀྱི་མིང་ལ་ཅི་ཟེར། ཞེས་བཀའ་འདྲི་མཛད་པ་དང་། ང་ཚོ་མང་པོ་ཡོད་པས་མིང་ལ་དམག་དཔུང་ཞེས་ཟེར་རོ་ཞུས་ནས།"

10 ༡༠་།ཡུལ་འཁོར་དེ་ནས་མི་སྐྲོད་པར་ཞུ་བ་ནན་གྱིས་ཕུལ་ལོ།"

11 ༡༡་།རི་ལ་འཚོ་བའི་ཕག་ཁྱུ་ཆེན་པོ་ཞིག་ཡོད་པ་ལས།"

12 ༡༢་།ས༷་ཏན་གྱིས་ང་ཚོ་ཕག་ནང་འཇུག་པར་གནོང་ཞིག་ཅེས་ཞུས་པ་དང་།"

13 ༡༣་།ཁོང་གིས་གནང་བས། ས༷་ཏན་རྣམས་ཐོན་ནས། ཕག་གི་ནང་དུ་ཞུགས་ནས། ཕག་ཉི་སྟོང་ཙམ་ཡོད་པའི་ཁྱུ་གཡང་གཟར་ནས་རྒྱུགས་པས་མཚོརལྷུང་ནས་ནུབ་སྟེ་ཤིའོ།"

14 ༡༤་།ཕག་རྫི་རྣམས་བྲོས་ཏེ། གྲོང་ཁྱེར་དང་ཀླུངས་སུ་གནས་ཚུལ་རྣམས་བཤད་པ་དང་། ཇི་བྱུང་བ་ལྟ་རུ་ཡུལ་པ་རྣམས་འོངས་ནས།"

15 ༡༥་།ཡེ་ཤུའི་སྐུ་དྲུང་དུ་བསླེབས་ཏེ། ས༷་ཏན་གྱི་དམག་དཔུང་ཞུགས་པའི་མི་དེ་བསྡད་ཅིང་། གོས་གོན་ཏེ། དྲན་པ་བརྟན་པོར་གནས་ཡོད་པ་མཐོང་ནས་འཇིགས་སོ།"

16 ༡༦་།མཛད་པ་དེ་མཐོང་བ་རྣམས་ཀྱིས་དེ་ཚོ་ལ་ས༷་ཏན་ཞུགས་དང་ཕག་རྣམས་ལ་ཇི་ལྟར་བྱུང་བ་བཤད་པ་དང་།"

17 ༡༧་།དེ་རྣམས་ཀྱིས་ཁོང་ལ་ཡུལ་འཁོར་ནས་ཕར་ཕེབས་ཕྱིར་ཞུ་བ་ཕུལ་ཏོ།"

18 ༡༨་།ཁོང་གྲུའི་ནང་དུ་ཕེབས་པ་ལས། ས༷་ཏན་ཞུགས་སོས་པ་དེས། ཁོང་མཉམ་དུ་སྡོད་དུ་ཞུ་བ་ཕུལ་ཀྱང་།"

19 ༡༩་།མ་གནང་བར་དེ་ལ། ཁྱིམ་དུ་གཉེན་རྣམས་ཀྱི་རྩར་སོང་ནས། ཀྱུ་རི་བོ་ཨེ་ལོ་ཧིམ་གྱིས་ཁྱེད་ལ་ཇི་མཛད་པ་དང་། བརྩེ་བར་གཟིགས་པ་ཤོད་ཅིག་ཅེས་བཀའ་གནང་ངོ་།"

20 ༢༠་།ཁོང་སོང་ནས་དེ༷་ཀ་པོ་ལིས་ཡུལ་དུ། ཡེ་ཤུས་ཁོང་ལ་ཇི་མཛད་པ་བཤད་པས། ཐམས་ཅད་ངོ་མཚར་དུ་གྱུར་ཏོ། "

21 ༢༡་།ཡེ་ཤུ་གྲུའི་ནང་དུ་ཚུར་རོལ་དུ་བྱོན་པ་དང་། སླར་མི་ཚོགས་ཆེན་པོ་ཞིག་སྐུ་དྲུང་དུ་འདུས། ཁོང་མཚོ་འགྲམ་ལ་བཞུགས་ཡོད་པ་ཡིན་ནོ།"

22 ༢༢་ །སི༷ན་ན་གོས་ཀྱི་དབུ་མཛད་ཡ༷་ཨིར་བྱ་བ་འོངས་ནས། མཇལ་བ་དང་། ཞབས་དྲུང་དུ་ལུས་ས་ལ་བརྡབས་ཏེ།"

23 ༢༣་ །ངའི་བུ་མོ་འཆི་བ་ལ་ཐུག་པས། མོ་ནད་ལས་ཐར་ཏེ་གསོན་ཕྱིར། ཕེབས་ནས་མོའི་མགོ་ལ་ཕྱག་འཇོག་པར་མཛོད་ཅིག །ཅེས་མང་དུ་ཞུས་པས།"

24 ༢༤་ །ཡེ་ཤུ་ཁོང་དང་མཉམ་དུ་ཕེབས་པ་ལས། མི་ཚོགས་ཆེན་པོ་ཡེ་ཤུ་ལ་འབྲངས་ནས་རུབ་བོ།"

25 ༢༥་ །ཁྲག་འཛག་ནས་ལོ་བཅུ་གཉིས་སོང་བའི་བུད་མེད་གཅིག"

26 ༢༦་ །ཨམ་ཆི་མང་པོ་བསྟན་ཀྱང་སྡུག་བསྔལ་མང་པོ་མྱང་ཞིང་། ནོར་ཐམས་ཅད་བཏང་ཡང་མ་ཕན་པར་ཐུ་རུ་སོང་བ་ཞིག་ཡོད་དོ།"

27 ༢༧་ །མོས་ཡེ་ཤུའི་སྐོར་དུ་ཐོས་ནས། ཁོང་གི་ན་བཟའ་ཙམ་ལ་རེག་ནའང་ང་ནད་ལས་ཐར་འོང་སྙམ་ནས།"

28 ༢༨་ མི་ཚོགས་ཀྱི་དཀྱིལ་དུ། སྐུ་རྒྱབ་ནས་འོངས་ཏེ། མོས་ན་བཟའ་ལ་རེག་མ་ཐག་ཏུ།"

29 ༢༩་ །མོའི་ཁྲག་ཆད་དེ། མོ་རང་ནད་ལས་ཐར་བར་ཤེས་སོ།"

30 ༣༠་ །ཡེ་ཤུས་ཉིད་ཀྱི་ནང་ནས་མཐུ་སྟོབས་ཞིག་ཐོན་པ་མཁྱེན་ནས། མི་ཚོགས་ནང་ཞལ་བསྒྱུར་ཏེ། ངའི་གོས་ལ་སུས་རེག་པ་ཡིན་གསུངས།"

31 ༣༡་ །སློབ་མ་རྣམས་ཀྱིས། མི་ཚོགས་ཀྱིས་རུབ་པ་གཟིགས་བཞིན་དུ། ང་ལ་སུས་རེག་པ་ཡིན་འདྲི་བར་མཛད་དོ་ཞུས་སོ།"

32 ༣༢་ །སུས་དེ་ལྟར་བྱས་པ་གཟིགས་ཕྱིར་ཕྱོགས་ཀུན་ཏུ་གཟིགས་སོ།"

33 ༣༣་ །བུད་མེད་དེས་རང་ལ་ཅི་བྱུང་བ་ཤེས་པས། །འཇིགས་པས་འདར་ཞིང་འོངས་ནས། སྐུ་དྲུང་དུ་ལུས་ས་ལ་བརྡབས་ཏེ་། །ཐམས་ཅད་དྲང་པོར་ཞུས་སོ།"

34 ༣༤་ །ཁོང་གིས་དེ་ལ། བུ་མོ། ཁྱེད་ཀྱི་དད་པས་ཁྱེད་ཐར་བ་ཡིན། ཞི་བདེ་བར་སོང་། ཁྱེད་ནད་འདི་ལས་ཐར་བར་ཤོག་ཅིག་གསུངས་སོ།"

35 ༣༥་ །གསུང་འཕྲོ་མ་ཟིན་པར། སི༷ན་ན་གོས་ཀྱི་དབུ་མཛད་ཀྱི་གཡོག་པོ་འགའ་ཤས་འོངས་ནས། ཁྱེད་ཀྱི་བུ་མོ་ཤི་བས། ད་རྒན་ལགས་ལ་འོ་བརྒྱལ་ཅི་ལ་ཞུ།"

36 ༣༦་ །ཞེས་ཟེར་བ་ཡེ་ཤུས་གསན་ཀྱང་། དབུ་མཛད་ལ། མ་འཇིགས་པར་དད་པ་རང་བྱོས་ཤིག་གསུངས་སོ།"

37 ༣༧་ །པེ་ཏྲོ་དང་། ཡ་ཀོབ་དང་། ཡ༷་ཀོབ་ཀྱི་ནུ་བོ་ཡོ༷་ཧ་ནན་དང་གསུམ་མ་གཏོགས་པར། སུའང་ཁོང་མཉམ་འོང་དུ་མ་གནང་ངོ་།"

38 ༣༨་ །དབུ་མཛད་ཀྱི་ཁང་པར་ཕེབས་པ་དང་། ཅ་ཅོ་དང་། ངུ་བ་དང་། མྱ་ངན་བྱེད་པ་གཟིགས་ནས།"

39 ༣༩་ །ནང་དུ་ཕེབས་ཏེ། ཁྱེད་ཚོ་ངུ་ཞིང་ཅ་ཅོ་ཅི་ལ་བྱེད། ཕྲུ་གུ་མ་ཤི་བར་ཉལ་ལོ་གསུངས་སོ།"

40 ༤༠་ །དེ་རྣམས་ཀྱིས་ཁོང་ལ་ཁྲེལ་དགོད་བཏང་ངོ་། ཁོང་གིས་ཐམས་ཅད་བཏོན་ནས། ཕྲུ་གུའི་ཕ་མ་དང་ཉིད་དང་མཉམ་དུ་ཡོད་པ་རྣམས་ཁྲིད་ནས། ཕྲུ་གུ་ཉལ་སར་ཕེབས་ཏེ།"

41 ༤༡་ །ཕྲུ་གུའི་ལག་པ་ནས་བཟུང་སྟེ། ཏ༷་ལི་ཐ་ཀུ་མི། བོད་སྐད་དུ། བུ་མོ་ཆུང་ངུ་། ངས་ཁྱེདལ་ལོངས་ཤིག་ཟེར། ཞེས་བཀའ་གནང་ངོ་།"

42 ༤༢་ །བུ་མོ་དེ་ལོ་བཅུ་གཉིས་ལོན་ཡོད་པས་ལངས་ནས་འགྲུལ་ཏོ། །དེ་མཐོང་མ་ཐག་དེ་དག་ཤིན་ཏུ་ངོ་མཚར་དུ་གྱུར་ཏོ།"

43 ༤༣་ །ཡེ་ཤུས་འདི་སུས་ཀྱང་མི་ཤེས་པའི་ཕྱིར་ནན་གྱིས་བསྐུལ་ཏེ།།བུ་མོ་ལ་ཁ་ཟས་ཐོང་ཞིག་གསུངས་སོ།། །།"

6

1 ༡་ །དེ་ནས་བཞེངས་ཏེ། ཉིད་ཀྱི་ཕ་ཡུལ་དུ་བྱོན་པ་ལས། སློབ་མ་རྣམས་ཞབས་རྗེས་སུ་འབྲངས་སོ།"

2 ༢་ །ཤ༷བ་བད་རན་པའི་ཚེ། སི༷ན་ན་གོས་ནང་སློབ་ཁྲིད་མཛད་ པས། མང་པོས་དེ་ཐོས་ནས་ངོ་མཚར་དུ་གྱུར་ཏེ། འད་ིཁོང་ལ་གང་ནས་བྱུང་། ཁོང་ལ་ཐོབ་པའི་ཤེས་རབ་དང་། ཁོང་གི་ལག་ནས་སྟོན་པའི་ལས་བཟང་འདི་ཅི་ཡིན།"

3 ༣་ །མ༷་རི་ཡའི་བུ་ཤིང་མཁན་དེ་ནི། ཡ༷་ཀོབ་དང་། ཡོ༷་སེབ་དང་། ཡུ༷་དཱ་དང་། ཤི༷་མོན་གྱི་ཕུ་བོ་མ་ཡིན་ནམ། དེའི་སྲིང་མོ་རྣམས་འདིར་ངེད་མཉམ་དུ་མེད་དམ་ཟེར་ཏེ། དེ་རྣམས་དད་པ་ཉམས་པའི་རྒྱུར་གྱུར་ཏོ།"

4 ༤་ །ཡེ་ཤུས་དེ་རྣམས་ལ། ཕ༷་རོ་པེ་ཏེ་པ་ལ་རང་ཡུལ་དང་། གཉེན་དྲུང་དང་། རང་ཁྱིམ་ན་མ་གཏོགས་པར་གར་ཡང་རྩིས་མེད་མི་བྱུང་ངོ་གསུངས་སོ།"

5 ༥་ །དེ་རུ་ནད་པ་རེའི་ཁར་ཕྱག་བཞག་ནས་གསོ་བ་མ་གཏོགས་པར་། ལས་བཟང་གཞན་བསྟན་མ་ནུས་ཤིང་།"

6 ༦་ །དེ་རྣམས་ཀྱི་དད་མེད་ལ་ངོ་མཚར་འཁྲུངས་སོ། །དེ་ནས་མཐའ་འཁོར་གྱི་ཡུལ་ཚོའི་ནང་སློབ་ ཁྲིད་མཛད་ཅིང་ཕེབས་སོ།།"

7 ༧་ །ཨ༷་པོ་ཏོ་ལོ་བཅུ་གཉིས་པོ་བོས་ནས། གཉིས་གཉིས་མངགས་ཏེ། ས༷་ཏན་སྐྲོད་པའི་དབང་བསྐུར་ཏོ།"

8 ༨་ །དེ་རྣམས་ལ། ལམ་གྱི་ཕྱིར་དབྱུག་པ་མ་གཏོགས་པར། རྒྱགས་སམ། སྒྱེ་ཁུག་གམ། སྐ་རགས་ནང་དངུལ་ཅིའང་མ་ཁུར།"

9 ༩་ །ཀྲད་པ་གོན་ཞིང་། གོས་གཉིས་མ་གོན།"

10 ༡༠་ །ག་རུའང་ཁང་པ་ཞིག་གི་ནང་ཞུགས་ན། ཡུལ་དེ་ནས་འཐེགས་པའི་བར་དེར་སྡོད་ཅིག"

11 ༡༡་ །ཡུལ་གང་དུ་ཁྱེད་ཚོ་མི་བསུ་ཞིང་། ཁྱེད་ཚོའི་གཏམ་ལ་མི་ཉན་ན། དེ་ནས་འགྲོ་དུས་སུ། དེ་རྣམས་ལ་དཔང་བྱེད་པའི་དོན་དུ། ཁྱེད་ཚོའི་རྐང་པའི་རྡུལ་སྤྲུགས་ཤིག་ཅེས་བཀའ་གནང་ངོ་།"

12 ༡༢་ །དེ་རྣམས་ཐེགས་ནས་སོང་སྟེ། སེམས་སྒྱུར་བའི་འཆད་ཅིང་།"

13 ༡༣་ །ས༷་ཏན་མང་པོ་བསྐྲད་པ་དང་། ནད་པ་མང་པོར་སྣུམ་བྱུགས་ནས་གསོས་སོ།།"

14 ༡༤་ །ཡེ་ཤུའི་སྙན་གྲགས་རྒྱས་པས། ལྗོངས་དཔོན་ཧེ༷་རོ་དེས་ཀྱང་ཐོས། ལ་ལས་བ༷བ་ཐི་སོ་གནང་མཁན་ཡོ༷་ཧ་ནན་གཤིན་པོའི་ཁྲོད་ནས་ལངས་ཏེ། ལྟས་དེ་རྣམས་སྟོན་ནོ་སྨྲས་སོ།"

15 ༡༥་ །ལ་ལས་ཨེ༷་ལི་ཡཱ་ཡིན་ནོ་སྨྲས། ལ་ལས་སྔར་གྱི་ཕ༷་རོ་པེ་ཏེ་པ་རྣམས་དང་འདྲ་བའི་ཕ༷་རོ་པེ་ཏེ་པ་ཞིག་ཡིན་སྨྲས་སོ།"

16 ༡༦་ །ཧེ༷་རོ་དཱེས་ནི་དེ་ཐོས་ནས། ངས་མགོ་བཅད་པའི་ཡོ༷་ཧ་ནན་དེ་རང་གསོན་པོར་ལངས་པ་ཡིན་ནོ་སྨྲས་སོ།"

17 ༡༧་ །སྔོན་ཧེ༷་རོ་དཱེས་རང་གི་ནུ་བོ་ཕི༷་ལིབ་ཀྱི་ཆུང་མ་ཧེ༷་རོད་ཡ་བྱ་བ་ཆུང་མར་བླངས་པས།"

18 ༡༨་ ཡོ༷་ཧ་ནན་གྱིས། ཁྱེད་ཀྱིས་རང་གི་ནུ་བོའི་ཆུང་མ་ལེན་མི་ཆོག་གསུངས་པས། ཁོང་གིས་མི་བཏང་ནས་ཡོ༷་ཧ་ནན་བཟུང་སྟེ་། བཙོན་དུ་བཅུག་གོ"

19 ༡༩་ །ཧེ༷་རོད་ཡཱས་འཁོན་དུ་བཟུང་སྟེ་ཁོང་གསོད་པར་འདོད་ཀྱང་མ་ནུས་སོ།"

20 ༢༠་ །ཅི་ཕྱིར་ཞེ་ན། ཧེ༷་རོ་དཱེས་ཡོ༷་ཧ་ནན་ནི་མི་དྲང་པོ་དང་དམ་པ་ཡིན་པར་ཤེས་ཏེ། འཇིགས་ནས་ཁོང་སྐྱབས་པ་ཡིན། ཁོང་གི་བཀའ་ཉན་པའི་ཚེ་སེམས་ཚམ་ཚོམ་དུ་གྱུར་ཀྱང་དགའ་ཞིང་ཉན་དོ།"

21 ༢༡་ །ཧེ༷་རོ་དེས་སྐུ་དྲག་དང་། དམག་དཔོན་དང་། ག༷་ལིལ་གྱི་མི་ཆེན་རྣམས་ལ་རང་གི་སྐྱེ་ཞག་གི་མགྲོན་བཏང་བས། སྐབས་དེར།"

22 ༢༢་ །ཧེ༷་རོད་ཡཱའི་བུ་མོ་ནང་དུ་འོངས་ཏེ། གར་རྩེད་ནས། ཧེ༷་རོ་དཱེ་དང་མགྲོན་པོ་རྣམས་དགའ་བར་བྱས་པས། ལྗོངས་དཔོན་གྱིས་མོ་ལ། ཇི་འདོད་པ་སྨྲོས་ཤིག་ངས་ཁྱེད་ལ་གཏོང་བར་བྱའོ།"

23 ༢༣་ །ངའི་ཡུལ་ཕྱེད་ཀྱི་བར་དུ་ཞུ་ནའང་སྟེར་འོང་ཞེས་ཟེར་ཏེ་མནའ་བསྐྱལ་ཏོ།"

24 ༢༤་ །མོ་ཕྱི་རོལ་དུ་སོང་ནས་མ་ལ། ངས་ཇི་སློང་བར་བྱ་ཞེས་དྲིས་པས། མས་བ༷བ་ཐི་ས་ོགནང་མཁན་ཡོ༷་ཧ་ནན་གྱི་མགོ་སློང་ཞིག་སྨྲས་པས།"

25 ༢༥་ །མོ་མགྱོགས་པར་ལྗོངས་དཔོན་གྱི་དྲུང་དུ་འོངས་ནས། ད་ལྟ་རང་བ༷བ་ཐི་སོ་གནང་མཁན་ཡོ༷་ཧ་ནན་གྱི་མགོ་སྡེར་མའི་ནང་ང་ལ་གནང་བ་འདོད་དོ་ཞུས།"

26 ༢༦་ །མགྲོན་པོའི་མདུན་དུ་མནའ་བསྐྱེལ་བས། མོའི་ཞུ་བ་ཟློག་མ་འདོད་དེ། ལྗོངས་དཔོན་ཤིན་ཏུ་ཚེར་ཡང་།"

27 ༢༧་ །སྐུ་སྲུང་གཅིག་བཏང་ནས། དེའི་མགོ་འཁྱེར་འོང་བའི་བཀའ་གནང་ནས་། དེ་སོང་ནས་བཙོན་ཁང་ནང་ཁོང་གི་དབུ་བཅད་དེ། "

28 ༢༨་ །སྡེར་མའི་ནང་འཁྱེར་འོངས་ཏེ་མོ་ལ་སྤྲད་པས། མོས་མ་ལ་སྤྲད་དོ།"

29 ༢༩་ །ཁོང་གི་སློབ་མ་རྣམས་ཀྱིས་དེ་ཐོས་ནས་འོངས་ཏེ། སྐུ་སྤུར་འཁྱེར་ནས། སྤུར་ཁང་ཞིག་ནང་བཞག་གོ"

30 ༣༠་ །ཨ༷་པོ་ཏོ་ལོ་རྣམས་ཡེ་ཤུའི་དྲུང་དུ་འཛོམས་ནས། ཇི་བྱས་པ་དང་། ཇ་ིཁྲིད་པ་ཐམས་ཅད་ཞུས་སོ།"

31 ༣༡་ །མི་མང་པོའི་འགྲོ་འོང་གིས་ཡེ་ཤུ་གསོལ་བའང་བཞེས་མ་བཏུབ་པས། ཡེ་ཤུས་དེ་རྣམས་ལ། ཅུང་ཟད་ཅིག་ངལ་གསོ་ཕྱིར་དབེན་པར་ཤོག་ཅིག་གསུངས་པས།"

32 ༣༢་ །གྲུའི་ནང་ཞུགས་ཏེ་དབེན་པར་ཕེབས་སོ།"

33 ༣༣་ །མང་པོས་ཁོང་ཕེབས་པ་མཐོང་སྟེ་ངོ་ཤེས་ནས། གྲོང་ཁྱེར་ཀུན་ནས་རྐང་ཐང་ལ་དེ་ཕྱོགས་སུ་བརྒྱུགས་ནས། ཁོང་ལས་སྔོན་དུ་བསླེབས་སོ།"

34 ༣༤་ །ཁོང་གྲུ་ལས་ཐོན་པ་དང་། མི་ཚོགས་ཆེན་པོ་དེ་རྫི་བོ་མེད་པའི་ལུག་དང་འདྲ་བར་གཟིགས་ནས། སྙིང་རྗེ་འཁྲུངས་ཏེ། དེ་དག་ལ་ཁྲིད་པ་མང་པོ་མཛད་དོ།།"

35 ༣༥་ །ཉི་མ་ཕྱི་མོར་སོང་བའི་ཚེ། སློབ་མ་རྣམས་སྐུ་དྲུང་དུ་འོངས་ནས། ས་ཆ་འདི་འབྲོག་སྟོང་ཡིན་ཏེ། ཉི་མའང་ཕྱིས་སོ།"

36 ༣༦་ འདི་རྣམས་ཉེ་འཁོར་གྱི་ཡུལ་ཚོ་དང་གྲོང་རྣམས་ལ་སོང་ནས། ཟ་རྒྱུ་ཉོ་རུ་དགོངས་པ་གནོང་ཞིག་ཞུས་པ་ལས།"

37 ༣༧་ །བཀའ་ལན་དུ། དེ་རྣམས་ལ་ཟ་རྒྱུ་ཁྱེད་ཚོས་སྟེར་ཞིག་གསུངས་པས། དེ་ཚོས། ང་ཚོ་སོང་ནས་དི༷་ནཱར་ཉི་བརྒྱའི་བག་ལེབ་ཉོས་ནས་དེ་ཚོར་ཟ་རུ་སྟེར་རམ་ཞུས།"

38 ༣༨་ །ཁྱེད་ཚོར་བག་ལེབ་ཇི་ཙམ་ཡོད་སོང་ལ་ལྟོས་གསུངས་པས་བལྟས་ཏེ། བག་ལེབ་ལྔ་དང་ཉ་གཉིས་འདུག་ཞུས་སོ།"

39 ༣༩་ །ཁོང་གིས་མི་ཐམས་ཅད་སྤང་སྔོན་པོའི་ཁར་ཚོ་ཁག་བྱས་ནས་སྡོད་འཇུག་པའི་བཀའ་གནང་བས་།"

40 ༤༠་ །བརྒྱ་བརྒྱ་དང་། ལྔ་བཅུ་ལྔ་བཅུའི་གྲལ་བྱས་ནས་བསྡད་དོ།"

41 ༤༡་ །ཁོང་གིས་བག་ལེབ་ལྔ་དང་ཉ་གཉིས་པོ་ཕྱག་ཏུ་བཞེས་ནས། ནམ་མཁའ་ལ་གཟིགས་ཤིང་། བྱིན་རླབས་མཛད་ནས། བག་ལེབ་བཅག་སྟེ། འགྲེན་པའི་ཕྱིར་སློབ་མ་རྣམས་ལ་གནང་སྟེ། ཉ་གཉིས་ཀྱང་ཐམས་ཅད་ལ་བགོས་སོ།"

42 ༤༢་ །ཐམས་ཅད་ཀྱིས་ཟོས་ནས་ཚིམས་ཏེ།"

43 ༤༣་ །བྲུལ་བུས་བཀང་བའི་ཙེ་པོ་བཅུ་གཉིས་དང་། ཉའི་ལྷག་མ་རྣམས་བསྡུས་སོ།"

44 ༤༤་ །བག་ལེབ་ཟ་མཁན་སྐྱེས་པ་ལྔ་སྟོང་ངོ་།།"

45 ༤༥་ །ཁོང་གིས་སློབ་མ་རྣམས་ལ། ངས་མི་ཚོགས་ལ་དགོངས་པ་ གཏོང་བའི་བར་དུ། ཁྱེད་ཅག་གྲུའི་ནང་ཞུགས་ཏེ། ཕ་རོལ་དུ་བེ༷ད་ཙ་ཡི་དཱ་རུ་སོང་ཞིག་ཅེས་ནན་གྱིས་གསུངས་སོ།"

46 ༤༦་ །མི་ཚོགས་བཏང་ནས། ཁོང་སྨོན་ལམ་འདེབས་པའི་ཕྱིར་རི་ལ་གཤེགས་སོ།"

47 ༤༧་ །དགོང་མོར་སོང་བའི་ཚེ་། གྲུ་ནི་མཚོའི་་དཀྱིལ་དུ་བསླེབས་ཡོད་པ་ལ། ཁོང་གཅིག་པུར་སྐམ་སར་བཞུགས་སོ།"

48 ༤༨་ །མི་མཐུན་པའི་རླུང་ལངས་པས་གྲུ་གཏོང་བ་ལ་འུ་ཐུག་པར་གཟིགས་ནས། མཚན་གྱི་ཕྱེད་ཡོལ་དུ། མཚོའི་སྟེང་དུ་ཞབས་འཆག་ཅིང་། དེ་རྣམས་ཀྱི་རྩར་ནས་ཐལ་ཏེ་གཤེགས་པར་དགོངས།"

49 ༤༩་ །ཁོང་མཚོའི་ཁར་ཞབས་འཆག་པ་ཁོང་ཚོས་མཐོང་ནས་སྐྲགས་ཏེ། འདྲེའོ་བསམ་ཞིང་འབོད་བསྒྲགས་སོ།"

50 ༥༠་ །ཁོང་གིས་དེ་རྣམས་ལ་གསུང་གླེང་མཛད་དེ། སེམས་ལྷོད་དེར་སྡོད། ང་ཡིན། མ་འཇིགས་ཤིག་གསུངས་ནས།"

51 ༥༡་ །གྲུའི་ནང་དེ་རྣམས་ཀྱི་རྩར་ཕེབས་པ་ཙམ་གྱིས་རླུང་ཆད་དེ།"

52 ༥༢་ །བག་ལེབ་ཀྱི་ངོ་མཚར་ཅན་གྱི་མཛད་པ་བློར་མ་འཆུད་པའི་ཐོག་ད་ལྟའི་མཛད་པ་འདིས་ཁོང་ཚོའི་མགོ་འཐོམས་པར་གྱུར་ཏོ།།"

53 ༥༣་ །ཆུ་མཐར་ཕེབས་ཏེ། གེ༷་ནེ་ས་རེད་ཡུལ་དུ་བསླེབས་ནས། གྲུ་མཚོ་འགྲམ་ལ་བཏགས་ཏེ།"

54 ༥༤་ །གྲུ་ནས་ཐོན་པ་ཙམ་གྱིས་ཡུལ་པས་ཁོང་ངོ་ཤེས་ནས།"

55 ༥༥་།ཡུལ་འཁོར་དེའི་ཕྱོགས་ཀུན་ཏུ་བརྒྱུགས་ནས། ནད་པ་རྣམས་མལ་ཁྲིའི་ཁར་ཁོང་གང་དུ་བཞུགས་པ་དེར་ཁྱེར་ཏོ།"

56 ༥༦་ །ཡུལ་ཚོའམ་། གྲོང་ཁྱེར་རམ། གྲོང་ཡན་ཁོང་ཕེབས་པའི་ས་རུ། ནད་པ་རྣམས་ཁྲོམ་ནང་བཞག་སྟེ། ན་བཟའི་མཐའ་མ་ཙམ་ལ་རེག་པར་ཞུ་བ་ཕུལ་བ་དང་། ཁོང་ལ་རེག་ཚད་ནད་ལས་གསོ་བར་གྱུར་ཏོ།། །།"

7

1 ༡་ །དེའི་ཚེ་ཕ༷་རུ་ཤི་པ་རྣམས་དང་ཡེ༷་རུ་ཤ་ལེམ་ནས་ཡོངས་པའི་མོ༷་ཤེའི་བཀའ་ཁྲིམས་མཁས་པའི་མི་ཁ་ཅིག་གིས།"

2 ༢་ །སློབ་མ་རྣམས་ཀྱི་ནང་ནས་འགའ་ཞིག་གིས་ལག་པ་མི་གཙང་བ་ཡང་ན་མ་བཀྲུས་པར་བག་ལེབ་ཟ་བར་མཐོང་བས། ཁོང་གི་དྲུང་དུ་འཛོམས་སོ།"

3 ༣་ །ཅི་ལ་ཟེར་ན། པ༷་རུ་ཤི་པ་དང་ཡ༷་ཧུ་དཱ་པ་ཐམས་ཅད་རྒན་པ་རྣམས་ཀྱི་གཏམ་རྒྱུད་སྲུང་ཞིང་རང་གི་ལག་པ་ཡག་པོ་མ་བཀྲུས་ན་ཅི་ཡང་མི་ཟ།"

4 ༤་ །ཁྲོམ་ནས་ལོག་ཡོང་བ་དང་ཁྲུས་མ་བྱེས་པར་ཅི་ཡང་མི་ཟ། ཕོར་པ་དང་། བུམ་པ་དང་། ཟངས་ཀྱི་སྣོད་སྤྱད་འཁྲུད་པ་ལ་སོགས་པ་མང་པོ་སྲུང་དགོས་པ་ཡོད་དོ་།"

5 ༥་ །ཕ༷་རུ་ཤི་པ་དང་མོ་ཤེའི་བཀའ་ཁྲིམས་མཁས་པ་རྣམས་གྱིས། །ཁྱེད་ཀྱི་སློབ་མ་རྣསས་ཀྱིས་རྒན་པོའི་གཏམ་རྒྱུད་མི་སྲུང་བར། ལག་པ་མི་གཙང་བས་ཁ་ཟས་ཅི་ལ་ཟའོ་ཞུས་པ་དང་།"

6 ༦་ །བཀའ་ལན་དུ། ཁྱོད་ཁ་ཆོས་པ་རྣམས་ཀྱི་སྐོར་དུ་ཡེ་ཤ་ཡཱས།།
།སྡེ་འདིས་ཁ་ནས་ང་བཀུར་ཡང་།
།སྙིང་ནི་ང་ནས་ཐག་རིང་འདུག"

7 ༧་ །ང་ལ་དོན་མེད་ཕྱག་འཚལ་ཞིང་།
།མི་ཡི་ཁྲིམས་ཀྱི་བསྟན་པ་སྟོན།"

8 ༨་ །ཁྱེད་ཚོས་ཨེ་ལོ་ཧིམ་གྱི་བཀའ་་སྤངས་སྟེ། མིའི་གཏམ་རྒྱུད་སྲུང་ངོ་།"

9 ༩་ །རང་གི་གཏམ་རྒྱུད་འཛུག་པའི་ཕྱིར། ཁྱེད་ལ་ཨེ་ལོ་ཧིམ་གྱི་བཀའ་སྤོང་བའི་སྙད་བདེའོ།"

10 ༡༠་ །ཇི་ལྟར་ཟེར་ན། མོ༷་ཤེས་ཕ་དང་མ་ལ་བཀུར་སྟི་བྱོས་ཤིག །ཡང་ཕ་མ་སྨད་མཁན་དེ་འཆི་བར་དགོས་ཞེས་གསུངས་ཡོད་ཀྱང་།"

11 ༡༡་ །ཁྱེད་ཚོས་ནི། གལ་ཏེ་སུ་ཞིག་གིས་ཕའམ་མ་ལ། ངས་ཁྱེད་ལ་ཕུལ་འོས་པའི་ཞབས་ཏོག་ཀོར༷་བཱན༷། བོད་སྐད་དུ། དད་འབུལ་བར་ཨེ་ལོ་ཧིམ་ལ་འབུལ་བ་ཡིན་ཟེར་ན།"

12 ༡༢་ །མི་དེ་ལ་དེ་ཕྱིན་ཆད་ཕ་མ་ལ་བཀུར་སྟི་བྱེད་མི་འཇུག་གོ"

13 ༡༣་ །ཁྱེད་ཚོས་རང་གིས་བཙུགས་པའི་གཏམ་རྒྱུད་ཀྱིས་ཨེ་ལོ་ཧིམ་གྱི་བཀའི་དབང་མེད་པར་བྱེད་དོ། །ཡང་དེ་དང་འདྲ་བ་མང་པོ་བྱེད་དོ་གསུངས་སོ།"

14 ༡༤་ །མི་ཚོགས་སླར་བོས་ནས་། ཁྱེད་ཐམས་ཅད་ང་ལ་ཉོན་ལ་གོ་བར་གྱིས་ཤིག"

15 ༡༥་ །ཕྱི་ནས་ཁོག་པའི་ནང་ཞུགས་པ་དེས་མི་གྲིབ་ཅན་མི་བྱེད་ཀྱང་།"

16 ༡༦་ ཁོག་པའི་ནང་ནས་ཐོན་པ་དེས་གྲིབ་ཅན་བྱེད་དོ་གསུངས་སོ།"

17 ༡༧་ །མི་ཚོགས་དང་བྲལ་ནས་ཁྱིམ་དུ་ཕེབས་པའི་ཚེ། སློབ་མ་རྣམས་ཀྱིས་གབ་ཚིག་དེའི་སྐོར་བཀའ་འདྲི་ཞུས་པ་དང་།"

18 ༡༨་ བཀའ་ལན་དུ། ཁྱེད་ཚོའང་འདི་ཙམ་གླེན་པ་ཡིན་ནམ། ཕྱི་ནས་ཁོག་པའི་ནང་དུ་འགྲོ་བ་དེ།"

19 ༡༩་ །ཡིད་ཀྱི་ནང་དུ་མི་འགྲོ་བས། གྲོད་པའི་ནང་དུ་འགྲོ་སྟེ། གསང་སྤྱོད་དུ་འཐོན་པས། མི་ཞིག་གྲིབ་ཅན་བྱེད་མི་ཐུབ་པ་མི་གོའམ་གསུངས་ནས། ཁ་ཟས་ཐམས་ཅད་གཙང་མ་ཡིན་པར་འཁྲིད་དོ།"

20 ༢༠་ །མིའི་ཁོག་པའི་ནང་ནས་འཐོན་པ་དེས་གྲིབ་ཅན་བྱེད། "

21 ༢༡་ །ཡིད་ཀྱི་ནང་ནས་འདོད་ལོག་དང་།"

22 ༢༢་ །རྐུ་བ་དང་། མི་གསོད་པ་དང་། ལོག་གཡེམ་དང་། བརྣབ་སེམས་དང་། སྤྱོད་ངན་པ་དང་། སྒྱུ་ཟོག་དང་། འདོད་ཆགས་དང་། མིག་ངན་པ་དང་། སྐུར་པ་འདེབས་པ་དང་། ང་རྒྱལ་དང་། བླུན་སེམས་ལ་སོགས་བསམ་པ་ངན་པ་འཐོན་ཏེ།"

23 ༢༣་ །མི་ནི་གྲིབ་ཅན་བྱེད་དོ་གསུངས་སོ།།"

24 ༢༤་ །དེ་ནས་བཞེངས་ཏེ། ཚོ༷ར་དང་ཚི༷་དོན་གྱི་ཡུལ་ལྗོངས་ལ་ཕེབས་ནས། ཁང་པ་ཞིག་གི་ནང་བྱོན་ཏེ། གཞན་པས་ཤེས་པར་མ་མཉེས་ཀྱང་། ཡིབ་མ་ཐུབ་པར།"

25 ༢༥་ །བུ་མོ་ས༷་ཏན་ཞུགས་ཤིག་གི་མས་ཁོང་གི་སྙན་གྲགས་ཐོས་ནས་འོངས་ཏེ། ཞབས་ཀྱི་དྲུང་དུ་པུས་མོ་ས་ལ་བཙུགས་སོ།"

26 ༢༦་ །བུད་མེད་དེ་ཧེ༷་ལེན་མ་ཡིན་ཏེ། ཨ༷་རམ་གྱི་ཕེ༷་ནི་ཀའི་རིགས་ལ་གཏོགས་པའོ། །དེས་ཁོང་ལ། དེའི་བུ་མོའི་ནང་ནས་ས༷་ཏན་སྐྲོད་ཕྱིར་ཞུས་པ་དང།"

27 ༢༧་ །ཕྲུ་གུའི་བག་ལེབ་བླངས་ཏེ་ཁྱི་ལ་གཏོང་བ་མི་ལེགས་པས། སྔོན་དུ་ཕྲུ་གུ་རྣམས་འགྲང་ཆུག་ཅིག་གསུངས་སོ།"

28 ༢༨་ །ཞུ་ལན་དུ། ཀྱུ་རི་བོ། ལྕོག་ཙེའི་འོག་ཏུ་ཁྱིས་ཀྱང་ཕྲུ་གུའི་བག་ལེབ་ཀྱི་བྲུལ་བུ་ལས་ཟའོ་ཞུས་པ་དང་།"

29 ༢༩་ ཁྱེད་ཀྱིས་དེ་སྨྲས་པས། སོང་ཞིག ཁྱེད་ཀྱི་བུ་མོའི་ནང་ནས་ས༷་ཏན་ཐོན་ཏོ་གསུངས་སོ།"

30 ༣༠་ ཁྱིམ་དུ་བསླེབས་ནས། ས༷་ཏན་ཐོན་ཏེ་མོ་མལ་སའི་ནང་ཉལ་ཡོད་པ་མཐོང་ངོ་།།"

31 ༣༡་ །ཡེ་ཤུ་ཚོ༷ར་གྱི་ཡུལ་ལྗོངས་ནས་བཞེངས་ཏེ། ཚི༷་དོན་གྱི་ལམ་ལས་དེ༷་ཀ་པོ་ལི་སི་བྱ་བའི་ཡུལ་འཁོར་གྱི་དཀྱིལ་ནས་རྒྱུད་དེ། ག༷་ལིལ་མཚོ་རུ་ཕེབས་སོ།"

32 ༣༢་ །མི་རྣམས་ཀྱིས་འོན་པ་ཁ་དིག་ཅིག་དྲུང་དུ་འཁྱེར་འོངས་ཏེ། དེའི་མགོ་ལ་ཕྱག་འཇོག་ཕྱིར་ཞུས།"

33 ༣༣་ ཁོང་གིས་མི་དེ་མི་ཚོགས་ཀྱི་ནང་ནས་ལོགས་སུ་འཁྲིད་ནས། དེའི་རྣ་བ་གཉིས་ནང་ཕྱག་མཛུབ་བཅུག་སྟེ། ལྗགས་ཆབ་གཏོར་ནས་ཁོང་གི་ལྕེ་ལ་རེག་ནས།"

34 ༣༤་།ནམ་མཁར་གཟིགས་ཤིང་ཤུགས་ནར་ཕྱུར་སྟེ། ཨེ༷་ཕ་ཐ། བོད་སྐད་དུ། འབྱེ་བར་གྱུར་ཅིག་གསུངས་པ་དང་།"

35 ༣༥་ ཁོང་གི་རྣ་བ་བྱེ་ནས། ལྕེ་བསྡམས་ཡོད་པ་གྲོལ་ཏེ་དག་པོར་སྨྲས་སོ།"

36 ༣༦་ །སུ་ལའང་མི་འཆད་པའི་བཀའ་གནང་ཡང་། ཇི་ཙམ་ནན་ཏན་མཛད་པ་དེ་ཙམ་ལྷག་པར་དར་བཅུག་གོ"

37 ༣༧་ །དེ་རྣམས་ཤིན་ཏུ་ངོ་མཚར་དུ་གྱུར་ནས། ཁོང་གིས་ཐམས་ཅད་ལེགས་པར་མཛད་ཅིང་། འོན་པས་སྒྲ་ཐོས་པ་དང་། ལྐུགས་པས་གཏམ་སྨྲ་འཇུག་པར་མཛད་དོ་ཞེས་ཟེར་ཏོ།། །།"

8

1 ༡་ །དེའི་དུས་ལ་མི་ཚོགས་ཆེན་པོ་ཞིག་སླར་འཛོམས་ནས། ཟ་རྒྱུ་མེད་པས། ཁོང་གིས་སློབ་མ་རྣམས་བོས་ནས་དེ་དག་ལ།"

2 ༢་ །མི་ཚོགས་འདི་ང་མཉམ་བསྡད་དེ་ཞག་གསུམ་སོང་། ད་ཟ་རྒྱུ་མེད་པས་ང་སྙིང་རྗེའོ།"

3 ༣་ ཁ་ཅིག་ཐག་རིང་ནས་འོངས་པས། ཁ་སྟོང་དུ་ཁང་པར་འགྲོ་འཇུག་ན། ལམ་དུ་བརྒྱལ་བར་གྱུར་རོ་གསུངས་པ་དང་།"

4 ༤་ སློབ་མ་རྣམས་ཀྱིས་ཞུ་ལན་དུ། །འབྲོག་སྟོང་འདིར་འདི་རྣམས་བག་ལེབ་ཀྱིས་ཅི་ལྟར་ཚིམ་པར་བྱ་ནུས་ཞུས།"

5 ༥་ བག་ལེབ་ཇི་ཙམ་ཡོད་བཀའ་འདྲི་མཛད་པས་། བདུན་ཡོད་ཞུས་སོ།"

6 ༦་ །མི་ཚོགས་ལ་ས་རུ་སྡོད་པའི་བཀའ་སྩལ་ཏེ། བག་ལེབ་བདུན་པོ་ཕྱག་ཏུ་བཞེས་ནས། བྱིན་རླབས་མཛད་དེེ་བཅག་ནས། མི་ཚོགས་ལ་འདྲེན་པའི་ཕྱིར་སློབ་མ་རྣམས་ལ་གནང་སྟེ། དེ་དག་གིས་དྲངས་སོ། "

7 ༧་ །དེ་རྣམས་ལ་ཉ་ཆུང་ངུ་ཁ་ཅིག་ཀྱང་ཡོད་པས། །བྱིན་རླབས་མཛད་དེ། དེའང་འདྲེན་པའི་བཀའ་གནང་ངོ་།"

8 ༨་ །དེ་རྣམས་ཀྱིས་ཟོས་ནས་འགྲངས་ཏེ། བྲུལ་བུ་ལྷག་མ་བསྡུས་ནས་ཙེ་པོ་བདུན་བཀང་ངོ་།"

9 ༩་ །མི་སྟོང་བཞི་ཙམ་ཡོད་པ་ཡིན། དེ་རྣམས་འགྲོར་བཅུག་ནས།"

10 ༡༠་ སློབ་མ་དང་མཉམ་དུ་གྲུ་ནང་ཕེབས་ཏེ། ད༷ལ་མ་ནུ་ཐའི་ཡུལ་ཁག་དུ་ཕེབས་སོ།།"

11 ༡༡་ །ཕ༷་རུ་ཤི་པ་རེ་འོངས་ནས། ཡེ་ཤུ་དང་རྩོད་གླེང་བྱས་ནས། ཐུགས་སད་ཅིང་། ནམ་མཁའ་ནས་ལྟས་ ཤིག་སྟོན་པར་མཛོད་ཞུས་པ་དང་།"

12 ༡༢་ །ཐུགས་ཤུགས་ཕྱུང་ནས། མི་རབས་འདིས་ལྟས་ཅི་ལ་འཚོལ། མི་རབས་འདི་ལ་ལྟས་ཅིའང་མི་བསྟན་ངས་བདེན་པར་ཟེར་གསུངས་ནས།"

13 ༡༣་ །དེ་རྣམས་བཞག་ནས། སླར་གྲུ་ནང་ཞུགས་ཏེ་ཕ་རོལ་དུ་ཕེབས་སོ།"

14 ༡༤་ །སློབ་མ་རྣམས་ལམ་རྒྱགས་ཁྱེར་བ་བརྗེད་ནས་གྲུའི་ནང་བག་ལེབ་གཅིག་ལས་ལྷག་མེད་པ་ཡིན།"

15 ༡༥་ ཁོང་གིས་དེ་རྣམས་ལ། ཕ༷་རུ་ཤི་པའི་སྐྱུར་རྩི་དང་ཧེ༷་རོ་དཱེའི་སྐྱུར་རྩི་ལས་ཟོན་བྱོས་ཤིག་གསུངས་པས་།"

16 ༡༦་ ང་ཚོ་ལ་བག་ལེབ་མེད་ཟེར་ཞིང་ཕན་ཚུལ་གླེང་ངོ་།"

17 ༡༧་ །དེ་མཁྱེན་ནས། བག་ལེབ་མེད་ཅེས་གླེང་བ་ཅི་ཡིན། ད་དུང་མི་ཤེས་ཤིང་མི་གོའམ། ད་དུང་ཁྱེད་ཚོའི་བློ་སྒྲིབ་བམ།"

18 ༡༨་ མིག་ཡོད་ཀྱང་མི་མཐོང་ངམ། རྣ་བ་ཡོད་ཀྱང་མི་ཐོས་སམ། ཅི་ཡང་མི་དྲན་ནམ།"

19 ༡༩་ ངས་མི་ལྔ་སྟོང་གི་ཕྱིར་བག་ལེབ་ལྔ་བཅག་སྐབས། ཁྱེད་ཚོས་བྲུལ་བུས་གང་བའི་ཙེ་པོ་ཇི་ཙམ་བསྡུས་པ་ཡིན་ཞེས་བཀའ་འདྲི་གནང་བས། བཅུ་གཉིས་སོ་ཞེས་ཞུས།"

20 ༢༠་ མི་བཞི་སྟོང་ཕྱིར་བག་ལེབ་བདུན་བཅག་སྐབས། བྲུལ་བུས་གང་བའི་ཙེ་པོ་ཇི་ཙམ་བསྡུས་པ་ཡིན་གསུངས་པས་བདུན་ནོ་ཞེས་ཞུས།"

21 ༢༡་ ད་དུང་ཧ་མི་གོ་བ་ཅི་ཡིན་གསུངས་སོ།།"

22 ༢༢་ །བེ༷ད་ཙ་ཡི་དཱ་རུ་བྱོན་པ་དང་། ལོང་བ་ཞིག་དྲུང་དུ་འཁྱེར་འོངས་ནས། དེ་ལ་ཕྱག་རེག་པའི་ཞུ་བ་ཕུལ་བ་ལས།"

23 ༢༣་ ལོང་བ་དེའི་ལག་པ་ནས་ཕྱག་གིས་བཟུང་སྟེ། ཡུལ་གྱི་ཕྱི་རོལ་དུ་འཁྲིད་ནས། དེའི་མིག་གཉིས་ལ་ལྗགས་ཆབ་གཏོར་དེ། མགོའི་ཁར་ཕྱག་གཉིས་བཞག་ནས། ད་མཐོང་ངམ་ཞེས་བཀའ་འདྲི་མཛད་པས།"

24 ༢༤་ མིག་ཡར་བཏེགས་ནས་བལྟས་ཤིང་། མི་རེ་མཐོང་ངོ་། འོན་ཀྱང་སྐྱེ་ཤིང་འགྲུལ་བ་ལྟར་མཐོང་ངོ་ཞུས་པ་དང་།"

25 ༢༥་ སླར་ཁོང་གི་མིག་གཉིས་ལ་ཕྱག་གཉིས་བཞག་པར་མཛད་ནས་ཁོང་གིས་བལྟས་པས་སོས་པར་གྱུར་ནས་རྒྱང་མར་ཡོད་པ་ཐམས་ཅད་ཀྱང་གསལ་པོར་མཐོང་ངོ་།"

26 ༢༦་ །ཁོང་ཁྱིམ་དུ་བཏང་ནས། ཡུལ་མི་སུ་ལའང་མ་ལབ་གསུངས་སོ།།"

27 ༢༧་ །ཡེ་ཤུ་སློབ་མ་རྣམས་དང་བཅས་གྲོང་ཁྱེར་ཀེ༷་སར་ཡཱ་ཕི༷་ལིབ་པིའི་མཐའ་འཁོར་གྱི་ཡུལ་ཚོ་རྣམས་ལ་ཕེབས་པ་ལས། ལམ་བར་དུ་སློབ་མ་རྣམས་ལ། །མི་རྣམས་ཀྱིས་ང་སུ་ཡིན་ཟེར་རོ་གསུངས་པའི་ཞུ་ལན་དུ།"

28 ༢༨་ ལ་ལས་བ༷བ་ཐི་སོ་གནང་མཁན་ཡོ༷་ཧ་ནན། ལ་ལས་ཨེ༷་ལི་ཡཱ། ལ་ལས་ཕ༷་རོ་པེ་ཏེ་པ་ལས་གཅིག་ལགས་ཞེས་ཟེར་རོ་ཞུས།"

29 ༢༩་ ཁྱེད་ཅག་གིས་ང་སུ་ཡིན་ཟེར་གསུངས་པའི་ཞུ་ལན་དུ་པེ༷་ཏྲོས། ཁྱེད་ནི་མ་ཤི་ཀ་ལགས་ཞུས་སོ།"

30 ༣༠་ །ཁོང་གི་སྐོར་སུ་ལའང་མི་འཆད་པའི་ཕྱིར་ནན་ཏན་མཛད་དོ།། མིའི་བུས་སྡུག་བསྔལ་མང་པོ་མྱོང་བ།"

31 ༣༡་ །དེ་རྣམས་ལ། མིའི་བུས་སྡུག་བསྔལ་མང་པོ་མྱོང་བ་དང་། ཁོང་རྒན་པོ་དང་། ལེ༷་ཝི་ཆེན་དང་། མོ༷་ཤེའི་བཀའ་ཁྲིམས་མཁས་པ་རྣམས་ཀྱིས་སྤོང་བ་དང་། བཀྲོང་བ་དང་། ཞག་གསུམ་གྱི་འོག་ཏུ་སླར་གསོན་པོར་བཞེང་བར་འགྱུར་ཞེས་ཞལ་གདམས་སྟོན་ཞིང་།"

32 ༣༢་ གསལ་པོར་གསུངས་སོ། །པེ༷་ཏྲོས་ཁོང་སོ་སོར་གདན་ཞུས་ཏེ། སྟིང་ཚིག་སྒྲོག་པ་དང་།"

33 ༣༣་ ཞལ་བསྒྱུར་ཏེ། སློབ་མ་རྣམས་ལ་གཟིགས་ཤིང་། པེ༷་ཏྲོ་ལ་བཀའ་བཀྱོན་མཛད་དེ། ས༷་ཏན་ཁྱོད། རྒྱབ་ཏུ་ནུར། ཁྱེད་ཀྱི་བསམ་པ་ཨེ་ལོ་ཧིམ་བཞིན་མ་ཡིན་པར་མི་བཞིན་ཡིན་ནོ་གསུངས་སོ།། "

34 ༣༤་ །སློབ་མ་དང་མི་ཚོགས་བོས་ནས། ངའི་རྗེས་སུ་འབྲང་བར་འདོད་པ་དེས། བདག་འཛིན་སྤོང་ལ། རང་གི་རྐྱང་ཤིང་འཁུར་ཞིང་ངའི་རྗེས་སུ་འབྲོང་ཞིག"

35 ༣༥་ །རང་སྲོག་སྐྱོབ་མཁན་དེས་བརླག་པར་འགྱུར། ང་དང་འཕྲིན་བཟང་གི་དོན་ལ་སྲོག་བརླག་མཁན་དེས་སྐྱོབ་པར་འགྱུར།"

36 ༣༦་ །མི་ལ་འཇིག་རྟེན་ཧྲིལ་པོར་ཐོབ་ཀྱང་། རང་སྲོག་བརླག་ན་ཅི་ཕན།"

37 ༣༧་ །རང་གི་སྲོག་ཅི་དང་བརྗེ་།"

38 ༣༨་ སྡིག་སྤྱོད་དང་ལྟ་ལོག་གི་མི་རབས་འདིའི་ཁྲོད་དུ། ང་དང་ངའི་ཡིན་པ་ལ་ངོ་ཚ་བ་དེ་ལ། མིའི་བུས་ཀྱང་ཡབ་ཀྱི་གཟི་བརྗིད་ཀྱི་ནང་ན། དམ་པའི་ཨ༷ན་ཇལ་དང་བཅས་འབྱོན་དུས་སུ་མི་དེ་ལ་ངོ་ཚ་བར་བྱའོ།། །།"

9

1 ༡་ །།འདིར་ལངས་ཡོད་པ་ལས་ཁ་ཅིག་གིས། ཨེ་ལོ་ཧིམ་གྱི་རྒྱལ་སྲིད་དབང་དང་བཅས་ཚུར་འབྱོན་པ་མཇལ་བའི་བར་དུ་འཆི་བ་མི་མྱོང་ཞེས་ངས་བདེན་པར་ཟེར་གསུངས་སོ།།"

2 ༢་ །ཞག་དྲུག་གི་རྗེས་སུ། ཡེ་ཤུས་པེ༷་ཏྲོ་དང་། ཡ༷་ཀོབ་དང་། ཡོ༷་ཧ་ནན་འཁྲིད་ནས། རི་མཐོན་པོ་ཞིག་ལ་སོ་སོར་ཕེབས་སོ། །དེ་དག་གི་མདུན་དུ་ཁོང་གི་སྐུ་དབྱིབས་དུ་གྱུར་ཏེ།"

3 ༣་ །ན་བཟའ་ནི་འོད་ཅན། འཇིག་རྟེན་ན་འཁྲུད་མཁན་སུས་ཀྱང་བྱེད་མི་ནུས་པའི་འོད་དཀར་པོ་ལྟར་གྱུར་ཏོ།"

4 ༤་ །ཡང་མོ༷་ཤེ་དང་ཨེ༷་ལི་ཡཱས་ཡེ་ཤུ་ལ་གསུང་གླེང་མཛད་པ་མཇལ་ཏོ།"

5 ༥་ །ཤིན་དུ་འཇིགས་ནས། ཅི་ཞུ་མ་ཤེས་པས།"

6 ༦་ པེ༷་ཏྲོས་ཡེ་ཤུ་ལ། ར༷བ་བི་ལགས། ང་ཚོ་འདིར་བཞུགས་པ་ལེགས། གཟིམ་གུར་ཁྱེད་ལ་གཅིག །མོ༷་ཤེ་ལ་གཅིག ཨེ༷་ལི་ཡཱ་ལ་གཅིག་སྟེ་གསུམ་ཕུབ་པར་མཉེས་སམ་ཞུས་སོ།"

7 ༧་ །དེ་ནས་སྤྲིན་འཁྲིགས་སྟེ། དེ་རྣམས་བསྒྲིབས་པ་དང་། སྤྲིན་ནས་སྒྲ་ཞིག་གིས། འདི་ནི་ངའི་སྲས་གཅིག་པུ་ཡིན། ཁོང་ལ་ཉོན་ཞེས་གསུངས་སོ།"

8 ༨་ །དེ་རྣམས་ཀྱིས་ཕྱོགས་ཀུན་ཏུ་བལྟས་པས། ཡེ་ཤུ་གཅིག་པུ་མ་གཏོགས་སུའང་མ་མཐོང་ངོ་།"

9 ༩་ །རི་ལས་འབབ་པའི་ཚེ། མིའི་བུ་གཤིན་པོའི་ཁྲོད་ལས་བཞེངས་པའི་བར་དུ། ཅི་མཐོང་བ་དེ་སུ་ལའང་མ་འཆད་ཅེས་ནན་ཏན་མཛད་དོ།"

10 ༡༠་ །དེ་རྣམས་ཀྱིས་གསུང་དེ་ཡིད་ལ་བཞག་ནས། གཤིན་པོའི་ཁྲོད་ནས་བཞེང་བའི་དོན་ཅི་ཡིན་ཞེས་ཕན་ཚུན་གླེང་ངོ་།"

11 ༡༡་ །ཁོང་ལ། ཨེ༷་ལི་ཡཱ་སྔོན་ལ་ཕེབས་དགོས་ཞེས་མོ༷་ཤེའི་བཀའ་ ཁྲིམས་མཁས་པ་རྣམས་ཀྱིས་ཅི་ལ་ཟེར་ཞུས་པ་དང་།"

12 ༡༢་ །ཨེ༷་ལི་ཡཱ་ནི་བདེན་པར་སྔོན་དུ་ཕེབས་སྟེ། ཐམས་ཅད་གསར་དུ་བསྒྱུར་འོང་། མིའི་བུ་ནི་སྡུག་བལྔལ་མང་པོ་མྱོང་ཞིང་རྩིས་མེད་དུ་འགྱུར་འོང་ཞེས་ཅི་ལྟར་བྲིས་པ་ཡིན།"

13 ༡༣་ །ཨེ༷་ལི་ཡཱ་ཕེབས་ཟིན། ཁོང་གི་སྐོར་ལ་བྲིས་ཡོད་པ་ལྟར། དེ་རྣམས་ཀྱིས་ཁོང་ལ་ཅི་དགའ་བྱས་སོ་ངས་ཟེར་ཞེས་གསུངས་སོ།།"

14 ༡༤་ །སློབ་མ་རྣམས་ཀྱི་རྩར་ཕེབས་པའི་ཚེ། མི་མང་པོས་བསྐོར་ཏེ། མོ་ཤེའི་བཀའ་ཁྲིམས་མཁས་པ་སློབ་མ་རྣམས་དང་རྩོད་པར་གཟིགས་སོ།"

15 ༡༥་ །མི་ཚོགས་ཐམས་ཅད་ཀྱིས་ཡེ་ཤུ་མཇལ་བ་ཙམ་གྱིས། ངོ་མཚར་ཆེ་བར་གྱུར་ཏེ། ཁོང་གི་དྲུང་དུ་བརྒྱུགས་ནས་པུས་མོ་ས་ལ་བཙུགས་སོ།"

16 ༡༦་ །ཁོང་གིས། དེ་རྣམས་དང་མཉམ་དུ་ཅིའི་སྐོར་རྩོད་གླེང་བྱེད། ཅེས་བཀའ་འདྲི་མཛད་པ་དང་།"

17 ༡༧་ །མི་ཚོགས་ཀྱི་ནང་ནས་གཅིག་གིས་ཞུ་ལན་དུ། རྒན་ལགས། ས་ཏན་ལྐུགས་པ་ཞུགས་ཡོད་པའི་ངའི་བུ་ཁྱེད་ཀྱི་དྲུང་དུ་འཁྲིད་འོངས་པ་ཡིན།"

18 ༡༨་ །ས་ཏན་གྱིས་འཛིན་པའི་ཚེ་ན། ས་ལ་བརྡབས་ཏེ། ཁ་ནས་ལྦུ་བ་ཐོན་པ་དང་། སོ་ཁྲིག་ཅིང་ལུས་སྐམ་མོ། །ཁྱེད་ཀྱི་སློབ་མ་རྣམས་ལ་དེ་སྐྲོད་པའི་ཕྱིར་ཞུས་ཀྱང་། སྐྲོད་མ་ནུས་ཞེས་ཞུས་སོ་།"

19 ༡༩་ །ཡེ་ཤུས་དེ་རྣམས་ལ། ཀྱེ་དད་མེད་ཀྱི་མི་རབས། ང་ཁྱེད་དང་མཉམ་དུ་ཇི་ཙམ་བར་དུ་གནས་པར་བྱ་། ང་ཁྱེད་དང་མཉམ་དུ་ཇི་ཙམ་བར་དུ་བཟོད་པར་བྱ། ཁོང་འཁྲིད་ཤོག་གསུངས་པ་དང་།"

20 ༢༠་ །འཁྲིད་འོངས་པས། ཁོང་མཇལ་བ་ཙམ་གྱིས། བྱིས་པ་དེར་ས༷་ཏན་གྱིས་དྲག་ཏུ་གཟིར་བ་དང་། དེ་ས་ལ་གྱེལ་ཏེ་། ལྦུ་བ་ཐོན་ཞིང་། འགྲེ་ལྡོག་བྱས་སོ་།"

21 ༢༡་ །ཁོང་གིས་དེའི་ཕ་ལ་། ཁོང་ལ་འདི་ནམ་བྱུང་། ཞེས་བཀའ་འདྲི་མཛད་པ་དང་། དེས་ཆུང་ངུ་ནས་བྱུང་སྟེ།"

22 ༢༢་ །བུ་དེ་གསོད་པའི་ཕྱིར་མེ་དང་ཆུ་ལའང་ཕངས་སོ། །ཇི་ཞིག་མཛད་ཐུབ་ན། ངེད་ལ་བརྩེ་བར་གཟིགས་ཏེ། སྐྱབས་མཛོད་ཅིག་ཞུས་སོ།"

23 ༢༣་ །ཡེ་ཤུས་དེ་ལ། ཇི་ཞིག་མཛད་ཐུབ་ན་ཟེར་རམ། དད་པ་བྱེད་མཁན་གྱི་ཕྱིར་ཐམས་ཅད་བྱེད་ཐུབ་བོ། །གསུངས་པས།"

24 ༢༤་ །བྱིས་པའི་ཕས། ང་དད་དོ། །ངའི་མི་དད་པའི་སེམས་ལ་སྐྱབས་མཛོད་ཅིག་ཅེས་འབོད་བསྒྲགས་སོ།"

25 ༢༥་ །ཡེ་ཤུས་མི་ཚོགས་འདུ་བར་གཟིགས་ནས། ས༷་ཏན་ལ་བཀའ་བཀྱོན་མཛད་ཅིང་། ས༷་ཏན་ལྐུགས་ཤིང་འོན་པ་ཁྱོད། ཐོན་ལ་ད་ཕྱིན་ཆད་ཁོའི་ནང་དུ་མ་ཞུགས་ཤིག་ཅེས་ངས་བསྒོའོ་གསུངས་པ་དང་།"

26 ༢༦་ །དེས་སྐད་ངན་བཏོན་ཏེ། ཁོ་དྲག་ཏུ་གཟིར་ནས་ཕྱིར་ཐོན་པ་ལས། བྱིས་པ་རོ་ལྟར་གྱུར་པས། མང་པོས་ཤིའོ་ཟེར་ཏོ།"

27 ༢༧་ །ཡེ་ཤུས་དེའི་ལག་ནས་བཟུང་སྟེ་བསླངས་པ་དང་། ཁོང་ཀེར་ལངས་སོ།"

28 ༢༨་ །ཁྱིམ་དུ་ཕེབས་ནས། སློབ་མ་རྣམས་ཀྱིས་ཟུར་ལ། ངེད་ཀྱིས་ཅི་ལ་དེ་བསྐྲད་མ་ཐུབ་པ་ཡིན་ཞུས་སོ།"

29 ༢༩་ །ས༷༷་ཏན་རིགས་འདི་སྨོན་ལམ་གྱིས་མ་གཏོགས་འཐོན་མི་ཐུབ་གསུངས་སོ།།"

30 ༣༠་ དེ་ནས་བཞེངས་ཏེ། ག༷་ལིལ་ཡུལ་རྒྱུད་ནས་ཕེབས། སློབ་མ་རྣམས་ལ་ཞལ་གདམས་གནང་བས། ཁོང་བཞུགས་ས་གཞན་གྱིས་ཤེས་པར་མ་དགྱེས་སོ།"

31 ༣༡་ །མིའི་བུ་ནི་མི་རྣམས་ཀྱི་ལག་ཏུ་གཏད་འོང་། དེ་རྣམས་ཀྱིས་ཁོང་དཀྲོངས་འོང་། དཀྲོངས་ནས་ཞག་གསུམ་གྱི་འོག་ཏུ་སྐུ་གསོན་པོར་བཞེང་འོང་གསུངས་ཀྱང་།"

32 ༣༢་ །དེ་དག་གིས་གསུང་དེ་མ་གོ །བཀའ་འདྲི་ཞུ་བ་ལའང་འཇིགས་སོ།།"

33 ༣༣་ །ཀ༷་ཕར་ན་ཧུམ་དུ་ཕེབས་ནས། ཁྱིམ་ན་བཞུགས་པའི་ཚེ། དེ་རྣམས་ལ། ལམ་ལ་ཅིའི་སྐོར་ལ་རྩོད་པ་ཡིན། ཞེས་བཀའ་འདྲི་མཛད་ཀྱང་།"

34 ༣༤་ ལམ་ལ་སློབ་མའི་མཆོག་སུ་ཡིན་ཟེར་ཞིང་ཕན་ཚུན་གླེང་བས། ཁ་རོག་ཏུ་བསྡད་དོ།"

35 ༣༥་ །གདན་འཆགས་ཏེ་བཅུ་གཉིས་པོ་བོས་ནས། དང་པོར་འགྱུར་བར་འདོད་པ་དེ། ཐམས་ཅད་ཀྱི་རྟིང་མ་དང་གཡོག་པོར་འགྱུར་དགོས་གསུངས་ནས།"

36 ༣༦་ བྱིས་པ་ཞིག་དེ་ཚོའི་དཀྱིལ་དུ་བསླངས་ནས། སྐུ་པང་ལ་བསྣམས་ཏེ།"

37 ༣༧་ ངའི་མཚན་གྱི་ཕྱིར་དུ་འདི་འདྲ་བའི་བྱིས་པ་གཅིག་བླང་བ་དེས་ང་བླང་། ང་བླང་བ་དེས་ང་མི་བླང་གི། །ང་མངགས་མཁན་དེ་བླང་ངོ་། །གསུངས་སོ།།"

38 ༣༨་ །ཡོ༷་ཧ་ནན་གྱིས། རྒན་ལགས། ཁྱེད་ཀྱི་མཚན་བརྗོད་ཅིང་ས༷་ཏན་སྐྲོད་པ་ཞིག་མཐོང་། ང་ཚོའི་རྗེས་འབྲང་མ་ཡིན་པས་བཀག་པ་ཡིན་ཞུས་།"

39 ༣༩་ ཡེ་ཤུས་ངའི་མཚན་བརྗོད་ཅིང་ལས་བཟང་བསྟན་དེ། འཕྲལ་དུ་ང་ལ་ཚིག་ངན་ཟེར་ཐུབ་མཁན་མི་འོང་བས། ཁོང་མ་འགེགས་ཤིག"

40 ༤༠་ །ང་ཚོར་དགྲ་མི་བྱེད་པ་དེས་ང་ཚོའི་ཕྱོགས་བྱེད་དོ།"

41 ༤༡་ ཁྱེད་ཚོས་མ་ཤི་ཀའི་མཚན་འཁྱེར་བས། ཁྱེད་ཚོ་ལ་ཕོར་པ་གང་འཐུང་དུ་སྟེར་བ་དེའི་རྔན་པ་ཅི་ནས་ཀྱང་སྟོར་བར་མི་འགྱུར་བས་ངས་བདེན་པར་ཟེར་རོ།།"

42 ༤༢་ །ཆུང་ངུ་འདི་རྣམས་ཀྱི་ནང་ནས་ང་ལ་དད་མཁན་གཅིག་གི་དད་པ་ལོག་འཇུག་པ་དེའི་སྐེ་ལ་རང་འཐག་གི་རྡོ་ཆེན་པོ་བཏགས་ཏེ། རྒྱ་མཚོའི་ནང་དབྱུག་ན་ཁོའི་ཕྱིར་ལེགས་སོ།"

43 ༤༣་ །ཁྱེད་ཀྱི་ལག་པས་ཁྱེད་ཀྱི་དད་པ་ལོག་འཇུག་ན། གཅོད་ཅིག །ལག་པ་གཉིས་མཉམ་དམྱལ་བར་འགྲོ་བ་ལས། ལག་རྡུམ་དུ་གྱུར་ཏེ་།"

44 ༤༤་ ། མི་ཚེ་རྒྱུན་དུ་པའི་ནང་དུ་འཇུག་པ་ལེགས་སོ།"

45 ༤༥་ །ཁྱེད་ཀྱི་རྐང་པས་ཁྱེད་ཀྱི་དད་པ་ལོག་འཇུག་ན། གཅོད་ཅིག །རྐང་པ་གཉིས་མཉམ་དམྱལ་བར་སྐྱུར་བ་ལས། ཞ་བོར་གྱུར་ཏེ།"

46 ༤༦་ མི་ཚེ་རྒྱུན་དུ་པའི་ནང་འཇུག་པ་ལེགས་སོ།"

47 ༤༧་ །ཁྱེད་ཀྱི་མིག་གིས་ཁྱེད་ཀྱི་དད་པ་ལོག་འཇུག་ན། ཕྱུངས་ཤིག །མིག་གཉིས་མཉམ་དམྱལ་བར་སྐྱུར་བ་ལས། མིག་ཡ་གཅིག་མཉམ་དུ་ཨེ་ལོ་ཧིམ་གྱི་རྒྱལ་སྲིད་ནང་འཇུག་པ་ལེགས་སོ།"

48 ༤༨་ །དེ་རྣམས་ཟ་བའི་དམྱལ་བའི་འབུ་ཡང་མི་འཆི། མེ་ཡང་མི་འཆིའོ།"

49 ༤༩་ །མི་རེ་རེ་མེ་ཡིས་ལན་ཚྭ་བར་བྱེད་པར་འགྱུར་རོ།"

50 ༥༠་ །ཚྭ་ལེགས་ཀྱང་། ཚྭའི་བྲོ་ཡལ་ན། ཅི་ཡིས་ལན་ཚྭ་བར་བྱ། རང་གི་ནང་ན་ཚྭ་དང་ལྡན་པར་གྱུར་ཅིང་། ཕན་ཚུན་མཐུན་ནས་སྡོད་ཅིག །།"