1 ༡་ །ཨ༷བ་ར་ཧམ་གྱི་སྲས་ད༷་བིད་ཀྱི་སྲས་ཡེ་ཤུ་མ་ཤི་ཀའི་གདུང་རབས་ནི།
"
2 ༢་ ཨ༷བ་ར་ཧམ་ལས་ཨི༷་སཱག་ཆད། ཨི༷་སག་ལས་ཡ༷་ཀོབ་ཆད། ཡ༷་ཀོབ་ལས་ཡ༷་ཧུ་དཱ་དང་། དེའི་སྤུན་རྣམས་ཆད་དོ།
"
3 ༣་ ཡ༷་ཧུ་དཱའི་བུ་ཕ༷་རེས་དང་ཟེ༷་རག་ནི་ཐ༷་མར་ལས་ཆད། ཕ༷་རེས་ལས་ཧེས༷་རོན་ཆད། ཧེ༷ས་རོན་ལས་ཨ༷་རམ་ཆད།
"
4 ༤་ ཨ༷་རམ་ལས་ཨ༷་མི་ན་དབ་ཆད། ཨ༷་མི་ན་དབ་ལས་ན༷་ཧ་ཤོན་ཆད། ན༷་ཧ་ཤོན་ལས་ས༷ལ་མོན་ཆད།
"
5 ༥་ ས༷ལ་མོན་གྱི་བུ་བོ༷་ཨ་ཟ་ནི་ར༷་ཧབ་ལས་ཆད། བོ༷་ཨ་ཟའི་བུ་ཨོ༷་བེད་ནི་རུད་ལས་ཆད། ཨོ༷་བེད་ལས་ཡི༷་ཤཱ་ཆད།
"
6 ༦་ ཡི༷་ཤཱ་ལས་རྒྱལ་པོ་ད༷་བིད་ཆད། ད༷་བིད་ཀྱི་སྲས་ཤ༷་ལོ་མོ་ནི་ཨུ༷་རི་ཡཱ་ཡི་ཆུང་མ་ལས་ཆད།
"
7 ༧་ ཤ༷་ལོ་མོ་ལས་རེ༷་ཧབ་ཨམ་ཆད། རེ༷་ཧབ་ཨམ་ལས་ཨ༷་བི་ཡཱ་ཆད། ཨ༷་བི་ཡཱ་ལས་ཨ༷་ས་ཆད།
"
8 ༨་ ཨ༷་ས་ལས་ཡེ༷་ཧོ་ཤ་ཕད་ཆད། ཡེ༷་ཧོ་ཤ་ཕད་ལས་ཡོ༷་རམ་ཆད་ཡོ་རམ་ལས་ཨུ༷་ཟི་ཡཱ་ཆད།
"
9 ༩་ ཨུ༷་ཟི་ཡཱ་ལས་ཡོ༷་ཐམ་ཆད། ཡོ༷་ཐམ་ལས་ཨ༷་ཧ་ཟ་ཆད། ཨ༷་ཧ་ཟ་ལས་ཧེ༷་ཟི་ཀི་ཡཱ་ཆད།
"
10 ༡༠་ ཧེ༷་ཟི་ཀི་ཡཱ་ལས་མ༷་ན་ཤེ་ཆད། མ༷་ན་ཤེ་ལས་ཨ༷་མོན་ཆད། ཨ༷་མོན་ལས་ཡོ༷་ཤི་ཡཱ་ཆད།
"
11 ༡༡་ དེ་རྣམས་བཟུང་ནས་བ༷་བེལ་དུ་ཁྲིད་པའི་དུས་སོ། ཡོ༷་ཤི་ཡཱ་ལས་ཡེ༷་ཀོན་ཡཱ་དང་དེའི་ནུ་བོ་རྣམས་ཆད་དོ།
"
12 ༡༢་ བ༷་བེལ་དུ་ཁྲིད་པའི་རྗེས་སུ་ཡེ༷་ཀོན་ཡཱ་ལས་ཤ༷་ཨལ་ཏི་ཨེལ་ཆད། ཤ༷་ཨལ་ཏི་ཨེལ་ལས་ཟེ༷་རུབ་བ་བེལ་ཆད།
"
13 ༡༣་ ཟེ༷་རུབ་བ་བེལ་ལས་ཨ༷་བི་ཧུད་ཆད། ཨ༷་བི་ཧུད་ལས་ཨེ༷ལ་ཡཱ་ཀིམ་ཆད། ཨེ༷ལ་ཡཱ་ཀིམ་ལས་ཨ༷་ཟོར་ཆད།
"
14 ༡༤་ ཨ༷་ཟོར་ལས་ཚ༷་དོག་ཆད། ཚ༷་དོག་ལས་ཨ༷་ཀིམ་ཆད། ཨ༷་ཀིམ་ལས་ཨེ༷་ལི་ཧུད་ཆད་།
"
15 ༡༥་ ཨེ༷་ལི་ཧུད་ལས་ཨེ༷ལ་ཨ་ཟར་ཆད། ཨེ༷ལ་ཨ་ཟར་ལས་མ༷ད་ཐན་ཆད། མད་ཐན་ལས་ཡ༷་ཀོབ་ཆད།
"
16 ༡༦་ ཡ༷་ཀོབ་ལས་ཡོ༷་སེབ་ཆད། དེ་ནི་ཡེ་ཤུ་མ་ཤི་ཀ་སྐུ་བལྟམས་པའི་མ༷་རི་ཡཱ་ཡི་ཁྱོ་དེ་ཡིན་ནོ།
"
17 ༡༧་ དེ་ལྟར་ཨ༷བ་ར་ཧམ་ནས་ད༷་བིད་ཀྱི་བར་དུ་མི་རབས་བཅུ་བཞི་དང་། ད༷་བིད་ནས་བ༷་བེལ་དུ་བཟུང་ཁྱེར་བའི་བར་དུ་མི་རབས་བཅུ་བཞི་དང་། བ༷་བེལ་དུ་བཟུང་ཁྱེར་བ་ནས་མ་ཤི་ཀའི་བར་དུ་མི་རབས་བཅུ་བཞིའོ།།
"
18 ༡༨་ །ཡེ་ཤུ་མ་ཤི་ཀ་འཁྲུངས་ཚུལ་ནི་འདི་ལྟ་སྟེ། ཁོང་གི་ཡུམ་མ༷་རི་ཡཱ་ནི་ཡོ༷་སེབ་དང་ཁྱིམ་ཐབ་བྱེད་པ་ཐག་ཆོད་ནས། དེ་གཉིས་མ་འཛོམ་པའི་སྔོན་དུ། དམ་པའི་རུ་ཨག་གིས་ལྷུམས་དང་ལྡན་པར་གྱུར་པ་དང་།
"
19 ༡༩་ ཁྱོ་ཡོ༷་སེབ་བཟང་པོ་ཡིན་པས། དེས་མོ་ལ་གཏམ་ངན་གཏོང་དུ་མ་འདོད་པར། ལྐོག་ཏུ་འཕྲལ་བར་བྱའོ།
"
20 ༢༠་ །ཞེས་བསམ་པ་ལས། ཀྱུ་རི་བོ་ཨེ་ལོ་ཧིམ་གྱི་ཨ༷ན་ཇལ་རྨི་ལམ་དུ་བྱུང་ནས་ཀྱེ་ད༷་བིད་ཀྱི་བུ་ཡོ༷་སེབ། རང་གི་ཆུང་མ་མ༷་རི་ཡཱའི་ལྷུམས་སུ་ཡོད་པ་དེ་ཨེ་ལོ་ཧིམ་གྱི་དམ་པའི་རུ་ཨག་ལས་ཆགས་པ་ཡིན་པས། ཁྱིམ་དུ་བླང་བ་ལ་མ་འཇིགས་ཤིག
"
21 ༢༡་ །སྲས་ཤིག་བལྟམ་འོང་། ཁོང་གི་མཚན་ཡེ་ཤུ་གསོལ་ཞིག །ཅིའི་ཕྱིར་ཞེ་ན། ཁོང་གིས་ཉིད་ཀྱི་མི་སྡེ་སྡིག་པ་ལས་ཐར་བར་མཛད་པར་འགྱུར། ཞེས་གསུངས་སོ།
"
22 ༢༢་ །དེ་ནི་ཕ༷་རོ་པེ་ཏེ་པ་རྒྱུད་ནས།"
23 ༢༣་ །ན་ཆུང་མངལ་དང་ལྡན་ཏེ་སྲས་བལྟམ་འོང་། ཁོང་མཚན་ཨི༷མ་མ་ནུ་ཨེལ་འདོགས་པར་འགྱུར། ཞེས་ཀྱུ་རི་བོས་གསུངས་པ་འགྲུབ་པའི་ཕྱིར་བྱུང་ངོ་། ཨི༷མ་མ་ནུ་ཨེལ་ནི། ཨེ་ལོ་ཧིམ་ངེད་དང་མཉམ་དུ་བཞུགས་སོ་ཞེས་པའི་དོན་ནོ།"
24 ༢༤་ །ཡོ༷་སེབ་གཉིད་སད་པ་དང་། ཀྱུ་རི་བོའི་ཨ༷ན་ཇལ་གྱིས་བཀའ་གནང་བ་བཞིན་དུ་བྱས་ཏེ། རང་གི་ཆུང་མ་བླངས་ནས།"
25 ༢༥་ སྲས་མ་བལྟམས་པའི་བར་དུ་དེ་དང་མ་འབྲེལ་ཞིང་། སྲས་དེའི་མཚན་ཡེ་ཤུ་གསོལ་ཏོ།། །།"
1 ༡་ ཁོང་གིས་སློབ་མ་བཅུ་གཉིས་པོ་བོས་ནས། ས༷་ཏན་སྐྲོད་པ་དང་། ནད་རིགས་དང་ཟུག་ཐམས་ཅད་སེལ་བའི་དབང་བསྐུར་ཏོ།"
2 ༢་ །ཨ༷་པོ་ཏོ་ལོ་པ་བཅུ་གཉིས་ཀྱི་མཚན་ནི་འདི་ལྟ་སྟེ། དང་པོ་པེ༷་ཏྲོ་བྱ་བའི་ཤི༷་མོན་དང་། དེའི་ནུ་བོ་ཨ༷ན་དྲེ་ཡཱ། ཟེ༷་བད་ཡཱའི་བུ་ཡ༷་ཀོབ་དང་། དེའི་ནུ་བོ་ཡོ༷་ཧ་ནན།"
3 ༣་ །ཕི༷་ལིབ་དང་། བ༷ར་ཐོལ་མ་དང་། ཐོ་མཱ་དང་། ཤོ་གམ་པ་མ༷ད་ཐཱ། ཨ༷ལ་ཕའི་བུ་ཡ༷་ཀོབ་དང་། ཐ༷ད་དཱ།"
4 ༤་ བརྩོན་འགྲུས་པ་བྱ་བའི་ཤི༷་མོན་དང་། ཁོང་བཟུང་དུ་བཅུག་པའི་ཀ༷ར་ཡོད་པ་ཡུ༷་དཱའོ།།"
5 ༥་ །ཡེ་ཤུས་བཅུ་གཉིས་པོ་མངག་ཅིང་བཀའ་གནང་ཏེ་འདི་སྐད་དུ། ཨེ་ལོ་ཧིམ་ངོ་མ་ཤེས་པའི་ཕྱོགས་ལ་མ་འགྲོ། །ས༷་མར་ཡཱ་པའི་གྲོང་ཁྱེར་དུ་མ་ཞུགས་པར།"
6 ༦་ །ཡི༷ས་ར་ཡེལ་གྱི་ཁྱིམ་གྱི་ལུག་སྟོར་བ་རྣམས་ཀྱི་རྩར་སོང་།"
7 ༧་ ནམ་མཁའི་རྒྱལ་སྲིད་ཉེ་བར་བསླེབས་སོ། །ཞེས་འཆད་ཅིང་འགྲུལ་ཞིག"
8 ༨་ །ནད་པ་གསོས། གཤིན་པོ་སློང་། མཛེ་ཅན་དག་པར་བྱོས། ས༷་ཏན་སྐྲོད། ཡོན་མ་ཕུལ་བར་ཐོབ་པས། ཡོན་མ་ལེན་པར་ཐོང་།"
9 ༩་ ལས་བྱེད་ལ་ཁ་ཟས་ཐོབ་འོས་པས། སྐ་རགས་ཀྱི་ནང་དུ་གསེར་དངུལ་ཟངས་མ་ཁུར།"
10 ༡༠་ ལམ་གྱི་ཕྱིར་སྒྱེ་ཁུག་གམ། གོས་གཉིས་སམ། ཀྲད་པའམ། བེར་ཀ་མ་ཁུར།"
11 ༡༡་ གྲོང་ཁྱེར་རམ་ཡུལ་ཚོ་གང་དུ་སླེབས་ཀྱང་། སུ་འོས་རྩད་བཅད་ནས། འགྲོ་བའི་བར་དུ་དེར་སྡོད་ཅིག"
12 ༡༢་ ཁང་པ་དེའི་ནང་འཇུག་དུས་སུ་ཞི་བདེར་གྱུར་ཅིག་ཅེས་སྨྲོས་ཤིག"
13 ༡༣་ ཁང་པ་དེ་འོས་པ་ཡིན་ན། ཁྱེད་ཚོའི་ཞི་བདེ་དེ་ལ་འབབ་པར་འགྱུར། འོས་པ་མིན་ན་ཁྱེད་ཚོའི་ཞི་བདེ་ཁྱེད་ཅག་ལ་ལོག་པར་འགྱུར།"
14 ༡༤་ ཁྱེད་ལ་མི་བསུ་ཞིང་གཏམ་ལ་མི་ཉན་པ་དེའི་ཁང་པའམ་གྲོང་ཁྱེར་ནས་འཐོན་དུས་སུ། རང་གི་རྐང་པ་ལས་རྡུལ་སྤྲུགས་ཤིག"
15 ༡༥་ །ཞལ་ཆེའི་ཞག་ལ། གྲོང་ཁྱེར་དེ་ལས་ས༷་དོམ་དང་ག༷་མོ་ར་ལ་བཟོད་པ་ལྷག་པར་བྱ་བར་འགྱུར།།"
16 ༡༦་ །སྤྱང་ཀིའི་གསེབ་ཏུ་ལུག་གཏོང་བ་ལྟར། ངས་ཁྱེད་ཚོ་གཏོང་བས། སྦྲུལ་ལྟར་གཅང་པོ་དང་ཕུག་རོན་ལྟར་གནོད་མེད་དུ་གྱུར་ཅིག"
17 ༡༧་ ཁྱེད་ཚོ་ཁྲིམས་རར་གཏད་ཅིང་། སི༷ན་ན་གོས་ནང་རྟ་ལྕག་གིས་རྡུང་འོང་བའི་མི་ལས་ཟོན་བྱོས་ཤིག"
18 ༡༨་ །སྤྱི་ཁྱབ་དང་རྒྱལ་པོ་དང་མི་བརྒྱུད་གཞན་རྣམས་ལ་དཔང་པོ་བྱེད་པའི་ཕྱིར་ཁྱེད་ངའི་དོན་དུ་དེ་དག་གི་མདུན་དུ་འཁྲིད་པར་འགྱུར།"
19 ༡༩་ དེ་རྣམས་ཀྱིས་ཁྱེད་གཏད་པའི་ཚེ། ཇི་ལྟར་རམ་ཅི་ཟེར་བར་བྱ་བསམ་ནས་སེམས་མ་ཚེར་ཞིག"
20 ༢༠་ །ཅིའི་ཕྱིར་ཞེ་ན། སྨྲ་མཁན་ཁྱེད་མིན་ཏེ། ཁྱེད་ཀྱི་ནང་དུ་གསུང་བའི་ཡབ་ཀྱི་རུ་ཨག་དེ་ཡིན་པས། ཇི་ཟེར་དགོས་པ་དུས་ཚོད་དེ་རང་ལ་ཁྱེད་ལ་གནང་བར་འགྱུར་རོ།"
21 ༢༡་ །སྤུན་གྱིས་སྤུན་དང་། ཕས་བུ་གསོད་པའི་ཕྱིར་གཏད་འོང་། ཕྲུ་གུ་ཕ་མ་ལ་དགྲར་ལངས་ནས། ཕ་མ་གསད་འོང་།"
22 ༢༢་ ངའི་མཚན་གྱི་ཕྱིར་མི་ཐམས་ཅད་ཀྱིས་ཁྱེད་ལ་འཁོན་འཁུར་ཡང་། མཐའ་མའི་བར་ཐུག་སྲན་ཐུབ་པ་དེ་ཐར་བར་འགྱུར།"
23 ༢༣་ གྲོང་ཁྱེར་གཅིག་ནང་ཁྱེད་ལ་དེ་རྣམས་ཀྱིས་འཚེ་བའི་ཚེ། གྲོང་ཁྱེར་གཞན་ལ་བྲོས་ཤིག །ཁྱེད་ཡི༷ས་ར་ཡེལ་གྱི་གྲོང་ཁྱེར་ཐམས་ཅད་འཁོར་མ་ཟིན་པའི་སྔོན་དུ་མིའི་བུ་འབྱོན་པར་འགྱུར་ཞེས་ངས་བདེན་པར་ཟེར་རོ།།"
24 ༢༤་ །སློབ་དཔོན་ལས་སློབ་མ་མི་ཆེ། དཔོན་པོ་ལས་གཡོག་པོ་མི་ཆེ།"
25 ༢༥་ སློབ་མ་ནི་སློབ་དཔོན་དང་། གཡོག་པོ་ནི་དཔོན་པོ་དང་འདྲ་བར་འགྱུར་བས་ཆོག །ཁྱིམ་བདག་ལ་བ༷་ཨལ་ཟེ༷་བུ༷ལ་ཟེར་ན། ནང་མི་རྣམས་ལ་ལྷག་པར་མི་ཟེར་རམ།"
26 ༢༦་ དེ་བས་ན་དེ་ཚོར་མ་འཇིགས་ཤིག མངོན་པར་མི་འགྱུར་བ་ཅིའང་སྦས་མེད། ཤེས་པར་མི་འགྱུར་བ་ཅིའང་ཡིབ་མེད།"
27 ༢༧་ ངས་ཁྱེད་ཅག་ལ་མུན་པའི་ནང་ཇི་སྨྲ་བ་དེ། འོད་ཀྱི་ནང་དུ་སྨྲོས་ཤིག ཤུབ་བུར་ཐོས་པ་དེ། ཁང་པའི་ཐོག་ནས་ཤོད་ཅིག"
28 ༢༨་ །ལུས་གསོད་ཀྱང་སེམས་གསོད་མི་ཐུབ་པ་ལ་མ་འཇིགས་ཤིག །ལུས་སེམས་གཉིས་པོ་དམྱལ་བའི་ནང་ཚར་བཅད་ནུས་པ་ཁོང་ལ་འཇིགས་ཤིག"
29 ༢༩་ །བྱིའུ་གཉིས་དོང་ཙེ་གཅིག་ལ་མི་བྲིན་ནམ། ཁྱེད་ཀྱི་ཡབ་ཀྱིས་མི་མཁྱེན་པར་དེ་དག་ལས་གཅིག་ཀྱང་ས་ལ་མི་ལྷུང་།"
30 ༣༠་ ཁྱེད་ཀྱི་མགོའི་སྐྲ་ཉག་རེ་རེ་བཞིན་བརྩིས་ཡོད་པས།"
31 ༣༡་ མ་འཇིགས་ཤིག །བྱིའུ་མང་པོ་ལས་ཁྱེད་རིན་ཐང་ཆེའོ།"
32 ༣༢་ །མིའི་མདུན་དུ་ང་ཁས་བླང་བ་དེ་ནམ་མཁའི་ཡབ་ཀྱི་དྲུང་དུ་ངས་ཀྱང་ཁས་བླང་ངོ་།"
33 ༣༣་ །མིའི་མདུན་དུ་ང་ཁས་མི་བླང་བ་དེ་ནམ་མཁའི་ཡབ་ཀྱི་དྲུང་དུ་ངས་ཁས་མི་བླང་ངོ་།།"
34 ༣༤་ །ང་ནི་ས་ལ་དུས་བདེ་སྐྱེལ་དུ་འོངས་མ་སེམས་ཤིག །དུས་བདེ་སྐྱེལ་དུ་མ་འོངས་ཀྱིས། རལ་གྲི་སྐྱེལ་དུ་འོངས།"
35 ༣༥་ ང་ནི་བུ་དང་ཕ། བུ་མོ་དང་མ། མནའ་མ་དང་སྒྱུག་མོ་འཕྲལ་བའི་ཕྱིར་འོངས།"
36 ༣༦་ མི་ལ་རང་གི་ཁྱིམ་ཚང་གིས་དགྲ་བྱེད་འོང་།"
37 ༣༧་ ང་ལས་ཕའམ་མ་ལ་ལྷག་པར་བརྩེ་བ་དེ་ང་ལ་མི་འོས། ང་ལས་བུ་འམ་བུ་མོ་ལ་ལྷག་པར་བརྩེ་བ་དེ་ང་ལ་མི་འོས།"
38 ༣༨་ རང་གི་རྒྱང་ཤིང་འཁུར་ཏེ་ངའི་རྗེས་སུ་མི་འབྲང་བ་དེ་ང་ལ་མི་འོས།"
39 ༣༩་ རང་སྲོག་སྐྱོབ་མཁན་དེས་བརླག་པར་འགྱུར། ངའི་དོན་དུ་རང་སྲོག་བརླག་མཁན་དེས་རྙེད་པར་འགྱུར།"
40 ༤༠་ ཁྱེད་བསུ་བ་དེས་ང་བསུ། ང་བསུ་བ་དེས་ང་མངགས་མཁན་བསུའོ།"
41 ༤༡་ །ཕ༷་རོ་པེ་ཏེ་པ་ཞིག་ཕ༷་རོ་པེ་ཏེ་པར་བརྩིས་ནས་བསུ་བ་ལ། ཚུལ་ཁྲིམས་པའི་བྱ་དགའ་ཐོབ་འོང་།"
42 ༤༢་ །ཆུང་ངུ་འདི་དག་གི་ནང་ནས་གཅིག་ལ་སློབ་མ་ལ་ཤེས་ནས། ཆུ་གྲང་མོ་ཕོར་པ་གང་སྟེར་བ་དེའི་བྱ་དགའ་ཅི་ནས་ཀྱང་སྟོར་བར་མི་འགྱུར་ངས་བདེན་པར་ཟེར་ཞེས་གསུངས་སོ།། །།"
1 ༡་ །ཡེ༷་ཤུས་སློབ་མ་བཅུ་གཉིས་པོ་ལ་ཞལ་གདམས་གནང་ཟིན་ནས། གྲོང་ཁྱེར་རྣམས་ནང་སློབ་མཛད་པ་དང་འཕྲིན་བཟང་པའི་ཕྱིར་དེ་ནས་གཤེགས་སོ།"
2 ༢་ །མ་ཤི་ཀའི་མཛད་རྒྱ་རྣམས་ཡོ༷་ཧ་ནན་གྱིས་བཙོན་ཁང་དུ་ཐོས་ནས།"
3 ༣་ རང་གི་སློབ་མ་བཏང་ནས། འབྱོན་པར་འགྱུར་བ་དེ་ཁྱེད་ལགས་སམ། གཞན་ཞིག་ལ་སྒུག་པར་བྱ། ཞེས་ཞུས་པས།"
4 ༤་ ཡེ་ཤུས་བཀའ་ལན་དུ། སོང་ལ། ཁྱེད་ཀྱིས་ཇི་ཐོས་པ་དང་མཐོང་བ།"
5 ༥་ ལོང་བས་མཐོང་བ། ཞ་བོ་འགྲུལ་བ། མཛེ་ཅན་དག་པ། འོན་པས་ཐོས་པ། ཤི་མཁན་ལང་བ། དབུལ་པོས་འཕྲིན་བཟང་ཐོས་པ་རྣམས་ཡོ༷་ཧ་ནན་ལ་ཤོད་ཅིག།"
6 ༦་ །ང་ལ་བལྟས་ཏེ་དད་པ་མི་ལོག་པ་རྣམས་བདེའོ་ཞེས་གསུངས་སོ།"
7 ༧་ །དེ་རྣམས་སོང་བ་དང་ཡེ་ཤུས་མི་ཚོགས་ལ་ཡོ༷་ཧ་ནན་གྱི་སྐོར་ལ་གསུང་ཞིང་། ཁྱེད་ཐང་སྟོང་ནང་ཅི་ཞིག་ལ་ལྟ་རུ་སོང་། རླུང་གིས་སྒུལ་བའི་འདམ་བུ་ཞིག་ལ་ལྟ་རུ་སོང་ངམ།"
8 ༨་ འོ་ན་ཅི་ཞིག་ལ་ལྟ་རུ་སོང་། གོས་འཇམ་པོ་གོན་པ་ཞིག་ལ་ལྟ་རུ་སོང་ངམ། གོས་འཇམ་པོ་གོན་པ་ནི་རྒྱལ་པོའི་གཟིམ་ཁང་ན་ཡོད།"
9 ༩་ འོ་ན་ཅི་ལ་སོང་། ཕ༷་རོ་པེ་ཏེ་པ་ཞིག་ལ་ལྟ་རུ་སོང་ངམ། ཕ༷་རོ་པེ་ཏེ་པ་ལས་ལྷག་པར་ཆེ་བ་ཞིག་ལྟ་རུ་སོང་བ་ཡིན་ནོ་ངས་ཟེར།"
10 ༡༠་ །ཁྱེད་ཀྱི་སྔོན་དུ་ང་ཡི་ཕོ་ཉ་གཏོང་། །དེ་ཡིས་ཁྱེད་ཀྱི་སྔོན་དུ་ཕེབས་ལམ་བཟོ། ཞེས་བྲིས་ཡོད་པ་ཁོང་གི་སྐོར་དུ་ཡིན་ནོ།"
11 ༡༡་ །བུད་མེད་ལས་སྐྱེས་མཁན་ཐམས་ཅད་ཀྱི་ནང་ནས། བ༷བ་ཐི་སོ་གནང་མཁན་ཡོ༷་ཧ་ནན་ལས་ཆེ་བ་སུའང་མ་བྱུང་། འོན་ཀྱང་ནམ་མཁའི་རྒྱལ་སྲིད་ནང་ཆུང་ཤོས་དེ་ཡོ༷་ཧ་ནན་ལས་ཆེའོ་ངས་བདེན་པར་ཟེར།"
12 ༡༢་ བ༷བ་ཐི་སོ་གནང་མཁན་ཡོ༷་ཧ་ནན་གྱི་དུས་ནས་ད་ལྟའི་བར་དུ་ནམ་མཁའི་རྒྱལ་སྲིད་ལ་ཐམས་ཅད་རུབ་ཅིང་འཕྲོག་པར་བྱེད་དོ།"
13 ༡༣་ །ཡོ༷་ཧ་ནན་བར་དུ། བཀའ་ཁྲིམས་དང་ཕ༷་རོ་པེ་ཏེ་པ་ཐམས་ཅད་ཀྱིས་ལུང་བསྟན་པ་ཡིན།"
14 ༡༤་ གོ་བར་འདོད་ན། འབྱུང་བར་འགྱུར་བའི་ཨེ༷་ལི་ཡཱ་འདི་ཀ་ཡིན་ནོ།"
15 ༡༥་ །རྣ་བ་ཡོད་པ་དེས་ཉོན་ཞིག།"
16 ༡༦་ །མི་རབས་འདི་སུ་དང་སྡུར་བར་བྱ། ཁྲོམ་ལ་སྡོད་པའི་ཕྲུག་གུས་གྲོགས་པོ་ལ།"
17 ༡༧་ །ངེད་ཀྱིས་ཁྱེད་ཕྱིར་གླིང་བུ་ཕུས་ཀྱང་གར་མ་རྩེད། །ངེད་ཀྱིས་མྱ་ངན་བྱས་ཀྱང་ཁྱེད་ཀྱིས་བྲང་མ་བརྡུངས། ཞེས་ཟེར་བ་དང་འདྲའོ།"
18 ༡༨་ །ཡོ༷་ཧ་ནན་མི་ཟ་མི་འཐུང་ཞིང་བྱུང་བས། དེ་རྣམས་ཀྱིས་ས༷་ཏན་ཞུགས་ཟེར་རོ།"
19 ༡༩་ །མིའི་བུ་ཟ་ཞིང་འཐུང་ཞིང་བྱུང་བས། དེ་རྣམས་ཀྱིས་ཟས་བརྣབ་ཅན་དང་། ཆང་འཐུང་དང་། ཤོ་གམ་པ་དང་སྡིག་ཅན་གྱི་གྲོགས་པོ་ལ་ལྟོས་ཟེར་རོ། །འོན་ཀྱང་ཨེ་ལོ་ཧིམ་གྱི་ཡེ་ཤེས་ནི་དེའི་འབྲས་བུའི་སྒོ་ནས་བདེན་པ་ཡིན་པར་མངོན་ནོ།། ཞེས་གསུངས་སོ།།"
20 ༢༠་ །ལས་བཟང་པོ་མང་རབ་མངོན་ནའང་སེམས་མ་བསྒྱུར་པའི་གྲོང་ཁྱེར་དག་ལ་བཀའ་བཀྱོན་ཞིང་ཁོང་གིས།"
21 ༢༡་ ཀོ༷་ར་ཟིན་ཁྱོད། སྙིང་རེ་རྗེ། བེ༷ད་ཙ་ཡི་དཱ་ཁྱོད། སྙིང་རེ་རྗེ། ཁྱོད་གཉིས་ནང་བསྟན་པའི་ལས་བཟང་རྣམས་ཚོ༷ར་དང་ཚི༷་དོན་ནང་བསྟན་པ་ཡིན་ན། དེ་དག་གིས་རྩྭ་ཕད་གོན་ཏེ། གོག་ཐལ་ནང་བསྡད་དེ་ཡུན་རིང་ནས་སེམས་བསྒྱུར་པ་ཡིན།"
22 ༢༢་ ཞལ་ཆེའི་ཉིན་མོར་ཁྱོད་ཅག་ལས། ཚོ༷ར་དང་ཚི༷་དོན་ལ་བཟོད་པ་ལྷག་པར་བཞེས་པར་འགྱུར་ངས་ཟེར་རོ།"
23 ༢༣་ ཀ༷་ཕར་ན་ཧུམ་ཁྱོད་ནམ་མཁའ་ཐུག་མ་བཏེགས་སམ། ཁྱོད་དམྱལ་བ་ཐུག་འབེབས་པར་འགྱུར། ཁྱོད་ནང་བསྟན་པའི་ལས་བཟང་པོ་རྣམས་ས༷་དོམ་ནང་བསྟན་པ་ཡིན་ན་དེ་རིང་གི་བར་དུ་ས་ཆ་དེ་ལུས་པ་ཡིན།"
24 ༢༤་ ཞལ་ཆེའི་ཞག་ལ་ཁྱོད་ལས་ས༷་དོམ་ལ་བཟོད་པ་ལྷག་པར་བཞེས་པར་འགྱུར་ངས་ཟེར་གསུངས་སོ།།"
25 ༢༥་ །དེའི་ཚེ་ཡེ་ཤུས། ཀྱེ་ཡབ། གནམ་ས་གཉིས་ཀྱི་ཀྱུ་རི་བོ། ཁྱེད་ཐུགས་དགྱེས་པ་བཞིན་དུ།"
26 ༢༦་ ཁྱེད་ཀྱིས་འདི་མཁས་པ་དང་བློ་གྲོས་ཅན་ལ་སྦས་ཏེ་བྱིས་པ་ལ་མངོན་པར་མཛད་པས། ངས་ཁྱེད་ལ་བསྟོད་དོ།"
27 ༢༧་ །ངའི་ཡབ་ཀྱིས་ཐམས་ཅད་ང་ལ་བཏད་པ་ཡིན། ཡབ་ཀྱིས་མ་གཏོགས་པར་གཞན་སུས་ཀྱང་སྲས་མི་ཤེས། སྲས་དང་སྲས་ཀྱིས་སྟོན་པར་དགྱེས་པ་རྣམས་ཀྱིས་མ་གཏོགས་པར། གཞན་སུས་ཀྱང་ཡབ་མི་ཤེས་སོ།"
28 ༢༨་ །ཁྱེད་ངལ་བ་དང་ཁུར་གྱིས་མནན་པ་ཐམས་ཅད་ངའི་རྩར་ཤོག །ངས་ངལ་གསོ་སྟེར་བར་བྱའོ།"
29 ༢༩་ །ང་ནི་སྙེམས་ཆུང་དང་དམན་སེམས་ལྡན་པས། ངའི་གཉའ་ཤིང་ཁུར། ང་ནས་སློབས་དང་ཁྱེད་ཀྱི་སེམས་ལ་ངལ་གསོ་ཐོབ་འོང་།"
30 ༣༠་ །ངའི་གཉའ་ཤིང་འཇམ་ཞིང་ངའི་ཁུར་ཡང་ངོ་ཞེས་གསུངས་སོ།། །།"
1 ༡་ །དེའི་ཚེ་ཡེ་ཤུ་ཤ༷བ་བད་ཀྱི་ཞག་ལ་ཞིང་ག་རྒྱུད་དེ་ཕེབས་པ་ལས། སློབ་མ་རྣམས་ལྟོགས་ཏེ་སྲུས་འཐུས་ནས་ཟོས་སོ།"
2 ༢་ །ཕ༷་རུ་ཤི་པ་རེས་དེ་མཐོང་ནས་ཁོང་ལ། ཁྱེད་ཀྱི་སློབ་མས་ཤ༷བ་བད་ཞག་བྱེད་མི་ཆོག་པའི་ལས་བྱེད་དོ་ཞུས་པ་དང་།"
3 ༣་ ཁོང་གིས་དཱ༷་བིད་དང་འཁོར་རྣམས་ལྟོགས་དུས་སུ་ཅི་བྱས་པ་མ་བཀླགས་སམ།"
4 ༤་ ཨེ་ལོ་ཧིམ་གྱི་གཟིམ་ཁང་ནང་སོང་ནས། ལེ༷་ཝིས་མ་གཏོགས་པར་དེ་ཚོས་ཟ་མི་ཆོག་པའི་ཞལ་ཟས་ཅི་ལྟར་ཟོས།"
5 ༥་ ཡང་ན་ལེ༷་ཝིས་ཤ༷བ་བད་ཀྱི་ཞག་ལ། སྨོན་ལམ་ཁང་གི་ནང་དུ། ཤ༷བ་བད་མི་སྲུང་ནའང་ཁོང་ལ་སྐྱོན་མེད་དོ། །ཞེས་བཀའ་ཁྲིམས་ཀྱི་ནང་མ་བཀླགས་སམ།"
6 ༦་ སྨོན་ལམ་ཁང་ལས་ཆེ་བ་འདིར་ཡོད་ངས་ཟེར།"
7 ༧་ ང་ནི་འབུལ་བར་མི་དགའ་སྙིང་རྗེར་དགའ་ཞེས་གསུངས་པའི་དོན་ཁྱེད་ཚོས་ཤེས་པ་ཡིན་ན། སྐྱོན་མེད་ལ་སྐྱོན་མ་བཀལ་བ་ཡིན།"
8 ༨་ མིའི་བུ་ནི་ཤ༷བ་བད་ཀྱི་ཀྱུ་རི་བོ་ཡིན་པས་སོ།།"
9 ༩་ །དེ་ནས་བཞེངས་ནས་དེ་ཚོའི་སི༷ན་ན་གོས་སུ་ཕེབས།"
10 ༡༠་ དེར་ལག་པ་བསྐམས་པའི་མི་ཞིག་ཡོད་པ་ཡིན། ཁོང་ལ་སྙད་འདོགས་པའི་ཕྱིར། ཤ༷བ་བད་ཀྱི་ཞག་ལ་ནད་སེལ་ཆོག་གམ། ཞེས་ཞུས་པ་དང་།"
11 ༡༡་ ཁོང་གིས། ཤ༷བ་བད་ཀྱི་ཞག་ལ་ལུག་གཅིག་དོང་ནང་ལྷུང་ན། བཟུང་ནས་མི་འདོན་མཁན་ཁྱེད་ཚོའི་ནང་ན་སུ་ཡོད།"
12 ༡༢་ ལུག་ལས་མི་རིན་ཆེ་བས། ཤ༷བ་བད་ཀྱི་ཞག་ལ་བཟང་པོ་བྱེད་ཆོག་གསུངས་ནས།"
13 ༡༣་ མི་དེ་ལ་ལག་པ་རྐྱོངས་ཤིག་གསུངས། བརྐྱངས་པ་དང་ལག་པ་ཡ་གཅིག་དང་འདྲ་བར་ཐང་པོར་སོང་།"
14 ༡༤་ ཕ༷་རུ་ཤི་པ་རྣམས་ཕྱི་རོལ་དུ་སོང་ནས། ཁོང་གསོད་པའི་ཕྱིར་གྲོས་བྱས་སོ།།"
15 ༡༥་ །ཡེ་ཤུས་མཁྱེན་ཏེ་དེ་ནས་ཕེབས། མི་མང་པོ་ཕྱི་བཞིན་འབྲངས་ནས། ཐམས་ཅད་གསོ་བར་མཛད་དེ།"
16 ༡༦་ངའི་གཏམ་ཁྱབ་པར་མ་ཆུག་ཅེས་ནན་ཏན་མཛད་དོ།"
17 ༡༧་ ཕ༷་རོ་པེ་ཏེ་པ་ཡེ༷་ཤ་ཡཱས།"
18 ༡༨་ །ང་ཡིས་འདམས་པའི་ངའི་ཞབས་ཕྱི་འདི། །ངའི་སེམས་དགའ་བའི་གཅེས་པ་འདི་ལ་ལྟོས། །ཁོང་གི་ཐོག་ཏུ་ང་ཡི་རུ་ཨག་གཞག །ཁོང་གིས་མི་བརྒྱུད་རྣམས་ལ་ཞལ་ཆེ་བསྒྲག"
19 ༡༩་ །ཁོང་གིས་མི་རྒོལ་ཀུ་སྒྲ་ཡང་མི་འདོན། །སྲང་ནང་ཁོང་གི་གསུང་སྐད་ཀྱང་མི་ཐོས། །དྲང་བའི་ཁྲིམས་དེ་རྒྱལ་བར་གཞུག་པའི་བར།"
20 ༢༠་ །ཁོང་གིས་ཆག་པའི་འདམ་བུ་ཡང་མི་གཅག །དུ་བ་འཐུལ་བའི་སྡོང་རས་ཀྱང་མི་གསད།"
21 ༢༡་ །ཁོང་གི་མཚན་ལ་མི་བརྒྱུད་རེ་བར་འགྱུར། ཞེས་གསུངས་པ་འགྲུབ་པའི་ཕྱིར་རོ།།"
22 ༢༢་ དེ་ནས་ས༷་ཏན་ཞུགས་ལྐུགས་པ་ལོང་བ་ཞིག་སྐུ་དྲུང་དུ་འཁྱེར་འོངས་པ་དང་། ཡེ་ཤུས་དེ་གསོ་བར་མཛད་པས། དེས་སྨྲ་ཤེས་ཤིང་མིག་མཐོང་ངོ་།"
23 ༢༣་ །མི་ཚོགས་ངོ་མཚར་དུ་གྱུར་ཏེ། འདི་ནི་དཱ༷་བིད་ཀྱི་སྲས་མིན་ནམ་སྨྲས།"
24 ༢༤་ ཕ༷་རུ་ཤི་པ་ཚོས་དེ་ཐོས་ནས། མི་འདིས་ས༷་ཏན་གྱི་དཔོན་པོ་བ༷་ཨལ་ཟེ་བུལ་གྱི་སྒོ་ནས་ས༷་ཏན་སྐྲོད་དོ་སྨྲས་སོ།"
25 ༢༥་ །དེ་ཚོའི་བསམ་པ་མཁྱེན་ནས་ཡེ་ཤུས། མི་མཐུན་པ་ཡོད་པའི་རྒྱལ་ཁམས་སྟོངས་ཤིང་། མི་མཐུན་པ་ཡོད་པའི་གྲོང་ཁྱེར་རམ་ཁང་པ་མི་གནས།"
26 ༢༦་ ས༷་ཏན་གྱིས་ས༷་ཏན་སྐྲོད་ན། ནང་དུ་མི་མཐུན་པ་འབྱུང་བས། དེའི་སྲིད་ཅི་ལྟར་བརྟན།"
27 ༢༧་ ངས་བ༷་ཨལ་ཟེ་བུལ་གྱི་སྒོ་ནས་ས༷་ཏན་སྐྲོད་ན། ཁྱེད་ཀྱི་བུ་རྣམས་ཀྱིས་སུའི་སྒོ་ནས་སྐྲོད། དེའི་ཕྱིར་དེ་རྣམས་ཀྱིས་བདེན་རྫུན་དབྱེ་བར་འགྱུར་རོ།"
28 ༢༨་ །ཇི་སྟེ་ཨེ་ལོ་ཧིམ་གྱི་རུ་ཨག་གི་སྒོ་ནས་ངས་ས༷་ཏན་སྐྲོད་ན། ཨེ་ལོ་ཧིམ་གྱི་རྒྱལ་སྲིད་ཁྱེད་ཀྱི་རྩར་བསླེབས་ཟིན་ཏོ།"
29 ༢༩་ །སྟོབས་ཆེན་ཞིག་སྔོན་ལ་བཅིངས་ན་མ་གཏོགས། དེའི་ཁང་པར་ཞུགས་ནས་དེའི་ཡོ་བྱད་ཇི་ལྟར་འཕོག་པར་ནུས།"
30 ༣༠་ ང་དང་མཉམ་དུ་མེད་པ་དེ་ངའི་དགྲ་ཡིན། ང་དང་འགྲོགས་ནས་མི་བསྡུ་བ་དེས་གཏོར་རོ།།"
31 ༣༡་ དེའི་ཕྱིར་སྡིག་པ་དང་སྐུར་པ་ཐམས་ཅད་སེལ་བར་འགྱུར། ཡང་རུ་ཨག་ལ་སྐུར་པ་འདེབས་པ་དེ་སེལ་བར་མི་འགྱུར་ཞེས་ངས་ཟེར།"
32 ༣༢་ མིའི་བུ་ལ་རྒོལ་བ་དེ་སེལ་བར་འགྱུར། དམ་པའི་རུ་ཨག་ལ་རྒོལ་བ་དེ་ཚེ་འདི་ཕྱི་གཉིས་ཀར་སེལ་བར་མི་འགྱུར་རོ།"
33 ༣༣་ །འབྲས་བུ་ལས་ཤིང་སྡོང་གང་ཡིན་ཤེས་པས། ཤིང་སྡོང་དང་འབྲས་བུ་གཉིས་ཀ་བཟང་པོ་རྩིས། ཡང་ན་ཤིང་སྡོང་དང་འབྲས་བུ་གཉིས་ཀ་ངན་པ་རྩིས།"
34 ༣༤་ དུག་སྦྲུལ་གྱི་རྒྱུད་ཁྱོད། སྙིང་ནང་གང་ཡོད་པ་དེ་ཁ་ནས་འཐོན་པས། ཁྱོད་ཅག་ངན་པ་ཡིན་བཞིན་དུ་བཟང་པོ་ཅི་ལྟར་སྨྲ་བར་ནུས། "
35 ༣༥་ བཟང་པོས་མཛོད་བཟང་པོ་ནས་རྫས་བཟང་པོ་འདོན། ངན་པས་མཛོད་ངན་པ་ནས་རྫས་ངན་པ་འདོན་ནོ།"
36 ༣༦་ །ཞལ་ཆེའི་ཉིན་མོར་དེས་སྨྲས་པའི་ངག་ཀྱལ་རེ་རེའི་ཕྱིར་ལན་གཏབ་དགོས་སོ་ཞེས་ངས་ཟེར།"
37 ༣༧་ ཁྱོད་ཀྱི་ངག་གིས་ཁྱོད་རྒྱལ་བར་འགྱུར། ཁྱོད་ཀྱི་ངག་གིས་ཁྱོད་ཕམ་པར་འགྱུར་གསུངས་སོ།།"
38 ༣༨་ །མོ༷་ཤེའི་བཀའ་ཁྲིམས་མཁས་པ་དང་ཕ༷་རུ་ཤི་པ་རེས་ཁོང་ལ། རྒན་ལགས། ཁྱེད་ལས་བཟང་ཤིག་མཐོང་བར་འདོད་དོ་ཞུས།"
39 ༣༩་ བཀའ་ལན་དུ་མི་རབས་ངན་པ་གཡེམ་པོ་འདིས་ལས་བཟང་འཚོལ་ཡང་། ཕ༷་རོ་པེ་ཏེ་པ་ཡོ༷་ནཱའི་ལས་བཟང་པོ་མ་གཏོགས་པར་ལས་བཟང་གཞན་གཏོང་བར་མི་བྱ།"
40 ༤༠་ ཇི་ལྟར་ཡོ༷་ནཱ་ཉིན་གསུམ་དང་མཚན་གསུམ་ཆུ་སྲིན་གྱི་གྲོད་པའི་ནང་དུ་ལུས་པ་ཡིན། དེ་ལྟར་མིའི་བུའང་ཉིན་གསུམ་དང་མཚན་གསུམ་སའི་ཁོག་པའི་ནང་ལུས་པར་འགྱུར།"
41 ༤༡་ ནི༷་ནེ་ཝ་པ་རྣམས་ཀྱིས་ཡོ༷་ནཱས་སློབ་འཁྲིད་མཛད་པ་ལས་སེམས་བསྒྱུར་པས། ཞལ་ཆེའི་ཉིན་མོར་མི་རབས་འདི་དང་མཉམ་དུ་ལང་ཞིང་འདི་ལ་ཁྲིམས་གཏོང་བར་འགྱུར། ཡོ༷་ནཱ་ལས་ཆེ་བ་ཞིག་འདིར་ལྟོས།"
42 ༤༢་ ལྷོ་ཕྱོགས་ཀྱི་རྒྱལ་མོ་ཤ༷་ལོ་མོའི་ཤེས་རབ་ཀྱི་ཚིག་ཉན་དུ་ས་གཞིའི་མཐའ་མ་ནས་འོངས་པས། ཞལ་ཆེའི་ཉིན་མོར་མི་རབས་འདི་དང་མཉམ་དུ་ལང་ཞིང་འདི་ལ་ཁྲིམས་གཏོང་བར་འགྱུར། ཤ༷་ལོ་མོ་ལས་ཆེ་བ་ཞིག་འདིར་ལྟོས།"
43 ༤༣་ ས༷་ཏན་མི་གཙང་བ་མིའི་ནང་ནས་ཐོན་པའི་ཚེ། སྐམ་ས་རྣམས་སུ་འཁོར་ཞིང་། བདེ་བ་འཚོལ་ཡང་མི་རྙེད།"
44 ༤༤་ དེ་ནས་ཁོས་ང་ཐོན་འོངས་པའི་ཁང་པར་ལོག་འགྲོའོ་ཟེར་ཏེ་བསླེབས་པས། དེ་སྟོང་པ་དང་གཙང་བ་དང་བཀོད་པ་ལེགས་པར་མཐོང་།"
45 ༤༥་ སོང་ནས་རང་ལས་ལྷག་པར་ངན་པའི་ས༷་ཏན་གཞན་བདུན་ཁྲིད་ནས་དེའི་ནང་དུ་ཞུགས་ཏེ་གནས་པས། མི་དེའི་གནས་ཚུལ་སྔ་མ་ལས་གདུག་ཏུ་འགྲོ། །དེ་བཞིན་དུ་མི་རབས་ངན་པ་འདི་ལའང་འགྱུར་བར་འགྱུར་ཞེས་གསུངས་སོ།།"
46 ༤༦་ །དེ་ལྟར་མི་ཚོགས་ལ་གསུང་བཞིན་པའི་ཚེ། ཁོང་གི་ཡུམ་དང་སྐུ་མཆེད་ཁོང་དང་མཉམ་དུ་གླེང་བར་འདོད་ཅིང་ཕྱི་རོལ་ན་བཞེངས་ཡོད་པ་ལས།"
47 ༤༧་ མི་ཞིག་གིས་ཁོང་ལ་ཁྱེད་ཀྱི་ཡུམ་དང་སྐུ་མཆེད་ཁྱེད་དང་གླེང་བར་འདོད་ཅིང་ཕྱི་རོལ་ན་བཞེངས་འདུག་ཞུས།"
48 ༤༨་ དེ་ལ་བཀའ་ལན་དུ། ངའི་མ་སུ་ཡིན། ངའི་སྤུན་སུ་ཡིན་གསུངས་ནས།"
49 ༤༩་ ཉིད་ཀྱི་སློབ་མ་རྣམས་ཀྱི་སྟེང་དུ་ཕྱག་བརྒྱང་སྟེ། ངའི་མ་དང་སྤུན་འདི་རྣམས་སོ།"
50 ༥༠་ །ངའི་ནམ་མཁའི་ཡབ་ཀྱི་ཐུགས་དགོངས་བསྒྲུབ་པ་དེ་ངའི་སྤུན་དང་སྲིང་མོ་དང་མ་ཡིན་ནོ་ཞེས་གསུངས་སོ།།"
1 ༡་ དེའི་ཉིན་ཡེ་ཤུ་ཁྱིམ་ནས་ཕེབས་ཏེ་མཚོའི་འགྲམ་དུ་བཞུགས་སོ།"
2 ༢་ །མི་ཚོགས་མང་པོ་སྐུ་དྲུང་དུ་འཛོམས་པས་ཁོང་གྲུའི་ནང་དུ་བཞུགས། མི་ཚོགས་མཚོའི་འགྲམ་དུ་ལངས་ནས་བསྡད་དོ།"
3 ༣་ །དཔེའི་སྒོ་ནས་ཞལ་གདམས་མང་པོ་གསུངས་པ།"
4 ༤་ ཞིང་པ་ཞིག་ཕྱིར་ཐོན་ཏེ། ས་བོན་འདེབས་ཙ་ན། ཁ་ཅིག་ལམ་ཁར་འགྲིལ་ཏེ། བྱ་འོངས་ནས་ཟོས་སོ།"
5 ༥་ །ཁ་ཅིག་ས་མང་པོ་མེད་པའི་རྡོ་གསེབ་ཏུ་འགྲིལ་ཏེ། ས་དཔངས་མེད་སྟབས་ཀྱིས་མགྱོགས་པར་སྐྱེས་ཀྱང་།"
6 ༦་ ཉི་མ་ཤར་བ་དང་ཚིག་སྟེ་རྩ་བ་མི་ཚུགས་པས་སྐམས་སོ།"
7 ༧་ །ཁ་ཅིག་ཚེར་གསེབ་དུ་འགྲིལ་ཏེ། ཚེར་མ་སྐྱེས་ནས་མནན་ཏོ།"
8 ༨་ །ཁ་ཅིག་ས་བཟང་པོའི་ནང་དུ་འགྲིལ་ཏེ། འབྲས་བུ་ཆགས་ཏེ། གཅིག་ལ་བརྒྱ་འགྱུར། གཅིག་ལ་དྲུག་ཅུ་འགྱུར། གཅིག་ལ་སུམ་ཅུ་འགྱུར་ཐོན་ཏོ།"
9 ༩་ །རྣ་བ་ཡོད་པ་ཚོས་ཉོན་ཅིག་ཅེས་གསུངས་སོ།།"
10 ༡༠་ །སློབ་མ་རྣམས་བཅར་ནས། ཁྱེད་ཀྱིས་མི་ཚོགས་ལ་དཔེའི་སྒོ་ནས་ཅིའི་ཕྱིར་གསུངས།"
11 ༡༡་ ཞུས་པའི་བཀའ་ལན་དུ། ནམ་མཁའི་རྒྱལ་སྲིད་ཀྱི་གསང་བ་རྟོགས་པ་ཁྱེད་ལ་གནང་ཡོད་ཀྱང་། དེ་རྣམས་ལ་མ་གནང་ངོ་།"
12 ༡༢་ །ཡོད་མཁན་ལ་གནང་ཞིང་མང་པོར་འགྱུར། མེད་མཁན་ལ་ཇི་ཡོད་པ་དེའང་འཁྱེར་བར་འགྱུར།"
13 ༡༣་ དེ་རྣམས་ཀྱིས་མཐོང་ནས་མི་མཐོང་ཞིང་། ཐོས་ནས་མི་ཐོས་ཤིང་མི་གོ་བར་འདུག་པས། ངས་དཔེ་ཡི་སྒོ་ནས་སྨྲའོ།"
14 ༡༤་ ཡེ༷་ཤ་ཡཱས།"
15 ༡༥་ །མི་རྒྱུད་འདི་ཡིས་མི་མཐོང་ཕྱིར། །རྣ་བས་ཐོས་པར་མི་འགྱུར་ཕྱིར། །མི་གོ་སེམས་ནི་མི་སྒྱུར་ཕྱིར། །ངས་ཀྱང་དེའི་ནད་མི་སེལ་ཕྱིར། །དེ་ཡི་བློ་གྲོས་མུན་པར་གྱུར། །དེ་ཡི་རྣ་བ་ལྗིད་པོར་གྱུར། །དེ་ཡི་མིག་ཀྱང་བཙུམ་ཡོད་དོ། །དེ་ཕྱིར་ཐོས་ཀྱང་ཅང་མི་གོ །མིག་གིས་བལྟ་ཡང་མི་མཐོང་ངོ་། ཞེས་ལུང་བསྟན་པ་དེ་ནང་དུ་གྲུབ་བོ།"
16 ༡༦་ །ད་ཁྱེད་ཀྱི་མིག་བདེའོ། །དེས་མཐོང་ངོ་། །ཁྱེད་ཀྱི་རྣ་བ་བདེའོ། །དེས་ཐོས་སོ།"
17 ༡༧་ །ཁྱེད་ཀྱིས་མཐོང་བ་དང་ཐོས་པ་དེ། ཕ༷་རོ་པེ་ཏེ་པ་དང་དྲང་པོ་མང་པོས་མཐོང་བར་འདོད་ཀྱང་མ་མཐོང་། ཐོས་པར་འདོད་ཀྱང་མ་ཐོས་ཞེས་ངས་བདེན་པར་ཟེར།"
18 ༡༨་ །ཞིང་པའི་དཔེ་ལ་ཉོན།"
19 ༡༩་ རྒྱལ་སྲིད་ཀྱི་བཀའ་ཐོས་ཀྱང་མི་གོ་བ་ལ། ངན་པ་དེ་འོངས་ཏེ་སྙིང་ནང་སོན་བཏབ་ཡོད་པ་དེ་འཕྲོག་གོ །ལམ་ཁར་སོན་བཏབ་པ་ནི་དེ་ཡིན་ནོ།"
20 ༢༠་ །རྡོ་གསེབ་ཏུ་སོན་བཏབ་པ་འདི་ཡིན་ཏེ། སུ་ཞིག་གིས་བཀའ་ཐོས་མ་ཐག་ཏུ་སེམས་དགའ་ཞིང་བླང་ཡང་།"
21 ༢༡་ རང་གི་ནང་ན་རྩ་བ་ཚུགས་མེད་ཅིང་། མི་བརྟན་པས། བཀའ་དེའི་དོན་དུ་སྡུག་བསྔལ་ལམ་གནོད་འཚེ་འབྱུང་མ་ཐག་ཏུ་དད་པ་ལོག་གོ"
22 ༢༢་ །ཚེར་གསེབ་ཏུ་སོན་བཏབ་པ་འདི་ཡིན། སུ་ཞིག་གིས་བཀའ་ཐོས་ཀྱང་། འཇིག་རྟེན་གྱི་སེམས་ཁྲལ་དང་ནོར་གྱི་བསླུ་འབྲིད་ཀྱིས་བཀའ་དེ་མནན་ཏེ། འབྲས་བུ་མི་ཆགས་སོ།"
23 ༢༣་ །ས་བཟང་པོའི་ནང་སོན་བཏབ་པ་འདི་ཡིན། སུ་ཞིག་གིས་བཀའ་ཐོས་ཤིང་གོ་ནས། འབྲས་བུ་ཆགས་ཏེ། གཅིག་ལ་བརྒྱ་འགྱུར། གཅིག་ལ་དྲུག་ཅུ་འགྱུར། གཅིག་ལ་སུམ་ཅུ་འགྱུར་འཐོན་ནོ་ཞེས་གསུངས་སོ།།"
24 ༢༤་ །དཔེ་གཞན་ཞིག་སྟོན་ཞིང་འདི་སྐད་དུ། ནམ་མཁའི་རྒྱལ་སྲིད་ནི། རང་གི་ཞིང་ལ་ས་བོན་བཟང་པོ་བཏབ་པའི་མི་དང་འདྲ་ཞིང་།"
25 ༢༥་ ཉལ་ཡོད་པའི་ཚེ། དེའི་དགྲ་བོ་འོངས་ཏེ་གྲོའི་ཁྲོད་དུ་རྩྭ་ངན་བཏབ་ནས་སོང་།"
26 ༢༦་ ལྗང་པ་སྐྱེས་ཏེ་འབྲུ་ཆུགས་པ་དང་རྩྭ་ངན་མངོན།"
27 ༢༧་ ཞིང་བདག་གི་གཡོག་པོ་རྣམས་འོངས་ནས། དཔོན་པོ་ལགས། ཁྱེད་ཀྱིས་ཉིད་ཀྱི་ཞིང་ལ་ས་བོན་བཟང་པོ་མ་བཏབ་བམ། རྩྭ་ངན་གང་ནས་བྱུང་སྨྲས་སོ།"
28 ༢༨་ །དེས་འདི་དགྲ་བོ་ཞིག་གིས་བྱས་པ་ཡིན་སྨྲས། གཡོག་པོས་ང་ཚོ་སོང་ནས་དེ་སྒྲུག་པ་ལ་དགྱེས་སམ་ཞུས་པའི་ལན་དུ།"
29 ༢༩་ རྩྭ་ངན་དང་མཉམ་དུ་གྲོའང་འགོག་སྲིད་པས་མ་སྒྲུག"
30 ༣༠་ བཙས་མའི་བར་དུ་གཉིས་པོ་མཉམ་དུ་སྐྱེར་ཆུག །བཙས་མའི་དུས་སུ་རྔ་མཁན་ལ། སྔོན་ལ་རྩྭ་ངན་བསྒྲུགས་ཏེ་སྲེག་པའི་ཕྱིར་ཕོན་པོར་བྱོས། དེ་ནས་གྲོ་ངའི་བང་མཛོད་དུ་སྡུས་ཤིག་ཅེས་སྨྲ་བར་བྱའོ་ཞེས་གསུངས་སོ།།"
31 ༣༡་ །དཔེ་གཞན་ཞིག་སྟོན་ཞིང་འདི་སྐད་དུ། ནམ་མཁའི་རྒྱལ་སྲིད་ནི། ཞིང་ལ་བཏབ་པའི་ཡུངས་འབྲུ་ཞིག་དང་འདྲ་སྟེ།"
32 ༣༢་ དེ་ས་བོན་ཐམས་ཅད་ལས་ཆུང་ཡང་། ཆེར་སྐྱེས་ནས་སྔོ་ཚོད་རྣམས་ལས་ཆེ་ཞིང་། སྡོང་པོར་འགྱུར་བས། གནམ་གྱི་བྱ་འོངས་ཏེ། དེའི་ཡལ་གའི་ནང་ཚང་བྱེད་དོ་ཞེས་གསུངས་སོ།།"
33 ༣༣་ །དཔེ་གཞན་ཞིག་སྟོན་ཞིང་། ནམ་མཁའི་རྒྱལ་སྲིད་ནི། སྐྱུར་རྩི་དང་འདྲ་སྟེ། བུད་མེད་ཅིག་གིས་འབོ་གསུམ་གྱི་བག་ཕྱེའི་ནང་བཅུག་པས། ཐམས་ཅད་ལ་སྐྱུར་ལང་ངོ་གསུངས་སོ།"
34 ༣༤་ །ཕ༷་རོ་པེ་ཏེ་པས།"
35 ༣༥་ །དཔེ་རྣམས་སྟོན་དུ་ངས་ཁ་དབྱེ། །ཐོག་མ་ནས་ཚུན་སྦས་པ་བསྟན། གསུངས་པ་འགྲུབ་ཕྱིར། ཡེ་ཤུས་མི་ཚོགས་ལ་དེ་ཐམས་ཅད་དཔེའི་སྒོ་ནས་གསུངས་ཏེ། དཔེ་མེད་པར་ཅིའང་མ་གསུངས་སོ།།"
36 ༣༦་ །ཡེ་ཤུས་མི་ཚོགས་རྣམས་འགྲོར་ཆུག་ནས། ཁྱིམ་དུ་ཕེབས་པ་དང་། སློབ་མ་རྣམས་བཅར་ནས་ཁོང་ལ། ཞིང་གི་རྩྭ་ངན་གྱི་དཔེ་ངེད་ལ་བཀྲལ་དུ་གསོལ་ཞུས།"
37 ༣༧་ བཀའ་ལན་དུ། ས་བོན་བཟང་པོ་འདེབས་པ་པོ་མིའི་བུ་ཡིན།"
38 ༣༨་ ཞིང་ནི་འཇིག་རྟེན་ཡིན། ས་བོན་བཟང་པོ་ནི་རྒྱལ་སྲིད་ཀྱི་བུ་རྣམས་ཡིན། རྩྭ་ངན་ནི་ངན་པའི་བུ་རྣམས་ཡིན།"
39 ༣༩་ དེ་འདེབས་པའི་དགྲ་བོ་ནི་ས༷་ཏན་ཡིན། བཙས་མ་ནི་དུས་ཀྱི་མཐའ་མ་ཡིན། རྔ་མཁན་ནི་ཨ༷ན་ཇལ་ཡིན།"
40 ༤༠་ རྩྭ་ངན་བསྒྲུགས་ཏེ་མེར་སྲེག་པ་ལྟར། དུས་ཀྱི་མཐའ་མར་འབྱུང་བར་འགྱུར།"
41 ༤༡་ མིའི་བུས་ཉིད་ཀྱི་ཨ༷ན་ཇལ་མངགས་ཏེ། དེས་ཁོང་གི་རྒྱལ་སྲིད་ནས་ལོག་ལྟ་ཅན་དང་སྡིག་སྤྱོད་ཐམས་ཅད་བསྡུས་ཏེ།"
42 ༤༢་ ངུ་འབོད་དང་སོ་ཁྲིག་པ་འབྱུང་བའི་མེ་དོང་གི་ནང་དུ་དབྱུག་པར་བྱའོ།"
43 ༤༣་ །དེའི་དུས་སུ་དྲང་པོ་རྣམས་རང་གི་ཡབ་ཀྱི་རྒྱལ་སྲིད་ནང་ན་ཉི་མ་ལྟར་འཆར་འོང་། རྣ་བ་ཡོད་པ་དེས་ཉོན་ཅིག།"
44 ༤༤་ །ནམ་མཁའི་རྒྱལ་སྲིད་ནི། ཞིང་གི་ནང་དུ་སྦས་ཡོད་པའི་གཏེར་དང་འདྲ་སྟེ། དེ་མི་ཞིག་ལ་ཐོབ་ནས་སྦས་ཏེ། དགའ་ཞིང་སོང་ནས། ཡོད་པ་ཐམས་ཅད་བཙོང་སྟེ། ཞིང་དེ་ཉོས་སོ།"
45 ༤༥་ ནམ་མཁའི་རྒྱལ་སྲིད་ནི། མུ་ཏིག་ལེགས་པ་འཚོལ་བའི་ཚོང་པ་དང་འདྲ་སྟེ།"
46 ༤༦་ མུ་ཏིག་རིན་ཅན་གཅིག་མཐོང་བས། སོང་སྟེ། ཇི་ཡོད་པ་ཐམས་ཅད་བཙོང་ནས་དེ་ཉོས་སོ།།"
47 ༤༧་ །ནམ་མཁའི་རྒྱལ་སྲིད་ནི། རྒྱ་མཚོའི་ནང་དབྱུགས་པའི་ཉ་དོལ་དང་འདྲ་སྟེ། ཉ་རིགས་སྣ་ཚོགས་ཚུར་བསྡུས་ནས།"
48 ༤༨་ གང་བ་དང་མཚོ་འགྲམ་དུ་ཐེན་ཏེ། བསྡད་ནས་ལེགས་པོ་རྣམས་སྣོད་ནང་དུ་བསྡུས་ཕན་མེད་རྣམས་དབྱུགས་སོ།"
49 ༤༩་ །དུས་ཀྱི་མཐའ་མར་དེ་ལྟར་འགྱུར་ཏེ། ཨ༷ན་ཇལ་འབྱོན་ནས་དྲང་པོའི་ཁྲོད་ནས་ངན་པ་ཕྱེས་ཏེ།"
50 ༥༠་ ངུ་འབོད་དང་སོ་ཁྲིག་པ་འབྱུང་བའི་མེ་དོང་ནང་དབྱུག་པར་འགྱུར།"
51 ༥༡་ དེ་ཐམས་ཅད་གོའམ་གསུངས་སོ། །དེ་རྣམས་ཀྱིས་གོ་ལགས་ཞུས།"
52 ༥༢་ དེའི་ཕྱིར་ནམ་མཁའི་རྒྱལ་སྲིད་ལས་སློབ་པའི་མཁན་པོ་ནི། རང་གི་གཏེར་མཛོད་ནས་ནོར་གསར་པ་དང་རྙིང་པ་འདོན་པའི་ཁྱིམ་བདག་དང་འདྲའོ་ཞེས་གསུངས་སོ།།"
53 ༥༣་ །ཡེ་ཤུས་དཔེ་བསྟན་ཟིན་པ་དང་བཞེངས་ཏེ།"
54 ༥༤་ ཉིད་ཀྱི་ཡུལ་དུ་བྱོན་ནས་སི༷ན་ན་གོས་ནང་སློབ་ཁྲིད་མཛད་པས། དེ་རྣམས་ངོ་མཚར་དུ་གྱུར་ནས། མི་འདི་ལ་ཤེས་རབ་དང་མཐུ་སྟོབས་འདི་འདྲ་གང་ནས་རྙེད།"
55 ༥༥་ ཤིང་མཁན་གྱི་བུ་དེ་མ་ཡིན་ནམ། འདིའི་མ་ལ་མ༷་རི་ཡཱ་དང་། ནུ་བོ་ལ་ཡ༷་ཀོབ་དང་ཡོ༷་སེབ་དང་ཤི༷་མོན་དང་ཡུ༷་དཱ་མི་ཟིར་རམ།"
56 ༥༦་ འདིའི་སྲིང་མོ་ཀུན་ངེད་མཉམ་མེད་དམ། ཁོ་ལ་འདི་ཐམས་ཅད་གང་ནས་བརྙེད་ཟེར་ཞིང་།"
57 ༥༧་ ཁོང་ཚོའི་མཚང་ལ་འཕོག་གོ །ཡེ་ཤུས་ཕ༷་རོ་པེ་ཏེ་པ་ལ་རང་ཡུལ་དང་རང་ཁྱིམ་ན་མ་གཏོགས་པར་གར་ཡང་རྩིས་མེད་མི་འབྱུང་ཞེས་གསུངས་སོ།"
58 ༥༨་ །དེ་རྣམས་ཀྱིས་དད་པ་མི་བྱེད་པས་དེར་ལས་བཟང་མང་པོ་མ་མཛད་དོ།། །།"
1 ༡་ དེའི་ཚེ་ལྗོངས་དཔོན་ཧེ༷་རོ་དཱེས་ཡེ་ཤུའི་སྙན་གྲགས་ཐོས་ནས།"
2 ༢་ འཁོར་གཡོག་རྣམས་ལ། འདི་ནི་བ༷བ་་ཐི་སོ་གནང་མཁན་ཡོ༷་ཧ་ནན་ཡིན། གཤིན་པོའི་ཁྲོད་ནས་ལངས་པས། འདི་ལྟ་བུའི་ལས་བཟང་མཛད་དོ་སྨྲས།"
3 ༣་ སྔར་ཧེ༷་རོ་དཱེས་ནུ་བོ་ཕི༷་ལིབ་ཀྱི་ཆུང་མ་ཧེ༷་རོད་ཡཱའི་རྐྱེན་གྱིས། ཡོ༷་ཧ་ནན་བཀྱིགས་ནས་བཙོན་དུ་བཅུག་པ་ཡིན།"
4 ༤་ ཅིའི་ཕྱིར་ཞེ་ན། ཡོ༷་ཧ་ནན་གྱིས་ཧེ༷་རོ་དཱེ་ལ། ཁྱེད་ཀྱིས་བུད་མེད་དེ་ལེན་མི་ཆོག་ཅེས་གསུངས།"
5 ༥་ ཁོས་ཁོང་གསོད་པར་འདོད་ཀྱང་། མི་བྱིངས་ཀྱིས་ཁོང་ཕ༷་རོ་པེ་ཏེ་པར་བརྩིས་པས་དེ་རྣམས་ལ་འཇིགས་སོ།"
6 ༦་ །ཧེ༷་རོ་དཱེའི་སྐྱེ་ཞག་ལ། ཧེ༷་རོད་ཡཱའི་བུ་མོས་གར་རྩེད་ནས། ཧེ༷་རོ་དཱེ་དགའ་ནས།"
7 ༧་ མོས་ཅི་ཞུ་བ་སྟེར་བའི་མནའ་བསྐྱལ་ཏོ།"
8 ༨་ མོས་མའི་བསླབ་བྱ་བཞིན། བ༷བ་ཐི་སོ་གནང་མཁན་ཡོ༷་ཧ་ནན་གྱི་མགོ་སྡེར་མའི་ཁར་འདིར་ང་ལ་གནོང་མཛོད་ཞུས།"
9 ༩་ ལྗོངས་དཔོན་ཚེར་ཡང་མགྲོན་པོ་ཡོད་པ་དང་། མནའ་བསྐྱལ་བས།"
10 ༡༠་ བུ་མོ་ལ་དེ་ཐོང་ཟེར་ཞིང་། མི་བཏང་ནས་བཙོན་ཁང་ནང་ཡོ༷་ཧ་ནན་གྱི་དབུ་བཅད་དེ།"
11 ༡༡་ སྡེར་མའི་ཁར་ཁྱེར་ནས་བུ་མོ་ལ་སྦྱིན་པས་དེས་མ་ལ་ཁྱེར་ཏོ། "
12 ༡༢་ །ཁོང་གི་སློབ་མ་རྣམས་འོངས་ནས་སྤུར་ཁྱེར་ཏེ་དུར་དུ་བཅུག་ནས་ཡེ་ཤུ་ལ་ཞུ་རུ་བཅར་ཏོ།།"
13 ༡༣་ །ཡེ་ཤུས་དེ་གསན་ནས། གྲུའི་ནང་བཞུགས་ཏེ་དབེན་གནས་ཤིག་ཏུ་ཕེབས། མི་ཚོགས་ཀྱིས་དེ་ཐོས་ནས། གྲོང་ཁྱེར་དག་ནས་རྐང་ཐང་ལ་ཁོང་གི་རྗེས་སུ་སོང་ངོ་།"
14 ༡༤་ །ཡེ་ཤུས་སྐམ་ས་ལ་ཕེབས་ནས་མི་ཚོགས་ཆེན་པོ་གཟིགས་ཏེ། སྙིང་རྗེ་འཁྲུངས་ནས་དེ་རྣམས་ཀྱི་ནད་པ་གསོ་བར་མཛད་དོ།"
15 ༡༥་ །ཉི་མ་ཡོལ་བས་སློབ་མ་རྣམས་འོངས་ནས། ས་ཆ་འདི་དབེན་ཞིང་དུས་ཀྱང་ཡོལ་བས། མི་ཚོགས་ལ་ཁ་ཟས་ཉོ་རུ་ཡུལ་ཚོར་འགྲོ་བར་གནོང་ཞིག་ཞུས།"
16 ༡༦་ ཡེ་ཤུས་འགྲོ་མི་དགོས་དེ་རྣམས་ལ་ཁྱེད་རང་གིས་ཟ་རྒྱུ་སྟེར་ཞིག་གསུངས།"
17 ༡༧་ འདིར་བག་ལེབ་ལྔ་དང་ཉ་གཉིས་ལས་ཅིའང་མེད་ཞུས།"
18 ༡༨་ དེ་ངའི་རྩར་ཁུར་ཤོག་གསུངས།"
19 ༡༩་ དེ་ནས་མི་ཚོགས་རྩྭའི་ཁར་སྡོད་པའི་བཀའ་གནང་ནས། བག་ལེབ་ལྔ་དང་ཉ་གཉིས་པོ་ཕྱག་ཏུ་བཞེས། ནམ་མཁར་གཟིགས་ཏེ་སྨོན་ལམ་བཏབ་ནས། བག་ལེབ་བཅག་སྟེ་སློབ་མ་ལ་གནང་། སློབ་མ་ཡིས་མི་ཚོགས་ལ་གནང་ངོ་།"
20 ༢༠་ །ཐམས་ཅད་ཀྱིས་ཟོས་ཏེ་ཚིམ་ནས་ལྷག་པའི་བྲུལ་བུ་ཙེ་པོ་གང་བ་བཅུ་གཉིས་བླངས་སོ།"
21 ༢༡་ །དེར་བུད་མེད་དང་བྱིས་པ་མ་ཐེ་བར་ཟ་མཁན་སྟོང་ལྔ་ཙམ་ཡོད་དོ།།"
22 ༢༢་ །མི་ཚོགས་ལ་དགོངས་པ་གནང་བའི་བར་དུ། སློབ་མ་རྣམས་ལ་འཕྲལ་དུ་གྲུར་ཞུགས་ནས་ཁོང་ལས་སྔོན་དུ་ཕ་རོལ་དུ་འགྲོ་ཕྱིར་ཨུ་ཚུགས་མཛད་དོ།"
23 ༢༣་ །མི་ཚོགས་ལ་དགོངས་པ་གནང་བའི་རྗེས་སུ་སྨོན་ལམ་འདེབས་ཕྱིར་གཅིག་པུར་རི་ལ་ཕེབས་སོ། །མུན་རུབ་ཁར་ཁོང་དེར་གཅིག་པོར་བཞུགས་ཡོད་ཙ་ན།"
24 ༢༤་ གྲུ་མཚོ་དཀྱིལ་དུ་ཡོད་དེ། མི་མཐུན་པའི་རླུང་ལངས་པས། རྦ་རླབས་ཀྱིས་དཀྲུགས་སོ།"
25 ༢༥་ །མཚན་གྱི་ཐུན་བཞི་པ་ལ་ཁོང་མཚོའི་ཁར་ཞབས་འཆག་ཅིང་དེ་རྣམས་ཀྱི་རྩར་ཕེབས་སོ།"
26 ༢༦་ སློབ་མ་རྣམས་ཀྱིས་ཁོང་མཚོའི་ཁར་ཞབས་འཆག་པ་མཐོང་ནས་སྐྲག་སྟེ། ས༷་ཏནའོ་ཟེར་ཞིང་འཇིགས་པས་འབོད་བསྒྲགས་སོ།"
27 ༢༧་ །ཡེ་ཤུས་སེམས་ལྷོད་དེར་སྡོད། ང་ཡིན། མ་འཇིགས་ཤིག་གསུངས།"
28 ༢༨་ པི༷་ཏྲོས་ཞུ་ལན་དུ། ཀྱུ་རི་བོ་ཁྱེད་ལགས་ན། ངའང་ཆུའི་ཁར་འགྲུལ་ནས་ཁྱེད་དྲུང་འོང་བའི་བཀའ་སྩོལ་ཞིག་ཞུས།"
29 ༢༩་ ཁོང་གིས་ཤོག་གསུངས། པེ༷་ཏྲོས་གྲུ་ལས་བབས་ཏེ། ཆུའི་ཁར་འགྲུལ་ཞིང་ཡེ་ཤུའི་དྲུང་དུ་འོང་བ་ལས།"
30 ༣༠་ རླུང་བུ་ མཐོང་སྟེ་འཇིགས་ནས་ནུབ་འགྲོ་བའི་ཚེ། སྐད་ཆེན་པོས། ཀྱུ་རི་བོ་ལགས། ང་སྐྱོབས་ཤིག་ཞུས།"
31 ༣༡་ ཡེ་ཤུས་ཕྱག་བརྐྱངས་ཏེ་ཁོ་བཟུང་ནས། དད་ཆུང་ཁྱོད། ཐེ་ཚོམ་ཅི་ལ་བྱས་གསུངས་སོ།"
32 ༣༢་ །ཁོང་གཉིས་གྲུའི་ནང་དུ་ཕེབས་པ་དང་རླུང་ཆད། གྲུའི་ནང་ཡོད་པ་དག་གིས་ཁོང་ལ་པུས་མོ་ས་ལ་འཛུགས་ནས། བདེན་པར་ཁྱེད་ཨེ་ལོ་ཧིམ་གྱི་སྲས་སོ་ཞུས།"
33 ༣༣་ ཕ་རོལ་དུ་གེ༷་ནེ་ས་རེད་ཡུལ་དུ་ཕེབས།"
34 ༣༤་ དེའི་ཡུལ་པས་ངོ་ཤེས་ནས། ཡུལ་འཁོར་ཐམས་ཅད་ལ་ལོན་བཏང་སྟེ། ནད་པ་ཐམས་ཅད་ཁོང་གི་སྐུ་དྲུང་དུ་འཁྱེར་འོངས།"
35 ༣༥་ ན་བཟའི་ཟུར་ཙམ་ལ་ཐུག་པར་གནོང་ཞུས་ནས། རེག་ཚད་གསོས་སོ།། །།"
1 ༡་ །དེའི་ཚེ་ཕ༷་རུ་ཤི་པ་དང་མོ༷་ཤེའི་བཀའ་ཁྲིམས་མཁས་པ་འགའ་ཤས་ཡེ༷་རུ་ཤ་ལེམ་ནས་ཡེ་ཤུ་མཇལ་དུ་འོངས་ནས།"
2 ༢་ ཁྱེད་ཀྱི་སློབ་མ་རྣམས་ཟན་ཟ་དུས་ལག་པ་མི་འགྲུ་ཞིང་། རྒན་པོའི་གཏམ་རྒྱུད་ཅིའི་ཕྱིར་གཅོག་ཞུས།"
3 ༣་ ཁོང་གིས་ཁྱེད་ཀྱིས་རང་གི་གཏམ་རྒྱུད་ཀྱིས་ཨེ་ལོ་ཧིམ་གྱི་བཀའ་རྒྱ་ཅིའི་ཕྱིར་གཅོག"
4 ༤་ །རང་གི་ཕ་མ་ལ་བཀུར་སྟི་བྱོས་ཤིག །དེས་མ་ཟད་ཕའམ་མ་ལ་སྨད་མཁན་ནི་འཆི་བར་འོས་སོ་ཞེས་ཨེ་ལོ་ཧིམ་གྱིས་བཀའ་གནང་ཡང་།"
5 ༥་ སུ་ཞིག་གིས་རང་གི་ཕ་མ་ལ་ཕུལ་འོས་པའི་ཞབས་ཏོག་དེ་ཨེ་ལོ་ཧིམ་ལ་འབུལ་བར་ཕུལ་ཏོ་ཟེར་ན།"
6 ༦་ ཁོས་ཕ་མ་ལ་བཀུར་སྟི་མི་བྱེད་ཀྱང་ཆོག་ཅེས་ཁྱེད་ཀྱིས་ཟེར་ཏེ། རང་གི་གཏམ་རྒྱུད་ཀྱིས་ཨེ་ལོ་ཧིམ་གྱི་བཀའ་རྒྱ་དོན་མེད་བྱས་སོ།"
7 ༧་ །ཁ་ཆོས་པ་ཁྱེད་ཚོའི་སྐོར་ལ་ཡེ༷་ཤ་ཡཱས།"
8 ༨་ །སྡེ་འདིས་ཁ་ནས་ང་བཀུར་ཡང་། །སྙིང་ནི་ང་ལས་ཐག་རིང་འདུག །ང་ལ་དོན་མེད་པུས་མོ་ས་ལ་འཛུགས་ཞིང་།"
9 ༩་ །མི་ཡི་ཁྲིམས་ཀྱི་བསྟན་པ་སྟོན། ཞེས་ལེགས་པར་ལུང་བསྟན་ཏོ། །གསུངས་སོ།"
10 ༡༠་ །མི་ཚོགས་བོས་ནས་ཁོང་གིས་གསུངས་པ། ཉོན་ལ་གོ་ཞིག"
11 ༡༡་ །ཁའི་ནང་དུ་འགྲོ་བ་དེས་མི་ནི་གྲིབ་ཅན་མི་བྱེད་ཀྱང་། ཁ་ནས་འཐོན་པ་དེས་གྲིབ་ཅན་བྱེད་དོ་གསུངས་སོ།"
12 ༡༢་ །སློབ་མ་རྣམས་འོངས་ནས། ཕ༷་རུ་ཤི་པས་ཁྱེད་ཀྱི་གསུང་འདི་ཐོས་ནས་ལོག་པར་སེམས་པ་དེ་མཁྱེན་ནམ་ཞུས།"
13 ༡༣་ བཀའ་ལན་དུ་ངའི་ནམ་མཁའི་ཡབ་ཀྱིས་མ་བཙུགས་པའི་སྔོ་ཐམས་ཅད་རྩ་བ་ནས་དགོག་པར་འགྱུར་རོ།"
14 ༡༤་ །དེ་དག་ལོང་འཁྲིད་ལོང་བ་ཡིན་ཏེ་འགྲོར་ཆུག །ལོང་བས་ལོང་བ་འཁྲིད་ན་གཉིས་པོ་དོང་ནང་ལྷུང་འོང་གསུངས།"
15 ༡༥་ པེ༷་ཏྲོས་ང་ཚོར་དཔེ་དེ་བཀྲལ་དུ་གསོལ་ཞུས།"
16 ༡༦་ ཁོང་གིས་ཁྱེད་ཚོ་ལའང་ད་དུང་གོ་བ་མེད་དམ།"
17 ༡༧་ ཁའི་ནང་སླེབ་པ་དེ་གྲོད་པའི་ནང་དུ་སོང་ནས། གསང་སྤྱོད་དུ་འདོར་ཡང་།"
18 ༡༨་ ཁ་ནས་འཐོན་པ་དེ་སྙིང་ནས་འོང་བས། མི་ནི་གྲིབ་ཅན་བྱེད་པ་མ་རྟོགས་སམ།"
19 ༡༩་ ཅིའི་ཕྱིར་ཞེ་ན། བསམ་ངན་དང་། མི་གསོད་པ་དང་། ལོག་གཡེམ་དང་། འདོད་ལོག་དང་། རྐུ་བ་དང་། རྫུན་གྱི་དཔང་པོ་དང་། སྐུར་འདེབས་ནི་སྙིང་གི་ནང་ནས་འོང་ངོ་།"
20 ༢༠་ །གྲིབ་ཅན་བྱེད་མཁན་འདི་རྣམས་ཡིན། ལག་པ་མ་འཁྲུ་བར་ཟན་ཟ་བས་ནི་གྲིབ་མི་འཕོག་གོ་གསུངས་སོ།།"
21 ༢༡་ །དེ་ནས་ཡེ་ཤུ་ཚོ༷ར་དང་ཚི༷་དོན་ཡུལ་ཁག་ཏུ་ཕེབས།"
22 ༢༢་ ས་ཆ་དེ་ནས་ཀ༷་ན་ཨན་མ་ཞིག་འོངས་ཏེ། སྐད་ཆེན་པོས་དཱ༷་བིད་ཀྱི་སྲས་ཀྱུ་རི་བོ་ལགས། ང་ལ་སྙིང་རྗེ་མཛོད་ཅིག །ངའི་བུ་མོར་ས༷་ཏན་གྱིས་འཚེའོ་ཞུས་ཀྱང་།"
23 ༢༣་ བཀའ་ལན་ཅིའང་མ་གནང་། སློབ་མ་རྣམས་ཀྱིས། འདིས་ངེད་ཀྱི་ཕྱི་བཞིན་ཀུ་སྒྲ་གཏོང་བས། འགྲོར་གནོང་ཞིག་ཞེས་ཞུས་སོ།"
24 ༢༤་ །བཀའ་ལན་དུ། ང་ནི་ཡེ༷ས་ར་ཨེལ་གྱི་ཁྱིམ་གྱི་ལུག་སྟོར་བ་འབའ་ཞིག་གི་རྩར་མངགས་པ་ཡིན་གསུངས་ཀྱང་།"
25 ༢༥་ མོས་པུས་མོ་ས་ལ་འཛུགས་ཞིང་། ཀྱུ་རི་བོ་ལགས། ང་ལ་སྐྱབས་མཛོད་ཞུས་པའི་ལན་དུ།"
26 ༢༦་ ཕྲུ་གུའི་བག་ལེབ་ལེན་ཏེ་ཁྱི་གུར་དབྱུག་པ་མི་ལེགས་གསུངས།"
27 ༢༧་ མོས་དེ་བཞིན་དུ་ལགས་ཀྱང་ཁྱི་གུས་བདག་པོའི་ལྕོག་ཙེ་ནས་འགྲིལ་བའི་བྲུལ་བུ་ལས་ཟའོ་ཞུས་པའི་ལན་དུ།"
28 ༢༨་ བུ་མོ། ཁྱོད་ཀྱི་དད་པ་ཆེ་སྟེ། ཁྱོད་ཀྱི་འདོད་པ་བཞིན་དུ་འགྱུར་ཅིག་གསུངས། དེ་གསུངས་མ་ཐག་ཏུ་དེའི་བུ་མོ་གསོས་སོ།།"
29 ༢༩་ ཡེ་ཤུ་དེ་ནས་ཕེབས་ཏེ་ག༷་ལིལ་མཚོ་དང་ཉེ་བའི་རི་ལ་བཞུགས་སོ།"
30 ༣༠་ །དེར་མི་ཚོགས་རྣམས་བཅར་ནས་ཞ་བོ། ལོང་བ། ལྐུགས་པ། འཁོང་པོ་ལ་སོགས་པ་མང་པོ་ཁྲིད་དེ་ཞབས་དྲུང་དུ་བཞག་ནས། ཁོང་གིས་དེ་དག་གསོ་བར་མཛད་དོ།"
31 ༣༡་ །ལྐུགས་པས་སྨྲ་བ་དང་། འཁོངས་པ་ཐང་པོ་དང་། ཞ་བོ་འགྲུལ་བ་དང་། ལོང་བས་མཐོང་བ་རྣམས་མི་ཚོགས་ཀྱིས་མཐོང་ནས། ངོ་མཚར་དུ་གྱུར་ཏོ། ཡི༷ས་ར་ཨེལ་གྱི་ཨེ་ལོ་ཧིམ་ལ་བསྟོད་དོ།།"
32 ༣༢་ །ཡེ་ཤུས་སློབ་མ་རྣམས་བོས་ནས་དེ་དག་ལ། མི་ཚོགས་ངའི་རྩར་བསྡད་ནས་ཞག་གསུམ་སོང་། ཟ་རྒྱུ་མེད་པས་ང་སྙིང་རྗེའོ། །ལམ་ལ་བརྒྱལ་ཉེན་ཡོད་དེ། ལྟོགས་རིད་གཏོང་བ་ལ་མི་དགའོ་གསུངས་སོ།"
33 ༣༣་ །སློབ་མ་རྣམས་ཀྱིས། མི་ཚོགས་འདི་ཙམ་ལ་འདང་བའི་བག་ལེབ་ཐང་སྟོང་འདིར་གང་ནས་ཐོབ་འོང་ཞུས།"
34 ༣༤་ ཡེ་ཤུས་བག་ལེབ་ཅི་ཙམ་ཡོད་གསུངས། བདུན་དང་ཉེའུ་ཁ་ཅིག་ཡོད་ཞུས།"
35 ༣༥་ མི་ཚོགས་ལ་ས་ལ་སྡོད་པའི་བཀའ་གནང་ནས།"
36 ༣༦་ བག་ལེབ་བདུན་པོ་དང་ཉ་ཕྱག་ཏུ་བཞེས་ནས། སྨོན་ལམ་འདེབས་ནས་བཅག་སྟེ་སློབ་མ་ལ་གནང་ངོ་། །སློབ་མས་མི་ཚོགས་ལ་གནང་ངོ་།"
37 ༣༧་ །དེར་ཐམས་ཅད་ཀྱིས་ཟོས་ཏེ། ཚིམ་ནས་ལྷག་པའི་འབྲུལ་བུ་ཙེ་པོ་གང་བ་བདུན་བླངས་སོ།"
38 ༣༨་ །བུད་མེད་དང་བྱིས་པ་མ་ཐེ་བར་ཟ་མཁན་སྟོང་བཞི་ཡོད་དོ།"
39 ༣༩་ །དེ་ནས་ཡེ་ཤུས་མི་ཚོགས་ལ་དགོངས་པ་གནང་ནས། གྲུའི་ནང་བཞུགས་ཏེ། མ༷ག་ད་ལ་ཡུལ་འཁོར་དུ་ཕེབས་སོ།། །།"
1 ༡་ །ཕ༷་རུ་ཤི་པ་དང་ས༷ད་དུ་ཀི་པ་རེ་བཅར་ནས། ཁོང་ཐུགས་སད་པའི་ཕྱིར། ནམ་མཁའ་ནས་ལྟས་ཤིག་སྟོན་ཕྱིར་ཞུས་པའི་ལན་དུ།"
2 ༢་ ཕྱི་དྲོ་སྦྲིན་དམར་འཁོར་ན། ཁྱེད་ཀྱིས་གནམ་དྭངས་འོང་ཟེར།"
3 ༣་ སྔ་དྲོ་སྦྲིན་དམར་འཁོར་ཞིང་དཀྲིགས་ན། རླུང་ཚུབ་འོང་ཟེར་ཞིང་། གནམ་གྱི་མདོག་རྟོགས་ཀྱང་དུས་ཀྱི་ལྟས་མི་རྟོགས་སམ།"
4 ༤་ མི་རབས་ངན་པ་གཡེམ་པོ་འདིས་ལྟས་འཚོལ་ཡང་། ཕ༷་རོ་པེ་ཏེ་པ་ཡོ༷་ནཱའི་ལྟས་མ་གཏོགས་པར་ལྟས་གཞན་གཏོང་བར་མི་བྱ་གསུངས་ནས་དེ་དག་བོར་ཞིང་ཕེབས་སོ།།"
5 ༥་ །ཕ་རོལ་དུ་ཕེབས་དུས་སུ་སློབ་མ་རྣམས་ལ་བག་ལེབ་འཁྱེར་བ་མརྗེད།"
6 ༦་ ཡེ་ཤུས་ཕ༷་རུ་ཤི་པ་དང་ས༷ད་དུ་ཀི་པའི་སྐྱུར་རྩི་ལས་ཟོན་བྱོས་ཤིག་གསུངས།"
7 ༧་ ངེད་ཀྱིས་བག་ལེབ་ཁྱེར་མེད་ཟེར་ཞིང་སློབ་མ་རྣམས་གླེང་ངོ་།"
8 ༨་ །ཡེ་ཤུས་དེ་མཁྱེན་ནས། དད་ཆུང་ཁྱེད། བག་ལེབ་ཁྱེར་མེད་ཟེར་ཞིང་ཅིའི་ཕྱིར་གླེང་།"
9 ༩་ ད་དུང་འང་མི་གོའམ། མི་སྟོང་ལྔའི་བག་ལེབ་ལྔ་པོ་དང་། ཙེ་པོ་ཅི་ཙམ་བསྡུས་པ་མི་དྲན་ནམ།"
10 ༡༠་ མི་སྟོང་བཞིའི་བག་ལེབ་བདུན་པོ་དང་ཙེ་པོ་ཅི་ཙམ་བསྡུས་པ་ཡིད་ལ་མེད་དམ།"
11 ༡༡་ ངས་བག་ལེབ་ཀྱི་གཏམ་མི་བྱེད་པ་ཅིའི་ཕྱིར་མི་གོ །ཕ༷་རུ་ཤི་པ་དང་ས༷ད་དུ་ཀི་པའི་སྐྱུར་རྩི་ལས་ཟོན་བྱོས་ཤིག་གསུངས།"
12 ༡༢་ དེ་ནས་བག་ལེབ་ཀྱི་སྐྱུར་རྩི་ལས་མ་ཡིན་པར། ཕ༷་རུ་ཤི་པ་དང་ས༷ད་དུ་ཀི་པའི་བསླབ་བྱ་ལས་ཟོན་བྱེད་གསུངས་པར་གོའོ།།"
13 ༡༣་ །ཀེ༷་སར་ཡཱ་ཕི༷་ལིབ་པི་ཞེས་པའི་ལྗོངས་སུ་བྱོན་པའི་ཚེ། ཡེ་ཤུས་སློབ་མ་རྣམས་ལ། མི་རྣམས་ཀྱིས་མིའི་བུ་སུ་ཡིན་ཟེར་ཞེས་བཀའ་འདྲི་མཛད་པས།"
14 ༡༤་ ལ་ལས་བ༷བ་ཐི་སོ་གནང་མཁན་ཡོ༷་ཧ་ནན། ལ་ལས། ཨེ༷་ལི་ཡཱ། ལ་ལས་ཡེ༷་རེམ་ཡཱ་ཡང་ན་ཕ༷་རོ་པེ་ཏེ་པ་ཞིག་ཡིན་ཞུའོ་ཞུས།"
15 ༡༥་ ཁྱེད་ཚོས་ང་སུ་ཡིན་ཟེར་གསུངས།"
16 ༡༦་ ཤི་མོན་པེ༷་ཏྲོས། ཁྱེད་ནི་ཨེ་ལོ་ཧིམ་གསོན་པོའི་སྲས་མ་ཤི་ཀ་དེ་ཡིན་ནོ་ཞུས་པའི་བཀའ་ལན་དུ།"
17 ༡༧་ འདི་ནི་ཁྱེད་ལ་ཤ་དང་ཁྲག་གིས་མ་ཡིན་པར་ངའི་ནམ་མཁའི་ཡབ་ཀྱིས་མངོན་པར་མཛད་པས། ཡོ༷་ནའི་བུ་ཤི༷་མོན་ཁྱེད་བདེའོ།"
18 ༡༨་ །ངས་ཁྱེད་ལ་ཟེར་ཁྱེད་ལ་པེ༷་ཏྲོ་འམ་བྲག་ཅེས་བྱ་སྟེ། བྲག་འདིའི་ཁར་ངས་ཉིད་ཀྱི་མ་ཤི་ཀ་པ་ཚོགས་བརྩིག་སྟེ། དེ་ལས་གཤིན་རྗེའང་རྒྱལ་བར་མི་འགྱུར།"
19 ༡༩་ ངས་ནམ་མཁའི་རྒྱལ་སྲིད་ཀྱི་ལྡེ་ མིག་ཁྱེད་ལ་གཏོང་བས། ཁྱེད་ཀྱིས་ས་ལ་བཅིང་བ་དེ་ནམ་མཁའ་ལའང་བཅིངས་པ་རྩི་འོང་། ས་ལ་སྒྲོལ་བ་དེ་ནམ་མཁའ་ལའང་སྒྲོལ་བ་རྩི་འོང་གསུངས།"
20 ༢༠་ ཡང་སློབ་མ་རྣམས་ལ་ང་ནི་མ་ཤི་ཀ་ཡིན་པ་སུ་ལའང་མ་ཟེར་ཞེས་བཀའ་གནང་ངོ་།།"
21 ༢༡་ དེང་ཕྱིན་ཆད་ཡེ་ཤུས་སློབ་མ་རྣམས་ལ། ང་ནི་ཡེ༷་རུ་ཤ་ལེམ་དུ་འགྲོ་བ་དང་། རྒན་མི་དང་ལེ༷་ཝི་ཆེན་དང་མོ༷་ཤེའི་བཀའ་ཁྲིམས་མཁས་པ་རྣམས་ལས་སྡུག་བསྔལ་མང་པོ་མྱོང་བ་དང་། གསོད་པ་དང་། ཞག་གསུམ་པ་ལ་གསོན་པོར་ལང་དགོས་ཞེས་གསུང་བ་ལ་ཞུགས་པས།"
22 ༢༢་ པེ༷་ཏྲོས་ཁོང་སོ་སོར་གདན་དྲངས་ནས། ཀྱུ་རི་བོ་ལགས། དེ་མ་སྲིད་ཅིག །ཁྱེད་ལ་དེ་འདྲ་ནམ་ཡང་མི་འབྱུང་ཟེར་སྟིངས་ཚིག་སྒྲོགས་སོ།"
23 ༢༣་ །ཁོང་གིས་ཞལ་བསྒྱུར་ཏེ་པེ༷་ཏྲོ་ལ། ས༷་ཏན་ཁྱོད། རྒྱབ་ཏུ་ནུར། ཁྱོད་ཀྱི་བསམ་པ་ཨེ་ལོ་ཧིམ་བཞིན་མ་ཡིན་པར་མི་བཞིན་ཡིན་པས། ཁྱོད་ངའི་བར་ཆད་དུ་འདུག་གོ་གསུངས་སོ།།"
24 ༢༤་ སློབ་མ་རྣམས་ལ། ངའི་རྗེས་སུ་འབྲང་བར་འདོད་པ་དེས། བདག་འཛིན་སྤོང་ལ། རང་གི་རྒྱང་ཤིང་འཁུར་ཞིང་ངའི་ཕྱི་བཞིན་འབྲོངས།"
25 ༢༥་ རང་སྲོག་སྐྱོབ་འདོད་པ་དེས་བསྐྱལ། ངའི་དོན་སྲོག་བསྐྱལ་བ་དེས་བརྙེད།"
26 ༢༦་ མི་ལ་འཇིག་རྟེན་ཧྲིལ་པོ་ཐོབ་ཀྱང་། རང་སྲོག་བརླག་ན་ཅི་ཕན། རང་གི་སྲོག་ཅི་དང་བརྗེ།"
27 ༢༧་ མིའི་བུ་ནི་ཉིད་ཀྱི་ཡབ་ཀྱི་གཟི་བརྗིད་ནང་ཨ༷ན་ཇལ་དང་བཅས་སུ་འབྱོན་ཞིང་། རེ་རེ་ལ་དེའི་ལས་དང་བསྟུན་ཏེ་ལན་གནང་འོང་།"
28 ༢༨་ མིའི་བུ་རྒྱལ་པོའི་དབང་ནང་འབྱོན་པ་མ་མཇལ་བའི་བར་དུ་འདིར་ཡོད་པ་ཁ་ཅིག་གིས། འཆི་བ་མི་མྱོང་བས་ངས་བདེན་པར་ཟེར་ཞེས་གསུངས་སོ།། །།"
1 ༡་ །།ཞག་དྲུག་གི་རྗེས་སུ། ཡེ་ཤུས་པེ༷་ཏྲོ་དང་ཡ༷་ཀོབ་དང་དེའི་ནུ་བོ་ཡོ༷་ཧ་ནན་འཁྲིད་ནས། རི་མཐོན་པོ་ཞིག་ལ་སོ་སོར་ཕེབས་སོ།"
2 ༢་ །དེ་དག་གི་མདུན་དུ་ཁོང་གི་སྐུ་དབྱིབས་གྱུར་ཏོ། ཞལ་ཉི་མ་ལྟར་འོད་འཕྲོ་ཞིང་། ན་བཟའ་འོད་དཀར་པོ་ལྟར་གྱུར་ཏོ།"
3 ༣་ །ཡང་མོ༷་ཤེ་དང་ཨེ༷་ལི་ཡཱ་མཉམ་དུ་གསུང་གླེང་མཛད་པར་མཇལ་ཏོ།"
4 ༤་ །པེ༷་ཏྲོས་ཡེ་ཤུ་ལ། ཀྱུ་རི་བོ་ལགས། ངེད་ཅག་འདིར་གཞུགས་པ་ལེགས། ཁྱེད་ཐུགས་དགྱེས་ན་ངས་འདིར་གཟིམ་གུར། ཁྱེད་ལ་གཅིག་དང་། མོ༷་ཤེ་ལ་གཅིག །ཨེ༷་ལི་ཡཱ་ལ་གཅིག་སྟེ་གསུམ་ཕུབ་འོང་ཞུ་བའི་འཕྲོ་ལ།"
5 ༥་ སྤྲིན་མདངས་ཅན་ཞིག་གིས་དེ་དག་ལ་བསྒྲིབས་པ་དང་། སྤྲིན་གྱི་ནང་ནས་སྒྲ་ཞིག་གིས། འདི་ནི་ང་དགའ་བའི་སྲས་གཅིག་པུ་ཡིན། ཁོང་ལ་ཉོན་ཅིག་ཅེས་གསུངས་པ།"
6 ༦་ དེ་ཐོས་ནས་སློབ་མ་རྣམས་ཁ་བུབ་ཏུ་འགྱེལ་ཏེ། ཤིན་ཏུ་འཇིགས་སོ།"
7 ༧་ །ཡེ་ཤུ་བྱོན་ཏེ་ཕྱག་རེག་ནས། ལོངས། མ་འཇིགས་ཤིག་གསུངས།"
8 ༨་ བལྟས་པ་ལས་ཡེ་ཤུ་གཅིག་པུ་མ་གཏོགས་སུའང་མ་མཐོང་ངོ་།།"
9 ༩་ །རི་ལས་འབབ་པའི་ཚེ། ཡེ་ཤུས། མིའི་བུ་གཤིན་པོའི་ཁྲོད་ལས་མ་བཞེང་བའི་བར་དུ། ཁྱེད་ཚོས་མཐོང་བ་འདི་སུ་ལའང་མ་འཆད་ཅེས་བཀའ་གནང་ངོ་།"
10 ༡༠་།སློབ་མ་རྣམས་ཀྱིས། མོ༷་ཤེའི་བཀའ་ཁྲིམས་མཁས་པ་དག་གིས་ཨེ༷་ལི་ཡཱ་སྔོན་དུ་ཕེབས་དགོས་ཅིའི་ཕྱིར་ཟེར་ཞུས་པའི་བཀའ་ལན་དུ།"
11 ༡༡་ ཨེ༷་ལི་ཡཱ་འབྱོན་ཞིང་ཐམས་ཅད་གསོ་འོང་ཟེར་བ་བདེན་པ་ཡིན།"
12 ༡༢་ འོན་ཀྱང་ཨེ༷་ལི་ཡཱ་བྱོན་ཟིན་ཞེས་ངས་ཟེར། དེ་རྣམས་ཀྱིས་ཁོང་ངོ་མ་ཤེས་པར། ཁོང་ལ་དེ་ཚོས་རང་གི་བློ་འདོད་བཞིན་བྱས་སོ། །དེ་བཞིན་དུ་མིའི་བུའང་དེ་རྣམས་ཀྱི་ལག་ནས་མནར་འོང་གསུངས།"
13 ༡༣་ དེ་ནས་བ༷བ་ཐི་སོ་གནང་མཁན་ཡོ༷་ཧ་ནན་གྱི་སྐོར་དུ་གསུང་བ་དེ་རྣམས་ཀྱིས་གོའོ།།"
14 ༡༤་ །མི་ཚོགས་ཀྱི་རྩར་ཕེབས་པའི་ཚེ། མི་ཞིག་སྐུ་དྲུང་དུ་འོངས་ཏེ། པུས་མོ་ས་ལ་བཙུགས་ནས།"
15 ༡༥་ ཀྱུ་རི་བོ་ལགས། ངའི་བུ་ལ་སྙིང་རྗེ་མཛོད་ཅིག །ཁོ་སྨྱོ་ཞིང་རེས་འགའ་མེའི་ནང་དུ་འགྲིལ། རེས་འགའ་ཆུའི་ནང་དུ་འགྱེལ་ཞིང་ཤིན་ཏུ་མནར་རོ།"
16 ༡༦་ །ཁྱེད་ཀྱི་སློབ་མ་རྣམས་ཀྱི་དྲུང་དུ་ཁྱེར་ཀྱང་གསོ་མ་ཐུབ་ཞུས་སོ།"
17 ༡༧་ །ཡེ་ཤུས་མི་རབས་དད་མེད་དང་བསམ་བརླག་ཁྱོད། ང་ཁྱོད་མཉམ་དུ་ནམ་ཐུག་སྡོད། ཁྱོད་ལ་ནམ་ཐུག་བཟོད་པར་བྱ། ཁོ་ཁྲིད་ཤོག་གསུངས།"
18 ༡༨་ ཡེ་ཤུས་བཀའ་བཀྱོན་མཛད་པ་དང་། ས༷་ཏན་ནི་དེའི་ནང་ནས་ཐོན་པས། དེ་ཕྱིན་ཆད་ཁྱེའུ་གསོས་སོ།"
19 ༡༩་ །དེ་ནས་སློབ་མ་རྣམས་ཡེ་ཤུའི་སྐུ་དྲུང་དུ་ཟུར་དུ་བཅར་ནས། ངེད་ཀྱིས་ས༷་ཏན་དེ་ཅིའི་ཕྱིར་སྐྲད་མ་ཐུབ་པ་ཡིན་ཞུས།"
20 ༢༠་ ཁོང་གིས། ཁྱེད་ཀྱི་དད་པ་ཆུང་བས་སོ། །གལ་ཏེ་ཁྱོད་ལ་ཡུངས་འབྲུ་ཙམ་གྱི་དད་པ་ཞིག་ཡོད་ནའང་རི་འདི་ལ་འདི་ནས་དེར་སོང་ཟེར་ན་དེ་འགྲོ་བར་འགྱུར། ཁྱེད་ལ་མི་ཐུབ་པ་ཅིའང་མེད་པས་ངས་བདེན་པར་ཟེར་ཞེས་གསུངས་སོ།།"
21 ༢༡་ །ག༷་ལིལ་དུ་བཞུགས་པའི་ཚེ། སློབ་མ་རྣམས་ལ་འདི་སྐད་ཅེས། མིའི་བུ་མི་རྣམས་ཀྱི་ལག་ཏུ་གཏད་དེ།"
22 ༢༢་ ཁོང་འགྲོང་བར་འགྱུར། ཞག་གསུམ་པ་ལ་སྐུ་གསོན་པོར་བཞེང་བར་འགྱུར་ཞེས་གསུངས་པས་དེ་རྣམས་ཤིན་ཏུ་མྱ་ངན་དུ་གྱུར་ཏོ།།"
23 ༢༣་ །ཀ༷་ཕར་ན་ཧུམ་དུ་ཕེབས་པའི་ཚེ། ཆོས་ཁྲལ་བསྡུ་མཁན་རྣམས་པེ༷་ཏྲོའི་རྩར་འོངས་ཏེ། ཁྱེད་ཀྱི་སློབ་དཔོན་གྱིས་ཁྲལ་མི་འཇལ་ལམ་ཞེས་དྲིས།"
24 ༢༤་ འཇལ་ལོ་སྨྲས་སོ། །པེ༷་ཏྲོ་ཁང་པར་འོང་བ་དང་། པེ༷་ཏྲོས་མ་ཞུས་པའི་སྔོན་ལ་ཡེ་ཤུས། ཤི༷་མོན། ཅི་ལྟར་སེམས། སའི་རྒྱལ་པོས་ཤོ་གམ་མམ་ཁྲལ་སུ་ནས་ལེན། རང་གི་བུ་ནས་ལེན་ནམ་གཞན་ནས་ལེན་གསུངས་པས།"
25 ༢༥་ དེས་གཞན་ནས་ལེན་ཞུས། ཡེ་ཤུས་དེའི་ཕྱིར་བུ་ཐར་རོ།"
26 ༢༦་ །འོན་ཀྱང་དེ་དག་དད་པ་མི་ལོག་ཕྱིར། མཚོར་སོང་ལ་ལྕགས་ཀྱུ་དབྱུག །ཉ་དང་པོ་བླངས་པ་དེའི་ཁ་ཕྱེས་དང་། དངུལ་དི༷་ནར་གཅིག་ཐོབ་འོང་། དེ་འཁྱེར་ནས་ངེད་གཉིས་ཀྱི་ཕྱིར་དེ་དག་ལ་ཐོང་གསུངས་སོ།། །།"
1 ༡་ །དེའི་ཚེ་སློབ་མ་རྣམས་སྐུ་དྲུང་དུ་བཅར་ནས། ནམ་མཁའི་རྒྱལ་སྲིད་ནང་ཆེ་ཤོས་དེ་སུ་ཡིན་ཞུས།"
2 ༢་ ཡེ་ཤུས་བྱིས་པ་ཞིག་བོས་ཏེ། དེ་དག་གི་དཀྱིལ་དུ་བཞག་ནས།"
3 ༣་ ཁྱེད་ཚོ་སེམས་བསྒྱུར་ཏེ། བྱིས་པ་དང་འདྲ་བར་མི་འགྱུར་ན། ནམ་མཁའི་རྒྱལ་སྲིད་ནང་ཅིས་ཀྱང་མི་ཆུད།"
4 ༤་ བྱིས་པ་འདི་དང་འདྲ་བར་ཆུང་ངུ་འགྱུར་བ་དེ་ནམ་མཁའི་རྒྱལ་སྲིད་ནང་ཆེ་བ་ཡིན།"
5 ༥་ ངའི་མཚན་རྗོད་ཅིང་འདི་འདྲ་བའི་བྱིས་པ་གཅིག་བསྙེན་པ་དེས་ང་བསྙེན།"
6 ༦་ ང་ལ་དད་པའི་ཆུང་ངུ་འདི་རྣམས་ཀྱི་ནང་ནས་གཅིག་དད་པ་ལོག་འཇུག་པ་དེའི་སྐེ་ལ་རང་འཐག་གི་རྡོ་ཆེན་པོ་བཏགས་ཏེ། རྒྱ་མཚོའི་གཏིང་དུ་སྐྱུར་ན་ཁོའི་ཕྱིར་ལེགས།"
7 ༧་ བསླུ་ཁྲིད་རྣམས་ཀྱི་ཕྱིར་འཇིག་རྟེན་ལ་སྙིང་རེ་རྗེ། བསླུ་ཁྲིད་འབྱུང་དགོས་ཀྱང་། བསླུ་མཁན་དེ་ལ་སྙིང་རེ་རྗེ།"
8 ༨་ ལག་པའམ་རྐང་པས་ཁྱོད་དད་པ་ལོག་ཏུ་འཇུག་ན། བཅད་དེ་རྒྱང་དུ་དབྱུག །ལག་པ་གཉིས་སམ་རྐང་པ་གཉིས་མཉམ་དུ་གཏན་གྱི་མེའི་ནང་སྐྱུར་བ་ལས། ལག་རྡུམ་མམ་ཞ་བོར་གྱུར་ནས་མི་ཚེ་རྒྱུན་དུ་པའི་ནང་འཇུག་པ་ཁྱོད་ཕྱིར་ལེགས།"
9 ༩་ མིག་གིས་ཁྱོད་དད་པ་ལོག་ཏུ་འཇུག་ན། བཏོན་ཏེ་རྒྱང་དུ་དབྱུག །མིག་གཉིས་དང་བཅས་དམྱལ་བའི་མེའི་ནང་སྐྱུར་བ་ལས། མིག་གཅིག་དང་མཉམ་མི་ཚེ་རྒྱུན་དུ་པའི་ནང་འཇུག་པ་ཁྱོད་ཕྱིར་ལེགས་སོ།"
10 ༡༠་ །ཆུང་ངུ་འདི་རྣམས་ཀྱི་ནང་ནས་གཅིག་ལའང་མ་བརྙས་ཤིག །དེ་རྣམས་ཀྱི་ཨ༷ན་ཇལ་གྱིས་ནམ་མཁའི་ནང་ངའི་ཡབ་རྒྱུན་དུ་མཇལ་ལོ་ངས་ཟེར།།"
11 ༡༡་ །ཅི་སེམས། ལུག་བརྒྱ་ཡོད་པ་ཞིག་ལ་གཅིག་སྟོར་ན། གོ་དགུ་དེ་བཞག་ནས། རི་ལ་སོང་ནས་སྟོར་བ་དེ་མི་འཚོལ་ལམ།"
12 ༡༢་ གལ་ཏེ་སྟོར་བ་དེ་ཐོབ་ན། མ་སྟོར་བའི་གོ་དགུ་ལས་ལུག་འདིའི་ཕྱིར་ལྷག་པར་དགའ་བར་འགྱུར་ཞེས་ངས་བདེན་པར་ཟེར།"
13 ༡༣་ དེ་ལྟར་ཁྱེད་ཀྱི་ནམ་མཁའི་ཡབ་ནི། ཆུང་ངུ་འདི་རྣམས་ཀྱི་ནང་ནས་གཅིག་ཀྱང་སྟོར་བར་མི་མཉེས་སོ།།"
14 ༡༤་ །ཁྱོད་ཀྱི་སྤུན་གྱིས་ཉེས་པ་བྱེད་ན། སོང་ལ་གཅིག་པུ་ཡོད་སར་བསླབ་བྱ་ཐོང་ཞིག །ཉན་ན་རང་གི་སྤུན་བརྙེད་པ་ཡིན།"
15 ༡༥་ མི་ཉན་ན་དཔང་པོ་གཉིས་གསུམ་གྱིས་གཏམ་རྣམས་ནན་ཏན་བྱེད་པའི་ཕྱིར། རང་དང་མཉམ་དུ་སྤུན་གཅིག་གཉིས་ཁྲིད་ཅིག"
16 ༡༦་ དེ་དག་ལའང་མི་ཉན་ན། མ་ཤི་ཀ་པ་ཚོགས་ལ་ཞུས་ཤིག། །མ་ཤི་ཀ་པ་ཚོགས་ལའང་མི་ཉན་ན། ཁོ་ཨེ་ལོ་ཧིམ་ངོ་མ་ཤེས་པ་དང་ཤོ་གམ་པ་འདྲ་བར་རྩིས་ཤིག"
17 ༡༧་ ཁྱོད་ཀྱིས་ས་ལ་བཅིང་བ་དེ་ནམ་མཁའ་ལའང་བཅིངས་པར་བརྩི་འོང་། ས་ལ་སྒྲོལ་བ་དེ་ནམ་མཁའ་ལའང་སྒྲོལ་བར་བརྩི་འོང་ཞེས་ངས་བདེན་པར་ཟེར།"
18 ༡༨་ ས་རུ་ཇི་ཞིག་ཞུ་བར་ཁྱོད་ཀྱི་ནང་ནས་གཉིས་ཁ་འཆམ་ན། ནམ་མཁའི་ངའི་ཡབ་ཀྱིས་གནང་བར་འགྱུར་རོ་ཞེས་ངས་ཟེར།"
19 ༡༩་ ཅིའི་ཕྱིར་ཞེ་ན། གང་དུ་གཉིས་སམ་གསུམ་ངའི་མཚན་འཁུར་ཞིང་འཛོམས་ན། དེར་ངའང་དེ་དག་གྱི་དཀྱིལ་དུ་ཡོད་གསུངས་སོ།།"
20 ༢༠་ །དེའི་ཚེ་པེ༷་ཏྲོས། ཀྱུ་རི་བོ་ལགས། ངའི་སྤུན་གྱིས་ང་ཉེས་ན། ལན་ཇི་ཙམ་གྱི་བར་དུ་བཟོད་པར་བྱ། ལན་བདུན་ནམ་ཞུས།"
21 ༢༡་ ཡེ་ཤུས་ངས་ནི་ལན་བདུན་མི་ཟེར། བདུན་ཅུ་འགྱུར་བདུན་ཟེར་རོ།"
22 ༢༢་ །དེའི་ཕྱིར་ནམ་མཁའི་རྒྱལ་སྲིད་ནི་རྒྱལ་པོ་ཞིག་གིས་རང་གི་གཡོག་པོ་རྣམས་དང་རྩིས་བྱེད་འདོད་པ་དང་འདྲ་སྟེ།"
23 ༢༣་ རྩིས་བྱེད་པར་ཚུགས་ནས། རྡོ་ཚད་ཁྲི་ཚོ་གཅིག་གི་བུ་ལོན་པ་ཞིག་དེའི་རྩར་འཁྲིད་འོངས།"
24 ༢༤་ དེ་ལ་འཇལ་རྒྱུ་མེད་པས། དཔོན་པོས་ཁོ་དང་། ཆུང་མ་བུ་ཕྲུག་དང་། ཇི་ཡོད་པ་ཐམས་ཅད་བཙོང་སྟེ། བུ་ལོན་འཇལ་བའི་བཀའ་གནང་ངོ་།"
25 ༢༥་ །གཡོག་པོས་ལུས་ས་ལ་བརྡབས་ཏེ། དུས་འགྱང་གནོང་ཞིག་ཐམས་ཅད་འཇལ་འོང་ཞུས།"
26 ༢༦་ དཔོན་པོས་སྙིང་རྗེ་ནས། ཁོ་བཏང་བས་མ་ཟད་ཁོའི་བུ་ལོན་ཡང་བསལ་ཏོ།"
27 ༢༧་ །གཡོག་པོ་དེ་ཐོན་ནས། དི༷་ནཱར་བརྒྱ་ལེན་དགོས་ཡོད་པའི་གཡོག་གྲོགས་ཤིག་དང་འཕྲད་ནས། ཁོའི་སྐེ་ནས་བཟུང་སྟེ། ངའི་བུ་ལོན་འཇོལ་ཞིག་ཟེར།"
28 ༢༨་ གཡོག་གྲོགས་དེས་ལུས་ས་ལ་བརྡབས་ཏེ། དུས་འགྱང་གནོང་ཞིག་འཇལ་འོང་ཟེར་ཞིང་བཅོལ་ཀྱང་།"
29 ༢༩་ ཁོ་མ་ཉན་པར་སོང་ནས། བུ་ལོན་འཇལ་བའི་བར་དུ་བཙོན་དུ་བཅུག་གོ"
30 ༣༠་ །ཁོའི་གཡོག་གྲོགས་རྣམས་ཀྱིས་དེ་མཐོང་ནས་ཤིན་ཏུ་སྐྱོ་སྟེ། དཔོན་པོ་ལ་གནས་ཚུལ་ཐམས་ཅད་བཤད་དོ།"
31 ༣༡་ །དཔོན་པོས་གཡོག་པོ་དེ་བོས་ནས། གཡོག་པོ་ངན་པ་ཁྱོད། ཁྱོད་ཀྱིས་བཅོལ་བས་ངས་ཁྱོད་ཀྱི་བུ་ལོན་ཐམས་ཅད་བསལ་བ་ཡིན།"
32 ༣༢་ ངས་ཁྱོད་ལ་སྙིང་རྗེ་བྱས་པ་ལྟར། ཁྱོད་ཀྱིས་ཀྱང་རང་གི་གཡོག་གྲོགས་ལ་སྙིང་རྗེ་བྱེད་མི་འོས་སམ་སྨྲས་ནས།"
33 ༣༣་ ཁྲོས་ཏེ་བུ་ལོན་མ་འཁོར་བའི་བར་དུ་བཙོན་སྲུང་གི་ལག་ཏུ་བཏད་དོ།"
34 ༣༤་ །ཁྱོད་ཀྱང་རང་གི་སྤུན་གྱི་ཉེས་པ་སྙིང་ནས་བསལ་བར་མི་བྱེད་ན། ངའི་ནམ་མཁའི་ཡབ་ཀྱིས་ཁྱོད་ལ་དེ་བཞིན་དུ་མཛད་འོང་། ཞེས་གསུངས་སོ།། །།"
1 ༡་ །ཞལ་གདམས་གནང་ཟིན་པ་དང་། ཡེ་ཤུ་ག༷་ལིལ་ནས་ཡོ༷ར་དན་གྱི་ཕ་རོལ་དུ་ཡ༷་ཧུ་དཱ་ཡུལ་འཁོར་དུ་ཕེབས་སོ།"
2 ༢་ །མི་ཚོགས་རྣམས་ཁོང་གི་རྗེས་སུ་འབྲངས་ནས་དེར་གསོ་བར་མཛད་དོ།"
3 ༣་ ཚོད་ལྟ་བའི་ཕྱིར་ཕ༷་རུ་ཤི་པ་རེ་འོངས་ནས་ཁོང་ལ། རྒྱུ་མཚན་གང་གིས་ཀྱང་ཆུང་མ་འཕྲལ་ཆོག་གམ་ཞུས།"
4 ༤་ བཀའ་ལན་དུ། མཛད་པ་པོས་ཐོག་མ་ནས་དེ་དག་སྐྱེས་པ་དང་བུད་མེད་དུ་མཛད་པས།"
5 ༥་ སྐྱེས་པས་ཕ་མ་སྤངས་ནས་ཆུང་མ་དང་འགྲོགས་ཤིང་། དེ་གཉིས་གཅིག་ཏུ་འགྱུར་འོང་གསུངས་པ་དེ་མ་བཀླགས་སམ།"
6 ༦་ དེ་ལྟར་དེ་ཚོ་གཉིས་མིན་ཏེ་གཅིག་ཡིན་པས། ཨེ་ལོ་ཧིམ་གྱིས་སྦྲེལ་བ་དེ་མིས་འཕྲལ་མི་ཆོག་གསུངས།"
7 ༧་ དེས་ན་ཆུང་མ་དེ་འཕྲལ་ཕྱིར་འབྲལ་ཡིག་བཏོང་དགོས་ཞེས་མོ༷་ཤེས་ཅིའི་ཕྱིར་བཀའ་གནང་ངོ་ཞུས།"
8 ༨་ ཁྱེད་ཚོའི་སྙིང་གྱོང་པོ་ཡིན་པས། མོ༷་ཤེས་ཁྱེད་ལ་ཆུང་མ་འཕྲལ་བའི་དགོངས་པ་གནང་ཡང་། ཐོག་མ་ནས་དེ་ལྟར་མེད་པ་ཡིན།"
9 ༩་ ལོག་གཡེམ་མ་ཡིན་པར་རྒྱུ་མཚན་གཞན་གྱི་ཕྱིར་ཆུང་མ་དེ་འཕྲལ་ཏེ། གཞན་ཞིག་ལེན་པ་དེས་ལོག་གཡེམ་བྱེད་དོ་ངས་ཟེར། ཞེས་གསུངས་སོ།"
10 ༡༠་ སློབ་མ་རྣམས་ཀྱིས། ཁྱོ་ཤུག་གཉིས་ཀྱི་ཚུལ་འདི་འདྲ་ཡོད་ན་ཁྱིམ་ཐབ་བྱེད་པ་མི་ལེགས་ཞུས་པས།"
11 ༡༡་ སྐལ་བ་དང་ལྡན་པས་མ་གཏོགས་ཐམས་ཅད་ཀྱིས་ཚིག་འདི་བླང་མི་ནུས་སོ།"
12 ༡༢་ །ཁ་ཅིག་མའི་མངལ་ནས་ཉུག་རུམ་དུ་སྐྱེ། ཁ་ཅིག་མི་རྣམས་ཀྱིས་ཉུག་རུམ་དུ་བྱེད། ཁ་ཅིག་གིས་ནམ་མཁའི་རྒྱལ་སྲིད་ཀྱི་དོན་དུ་རང་ཉུག་རུམ་འདྲ་བར་བྱེད། བླང་ནུས་པས་བློངས་ཤིག་གསུངས་སོ།།"
13 ༡༣་ །དེའི་ཚེ་བྱིས་པ་རེ་ལ་ཕྱག་རེག་གི་ཕྱིར་སྐུ་དྲུང་དུ་སྐྱེལ་བས། སློབ་མས་བཀག་པ་ལས།"
14 ༡༤་ ཡེ་ཤུས་བྱིས་པ་མི་འགེགས་པར་ངའི་རྩར་འོང་ཆུག ནམ་མཁའི་རྒྱལ་སྲིད་ནི་འདི་འདྲ་བ་རྣམས་ཀྱི་ཡིན་གསུང་ཞིང་།"
15 ༡༥་ དེ་རྣམས་ལ་ཕྱག་བཞག་ནས་དེ་ནས་ཕེབས་སོ།།"
16 ༡༦་ །མི་ཞིག་སྐུ་དྲུང་དུ་འོངས་ནས། རྒན་ལགས། མི་ཚེ་རྒྱུན་དུ་པ་ཐོབ་པའི་ཕྱིར་ངས་བཟང་པོ་ཅི་བྱ་ཞུས།"
17 ༡༧་ ཁོང་གིས་བཟང་པོའི་སྐོར་ང་ལ་ཅིའི་ཕྱིར་འདྲི། བཟང་པོ་ནི་གཅིག་གོ །མི་ཚེ་རྒྱུན་དུ་པའི་ནང་འཇུག་པར་འདོད་ན། བཀའ་རྒྱ་རྣམས་སྲུངས་ཤིག་གསུངས།"
18 ༡༨་ །གང་དག་ཞུས། ཡེ་ཤུས། མི་མ་གསོད། ལོག་གཡེམ་མ་བྱེད། མ་རྐུ། རྫུན་གྱི་དཔང་པོ་མ་བྱེད།"
19 ༡༩་ ཕ་མ་ལ་བཀུར་སྟི་བྱོས། རང་དང་འདྲ་བར་ཁྱིམ་མཚེས་ལ་གཅེས་པར་བྱོས་གསུངས།"
20 ༢༠་ གཞོན་ནུས། ངས་དེ་དག་སྤྱད་དེ་ད་དུང་ཅི་མ་ཚང་ཞུས།"
21 ༢༡་ ཡེ་ཤུས། ཕུན་སུམ་ཚོགས་པར་འདོད་ན་སོང་ལ་ནོར་རྣམས་བཙོང་སྟེ་དབུལ་པོ་རྣམས་ལ་ཐོང་དང་། ཁྱོད་ལ་ནམ་མཁར་གཏེར་ཐོབ་འོང་། དེ་ནས་འོང་ནས་ངའི་ཕྱི་བཞིན་འབྲོང་ཞིག་གསུངས་།"
22 ༢༢་ གཞོན་ནུ་དེ་ཐོས་ནས། ནོར་མང་པོ་ཡོད་པས་འཚེར་གྱིན་སོང་ངོ་།"
23 ༢༣་ །ཡེ་ཤུས་སློབ་མ་རྣམས་ལ། ཕྱུག་པོ་ནམ་མཁའི་རྒྱལ་སྲིད་ནང་འཇུག་པ་ནི་དཀའོ་ཞེས་ངས་བདེན་པར་ཟེར།"
24 ༢༤་ ཕྱུག་པོ་ཨེ་ལོ་ཧིམ་གྱི་རྒྱལ་སྲིད་ནང་ཆུད་པ་ལས་རྔ་མོང་ཁབ་མིག་ནང་ཆུད་པ་སླའོ་ཞེས་ངས་སླར་ཡང་ཟེར་ཞེས་གསུངས་སོ།"
25 ༢༥་ །སློབ་མ་རྣམས་དེ་ཐོས་ནས་རབ་ཏུ་ངོ་མཚར་དུ་གྱུར་ཏེ། འོ་ན་སུ་ཐར་ཐུབ་ཞུས།"
26 ༢༦་ ཡེ་ཤུས་དེ་རྣམས་ལ་གཟིགས་ཤིང་། མི་ལ་མི་ཐུབ་ཀྱང་ཨེ་ལོ་ཧིམ་ལ་ཐམས་ཅད་ཐུབ་བོ་གསུངས།"
27 ༢༧་ པེ༷་ཏྲོས། ཐམས་ཅད་སྤང་ནས་ཁྱེད་ལ་འབྲངས་པས་ངེད་ལ་ཅི་ཐོབ་འོང་ཞུས།"
28 ༢༨་ ཡེ་ཤུས། བཀོད་པ་གསར་པའི་ནང་མིའི་བུ་གཟི་བརྗིད་ཀྱི་ཁྲི་ལ་འཁོད་པའི་ཚེ། ངའི་རྗེས་འབྲངས་ཁྱེད་ཀྱང་ཡི༷ས་ར་ཨེལ་གྱི་སྡེ་ཁག་བཅུ་གཉིས་ལ་གཤགས་བྱེད་ཅིང་ཁྲི་བཅུ་གཉིས་ལ་བསྡད་འོང་། ཞེས་ངས་བདེན་པར་ཟེར།"
29 ༢༩་ ངའི་མཚན་གྱི་ཕྱིར་ཁང་པའམ། མིང་སྲིང་ངམ་ཕ་མའམ། ཕྲུ་གུའམ། ཞིང་སྤངས་དེ་ལ་བརྒྱ་འགྱུར་དང་མི་ཚེ་རྒྱུན་དུ་པ་ཐོབ་འོང་།"
30 ༣༠་ དང་པོ་ཡིན་པ་མང་པོ་ཐ་མ་དང་། ཐ་མ་ཡིན་པ་མང་པོ་དང་པོར་འགྱུར།། །།"
1 ༡་ །།རྒྱལ་པོ་ཧེ༷་རོ་དཱེའི་དུས་སུ་ཡ༷་ཧུ་དཱ་ཡུལ་གྱི་བེ༷ད་ལེ་ཧེམ་དུ་ཡེ་ཤུ་བལྟམས་པའི་ཚེ། ཤར་ཕྱོགས་ཀྱི་རྩིས་པ་འགའ་ཤས་ཡེ༷་རུ་ཤ་ལེམ་དུ་འོངས་ནས།"
2 ༢་ ཡ༷་ཧུ་དཱ་པའི་རྒྱལ་པོ་བལྟམས་པ་དེ་གང་དུ་བཞུགས། ང་ཚོས་ཤར་ཕྱོགས་ན་ཁོང་གི་སྐར་མ་མཐོང་བས། ཁོང་ལ་པུས་མོ་ས་ལ་འཛུགས་སུ་འོངས་པ་ཡིན། ཞེས་ཟེར་ཏོ།"
3 ༣་ །དེ་ཐོས་ནས་རྒྱལ་པོ་ཧེ༷་རོ་དེ༷་དང་ཡེ༷་རུ་ཤ་ལེམ་པ་ཐམས་ཅད་སེམས་འཁྲུགས་ནས།"
4 ༤་ ཁོས་མི་སྡེའི་ལེ༷་ཝི་ཆེན་དང་མོ་༷ཤེའི་བཀའ་ཁྲིམས་མཁས་པ་ཐམས་ཅད་བསྡུས་ནས་དེ་དག་ལ། མ་ཤི་ཀ་གང་དུ་འཁྲུང་བར་འགྱུར། ཞེས་དྲིས་པ་དང་།"
5 ༥་ དེ་དག་གིས་ཡ༷་ཧུ་དཱའི་བེ༷ད་ལེ་ཧེམ་དུ་འཁྲུང་བར་འགྱུར། ཅི་ཕྱིར་ཞུ་ན། ཕ༷་རོ་པེ་ཏེ་པས།"
6 ༦་ །ཀྱེ་ཡ༷་ཧུ་དཱའི་ཡུལ་ལྗོངས་བེ༷ད་ལེ་ཧེམ། །དཔོན་པོའི་ནང་ནས་ཁྱོད་ནི་ཆུང་ཤོས་མིན། །ཁྱེད་ཀྱི་ནང་ནས་འདྲེན་བྱེད་རྫི་བོ་འབྱུང་། །ངའི་འབངས་ཡི༷ས་ར་ཨེལ་ལ་དབང་བར་འགྱུར། ཞེས་བྲིས་འདུག་གོ་ཞུས་སོ།།"
7 ༧་ དེ་ནས་ཧེ༷་རོ་དཱེས་རྩིས་པ་དེ་རྣམས་གསང་སྟེ་བོས་ནས། སྐར་མ་དེ་མཐོང་བའི་དུས་རྩད་བཅད་དེ།"
8 ༨་ བེ༷ད་ལེ་ཧེམ་དུ་གཏོང་ཞིང་སོང་ལ་ཁྱེའུ་ཆུང་དེའི་སྐོར་དུ་ཞིབ་པར་རྩད་ཆོད་ཅིག །ངའང་པུས་མོ་ས་ལ་འཛུགས་སུ་འོང་བའི་དོན་དུ། ཁོང་ཐོབ་པ་དང་ལོན་བསྐུར་ཞིག་ཅེས་ཟེར་ཏོ།"
9 ༩་ དེ་རྣམས་ཀྱིས་རྒྱལ་པོའི་གཏམ་ཐོས་ནས་སོང་བ་ལས། ཤར་ཕྱོགས་ན་མཐོང་བའི་སྐར་མ་དེ། ཁྱེའུ་ཆུང་དེ་ཡོད་སར་མ་སླེབ་པའི་བར་སྔོན་སྔོན་དུ་རྒྱུ་ཞིང་དེའི་སྟེང་དུ་བསྡད་དོ།"
10 ༡༠་ སྐར་མ་མཐོང་ནས་ཤིན་ཏུ་དགའ་སྟེ།"
11 ༡༡་ ཁང་པ་དེའི་ནང་དུ་ཞུགས་ནས། ཡུམ་མ༷་རི་ཡཱ་མཉམ་དུ་ཡོད་པའི་ཁྱེའུ་ཆུང་མཇལ་བ་དང་། ལུས་ས་ལ་བརྡབས་ཏེ་པུས་མོ་ས་ལ་འཛུགས་ནས། གཏེར་སྒམ་ཕྱེས་ཏེ། གསེར་དང་། སྤོས་དཀར་དང་། ག༷ན་དྷ་ར་ས་ཕྱག་རྟེན་དུ་ཕུལ་ཏོ།"
12 ༡༢་ ཡང་རྨི་ལམ་ནང་ཧེ༷་རོ་དཱེའི་རྩར་མི་ལོག་པའི་ཞལ་གཏམས་ཐོས་ནས། ལམ་གཞན་ཞིག་ནས་རང་ཡུལ་དུ་ལོག་གོ།"
13 ༡༣་ །དེ་རྣམས་སོང་བའི་རྗེས་སུ་ཡོ༷་སེབ་ལ་རྨི་ལམ་ནང་ཀྱུ་རི་བོའི་ཨ༷ན་ཇལ་བྱུང་ནས་དེས། ཧེ༷་རོ་དཱེས་ཁྱེའུ་ཆུང་འདི་གསོད་པའི་ཕྱིར་འཚོལ་གྲབས་འདུག་པས། ལོངས་ལ་ཁྱེའུ་ཆུང་དང་དེའི་མ་འཁྲིད་དེ་མི༷་སེར་ཡུལ་དུ་བྲོས་ཏེ། ངས་མ་སྨྲ་བའི་བར་དུ་དེ་རུ་སྡོད་ཅིག་གསུངས།"
14 ༡༤་ ཁོང་ལངས་ནས་མཚན་ལ་ཁྱེའུ་ཆུང་དང་དེའི་ཡུམ་འཁྲིད་དེ་མི༷་སེར་དུ་སོང་།"
15 ༡༥་ ཀྱུ་རི་བོས་ཕ༷་རོ་པེ་ཏེ་པ་རྒྱུད་ནས། མི༷་སེར་ཡུལ་ནས་ཉིད་ཀྱི་སྲས་ངས་བཀུག གསུངས་པ་དེ་འགྲུབ་པའི་ཕྱིར། ཧེ༷་རོ་དཱེ་མ་ཤི་བའི་བར་དུ་དེ་རུ་བསྡད་དོ།"
16 ༡༦་ དེ་ནས་རྩིས་པ་དག་གིས་མགོ་བསྐོར་བཏང་བ་ཧེ༷་རོ་དཱེས་ཤེས་ཏེ་ཤིན་ཏུ་ཁྲོས་སོ། རྩིས་པ་ལས་རྩད་བཅད་པའི་ཚེས་གྲངས་བརྩིས་ཏེ། མི་བཏང་ནས། བ༷ད་ལེ་ཧེམ་དང་དེའི་ཡུལ་འཁོར་ཐམས་ཅད་ཀྱི་ནང་ན་ཡོད་པའི་ལོ་གཉིས་པ་དང་དེ་ལས་ཆུང་བའི་བུ་ཐམས་ཅད་བསད་དོ།"
17 ༡༧་ །ཕ༷་རོ་པེ་ཏེ་པ་ཡེ༷་རེམ་ཡཱས།"
18 ༡༨་ །ར༷་མཱའི་ཡུལ་ནང་སྐད་ཅིག་ཐོས། །ཆོ་ངེས་ངུ་འཛི་མྱ་ངན་ཆེ། ར༷་ཧེལ་ཕྲུ་གུ་རྣམས་ཕྱིར་ངུ་། །བུ་མེད་སེམས་གསོ་མི་འདོད་དོ། ཞེས་གསུངས་པ་དེའི་ཚེ་གྲུབ་བོ།།
"
19 ༡༩་ །ཧེ༷་རོ་དཱེ་ཤི་བའི་འོག་ཏུ། མི༷་སེར་དུ་ཡོ༷་སེབ་ལ་ཀྱུ་རི་བོའི་ཨ༷ན་ཇལ་ཞིག་རྨི་ལམ་དུ་བྱུང་ནས་དེས།"
20 ༢༠་ ད་ཁྱེའུ་ཆུང་འདིའི་སྲོག་ལ་བརྔམས་པ་རྣམས་ཤི་བས། ད་ལོངས་ལ་ཁྱེའུ་ཆུང་དང་དེའི་མ་འཁྲིད་དེ། ཡི༷ས་ར་ཨེལ་ཡུལ་དུ་ལོག་སོང་ཞིག་གསུངས་པ་དང་།"
21 ༢༡་ ཁོ་ལངས་ནས། ཁྱེའུ་ཆུང་དང་དེའི་ཡུམ་འཁྲིད་དེ་ཡི༷ས་ར་ཨེལ་ཡུལ་དུ་སོང་ངོ་།"
22 ༢༢་ །འོན་ཀྱང་ཧེ༷་རོ་དཱེའི་ཤུལ་དུ་དེའི་བུ་ཨ༷ར་ཁེ་ལ་ཡིས་ཡ༷་ཧུ་དཱའི་རྒྱལ་པོ་བྱེད་པ་ཐོས་ནས། དེར་འགྲོ་བ་ལ་འཇིགས་པས། ཡང་རྨི་ལམ་ནང་ཞལ་གདམས་བྱུང་བ་དང་། ག༷་ལིལ་ཡུལ་ལྗོངས་སུ་སོང་ནས།"
23 ༢༣་ ན༷་ཙ་རེད་ཟེར་བའི་གྲོང་ཁྱེར་དུ་གཞི་ཆགས་སོ། །དེ་ནི་ཕ༷་རོ་པེ་ཏེ་པ་རྣམས་ཀྱིས་ཁོང་ལ་ན༷་ཙ་རེད་པ་ཞེས་ཞུ་བར་འགྱུར། ཞེས་གསུངས་པ་དེ་འགྲུབ་པའི་ཕྱིར་རོ།།"
1 ༡་།།ནམ་མཁའི་རྒྱལ་སྲིད་ནི། རྒུན་ཚལ་ཕྱིར་གླ་པ་འཚོལ་བར་སྔ་དྲོ་ཐོན་པའི་ཁྱིམ་བདག་དང་འདྲ་སྟེ།"
2 ༢་ གླ་པར་ཞག་རེ་ལ་དི༷་ནཱར་རེ་སྟེར་བ་ཁ་འཆམ་ནས། རྒུན་ཚལ་དུ་བཏང་ངོ་།"
3 ༣་ །ཆུ་ཚོད་དགུ་པ་ལ་ཡང་ཕྱིར་ཐོན་ནས། ལས་མེད་པར་ཁྲོམ་ལ་ཡོད་པ་གཞན་རེ་མཐོང་སྟེ།"
4 ༤་ ཁྱོད་ཚོའང་ངའི་རྒུན་ཚལ་དུ་སོང་། ཇི་འོས་པ་སྟེར་འོང་སྨྲས་པས་དེ་རྣམས་སོང་ངོ་།"
5 ༥་ །སླར་ཆུ་ཚོད་བཅུ་གཉིས་དང་གསུམ་པ་ལའང་ཐོན་ནས་དེ་བཞིན་དུ་བྱས་སོ།"
6 ༦་ །ཕྱི་དྲོ་ཆུ་ཚོད་ལྔ་པ་ལ་ཡང་ཐོན་ནས། ལས་མེད་པ་གཞན་རེ་མཐོང་ནས། ཁྱོད་ཚོ་ཉིན་གང་ལས་མི་བྱེད་པར་འདིར་ཅིའི་ཕྱིར་སྡོད་ཅེས་དྲིས།"
7 ༧་ དེ་རྣམས་ཀྱིས། སུས་ཀྱང་ངེད་གླ་ལ་མ་བཞག་ཅེས་སྨྲས་པས། དེས་ཁྱོད་ཚོའང་རྒུན་ཚལ་དུ་སོང་སྨྲས་སོ།"
8 ༨་ །ཕྱི་དྲོ་རྒུན་ཚལ་གྱི་བདག་པོས་གཉེར་པ་ལ། གླ་པ་བོས་ལ་རྟིང་མ་རྣམས་ནས་མགོ་འཛུགས་ཏེ་སྔོན་མ་རྣམས་ཀྱི་བར་དུ་གླ་སྟེར་ཞིག་སྨྲས།"
9 ༩་ ཕྱི་དྲོ་ཆུ་ཚོད་ལྔ་པའི་གླ་པ་དག་འོངས་ཏེ་དི༷་ནཱར་རེ་རེ་ཐོབ་བོ།"
10 ༡༠་ །དེ་ནས་སྔ་མ་རྣམས་འོངས་ཏེ་ལྷག་ཐོབ་འོང་བསམས་ཀྱང་། དི༷་ནཱར་རེ་རེ་ཐོབ་བོ།"
11 ༡༡་ །ཐོབ་པ་དང་ཁྱིམ་བདག་ལ་མུ་ཅོར་བྱེད་ཅིང་།"
12 ༡༢་ ཆུ་ཚོད་གཅིག་ལས་ལས་ཀ་མ་བྱས་པའི་རྟིང་མ་རྣམས་དང་། ཉིན་གང་གི་ལས་ཀ་ལྕི་བ་དང་ཉི་ཚན་ཐེགས་པ་ང་ཚོ་ཁྱད་མེད་བྱས་སོ་སྨྲས།"
13 ༡༣་ དེས་དེ་ཚོའི་ནང་ནས་གཅིག་ལ་ལན་དུ། གྲོགས་པོ། ཁྱོད་ལ་མི་འོས་པ་མ་བྱས། ངེད་དི༷་ནཱར་གཅིག་ལ་ཁ་མ་འཆམ་མམ།"
14 ༡༤་ ཁྱོད་དང་འདྲ་བ་རྟིང་མ་འདི་ལའང་གཏོང་བར་ང་དགའ་བས། ཁྱོད་ཀྱི་ཡིན་པ་དེ་འཁུར་ལ་སོང་།"
15 ༡༥་ ངས་རང་གི་ནོར་ལ་ཇི་དགའ་བྱེད་མི་ཆོག་གམ། ང་བཟང་པོ་ཡིན་པ་ལ་ཕྲག་དོག་བྱེད་དམ་ཟེར་ཏོ།"
16 ༡༦་ །དེ་ལྟར་ཐ་མ་དང་པོ་དང་། དང་པོ་ཐ་མར་འགྱུར་འོང་གསུངས་སོ།།"
17 ༡༧་ །ཡེ་ཤུ་ཡེ༷་རུ་ཤ་ལེམ་དུ་ཕེབས་པའི་ལམ་ཁར། སློབ་མ་བཅུ་གཉིས་པོ་ཟུར་དུ་ཁྲིད་ནས།"
18 ༡༨་ ཉིན་ཞིག་ངེད་ཡེ༷་རུ་ཤ་ལེམ་དུ་འགྲོ། མིའི་བུ་ལེ༷་ཝི་ཆེན་དང་མོ༷་ཤེའི་བཀའ་ཁྲིམས་མཁས་པ་རྣམས་ཀྱི་ལག་ཏུ་གཏད་དེ། གསོད་པའི་ཁྲིམས་གཅད་ནས།"
19 ༡༩་ འཕྱ་བ་དང་། རྟ་ལྕག་གིས་བརྡུང་བ་དང་། རྒྱང་ཤིང་ལ་བརྐྱངས་པའི་ཕྱིར་ཨེ་ལོ་ཧིམ་ངོ་མ་ཤེས་པའི་ལག་ཏུ་གཏད་འོང་། ཞག་གསུམ་པ་ལ་གསོན་པོར་བཞེང་འོང་གསུངས་སོ།།"
20 ༢༠་ དེའི་ཚེ་ཟེ༷་བད་ཡའི་བུ་གཉིས་དང་བཅས་དེ་ཚོའི་མ་ཡེ་ཤུའི་དྲུང་དུ་བཅར་ནས་པུས་མོ་ས་ལ་བཙུགས།"
21 ༢༡་ ཁོང་གིས་ཅི་འདོད་གསུངས། དེས་ངའི་བུ་འདི་གཉིས་ཁྱེད་ཀྱི་རྒྱལ་སྲིད་ནང་གཅིག་ཁྱེད་ཀྱི་ཕྱག་གཡས་དང་གཅིག་ཕྱག་གཡོན་དུ་སྡོད་པའི་བཀའ་གནོང་ཞིག་ཞུས།"
22 ༢༢་ བཀའ་ལན་དུ། ཁྱེད་ཀྱིས་ཇི་ཞུས་པ་མི་ཤེས། ངས་འཐུང་འོང་བའི་ཕོར་པ་དེ་ནི་ཁྱེད་འཐུང་ནུས་སམ་གསུངས། ནུས་ཞུས།"
23 ༢༣་ ཁོང་གིས་ངའི་ཕོར་པ་ནི་ཁྱོད་ཀྱིས་འཐུང་འོང་། ངའི་གཡས་གཡོན་ལ་སྡོད་པར་གནང་བ་ནི་ངའི་དབང་དུ་མེད། ངའི་ཡབ་ཀྱིས་སུའི་ཕྱིར་བཤམས་པ་དེའི་ཡིན་གསུངས་སོ།"
24 ༢༤་ །སློབ་མ་བཅུ་པོས་དེ་ཐོས་ནས་སྤུན་དེ་གཉིས་ལ་ཁྲོས་པས།"
25 ༢༥་ ཡེ་ཤུས་དེ་རྣམས་བོས་ནས། ཨེ་ལོ་ཧིམ་ངོ་མ་ཤེས་པ་དཔོན་པོས་མི་སྡེ་ལ་སྲིད་བྱེད། མི་ཆེན་གྱིས་དེ་ཚོ་ལ་དབང་བྱེད་པ་ཁྱེད་ཀྱིས་ཤེས།"
26 ༢༦་ ཁྱེད་ཀྱི་ནང་དུ་དེ་ལྟར་མིན། ཆེན་པོར་འགྱུར་འདོད་པ་དེ་ཁྱེད་ཀྱི་ཞབས་ཕྱིར་འགྱུར་དགོས།"
27 ༢༧་ དང་པོར་འགྱུར་འདོད་པ་དེ་ཁྱེད་ཀྱི་གཡོག་པོར་འགྱུར་དགོས། "
28 ༢༨་ དེ་ལྟར་མིའི་བུའང་ཞབས་ཏོག་ལེན་ཕྱིར་མ་འོངས་ཀྱིས། ཞབས་ཏོག་ཞུ་ཞིང་། མང་པོའི་སྲོག་ཚབ་ལ་རང་སྲོག་གཏོང་བའི་ཕྱིར་འོངས་སོ་ཞེས་གསུངས་སོ།།"
29 ༢༩་ །ཡེ༷་རི་ཀོ་ནས་བཞེངས་པའི་ཚེ། མི་ཚོགས་ཁོང་གི་ཕྱི་བཞིན་འབྲངས།"
30 ༣༠་ ལམ་ཁར་བསྡད་པའི་ལོང་བ་གཉིས་ཀྱིས་ཡེ་ཤུ་ཕེབས་པ་ཐོས་ཏེ། སྐད་ཆེན་པོས། དཱ༷་བིད་ཀྱི་སྲས་ལགས། ངེད་ལ་ཐུགས་བརྩེ་བར་དགོངས། ཞུས།"
31 ༣༡་ མི་ཚོགས་ཀྱིས་དེ་གཉིས་ལ་ཁ་རོག་སྡོད་ཅེས་བཀག་ཀྱང་། དེ་གཉིས་ཀྱིས་ལྷག་པར་སྐད་ཆེན་པོས། དཱ༷་བིད་ཀྱི་སྲས་ལགས། ངེད་ལ་ཐུགས་བརྩེ་བར་དགོངས་ཞུས།"
32 ༣༢་ ཡེ་ཤུ་དེར་འཐེན་ཙམ་བཞུགས་ཏེ། དེ་གཉིས་བོས་ནས་ངས་ཅི་བྱེད་པར་ཁྱོད་འདོད་གསུངས།"
33 ༣༣་ ཀྱུ་རི་བོ་ལགས། ངེད་ཀྱི་མིག་འབྱེད་པར་མཛོད་ཞུས།"
34 ༣༤་ ཡེ་ཤུས་ཐུགས་བརྩེས་ནས་དེ་གཉིས་ཀྱི་མིག་ལ་ཕྱག་རེག་པས་མཐོང་སྟེ་ཕྱི་བཞིན་འབྲངས་སོ།། །།"
1 ༡་ །།ཡེ༷་རུ་ཤ་ལེམ་དང་ཉེ་བར་ཁ་སྐྱུར་པོའི་རི་ལ་བེ༷ད་ཕ་གེའི་ཐད་དུ་ཕེབས་པའི་ཚེ། ཡེ་ཤུས་སློབ་མ་གཉིས་བརྫངས་ཤིང་།"
2 ༢་ མདུན་གྱི་ཡུལ་ཚོར་སོང་། དེར་བོང་མོ་བཏགས་པ་ཞིག་ཐུར་བུ་མཉམ་མཐོང་འོང་། བཀྲོལ་ཏེ་ངའི་རྩར་ཁྲིད་ཤོག"
3 ༣་ །སུས་ཇི་ཞིག་ཟེར་ན། ཀྱུ་རི་བོ་ལ་དགོས་སོ་སྨྲོས་ཤིག་དང་། འཕྲལ་དུ་བཏང་འོང་གསུངས་སོ། ཕ༷་རོ་པེ་ཏེ་པས།"
4 ༤་ །ཙི༷་ཡོན་རྒྱལ་སའི་བུ་མོར་སྨྲོས། །ཁྱོད་ཀྱི་རྒྱལ་པོ་ཁྱོད་ཀྱི་རྩར། །བོང་བུའི་ཀུ་རུག་ལ་ཆིབས་ནས།"
5 ༥་ །སྙེམས་ཆུང་ཚུལ་གྱིས་ཕེབས་ཀྱིན་འདུག། ཞེས་གསུངས་པ་གྲུག་པའི་ཕྱིར་རོ།"
6 ༦་ །སློབ་མ་སོང་སྟེ། བཀའ་བཞིན་དུ་བྱས་ཏེ།"
7 ༧་ བོང་མོ་དང་ཐུར་བུ་ཁྲིད་འོངས་ནས། རང་གི་གོས་བཀབ་སྟེ། ཡེ་ཤུ་བཅིབས་སོ།"
8 ༨་ །མི་མང་པོས་རང་གི་གོས་ཕེབས་ལམ་ལ་བཏིང་། གཞན་རྣམས་ཀྱིས་ཤིང་ནས་ཡལ་ག་བཅད་དེ་ཕེབ་ལམ་ཁར་བཀྲམ་མོ།"
9 ༩་ །སྐུའི་རྒྱབ་བདུན་ནས་འགྲུལ་བའི་མི་ཚོགས་ཀྱིས། དཱ༷་བིད་ཀྱི་སྲས་ཧོ༷་ཤི་ཨ་ནཱ་བོད་སྐད་དུ་སྐྱབ་ཏུ་གསོལ་ཀྱུ་རི་བོའི་ཕྱོགས་ནས་འབྱོན་པ་བཀྲ་ཤིས། སྟེང་གི་ནམ་མཁར་ཧོ༷་ཤི་ཨ་ནཱ་ཞེས་འབོད་བསྒྲགས་སོ།"
10 ༡༠་།ཡེ༷་རུ་ཤ་ལེམ་ནང་འཇུག་པའི་ཚེ་རྒྱལ་སའི་ནང་འདུ་བྲེལ་འབྱུང་བས། འདི་སུ་ཡིན་དྲིས་པས།"
11 ༡༡་ མི་ཚོགས་ཀྱིས་འདི་ནི་ག༷་ལིལ་ཡུལ་གྱི་ན༷་ཙ་རེད་པ་ཕ༷་རོ་པེ་ཏེ་པ་ཡེ་ཤུ་ལགས་སྨྲས་སོ།།"
12 ༡༢་ །ཡེ་ཤུ་སྨོན་ལམ་ཁང་དུ་ཕེབས་ནས། དེར་ཉོ་ཚོང་བྱེད་མཁན་ཐམས་ཅད་ཕྱི་རོལ་དུ་འདོན་ཞིང་། དངུལ་རྗེ་མཁན་གྱི་ལྕོག་ཙེ་དང་། ཕུག་རོན་འཚོང་མཁན་གྱི་སྟེགས་རྣམས་བསློགས་ནས།"
13 ༡༣་ དེ་ཚོ་ལ། ངའི་ཁང་པ་ལ་སྨོན་ལམ་ཁང་ཟེར་འོང་ཞེས་བྲིས་ཀྱང་། ཁྱོད་ཀྱིས་ཇག་པའི་ཚང་དུ་བྱེད་དོ་གསུངས་སོ།"
14 ༡༤་ །ལོང་བ་དང་ཞ་བོ་རེ་སྨོན་ལམ་ཁང་ནང་ཁོང་གི་སྐུ་དྲུང་དུ་འོངས་པས། གསོ་བར་མཛད།"
15 ༡༥་ ཁོང་གི་མཛད་པའི་ངོ་མཚར་དང་། སྨོན་ལམ་ཁང་ན་དཱ༷་བིད་ཀྱི་སྲས་ཧོ༷་ཤི་ཨ་ནཱ་ཞེས་འབོད་བསྒྲགས་པའི་བྱིས་པ་རྣམས་མཐོང་ནས་ལེ༷་ཝི་ཆེན་དང་མོ༷་ཤེའི་བཀའ་ཁྲིམས་མཁས་པ་དག་ཁྲོས་ཏེ་ཁོང་ལ།"
16 ༡༦་ འདི་ཚོས་ཅི་ཟེར་གསན་ནམ་ཞུས། ཡེ་ཤུས། ཐོས་སོ། བྱིས་པ་དང་འོ་འཐུང་གི་ཁ་ནས་ཁྱེད་ཀྱིས་བསྟོད་པ་དྲངས་སོ་ཞེས་གསུངས་པ་ནམ་ཡང་མ་བཀླགས་སམ་གསུངས་ནས།"
17 ༡༧་ དེ་རྣམས་དེར་བོར་ཏེ་རྒྱལ་སའི་ཕྱི་རོལ་དུ་བེ༷ད་ཨན་ཡ་རུ་ཕེབས་ནས་མཚན་མོ་དེར་བཞུགས་སོ།།"
18 ༡༨་ སྔ་དྲོ་གྲོང་ཁྱེར་རུ་ཕྱིར་ཕེབས་པའི་ལམ་དུ་སྐུ་བཀྲེས་པ་དང་།"
19 ༡༩་ ལམ་ལ་སེ་ཡབ་ཤིང་ཞིག་གཟིགས་ནས། དེར་བྱོན་སྐབས་ལོ་མ་ལས་གཞན་མ་བརྙེད་པས་དེ་ལ། ཕྱིན་ཆད་ཁྱོད་ལ་ནམ་ཡང་འབྲས་བུ་མ་ཆགས་ཤིག་གསུངས་མ་ཐག་ཏུ་སེ་ཡབ་ཤིང་དེ་བསྐམས་སོ།"
20 ༢༠་ །སློབ་མ་རྣམས་ཀྱིས་དེ་མཐོང་ནས་ངོ་མཚར་དུ་གྱུར་ཏེ། སེ་ཡབ་ཤིང་འདི་ཡུད་གཅིག་ནང་ཅི་ལྟར་བསྐམས།"
21 ༢༡་ ཞུས་པའི་བཀའ་ལན་དུ་ཁྱེད་ཀྱིས་ཐེ་ཚོམ་མེད་པར་དད་པ་བྱེད་ན། སེ་ཡབ་ཤིང་འདི་ལ་ཇི་བྱས་པ་མ་ཟད། རི་འདི་ལ་ལོངས་ལ་རྒྱ་མཚོར་ལྷུང་ཞིག་ཟེར་ན་དེ་བཞིན་འབྱུང་འོང་ངས་བདེན་པར་ཟེར།"
22 ༢༢་ དད་པ་བྱེད་པས་སྨོན་ལམ་ནང་ཅི་ཞུ་བ་ཐམས་ཅད་ཐོབ་འོང་གསུངས་སོ།།"
23 ༢༣་ །ཁོང་གིས་སྨོན་ལམ་ཁང་ནང་སློབ་ཁྲིད་མཛད་ པའི་ཚེ། ལེ༷་ཝི་ཆེན་དང་སྡེའི་རྒན་མི་རྣམས་འོངས་ཏེ། དབང་གང་གིས་འདི་རྣམས་མཛད། སུས་དབང་འདི་ཁྱེད་ལ་ཕུལ་ཞུས་པའི་བཀའ་ལན་དུ།"
24 ༢༤་ ངས་ཀྱང་ཁྱེད་ལ་དྲི་བ་ཞིག་འདྲི། དེ་ལ་ལན་གཏོང་ན་ངས་ཀྱང་དབང་གང་གིས་འདི་རྣམས་བྱེད་པ་ཁྱེད་ལ་ཟེར།"
25 ༢༥་ ཡོ༷་ཧ་ནན་གྱི་བ༷བ་ཐི་སོ་ནམ་མཁའ་ནས་བྱུང་ངམ་མི་ནས་བྱུང་གསུངས། དེ་དག་ཕན་ཚུན་བགྲོས་ཤིང་། ནམ་མཁའ་ནས་བྱུང་ཟེར་ན། ཁྱེད་ཀྱིས་ཁོང་ལ་ཅིའི་ཕྱིར་ཡིད་མ་ཆེས་གསུང་འོང།"
26 ༢༦་ མི་ནས་བྱུང་ཟེར་ན། ཐམས་ཅད་ཀྱིས་ཡོ༷་ཧ་ནན་ཕ༷་རོ་པེ་ཏེ་པར་འཛིན་པས། ངེད་མི་ཚོགས་ལ་འཇིག་སོ་སྨྲས་ནས།"
27 ༢༧་ ཡེ་ཤུ་ལ། ངེད་ཀྱིས་མི་ཤེས་ཞུས། ཁོང་གིས། ངས་ཀྱང་དབང་གང་གིས་འདི་རྣམས་བྱེད་པ་མི་འཆད།"
28 ༢༨་ ཅི་ལྟར་སེམས། མི་ཞིག་ལ་བུ་གཉིས་ཡོད་དེ། ཆེ་བའི་རྩར་སོང་ནས། བུ། དེ་རིང་རྒུན་ཚལ་དུ་ལས་བྱེད་དུ་སོང་སྨྲས།"
29 ༢༩་ །དེས་ང་མི་འགྲོ་སྨྲས་ཀྱང་རྗེས་སུ་འགྱོད་ནས་སོང་ངོ་།"
30 ༣༠་ །དེ་ནས་ཆུང་བའི་རྩར་སོང་ནས་ཡང་དེ་ལྟར་སྨྲས། དེས་ང་འགྲོའོ་ལགས་སྨྲས་ཀྱང་མ་སོང་ངོ་།"
31 ༣༡་ །དེ་གཉིས་ཀྱི་ནང་ནས་གང་གིས་ཕའི་འདོད་པ་བཞིན་བྱས་སོ་གསུངས། ཆེ་བས་བྱས་སོ་ཞུས། ཡེ་ཤུས། ཤོ་གམ་པ་དང་སྨད་ཚོང་མ་རྣམས་ཁྱེད་ལས་སྔོན་དུ་ཨེ་ལོ་ཧིམ་གྱི་རྒྱལ་སྲིད་ནང་འགྲོའོ་ངས་བདེན་པར་ཟེར།"
32 ༣༢་ ཡོ༷་ཧ་ནན་ལམ་དྲང་པོ་སྟོན་ཞིང་ཁྱེད་རྩར་ཕེབས་ཀྱང་། ཁྱེད་ཡིད་མ་ཆེས། ཤོ་གམ་པ་དང་སྨད་ཚོང་མ་རྣམས་ནི་ཡིད་ཆེས། ཁྱེད་ཚོས་དེ་མཐོང་བའི་རྗེས་སུའང་ཁོང་ལ་ཡིད་ཆེས་པའི་འགྱོད་ཚངས་མ་བྱས་སོ།།"
33 ༣༣་ །དཔེ་གཞན་ཞིག་ཉོན། རྒུན་ཚལ་བཙུག་པའི་ཁྱིམ་བདག་ཅིག་ཡོད་དེ། རྭ་བས་བསྐོར། འཚིར་གཞོང་བྲུས། སྤའི་བརྩིགས། ཚལ་མཁན་ལ་བཏད་དེ་ཡུལ་གཞན་དུ་སོང་ངོ་།"
34 ༣༤་ ཐོག་དུས་ཉེ་བར་བསླེབ་པ་དང་། ཤིང་ཐོག་ལེན་དུ་ཚལ་མཁན་གྱི་རྩར་གཡོག་པོ་བཏང་ངོ་།"
35 ༣༥་ །ཚལ་མཁན་གྱིས་གཡོག་པོ་བཟུང་སྟེ། གཅིག་ལ་བརྡུངས། གཅིག་བསད། གཅིག་རྡོ་རུབ་ལ་བཏང་ངོ་།"
36 ༣༦་ །ཡང་དེས་སྔ་མ་བས་གཡོག་པོ་མང་པོ་བཏང་ནས། དེ་དག་ལའང་དེ་ལྟར་བྱས་སོ།"
37 ༣༧་ །ངའི་བུ་ལ་བཀུར་སྟི་བྱེད་འོང་ཟེར་ཞིང་། མཐར་རང་གི་བུ་དེ་དག་གི་རྩར་བཏང་ངོ་།"
38 ༣༨་ །ཚལ་མཁན་རྣམས་ཀྱིས་བུ་མཐོང་ནས། འདི་ནི་བརྒྱུད་འཛིན་ཡིན་པས། ཤོག་ཅིག །བསད་དེ་ནོར་སྐལ་ཕྲོག་འོང་ཞེས་ཕན་ཚུན་ཟེར་ནས།"
39 ༣༩་ བཟུང་སྟེ་རྒུན་ཚལ་གྱི་ཕྱི་རོལ་དུ་བཏོན་ནས་བསད་དོ།"
40 ༤༠་ ད་རྒུན་ཚལ་གྱི་བདག་པོ་འོང་ཚེ་ཚལ་མཁན་དེ་དག་ལ་ཅི་བྱེད་འོང་ཞེས་གསུངས་པས།"
41 ༤༡་ དེ་རྣམས་ཀྱིས་མི་ངན་དེ་ཚོ་ལུགས་ངན་གྱིས་བསད་དེ། དུས་ཁར་ཤིང་ཐོག་གཏོང་བའི་ཚལ་མཁན་གཞན་ལ་རྒུན་ཚལ་གཏོད་འོང་ཞུས་སོ།"
42 ༤༢་ །ཡེ་ཤུས་འདི་སྐད་དུ་དམ་པའི་བི༷་བལ་ནང་དུ།། །རྩིག་དཔོན་རྣམས་ཀྱིས་སྤངས་པའི་རྡོ། །དེ་ཀ་ཟུར་རྡོ་ཆེན་པོར་གྱུར། །འདི་ནི་ཀྱུ་རི་བོའི་མཛད་པ་ཡིན། །ང་ཚོའི་མིག་ལ་ངོ་མཚར་ཆེ། ཞེས་པ་ནམ་ཡང་མ་བཀླགས་སམ།"
43 ༤༣་ དེའི་ཕྱིར་ཨེ་ལོ་ཧིམ་གྱི་རྒྱལ་སྲིད་ཁྱེད་ལས་འཕྲོགས་ཏེ། འབྲས་བུ་སྐྱེད་པའི་མི་རྒྱུད་ལ་གནང་འོང་ངས་ཟེར།"
44 ༤༤་ རྡོ་དེའི་ཁར་འགྲིལ་བ་དེ་ཆག་པར་གྱུར། སུའི་ཁར་རྡོ་དེ་འགྲིལ་བ་དེ་འཐག་པར་འགྱུར་གསུངས་སོ།"
45 ༤༥་ །ལེ༷་ཝི་ཆེན་དང་ཕ༷་རུ་ཤི་པ་རྣམས་ཀྱིས་དཔེ་དེ་ཐོས་ནས། དེ་ཚོའི་སྐོར་ལ་གསུང་བར་ཤེས་ཏེ།"
46 ༤༦་ ཁོང་འཛིན་པར་བརྩམས་ཀྱང་། ཁོང་ཕ༷་རོ་པེ་ཏེ་པར་བརྩི་བའི་མི་ཚོགས་ལ་འཇིགས་སོ།། །།"
1 ༡་ །།ཡེ་ཤུས་དེ་རྣམས་ལ་ཡང་དཔེ་སྟོན་ཞིང་འདི་སྐད་དུ།"
2 ༢་ ནམ་མཁའི་རྒྱལ་སྲིད་ནི་རང་གི་སྲས་ཀྱི་བག་སྟོན་བྱེད་པའི་རྒྱལ་པོ་དང་འདྲ་སྟེ།"
3 ༣་ བོས་པ་རྣམས་བག་སྟོན་ལ་གདན་འདྲེན་ཕྱིར་ཞབས་ཕྱི་གཏང་ཡང་། འོང་བར་མ་དགའོ།"
4 ༤་ །སླར་རྒྱལ་པོས། བོས་པ་རྣམས་ལ་འདི་ལྟར་ཟེར། ངའི་མགྲོན་བསྒྲུབས། གླང་དང་ཕྱུགས་རྒྱགས་པ་རྣམས་བསད། ཐམས་ཅད་བཤམས་ཚར་བས་བག་སྟོན་ལ་ཤོག་ཟེར་ཞིང་ཞབས་ཕྱི་གཞན་བཏང་ངོ་།"
5 ༥་ །དེ་ལ་སྣང་དག་མ་བྱས་པར། གཅིག་ཞིང་ལ་སོང་། གཅིག་ཚོང་ལ་སོང་།"
6 ༦་ གཞན་རེས་ཞབས་ཕྱི་རྣམས་བཟུང་སྟེ། སྨད་ནས་བསད་དོ།"
7 ༧་ །རྒྱལ་པོ་ཁྲོས་ནས་དམག་མི་བཏང་སྟེ། མི་བསད་དེ་རྣམས་ཚར་བཅད་ནས། དེའི་གྲོང་ཁྱེར་མེས་བསྲེགས་སོ།"
8 ༨་ །དེ་ནས་ཞབས་ཕྱི་རྣམས་ལ། བག་སྟོན་ནི་བསྒྲུབས། བོས་པ་རྣམས་ནི་འོས་པ་མ་བྱུང་།"
9 ༩་ ད་ལམ་མདོ་རྣམས་ལ་སོང་། སུ་ཐུག་བག་སྟོན་ལ་བོས་ཤིག་སྨྲས།"
10 ༡༠་ ཞབས་ཕྱི་རྣམས་ལམ་མདོ་རྣམས་ལ་སོང་ནས། བཟང་ངན་སུ་ཐུག་ཐམས་ཅད་བསྡུས་ནས། གྲལ་ཐམས་ཅད་མགྲོན་པོས་གང་ངོ་།"
11 ༡༡་ །རྒྱལ་པོ་མགྲོན་པོར་ལྟ་ཕྱིར་ནང་དུ་འོང་བའི་ཚེ། གཟབ་གོས་མ་གོན་པ་ཞིག་མཐོང་ནས་དེ་ལ།"
12 ༡༢་ གྲོགས་པོ། ཁྱོད་འདིར་མ་གཟབ་པར་ཅི་ལྟར་འོངས་ཟེར་བས། ཁོ་མི་སྨྲ་བར་གྱུར་ཏོ།"
13 ༡༣་ །རྒྱལ་པོས་ཞབས་ཕྱི་ལ། ཁོའི་རྐང་ལག་བཀྱིགས་ཏེ། ངུ་འབུད་དང་སོ་ཁྲིག་པ་འབྱུང་བའི། ཕྱི་རོལ་གྱི་མུན་ནག་ནང་དབྱུག་ཅེས་སྨྲས་སོ།"
14 ༡༤་ །བོས་པ་མང་ཡང་འདམས་པ་ཉུང་ངོ་གསུངས་སོ།།"
15 ༡༥་ །ཕ༷་རུ་ཤི་པ་རྣམས་སོང་ནས། གཏམ་ནང་ཁོང་འཛིན་པའི་གྲོས་བྱས་ཏེ།"
16 ༡༦་ སློབ་མ་རེ་དང་ཧེ༷་རོ་དཱེའི་མི་རེ་སྐུ་དྲུང་དུ་བཏང་ནས་དེ་རྣམས་ཀྱིས། རྒན་ལགས། ཁྱེད་དྲང་པོ་ཡིན་ཅིང་། ཨེ་ལོ་ཧིམ་གྱི་ལམ་དྲང་པོ་སློབ་འཁྲིད་མཛད་དེ། མིའི་ངོ་མི་སྲུང་བ་དང་། ཕྱོགས་རིས་མེད་པ་ང་ཚོས་ཤེས་སོ།"
17 ༡༧་ །ཅི་ལྟར་དགོངས། ཀེ༷་སར་ལ་ཁྲལ་འཇལ་བ་རུང་ངམ་མི་རུང་གསུང་ཞིག་ཞུས།"
18 ༡༨་ དེ་ཚོའི་ངན་སེམས་མཁྱེན་ནས་ཡེ་ཤུས། གཡོ་སྒྱུ་ཅན་ཁྱོད། ཅིའི་ཕྱིར་ངའི་ཚོད་ལེན།"
19 ༡༩་ ཁྲལ་གྱི་དི༷་ནཱར་ང་ལ་སྟོན་གསུངས། དེ་དག་གིས་དི༷་ནཱར་ཞིག་ཕུལ།"
20 ༢༠་ གཟུགས་དང་ཡི་གེ་འདི་སུའི་ཡིན་གསུངས།"
21 ༢༡་ ཀེ༷་སར་གྱི་ཡིན་ཞུས། དེ་བས་ན་ཀེ༷་སར་གྱི་ཡིན་པ་དེ་ཀེ༷་སར་ལ་ཕུལ། ཨེ་ལོ་ཧིམ་གྱི་ཡིན་པ་དེ་ཨེ་ལོ་ཧིམ་ལ་ཕུལ་གསུངས་སོ།"
22 ༢༢་ །དེ་ཐོས་ནས་ངོ་མཚར་དུ་གྱུར་ཏེ། ཁོང་བོར་ནས་སོང་ངོ་།།"
23 ༢༣་ །ཞག་དེ་རང་ལ། གཤིན་པོ་མི་ལང་ངོ་ཟེར་བའི་ས༷ད་དུ་ཀི་པ་རེ་འོངས་ཏེ།"
24 ༢༤་ རྒན་ལགས། མི་ཞིག་ཕྲུ་གུ་མེད་པར་འཆི་ན། དེའི་སྤུན་གྱིས་དེའི་ཆུང་མ་བླངས་ནས་རང་གི་སྤུན་གྱི་ཕྱིར་བརྒྱུད་སྐྱེད་དགོས་ཞེས་མོ༷་ཤེས་གསུངས།"
25 ༢༥་ ད་ངེད་ཀྱི་ཁྲོད་ན་སྤུན་བདུན་ཡོད་པ་ལས། དང་པོ་ཆུང་མ་བླངས་ནས་ཤི། ཕྲུ་གུ་མེད་པས་ཆུང་མ་དེ་ནུ་བོའི་ཕྱིར་ལུས།"
26 ༢༦་ དེ་བཞིན་དུ་གཉིས་པ་དང་གསུམ་པ་དང་བདུན་པའི་བར་དུ་གྱུར།"
27 ༢༧་ མཐར་བུད་མེད་དེའང་ཤིའོ།"
28 ༢༨་ །དེ་ཀུན་གྱིས་མོ་ཆུང་མར་བླངས་པས། གཤིན་པོ་ལང་བའི་ཚེ། བདུན་གྱི་ནང་ནས་སུའི་ཆུང་མར་འགྱུར་འོང་ཞུས།"
29 ༢༩་ ཡེ་ཤུས། ཁྱེད་ཚོས་བི༷་བལ་ཀྱང་མི་ཤེས། ཨེ་ལོ་ཧིམ་གྱི་དབང་ཀྱང་མི་ཤེས་པས་ལམ་སྟོར་རོ།"
30 ༣༠་ །གཤིན་པོ་ལང་བའི་ཚེ། བག་མ་མི་བླང་བག་མར་མི་འགྲོ། ནམ་མཁའི་ཨ༷ན་ཇལ་འདྲར་འགྱུར་འོང་།"
31 ༣༡་ གཤིན་པོ་ལང་བའི་སྐོར་ལ་ཨེ་ལོ་ཧིམ་གྱིས་ཁྱེད་ལ།"
32 ༣༢་ ང་ནི་ཨ༷བ་ར་ཧམ་གྱི་ཨེ་ལོ་ཧིམ་དང་། ཨི༷་སཱག་གྱི་ཨེ་ལོ་ཧིམ་དང་། ཡ༷་ཀོབ་ཀྱི་ཨེ་ལོ་ཧིམ་ཡིན་གསུངས་པ་མ་བཀླགས་སམ། གཤིན་པོའི་ཨེ་ལོ་ཧིམ་མ་ཡིན་གྱི་གསོན་པོའི་ཨེ་ལོ་ཧིམ་ལགས་སོ་ཞེས་གསུངས་པ་ཐོས་ཏེ།"
33 ༣༣་ མི་ཚོགས་ཁོང་གི་གསུང་ལ་ཡ་མཚན་དུ་གྱུར་ཏོ།།"
34 ༣༤་ །ཡེ་ཤུས་ས༷ད་དུ་ཀི་པ་སྨྲ་རྒྱུ་མེད་པར་མཛད་པ་ཕ༷་རུ་ཤི་པས་ཐོས་ནས་འདུས་ཏེ།"
35 ༣༥་ དེ་དག་གི་ནང་ནས་བཀའ་ཁྲིམས་ཤེས་པ་ཞིག་གིས། ཁོང་གི་ཐུགས་སད་པའི་ཕྱིར།"
36 ༣༦་ རྒན་ལགས། བཀའ་ཁྲིམས་ཀྱི་ནང་ན་བཀའ་རྒྱ་ཆེ་ཤོས་དེ་གང་ཡིན་ཞུས་པ་དང་།"
37 ༣༧་ ཁོང་གིས། རང་གི་ཀྱུ་རི་བོ་ཨེ་ལོ་ཧིམ་ལ་རང་གི་སྙིང་ཧྲིལ་པོ་དང་། སེམས་ཧྲིལ་པོ་དང་། ཡིད་ཧྲིལ་པོ་ནས་གཅེས་པར་ཟུངས་ཤིག"
38 ༣༨་ །འདི་ནི་བཀའ་རྒྱ་ཆེ་ཤོས་དང་དང་པོ་ཡིན།"
39 ༣༩་ དེ་དང་འདྲ་བ་གཉིས་པ་འདི་ཡིན། ཁྱིམ་མཚེས་ལ་རང་དང་འདྲ་བར་གཅེས་པར་ཟུངས་ཤིག།"
40 ༤༠་ །བཀའ་རྒྱ་འདི་གཉིས་ལ་བཀའ་ཁྲིམས་ཐམས་ཅད་དང་ཕ༷་རོ་པེ་ཏེ་པ་རྣམས་རག་ལུས་པ་ཡིན་གསུངས་སོ།།"
41 ༤༡་ །ཕ༷་རུ་ཤི་པ་རེ་འདུས་པས། ཡེ་ཤུས་དེ་རྣམས་ལ།"
42 ༤༢་ མ་ཤི་ཀའི་སྐོར་ལ་ཅི་ལྟར་སེམས། སུའི་སྲས་ཡིན་ཞེས་བཀའ་འདྲི་མཛད། ད༷་བིད་ཀྱི་སྲས་ཡིན་ཞུས།"
43 ༤༣་ འོ་ན་རུ་ཨག་གི་ངང་ནས་ད༷་བིད་ཀྱིས།"
44 ༤༤་ །ཨེ་ལོ་ཧིམ་གྱིས་ནི་ངའི་ཀྱུ་རི་བོར། །ང་ཡིས་ཁྱེད་ཀྱི་དགྲ་བོ་རྣམས། །ཁྱེད་ཀྱི་ཞབས་འོག་བཞག་པའི་བར། །ང་ཡི་གཡས་སུ་བཞུགས་ཤིག་གསུངས།། ཞེས་བརྗོད་ཅིང་ཁོང་ལ་ཀྱུ་རི་བོ་ཅིའི་ཕྱིར་ཞུས།"
45 ༤༥་ ད༷་བིད་ཀྱིས་ཁོང་ལ་ཀྱུ་རི་བོ་ཞུ་ན། དེའི་སྲས་ཅི་ལྟར་ཡིན་གསུངས་པས།"
46 ༤༦་ སུས་ཀྱང་ལན་ཞུ་མ་ཐུབ་ཅིང་། ཕྱིན་ཆད་སུས་ཀྱང་བཀའ་འདྲི་ཞུ་མ་སྤོབས་སོ།། །།"
1 ༡་ །མི་ཚོགས་དང་སློབ་མ་རྣམས་ལ་ཡེ་ཤུས་འདི་སྐད་དུ། "
2 ༢་ མོ༷་ཤེའི་བཀའ་ཁྲིམས་མཁས་པ་དང་པ༷་རུ་ཤི་པ་མོ༷་ཤེའི་བཞུགས་ཁྲིར་སྡོད་པས།"
3 ༣་ དེ་ཚོས་ཁྱེད་ལ་སློབ་པ་ཐམས་ཅད་བྱེད་ཅིང་སྲུང་ཞིག །འོན་ཀྱང་དེ་ཚོའི་ལས་བཞིན་མ་བྱེད་ཅིག །དེ་ཚོས་གང་སྨྲ་བ་ལྟར་མི་བྱེད་དོ།"
4 ༤་ །དེ་རྣམས་ཀྱིས་ཁུར་ལྕི་བ་བསྡམས་ནས་གཞན་གྱི་རྒྱབ་ལ་འགེལ་ཡང་། རང་གིས་མཛུབ་མོ་ཙམ་ཞིག་ཀྱང་རེག་པར་མེ་དགའོ།"
5 ༥་ །དེ་ཚོས་རང་གི་ལས་ཐམས་ཅད་ནི། མི་ལ་སྟོན་པའི་ཕྱིར་བྱེད་དོ། །རང་གི་སྲུང་བ་ཞེང་ཆེ་བ་དང་། གོས་ཀྱི་ཆ་ག་ཆེན་པོ་བྱེད་དོ།"
6 ༦་ །མགྲོན་ནང་གྲལ་མགོ་དང་སི༷ན་ན་གོས་སུ་ཁྲི་སྟན་མཐོ་བ་དང་།"
7 ༧་ ཁྲོམ་ལ་ཕྱག་དང་མི་རྣམས་ཀྱིས་སྟོན་པ་ཟེར་བ་ལ་དེ་ཚོ་དགའོ།"
8 ༨་ །ཁྱེད་ཚོའི་ར༷བ་བི་་གཅིག་ལགས་པས། ཁྱེད་ཐམས་ཅད་སྤུན་ཡིན། ཁྱེད་ཚོར་དཔོན་པོ་ཟེར་བར་མ་འཇུག"
9 ༩་ །ནམ་མཁར་བཞུགས་པ་དེ་ཁྱེད་ཚོའི་ཡབ་གཅིག་ལགས་པས། འཇིག་རྟེན་དུ་སུ་ལའང་ཡབ་མ་ཟེར།"
10 ༡༠་ མ་ཤི་ཀ་ཁྱེད་ཚོའི་དཔོན་པོ་གཅིག་ལགས་པས། ཁྱེད་ཚོར་དཔོན་པོ་ཟེར་བར་མ་འཇུག"
11 ༡༡་ །ཁྱེད་ཚོའི་དབུས་སུ་ཆེ་ཤོས་དེ་ཁྱེད་ཀྱི་ཞབས་ཕྱིར་འགྱུར་དགོས།"
12 ༡༢་ རང་མཐོ་བར་བྱེད་པ་དེ་དམའ་བར་འགྱུར་འོང། དམའ་བར་བྱེད་པ་དེ་མཐོ་བར་འགྱུར་འོང་། མོ༷་ཤེའི་བཀའ་ཁྲིམས་མཁས་པ་དང་ཕ༷་རུ་ཤི་པ་ཁ་ཆོས་པ་ཁྱོད་ཚོ།"
13 ༡༣་ སྙིང་རེ་རྗེ། མི་རྣམས་ལ་ནམ་མཁའི་རྒྱལ་སྲིད་ཀྱི་སྒོ་བཀག་སྟེ། རང་ཡང་ནང་དུ་མི་འཇུག །ནང་དུ་འགྲོ་མཁན་ཡང་འགེགས་སོ།"
14 ༡༤་ མོ༷་ཤེའི་ཁྲིམས་མཁས་པ་དང་ཕ༷་རུ་ཤི་པ་ཁ་ཆོས་པ་ཁྱོད་ཚོ།"
15 ༡༥་ སྙིང་རེ་རྗེ། མི་གཅིག་སློབ་མར་བྱེད་ཕྱིར་ཁྱོད་ཚོ་སྐམ་མཚོ་གཉིས་ལ་འཁོར་ཞིང་། སློབ་མར་གྱུར་ཟིན་པ་དང་། ཁྱོད་ཚོ་ལས་ཉིས་ལྔབ་ཀྱིས་དམྱལ་བའི་བུར་བྱེད་དོ།"
16 ༡༦་ །ལམ་སྣ་པ་ལོང་བ་ཁྱོད་ཚོ། སྙིང་རེ་རྗེ། སྨོན་ལམ་ཁང་མནར་བསྐྱེལ་ན་མི་སྟོ། སྨོན་ལམ་ཁང་གི་གསེར་མནར་བསྐྱེལ་ན་བསྡམ་མོ་ཞེས་ཁྱོད་ཚོས་ཟེར།"
17 ༡༧་ གླེན་ཞིང་ལོང་བ་ཁྱོད་ཚོ། གསེར་ཆེ་འམ། གསེར་དམ་པར་བྱེད་པའི་སྨོན་ལམ་ཁང་ཆེ།"
18 ༡༨་ མཆོད་ཁྲིའི་མནའ་བསྐྱེལ་ན་མི་སྟོ། དེའི་སྟེང་དུ་ཡོད་པའི་འབུལ་བ་མནར་བསྐྱེལ་ན་བསྡམ་མོ་ཞེས་ཁྱོད་ཚོས་ཟེར།"
19 ༡༩་ ལོང་བ་ཁྱོད། འབུལ་བ་ཆེའམ། འབུལ་བ་དམ་པར་བྱེད་པའི་འབུལ་བའི་ཞགས་ས་ཆེ།"
20 ༢༠་ འབུལ་བའི་ཞགས་ས་མནའ་བསྐྱེལ་བ་དེས། འབུལ་བའི་ཞགས་ས་དང་དེའི་ཁར་ཡོད་པ་ཐམས་ཅད་མནར་བསྐྱེལ་ལོ།"
21 ༢༡་ །སྨོན་ལམ་ཁང་མནར་བསྐྱེལ་བ་དེས། སྨོན་ལམ་ཁང་དང་དེའི་ནང་དུ་བཞུགས་པ་ཁོང་མནར་བསྐྱེལ་ལོ།"
22 ༢༢་ །ནམ་མཁའ་མནར་བསྐྱེལ་བ་དེས། ཨེ་ལོ་ཧིམ་གྱི་བཞུགས་ཁྲི་དང་དེའི་ཁར་བཞུགས་པ་ཁོང་མནར་བསྐྱེལ་ལོ།"
23 ༢༣་ །མོ༷་ཤེའི་བཀའ་ཁྲིམས་མཁས་པ་དང་ཕ༷་རུ་ཤི་པ་ཁ་ཆོས་པ་ཁྱོད་ཚོ། སྙིང་རེ་རྗེ། ཁྱོད་ཚོས་ཕོ་ལོ་ལིང་དང་གོ་སྙོད་དང་ཟི་རའི་བཅུ་ཁག་ཆོས་ཁྲལ་འཇལ་ཡང་། བཀའ་ཁྲིམས་ཀྱི་གལ་ཆེ་བའི་འོས་ཁྲིམས་དང་། སྙིང་རྗེ་དང། དད་པ་གསུམ་པོ་སྤོང་ངོ་། དེ་སྲུང་ལ་འདི་སྤོང་བར་རིགས་སམ།"
24 ༢༤་ ལམ་སྣ་པ་ལོང་བ་ཁྱོད་ཚོ། ཁྱོད་ཚོས་སྦྲང་བུ་འཚག་ཅིང་། རྔ་མོང་མིད་དོ།"
25 ༢༥་ །མོ༷་ཤེའི་བཀའ་ཁྲིམས་མཁས་པ་དང་ཕ༷་རུ་ཤི་པ་ཁ་ཚོས་པ་ཁྱོད་ཚོ། སྙིང་རེ་རྗེ། ཁྱོད་ཚོས་ཕོར་པ་དང་སྡེར་མའི་ཕྱི་དག་པར་བྱེད་ཀྱང་། ནང་འཕྲོག་ཆོམ་དང་ཚུལ་འཆལ་གྱིས་གང་ནས་འདུག།"
26 ༢༦་ །ཕ༷་རུ་ཤི་པ་ལོང་བ་ཁྱོད་ཚོ། སྔར་ཕོར་པ་དང་སྡེར་མའི་ནང་དག་པར་བྱོས། དེ་ནས་ཕྱི་ལོག་ཀྱང་དག་པར་འགྱུར།"
27 ༢༧་ མོ༷་ཤེའི་བཀའ་ཁྲིམས་མཁས་པ་དང་ཕ༷་རུ་ཤི་པ་ཁ་ཆོས་པ་ཁྱོད་ཚོ། སྙིང་རེ་རྗེ། ཁྱོད་ཚོ་ཕྱི་ནས་མཛེས་པོ་མཐོང་ཡང་། ནང་རོ་རུས་དང་ཤིན་ཏུ་མི་གཙང་བས་གང་བར་དཀར་རྩི་བསྐུས་པའི་རོ་ཁང་དང་འདྲའོ།"
28 ༢༨་ །དེ་ལྟར་ཁྱོད་ཚོའང་ཕྱི་ནས་མི་ལ་དྲང་པོ་མཐོང་ཡང་། ནང་ན་ཁ་ཆོས་དང་ཁྲིམས་འཆལ་གྱིས་གང་ངོ་།"
29 ༢༩་ །མོ༷་ཤེའི་བཀའ་ཁྲིམས་མཁས་པ་དང་ཕ༷་རུ་ཤི་པ་ཁ་ཆོས་པ་ཁྱོད་ཚོ། སྙིང་རེ་རྗེ། ཁྱོད་ཚོས་ཕ༷་རོ་པེ་ཏེ་པ་རྣམས་ཀྱི་སྤུར་ཁང་རྩིག་ཅིང་། དྲང་པོ་རྣམས་ཀྱི་བང་སོ་བརྒྱན་ནས།"
30 ༣༠་ ཕ་མེས་ཀྱི་དུས་སུ་ང་ཚོ་ཡོད་པ་ཡིན་ན། ཕ༷་རོ་པེ་ཏེ་པ་རྣམས་གསོད་པའི་བྱ་བའི་ནང་ང་ཚོ་འདྲེས་མེད་འགྲོ་ཟེར་རོ།"
31 ༣༡་ །དེ་ལྟར་ཁྱོད་ཚོ་ཕ༷་རོ་པེ་ཏེ་པ་བསད་མཁན་གྱི་བུ་བརྒྱུད་ཡིན་པའི་དཔང་པོ་བྱེད་དོ།"
32 ༣༢་ །དེ་རང་གི་ཕ་མེས་ཀྱི་བྲེ་དེ་གང་ཆུག།"
33 ༣༣་ སྦྲུལ་ཁྱོད་ཚོ། དུག་སྦྲུལ་གྱི་རྒྱུད་ཁྱོད་ཚོ། དམྱལ་བའི་ཆད་པ་ལས་ཁྱོད་ཅི་ལྟར་ཐར་འོང་།"
34 ༣༤་ དེ་བས་ན་ངས་ཁྱོད་ཚོའི་རྩར་ཕ༷་རོ་པེ་ཏེ་པ་དང་། མཁས་པ་དང་། མོ༷་ཤེའི་བཀའ་ཁྲིམས་མཁས་པ་གཏོང་ཡང་། ཁྱོད་ཚོས་ཁ་ཅིག་གསད་འོང་། རྒྱང་ཤིང་ལ་བརྐྱང་འོང་། ཁ་ཅིག་ལ་སི༷ན་ན་གོས་ནང་རྟ་ལྕག་གིས་བརྡུང་སྟེ། གྲོང་ཁྱེར་ནས་གྲོང་ཁྱེར་དུ་འདེད་འོང་།"
35 ༣༥་ དེ་ནི་ཧ༷་བེལ་དྲང་པོའི་ཁྲག་ནས། གཙང་ཁང་དང་འབུལ་བ་ཞགས་པའི་དཀྱིལ་དུ་བསད་པའི་བ༷་རག་ཡཱའི་བུ་ཟ༷་ཀར་ཡའི་ཁྲག་གི་བར་དུ། སའི་ཁར་ནོངས་མེད་པའི་ཁྲག་ཕོས་པ་ཐམས་ཅད་ཀྱི་ལ་ཡོགས་ཁྱེད་ཚོས་མྱོང་བའི་ཕྱིར་ཡིན།"
36 ༣༦་ དེ་ཐམས་ཅད་མི་རབས་འདི་ལ་འབབ་འོང་ངས་བདེན་པར་ཟེར།།"
37 ༣༧་ །ཡེ༷་རུ་ཤ་ལེམ། ཡེ༷་རུ་ཤ་ལེམ། ཕ༷་རོ་པེ་ཏེ་པ་བསད་མཁན་དང་། ཁྱོད་རྩར་མངགས་པ་རྡོ་རུབ་ལ་བཏང་མཁན་ཁྱོད། བྱ་མོས་བྱ་ཕྲུག་གཤོག་པའི་འོག་ཏུ་བསྡུ་བ་ལྟར། ལན་ཅི་ཙམ་ངས་ཁྱོད་ཀྱི་ཕྲུ་གུ་རྣམས་བསྡུ་བར་དགའ་ཡང་། ཁྱོད་མ་དགའོ།"
38 ༣༨་ །ཁྱོད་ཀྱི་ཁང་པ་ཁྱོད་ཕྱིར་སྟོངས་པར་འགྱུར།"
39 ༣༩་ ཀྱུ་རི་བོའི་མཚན་ནས་བརྗོད་ཅིང་འབྱོན་པ་བཀྲ་ཤིས་ཞེས་ཞུ་བའི་བར་དུ། ཁྱོད་ཀྱིས་ང་མི་མཐོང་ཞེས་ངས་ཟེར་གསུངས་སོ།། །།"
1 ༡་ །ཡེ་ཤུ་སྨོན་ལམ་ཁང་ནས་འཐོན་ཞིང་ཕེབས་པ་ལས། སྨོན་ལམ་ཁང་གི་ཁང་རྒྱ་སྤྱན་འབེབས་ཞུ་ཕྱིར། སློབ་མ་རྣམས་འོངས།"
2 ༢་ བཀའ་ལན་དུ། འདི་ཐམས་ཅད་མཐོང་ངམ། འདིར་རྡོ་གཅིག་ཀྱང་མ་ལུས་པར་རློག་པར་འགྱུར་ཞེས་ངས་བདེན་པར་ཟེར་གསུངས་སོ།"
3 ༣་ །ཁ་སྐྱུར་པོའི་རི་ལ་བཞུགས་ཡོད་པ་ལས། སློབ་མ་རྣམས་ཟུར་དུ་བཅར་ནས། ཁྱེད་འབྱོན་པ་དང་། དུས་ཀྱི་མཐའ་མའི་རྟགས་ཅི་ཡིན། འདི་རྣམས་ནམ་འབྱུང་འོང་ངེད་ལ་གསུང་དུ་གསོལ་ཞེས་ཞུས་པའི་བཀའ་ལན་དུ།"
4 ༤་ ཁྱེད་བསླུ་བར་མ་འགྱུར་ཞིག"
5 ༥་ །མང་པོས་ངའི་མིང་འཁུར་ཏེ། ང་མ་ཤི་ཀ་ཡིན་ཟེར་ནས་མང་པོ་བསླུ་འོང་།"
6 ༦་ དམག་དང་དམག་གི་སྐད་ཆ་ཐོས་འོང་ཡང་། མ་འཇིགས་ཤིག །དེ་འབྱུང་དགོས། འོན་ཀྱང་ད་དུང་མཐའ་མ་མིན།"
7 ༧་ མི་རྒྱུད་དང་རྒྱལ་ཁག་ཕན་ཚུན་ལང་འོང་། ས་ཆ་སོ་སོར་མུ་གེ་དང་ས་གཡོ་འབྱུང་འོང་།"
8 ༨་ དེ་ཐམས་ཅད་ཟུག་གཟེར་གྱི་ཐོག་མ་ཡིན།"
9 ༩་ དེ་ནས་མིས་ཁྱེད་ལ་འཚེ་བའི་ཕྱིར་བཏད་དེ་གསད་འོང་། ངའི་མིང་གི་རྐྱེན་གྱིས་མི་རྒྱུད་ཐམས་ཅད་ཀྱིས་ཁྱེད་ལ་སྡང་འོང་།"
10 ༡༠་ དེའི་ཚེ་མང་པོ་དད་པ་ལོག་པར་འགྱུར། གཅིག་གིས་གཅིག་དགྲའི་ལག་ལ་གཏད། གཅིག་ལ་གཅིག་སྡང་།"
11 ༡༡་ ཕ༷་རོ་པེ་ཏེ་པ་རྫུས་མ་མང་པོ་ལང་ཞིང་མང་པོ་བསླུ་བར་འགྱུར།"
12 ༡༢་ ཁྲིམས་འཆལ་འཕེལ་བས། མང་པོའི་བྱམས་སེམས་ཉམས་པར་འགྱུར།"
13 ༡༣་ འོན་ཀྱང་མཐའ་མའི་བར་དུ་བརྟན་པ་དེ་ཐར་བར་འགྱུར།"
14 ༡༤་ མི་རྒྱུད་ཐམས་ཅད་ལ་དཔང་བྱེད་ཕྱིར། རྒྱལ་སྲིད་ཀྱི་འཕྲིན་བཟང་འདི་འཇིག་རྟེན་ཀུན་ཏུ་འཆད་པའི་རྗེས་སུ་མཐའ་མ་བསླེབ་བོ།"
15 ༡༥་ །ཀློག་མཁན་གྱིས་གོ་ཞིག །ཕ༷་རོ་པེ་ཏེ་པ་དཱ༷་ནི་ཨེལ་གྱིས་གསུངས་པའི། ས༷་ཏན་གྱི་མི་གཙང་བ་དེ་གནས་དམ་པ་རུ་ལང་ཡོད་པ་ཁྱེད་ཀྱིས་མཐོང་བའི་ཚེ།"
16 ༡༦་ ཡ༷་ཧུ་དཱ་རུ་ཡོད་པ་རྣམས་རི་ལ་བྲོས་ཤིག"
17 ༡༧་ །ཐོག་ཁར་ཡོད་པ་ནང་ནས་ཡོ་བྱད་ལེན་དུ་མ་འབབ་ཅིག"
18 ༡༨་ །ཀླུངས་ལ་ཡོད་པ་གོས་ལེན་དུ་ལོག་མ་འགྲོ་ཞིག"
19 ༡༩་ །ཉིན་མོ་དེ་ལ་སྦྲུམ་མ་དང་ནུ་ཞོ་སྣུན་པ་རྣམས་སྙིང་རེ་རྗེ།"
20 ༢༠་ ཁྱེད་འབྲོས་པ་དེ་དགུན་ཁའམ་ཤ༷བ་བད་ཀྱི་ཞག་ལ་མི་འབྱུང་ཕྱིར་སྨོན་ལམ་ཐོབ་ཅིག"
21 ༢༡་ །འཇིག་རྟེན་གྱི་ཐོག་མ་ནས་ད་བར་དུ་མ་བྱུང་བ་དང་། ཕྱིས་ཀྱང་མི་འབྱུང་བའི་སྡུག་བསྔལ་ཆེན་པོ་དེའི་དུས་སུ་འབྱུང་འོང་།"
22 ༢༢་ ཞག་དེ་མ་འཕྲི་ན་སུའང་མི་ཐར་གྱི། །འདམས་པ་རྣམས་ཀྱི་དོན་དུ་ཞག་དེ་འཕྲི་འོང་།"
23 ༢༣་ དེའི་ཚེ་མ་ཤི་ཀ་འདིར་བཞུགས་སོ་སུས་ཟེར་ན། ཡིད་མ་ཆེས་ཤིག"
24 ༢༤་ །མ་ཤི་ཀ་རྫུས་མ་དང་ཕ༷་རོ་པེ་ཏེ་པ་རྫུས་མ་ལང་ཞིང་། ཐུབ་ན་འདམས་པའང་བསླུ་བའི་ཕྱིར། ངོ་མཚར་ཆེ་བའི་ལྟས་སྟོན་འོང་།"
25 ༢༥་ ངས་མ་འབྱུང་བའི་སྔོན་ལ་ཟེར་རོ།"
26 ༢༦་ ཁོང་འབྲོག་སྟོང་ལ་བཞུགས་ཟེར་ན་ཕྱི་རོལ་དུ་མ་འགྲོ །ཁོང་ནང་དུ་བཞུགས་ཟེར་ན་ཡིད་མ་ཆེས་ཤིག"
27 ༢༧་ །ཤར་ནས་གློག་འཁྱུག་ཅིང་ནུབ་ཀྱི་བར་དུ་སྣང་བ་ལྟར། མིའི་བུ་ཕེབས་འོང་།"
28 ༢༨་ རོ་ཡོད་སར་བྱ་རྒོད་འཁོར།"
29 ༢༩་ ཉིན་མོ་དེའི་སྡུག་བསྔལ་གྱི་རྗེས་སུ། །འཕྲལ་དུ་ཉི་མ་མུན་པར་འགྱུར། །ཟླ་བས་འོད་ཀྱང་མི་གཏང་ཞིང་། །གནམ་ནས་སྐར་མ་ལྷུང་འགྱུར་ཏེ། །གནམ་གྱི་མཐུ་སྟོབས་གཡོ་བར་འགྱུར།"
30 ༣༠་ དེ་ནས་མིའི་བུའི་མངོན་རྟགས་ནམ་མཁར་འབྱུང་། དེའི་ཚེ་ས་ཆེན་པོའི་མི་རྒྱུད་ཐམས་ཅད་ཀྱིས་མྱ་ངན་བྱེད་ཅིང་། མིའི་བུ་དབང་དང་གཟི་བརྗིད་དང་བཅས་པ་གནམ་གྱི་སྤྲིན་གྱི་ཁར་འབྱོན་པ་མཐོང་འོང་།"
31 ༣༡་ ཁོང་གིས་ཉིད་ཀྱི་ཨ༷ན་ཇལ་མངགས་ནས། དུང་ཆེན་པོ་དང་མཉམ་དུ་ཁོང་གི་འདམས་པ་རྣམས་ཕྱོགས་བཞི་ནས། ནམ་མཁའི་མཐའ་ནས་མཐའ་རུ་བསྡུ་འོང་།"
32 ༣༢་ །སེ་ཡབ་ཤིང་ལས་དཔེ་སློབས་ཤིག །དེའི་ཡལ་ག་མཉེན་པར་གྱུར་ཏེ་ལོ་མ་འབུར་བ་དང་། དབྱར་ཀ་ཉེ་བར་ཤེས་སོ།"
33 ༣༣་ །དེ་བཞིན་དུ་ཁྱེད་ཀྱིས་དེ་ཐམས་ཅད་མཐོང་བ་དང་། དེ་ནི་སྒོ་རྩར་སླེབས་ཡོད་པར་ཤེས་འོང་།"
34 ༣༤་ དེ་ཐམས་ཅད་མ་འབྱུང་བའི་བར་དུ། མི་རབས་འདི་འདའ་བར་མི་འགྱུར་ངས་བདེན་པར་ཟེར།"
35 ༣༥་ གནམ་ས་གཉིས་འདའ་ཡང་ངའི་བཀའ་འདའ་བར་མི་འགྱུར།"
36 ༣༦་ ཉིན་མོ་དེ་དང་དུས་ཚོད་དེའི་སྐོར་ལ་ངའི་ཡབ་གཅིག་པུས་མ་གཏོགས། སུས་ཀྱང་མི་ཤེས། ནམ་མཁའི་ཨ༷ན་ཇལ་གྱིས་ཀྱང་མི་ཤེས། སྲས་ཀྱིས་ཀྱང་མི་ཤེས་སོ།"
37 ༣༧་ །ནོ༷་ཨའི་དུས་ལྟར་མིའི་བུ་འབྱོན་པ་དེ་ཡིན་པར་འགྱུར།"
38 ༣༨་ ཇི་ལྟར་ཆུ་རུད་ལས་སྔོན་དུ་ནོ༷་ཨ་གྲུའི་ནང་ཞུགས་པའི་ཉིན་མོའི་བར་དུ། མི་རྣམས་ཀྱིས་ཟ། འཐུང་། བག་མ་གཏོང་ལེན་བྱེད་ཅིང་།"
39 ༣༩་ ཆུ་རུད་ཀྱིས་ཐམས་ཅད་ཁྱེར་བའི་བར་དུ་མ་ཤེས། དེ་ལྟར་མིའི་བུ་འབྱོན་པ་ཡིན་པར་འགྱུར།"
40 ༤༠་ སྐྱེས་པ་གཉིས་ཞིང་ལ་ཡོད་པ་ལས། གཅིག་འདྲེན་ཞིང་གཅིག་འབོར་བར་འགྱུར།"
41 ༤༡་ བུད་མེད་གཉིས་ཀྱིས་རང་འཐག་བསྐོར་བ་ལས། གཅིག་འདྲེན་ཞིང་གཅིག་འབོར་བར་འགྱུར་རོ།"
42 ༤༢་ །དེའི་ཕྱིར་ཁྱེད་ཀྱི་ཀྱུ་རི་བོ་ནམ་འབྱོན་པ་མི་ཤེས་པས། བྱ་ར་བྱོས་ཤིག"
43 ༤༣་ །ཁྱིམ་བདག་གིས་ཐུན་གང་ལ་རྐུན་མ་འོང་བ་ཤེས་པ་ཡིན་ན། མེལ་ཚེ་བྱེད་ཅིང་ཁང་པར་འཛུལ་དུ་མི་འཇུག་པ་ཤེས་ཤིག"
44 ༤༤་ །དེའི་ཕྱིར་ཁྱེད་ཀྱིས་མི་བསམ་པའི་དུས་ཚོད་ལ་མིའི་བུ་འབྱོན་པས། གཅང་བྱོས་ཤིག།"
45 ༤༥་ །དུས་ཐོག་འཁོར་གཡོག་ལ་ཁ་ཟས་སྟེར་བར། དཔོན་པོས་བསྐོས་པའི་གཉེར་པ་དྲང་ཞིང་མཁས་པ་སུ་ཡིན།"
46 ༤༦་ དཔོན་པོ་འོང་སྟེ་དེ་བཞིན་དུ་བྱེད་པར་མཐོང་བའི་གཡོག་པོ་བདེའོ།"
47 ༤༧་ །དེ་ལ་ནོར་ཐམས་ཅད་གཏད་འོང་ཞེས་ངས་བདེན་པར་ཟེར།"
48 ༤༨་ གཡོག་པོ་ངན་པས་ངའི་དཔོན་པོ་འགོར་འོང་བསམས་ནས།"
49 ༤༩་ གཡོག་གྲོགས་ལ་རྡུང་ཞིང་། ཆང་འཐུང་དང་འགྲོགས་ཏེ་ཟ་ཞིང་འཐུང་ན།"
50 ༥༠་ དེས་མི་སེམས་པའི་ཞག་དང་མི་ཤེས་པའི་དུས་ཚོད་ལ་དཔོན་པོ་འོངས་ཏེ།"
51 ༥༡་ དྲག་ཏུ་བརྡུངས་ནས་དེ་ཚོའི་སྐལ་བ་སྒྱུ་ཟོག་ཅན་དང་མཉམ་དུ་ངུ་འབོད་དང་སོ་ཁྲིག་པ་ཡོད་སར་གཏོང་བར་འགྱུར།། །།"
1 ༡་ །ནམ་མཁའི་རྒྱལ་སྲིད་ནི། སྣུམ་བཞུ་འཁུར་ཏེ་མག་པ་བསུ་རུ་སོང་བའི་གཞོན་ནུ་མ་བཅུ་དང་འདྲའོ།"
2 ༢་ །ལྔ་བླུན་མོ་དང་ལྔ་མཛངས་མ་སྟེ།"
3 ༣་ བླུན་མོས་སྣུམ་བཞུ་འཁུར་ཡང་སྣུམ་མ་ཁྱེར་རོ།"
4 ༤་ །མཛངས་མས་སྣུམ་བཞུ་དང་མཉམ་སྣུམ་ཡང་སྣོད་ནང་ཁྱེར་རོ། "
5 ༥་ །མག་པ་འགོར་བས་ཐམས་ཅད་གཉིད་ལོག་གོ"
6 ༦་ །མཚན་ཕྱེད་ལ་མག་པ་འོང་ངོ་བསུ་རུ་སོང་ཞེས་པའི་སྐད་བྱུང་བ་ལས།"
7 ༧་ གཞོན་ནུ་མ་རྣམས་ལངས་ནས་སྣུམ་བཞུ་གསལ་བར་བྱས་པ་དང་།"
8 ༨་ བླུན་མོས་མཛངས་མ་ལ། ང་ཚོའི་སྣུམ་བཞུ་འཆི་འགྲོ་བས། ཁྱེད་ཀྱི་ཞུན་སྣུམ་ནས་ངེད་ལ་ཐོང་ཞིག་སྨྲས་པའི་ལན་དུ།"
9 ༩་ གཏོང་ན་ང་ཚོ་དང་ཁྱེད་ཚོ་གཉིས་ཀར་མི་འཁྱེད་པས། ཚོང་པའི་རྩར་ཉོ་རུ་སོང་སྨྲས་སོ།"
10 ༡༠་ །སོང་བ་དང་མག་པ་བསླེབས། གྲལ་འགྲིག་ཡོད་པ་རྣམས་དེ་དང་མཉམ་དུ་བག་སྟོན་གྱི་ཁང་པར་ཞུགས་ནས། སྒོ་བརྒྱབ་བོ།"
11 ༡༡་ །རྗེས་སུ་གཞན་ལྔ་པོ་འོང་ཞིང་། ཀྱུ་རི་བོ། ཀྱུ་རི་བོ། སྒོ་ཕྱེས་ཤིག་སྨྲས་པའི་ལན་དུ་མག་པས།"
12 ༡༢་ ཁྱེད་ཚོ་མི་ཤེས་ངས་བདེན་པར་ཟེར་སྨྲས་སོ།"
13 ༡༣་ །དེ་བས་ན་ཞག་དེ་དང་ཆུ་ཚོད་དེ་མི་ཤེས་པས། བྱ་ར་བྱོས་ཤིག།"
14 ༡༤་ ཡང་འདི་དང་འདྲ་སྟེ། མི་ཞིག་གིས་བྱེས་སུ་འགྲོ་བའི་དུས་སུ། གཡོག་པོ་བོས་ནས་ནོར་བཏད།"
15 ༡༥་ རེ་རེའི་ནུས་ཚོད་ལྟར་གཅིག་ལ་རྡོ་ཚད་ལྔ། གཅིག་ལ་རྡོ་ཚད་གཉིས། གཅིག་ལ་རྡོ་ཚད་གཅིག་བཏད་ནས་སོང་ངོ་།"
16 ༡༦་ རྡོ་ཚད་ལྔ་ཐོབ་པ་དེ་འཕྲལ་དུ་སོང་ནས། དེ་ལ་འབད་པས། གཞན་རྡོ་ཚད་ལྔ་བྱོར།"
17 ༡༧་ དེ་བཞིན་དུ་རྡོ་ཚད་གཉིས་ཐོབ་པ་ལའང་། གཞན་རྡོ་ཚད་གཉིས་བྱོར།"
18 ༡༨་ རྡོ་ཚད་གཅིག་ཐོབ་པ་དེས་ས་བྲུས་ཏེ། དཔོན་པོའི་དངུལ་སྦས་སོ།"
19 ༡༩་ །ཡུན་རིང་གི་རྗེས་སུ་དཔོན་པོ་ལོག་འོངས་ནས། རྩིས་ལེན་པ་ལས།"
20 ༢༠་ རྡོ་ཚད་ལྔ་ཐོབ་པ་དེས་གཞན་ལྔ་ཕུལ་ནས། རྒན་ལགས། ཁྱེད་ཀྱིས་ང་ལ་རྡོ་ཚད་ལྔ་བཏད། ང་ལ་གཞན་ལྔ་བྱོར་པ་ལ་གཟིགས་ཞུས་པ་དང་།"
21 ༢༡་ དཔོན་པོས། ལེགས་སོ། གཡོག་པོ་བཟང་ཞིང་དྲང་པོ་ཁྱོད། ཉུང་དུའི་ནང་ལ་དྲང་པོ་བྱས་པས། མང་པོའི་གཉེར་པ་བྱའོ། རང་གི་དཔོན་པོའི་དགའ་མོའི་ནང་འགྲོགས་ཤིག་སྨྲས་སོ།"
22 ༢༢་ །རྡོ་ཚད་གཉིས་ཐོབ་པ་དེས་ཀྱང་། རྒན་ལགས། ཁྱེད་ཀྱིས་ང་ལ་རྡོ་ཚད་གཉིས་བཏད། ང་ལ་གཞན་གཉིས་བྱོར་པ་ལ་གཟིགས་ཞུས་པ་དང་།"
23 ༢༣་ དཔོན་པོས། ལེགས་སོ། གཡོག་པོ་བཟང་ཞིང་དྲང་པོ་ཁྱོད། ཉུང་ངུའི་ནང་ལ་དྲང་པོ་བྱས་པས། མང་པོའི་གཉེར་པ་བྱའོ། །རང་གི་དཔོན་པོའི་དགའ་མོའི་ནང་འགྲོགས་ཤིག་སྨྲས་སོ།"
24 ༢༤་ །རྡོ་ཚད་གཅིག་ཐོབ་པ་དེས། རྒན་ལགས། ཁྱེད་དྲག་པོ་དང་། མ་བཏབ་པའི་ས་ནས་རྔ་མཁན་དང་། མ་གཏོར་བའི་ས་ནས་སྡུད་མཁན་ཡིན་པ་ཤེས་པས།"
25 ༢༥་ ང་འཇིགས་ནས་ཁྱེད་ཀྱི་རྡོ་ཚད་གཅིག་པུ་སའི་ནང་སྦས་པ་ཡིན། ཁྱེད་ཀྱི་ཡིན་པ་བཞེས་ཤིག་ཞུས་པ་དང་དཔོན་པོས།"
26 ༢༦་ གཡོག་པོ་ངན་པ་ལེ་ལོ་ཅན་ཁྱོད། ང་མ་བཏབ་པའི་ས་ནས་རྔ་མཁན་དང་། མ་གཏོར་བའི་ས་ནས་སྡུད་མཁན་ཡིན་པར་ཁྱོད་ཀྱིས་ཤེས་པས།"
27 ༢༧་ ངའི་དངུལ་རྗེ་མཁན་ལ་གཏོད་དགོས་པ་ཡིན། བཏད་པ་ཡིན་ན་ང་འོང་དུས་སུ། ངའི་ཡིན་པ་སྐྱེད་དང་བཅས་ལེན་ཐུབ་པ་ཡིན།"
28 ༢༨་ ད་རྡོ་ཚད་དེ་ཁོ་ནས་ལེན་ཏེ། བཅུ་ཡོད་པ་དེ་ལ་ཐོང་།"
29 ༢༩་ ཡོད་པ་ལ་གནང་སྟེ་མང་པོར་འགྱུར། མེད་པ་ལས་ཇི་ཡོད་པ་དེའང་ལེན་པར་འགྱུར།"
30 ༣༠་ གཡོག་པོ་ཕན་མེད་དེ་ངུ་འབོད་དང་སོ་ཁྲིག་པ་འབྱུང་བའི་ཕྱི་རོལ་མུན་པའི་ནང་དབྱུག་ཅིག་ཅེས་སྨྲས་སོ།།"
31 ༣༡་ མིའི་བུ་གཟི་བརྗིད་ནང་ཨ༷ན་ཇལ་གྱི་འཁོར་དང་བཅས་པ་འབྱོན་པའི་དུས་སུ། ཉིད་ཀྱི་གཟི་བརྗིད་ཀྱི་ཁྲིར་བཞུགས་པར་འགྱུར།"
32 ༣༢་ མི་རྒྱུད་ཐམས་ཅད་སྐུ་དྲུང་དུ་བསྡུ་སྟེ། ལུག་རྫིས་ར་མ་ལས་ལུག་སོ་སོར་ཕྱེ་བ་ལྟར། ཁོང་གིས་དེ་རྣམས་ཀྱང་ཕྱེ་བར་འགྱུར།"
33 ༣༣་ གཡས་སུ་ལུག་དང་གཡོན་དུ་ར་མ་འཇོག་ཅིང་།"
34 ༣༤་ རྒྱལ་པོས་གཡས་སུ་ཡོད་པ་ལ། ཡབ་ཀྱིས་བྱིན་གྱིས་བརླབས་པ་ཁྱེད། འཇིག་རྟེན་བཀོད་པ་ནས་ཁྱེད་ཕྱིར་བཤམས་པའི་རྒྱལ་སྲིད་སྐལ་བར་ལེན་དུ་ཤོག"
35 ༣༥་ །ཁྱེད་ཀྱིས་ང་ལྟོགས་པ་ལ་ཁ་ཟས་སྟེར། ང་སྐོམ་པ་ལ་བཏུང་བ་སྟེར། ང་མགྲོན་པོར་གནས་ཚང་བཏང་།"
36 ༣༦་ ང་གཅེར་བུར་གོས་བསྐོན། ང་ན་བ་ལ་བལྟས། ང་བཙོན་དུ་ཡོད་པ་ལ་མཇལ་དུ་འོངས་གསུང་བར་འགྱུར།"
37 ༣༧་ དྲང་པོ་རྣམས་ཀྱིས། ཀྱུ་རི་བོ་ལགས། ངེད་ཀྱིས་ཁྱེད་བཀྲེས་པའམ། སྐྱེམས་པའམ།"
38 ༣༨་ འགྲོན་པོའམ། གཅེར་བུར་མཐོང་སྟེ། གསོལ་བའམ། སྐྱེམས་སམ། གནས་ཚང་ངམ། ན་བཟའ་ནམ་ཕུལ།"
39 ༣༩་ ཡང་སྙུང་བའམ་བཙོན་དུ་མཐོང་སྟེ་ནམ་མཇལ་དུ་འོངས་ཞུ་བར་འགྱུར།"
40 ༤༠་ རྒྱལ་པོས། ངའི་སྤུན་ཆུང་ཤོས་འདི་གཅིག་ལ་ཁྱེད་ཀྱིས་དེ་ལྟར་བྱས་པ་ནི། ང་ལ་བྱས་པ་ཡིན་ཞེས་ངས་བདེན་པར་ཟེར་གསུང་བར་འགྱུར།"
41 ༤༡་ གཡོན་དུ་ཡོད་པ་ལ། དམོད་པར་བྱས་པ་དག །ངའི་མདུན་ནས་ས༷་ཏན་དང་དེའི་ཨ༷ན་ཇལ་གྱི་ཕྱིར་བཤམས་པའི་མི་འཇིག་པའི་མེའི་ནང་དུ་སོང་།"
42 ༤༢་ ཁྱོད་ཀྱིས་ང་ལྟོགས་པ་ལ་ཁ་ཟས་མ་སྟེར། ང་སྐོམས་པ་ལ་བཏུང་བ་མ་སྟེར།"
43 ༤༣་ ང་མགྲོན་པོར་གནས་ཚང་མ་བཏང་། ང་གཅེར་བུར་གོས་མ་བསྐོན། ང་ན་བ་དང་བཙོན་དུ་ཡོད་པ་ལ་མཇལ་དུ་མ་འོངས་གསུང་བར་འགྱུར།"
44 ༤༤་ དེ་དག་གིས་ཀྱུ་རི་བོ་ལགས། ངེད་ཀྱིས་ཁྱེད་བཀྲེས་པའམ། སྐྱེམས་པའམ། མགྲོན་པོའམ། གཅེར་བུའམ། སྙུང་བའམ། བཙོན་དུ་མཐོང་སྟེ་ནམ་བསྙེན་བཀུར་མ་བྱས་ཞུ་བར་འགྱུར།"
45 ༤༥་ རྒྱལ་པོས། ཆུང་ཤོས་འདི་གཅིག་ལ་ཁྱོད་ཀྱིས་དེ་ལྟར་མ་བྱས་པ་ནི། ང་ལ་མ་བྱས་པ་ཡིན་ཞེས་ངས་བདེན་པར་ཟེར་གསུང་བར་འགྱུར།"
46 ༤༦་ འདི་དག་མཐའ་མེད་པའི་ཆད་པ་དང་། དྲང་པོ་དག་མཐའ་མེད་པའི་ཚེར་ལོངས་སྤྱད་པར་འགྱུར་གསུངས་སོ།། །།"
1 ༡་ །ཡེ་ཤུས་བཀའ་དེ་རྣམས་གསུངས་པའི་རྗེས་སུ་སློབ་མ་རྣམས་ལ།"
2 ༢་ ཞག་གཉིས་ནས་པེ༷་སག་གི་དུས་ཆེན་ཡིན་པ་དང་། མིའི་བུ་རྒྱང་ཤིང་ལ་བརྐྱང་ཕྱིར་དགྲའི་ལག་ཏུ་གཏད་འོང་བ་ཁྱེད་ཀྱིས་ཤེས་སོ་གསུངས།"
3 ༣་ དེའི་ཚེ་ལེ༷་ཝི་ཆེན་དང་རྒན་མི་རྣམས་ལེ༷་ཝི་ཆེན་ཀ༷་ཡ་ཕའི་ཚོམས་སུ་འདུས་ནས།"
4 ༤་ གཡོ་སྒྱུས་ཡེ་ཤུ་གཟུང་ཞིང་འགྲོངས་པའི་གྲོས་བྱས་ཏེ།"
5 ༥་ མི་སྡེ་མི་འཁྲུགས་ཕྱིར་དུས་ཆེན་ལ་མི་གཟུང་སྨྲས་སོ།།"
6 ༦་ །ཡེ་ཤུ་བེ༷ད་ཨན་ཡ་རུ་ཤི༷་མོན་མཛེ་ཅན་གྱི་ཁང་པར་བཞུགས་པའི་ཚེ།"
7 ༧་ སྤོས་ཆུ་རིན་ཅན་གྱིས་གང་བའི་ཀ༷་མ་རུའི་བུམ་པ་འཁུར་བའི་བུད་མེད་ཅིག་འོངས་ནས། ཁོང་གསོལ་བ་བཞེས་པའི་ཚེ་སྤོས་ཆུ་དབུ་ལ་བླུགས་སོ།"
8 ༨་ །སློབ་མ་རྣམས་ཀྱིས་མཐོང་སྟེ་ཁྲོས་ནས། འདི་ཅིའི་ཕྱིར་ཆུད་ཟོས་ལ་བཏང་།"
9 ༩་ འདི་རིན་ཆེན་པོར་འཚོང་ནས་དབུལ་པོར་སྦྱིན་ནུས་ཟེར་རོ། "
10 ༡༠་ །ཡེ་ཤུས་མཁྱེན་ནས་དེ་དག་ལ། ཁྱེད་ཀྱིས་མོའི་སེམས་ཅི་ལ་དཀྲུག །དེས་ང་ལ་བཟང་པོ་ཞིག་བྱས།"
11 ༡༡་ དབུལ་པོ་རྒྱུན་དུ་ཁྱེད་རྩར་ལུས། ང་རྒྱུན་དུ་ཁྱེད་རྩར་མི་ལུས།"
12 ༡༢་ མོས་ངའི་ལུས་ལ་སྤོས་ཆུ་བླུག་པ་ང་དུར་དུ་འཇུག་པར་མཚོན་ནོ།"
13 ༡༣་ །འཇིག་རྟེན་ནང་གང་དུའང་འཕྲིན་བཟང་འདི་འཆད་ན། མོས་བྱས་པའང་མོའི་དྲན་རྟགས་སུ་འཆད་འོང་ངས་བདེན་པར་ཟེར་གསུངས་སོ།།"
14 ༡༤་ །སློབ་མ་བཅུ་གཉིས་པོ་ལས་གཅིག་ཡིན་པའི་ཀ༷ར་ཡོད་པ་ཡུ༷་དཱའི་བྱ་བ་ལེ༷་ཝི་ཆེན་རྣམས་ཀྱི་རྩར་སོང་སྟེ།"
15 ༡༥་ ངས་ཁོང་ཁྱེད་ལ་གཏད་ན་ཅི་གནང་འོང་སྨྲས་པས། དེ་དག་གིས་དངུལ་དི༷་ནར་སུམ་ཅུ་བཅལ་ཏོ།"
16 ༡༦་ །དེ་ནས་ཕྱིན་དུ་ཁོས་ཁོང་དགྲ་ལ་གཏད་པའི་སྐབས་བཙལ་ཏོ།།"
17 ༡༧་ །སྐྱུར་རྩི་མེད་པའི་བག་ལེབ་ཀྱི་དུས་ཆེན་གྱི་ཞག་དང་པོ་ལ། སློབ་མ་རྣམས་བཅར་ནས། ཁྱེད་ཕྱིར་པེ༷་སག་གང་དུ་བཤམ་ཞེས་ཞུས་པ་དང་།"
18 ༡༨་ ཁོང་གིས་གསུངས་པ། གྲོང་ཁྱེར་དུ་མི་འདི་བཞིན་གྱི་རྩར་སོང་ནས་དེ་ལ། རྒན་ལགས་ཀྱིས། ངའི་དུས་ཉེ་བས། སློབ་མ་རྣམས་དང་མཉམ་དུ་ཁྱོད་ཀྱི་ཁང་པར་པེ༷་སག་བྱའོ་ཞེས་གསུངས་སོ་སྨྲོས་ཤིག"
19 ༡༩་ །སློབ་མ་རྣམས་ཀྱིས་ཡེ་ཤུའི་བཀའ་བཞིན་དུ་དེར་པེ༷་སག་བཤམས་སོ།"
20 ༢༠་ ཕྱི་དྲོ་སློབ་མ་བཅུ་གཉིས་པོ་དང་མཉམ་དུ་གསོལ་བ་བཞེས་པའི་ཚེ།"
21 ༢༡་ ཁོང་གིས་ཁྱེད་ལས་གཅིག་གིས་ང་དགྲའི་ལག་ཏུ་གཏོད་འོང་ཞེས་ངས་བདེན་པར་ཟེར་གསུངས།"
22 ༢༢་ དེ་རྣམས་ཤིན་ཏུ་ཚེར་ཏེ་རེ་རེས། ཀྱུ་རི་བོ་ལགས། ང་ཡིན་སྲིད་དམ་ཞུས་པའི་ལན་དུ།"
23 ༢༣་ ང་དང་མཉམ་ཕོར་པའི་ནང་ལག་པ་བཅུག་པ་དེས་ང་གཏོད་འོང་།"
24 ༢༤་ བྲིས་པ་བཞིན་མིའི་བུ་གཤེགས་ཀྱང་། མིའི་བུ་གཏོད་པ་དེ་ལ་སྙིང་རེ་རྗེ། ཁོ་མ་སྐྱེས་པ་ཡིན་ན་ལེགས་གསུངས།"
25 ༢༥་ ཁོང་གཏོད་པའི་ཡུ༷་དཱས་ཞུ་ལན་དུ། ར༷བ་བི། ང་ཡིན་སྲིད་དམ་ཞུས། ཁོང་གིས། ཁྱོད་ཀྱིས་ཟེར་བ་བཞིན་ནོ་གསུངས།"
26 ༢༦་ གསོལ་བ་བཞེས་པའི་ཚེ། ཡེ་ཤུས་བག་ལེབ་ཕྱག་ཏུ་བཞེས་ཏེ། གསོལ་བ་བཏབ་ནས་བཅག་སྟེ། སློབ་མ་རྣམས་ལ་གནང་ཞིང་། འདི་ནི་ངའི་ལུས་ཡིན། ལེན་ལ་ཟོ་གསུངས།"
27 ༢༧་ ཕོར་པ་ཕྱག་ཏུ་བཞེས་ཏེ། ཐུགས་རྗེ་ཆེ་ཕུལ་ནས། དེ་རྣམས་ལ་གནང་ཞིང་། ཁྱེད་ཐམས་ཅད་འདིའི་ནང་ནས་འཐུང་ཞིག"
28 ༢༨་ །འདི་ནི་ཞལ་ཆད་ཀྱི་ངའི་ཁྲག་ཡིན། ཁྲག་དེ་མང་པོའི་སྡིག་པ་འདག་ཕྱིར་བླུག་གོ"
29 ༢༩་ །ངའི་ཡབ་ཀྱི་རྒྱལ་སྲིད་ནང་ཁྱེད་མཉམ་རྒུན་ཆང་གསར་པ་མི་འཐུང་བའི་བར་དུ། །ངས་རྒུན་ཤིང་གི་ཁུ་བ་འདི་ལས་མི་འཐུང་ཞེས་ངས་ཟེར་གསུངས་སོ།"
30 ༣༠་ དེ་ནས་གསུང་མགུར་བླངས་ནས་ཁ་སྐྱུར་པོའི་རི་ལ་ཕེབས་སོ།།"
31 ༣༡་ །ཡེ་ཤུས་དེ་རྣམས་ལ། །ང་ཡིས་ལུག་རྫི་བརྡུང་སྟེ། །ཁྱུ་ཡི་ལུག་རྣམས་འཐོར་བར་འགྱུར། ཞེས་བྲིས་ཡོད་པ་ལྟར། མཚན་འདི་ལ་ཁྱེད་ཐམས་ཅད་ཀྱི་དད་པ་ངའི་རྐྱེན་གྱིས་ཉམས་པར་འགྱུར།"
32 ༣༢་ འོན་ཀྱང་ང་གསོན་པོར་ལང་བའི་འོག་ཏུ་ཁྱེད་ལས་སྔོན་དུ་ག༷་ལིལ་དུ་འགྲོ་འོང་གསུངས།"
33 ༣༣་ པེ༷་ཏྲོས་ཐམས་ཅད་ཀྱིས་ཁྱེད་ལ་རྒྱབ་ཕྱོགས་ཀྱང་། ངས་ནི་ནམ་ཡང་རྒྱབ་མི་ཕྱོགས་ཞུས།"
34 ༣༤་ ཡེ་ཤུས། མཚན་འདི་ལ་བྱ་སྐད་བརྒྱབ་པ་ལས་སྔོན་དུ། ཁྱོད་ཀྱིས་ལན་གསུམ་ང་ལ་རྒྱབ་ལོག་བྱེད་འོང་ཞེས་ངས་བདེན་པར་ཟེར་གསུངས།"
35 ༣༥་ པེ༷་ཏྲོས། ང་ཁྱེད་མཉམ་དུ་འཆི་དགོས་ནའང་། ཁྱེད་ལ་རྒྱབ་མི་ཕྱོགས་ཞུས། དེ་བཞིན་དུ་སློབ་མ་ཐམས་ཅད་ཀྱིས་ཀྱང་ཞུས།།"
36 ༣༦་ །ཡེ་ཤུ་དེ་རྣམས་དང་བཅས་གེ༷ད་ཤེ་མ་ནེ་ས་ཆར་ཕེབས་སོ། སློབ་མ་རྣམས་ལ། ངས་དེར་སྨོན་ལམ་ཞུ་བའི་བར་དུ། ཁྱེད་འདིར་སྡོད་ཅིག་གསུངས་ནས།"
37 ༣༧་ པེ༷་ཏྲོ་དང་ཟེ༷་བད་ཡཱའི་བུ་གཉིས་པོ་འཁྲིད་ནས་ཕེབས། ཐུགས་འཚེར་ཞིང་འཁྲུག་སྟེ།"
38 ༣༨་ དེ་དག་ལ་ང་འཆི་ལ་ཐུག་པ་ཙམ་ཤིན་ཏུ་འཚེར་རོ། །ང་དང་མཉམ་དུ་འདིར་གཉིད་མ་ལོག་པར་སྡོད་ཅིག་གསུངས་ནས།"
39 ༣༩་ ཅུང་ཟད་ཕར་ཕེབས་ནས་ཞལ་འབུབ་ལོག་ནས། ཡབ་ལགས། སྲིད་ན་ཕོར་པ་འདི་ང་ནས་ཕྱིར་ལྡོག་པར་མཛོད་ཅིག །འོན་ཀྱང་ངའི་འདོད་པ་བཞིན་དུ་མ་ཡིན་པར། ཁྱེད་ཀྱི་དགོངས་པ་བཞིན་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ།"
40 ༤༠་ སློབ་མའི་རྩར་ཕེབས་ཏེ། ཉལ་བ་གཟིགས་ནས་པེ༷་ཏྲོ་ལ། ཆུ་ཚོད་གཅིག་ཀྱང་ང་མཉམ་སྲུང་མི་ཐུབ་བམ།"
41 ༤༡་ ཉམས་སད་ནང་མི་ལྷུང་བའི་ཕྱིར། མ་ཉལ་བར་སྨོན་ལམ་ཐོབ་ཅིག །སྙིང་རུས་ཡོད་ཀྱང་ལུས་སྟོབས་ཆུང་ངོ་གསུངས་ནས།"
42 ༤༢་ ཐེངས་གཉིས་པར་ཕེབས་ཏེ། ཡབ་ལགས། ངས་ཕོར་པ་འདི་མ་འཐུང་བར་ཕྱིར་ལྡོག་མི་སྲིད་ན། ཁྱེད་ཀྱི་དགོངས་པ་བཞིན་གྲུབ་ཅིག་ཞུས་ནས།"
43 ༤༣་ ཕེབས་པ་དང་། དེ་དག་གཉིད་འཐིབས་པས། ཉལ་བ་གཟིགས་ཏེ།"
44 ༤༤་ བོར་ནས་གཤེགས་ཏེ། ཐེངས་གསུམ་པར་སྔོན་བཞིན་སྨོན་ལམ་ཞུས་སོ།"
45 ༤༥་ །དེ་ནས་སློབ་མའི་རྩར་བྱོན་ཏེ་འདི་སྐད་དུ། ཉལ་ཏེ། ངལ་གསོའམ། མིའི་བུ་སྡིག་ཅན་གྱི་ལག་ཏུ་གཏོད་པའི་དུས་ཚོད་ཉེའོ།"
46 ༤༦་ །ལོངས་ལ་ངེད་འགྲོ །ང་དགྲར་གཏོད་མཁན་དེ་ཉེའོ། །ལྟོས་ཤིག་གསུངས་སོ།།"
47 ༤༧་ །གསུང་བའི་མོད་ལ་བཅུ་གཉིས་པོའི་ནང་གི་ཡུ༷་དཱ་མཉམ་དུ། ལེ༷་ཝི་ཆེན་དང་རྒན་མིས་བཏང་བའི་དཔུང་། རལ་གྲི་དང་དབྱུག་པ་ཐོགས་པ་འོངས་སོ།"
48 ༤༨་ །ཁོང་བཏད་མཁན་དེས། ངས་སུ་ལ་འོ་བྱ་བ་དེ་ཁོང་ཡིན། ཟུང་ཞིག། །ཞེས་བརྡ་བཏང་ཡོད་དོ།"
49 ༤༩་ ཁོས་ཡེ་ཤུ་མཇལ་མ་ཐག་ཏུ། ར༷བ་བི། པུས་མོ་ས་ལ་འཛུགས། ཞུས་ནས་འོ་ཕུལ་ཏོ།"
50 ༥༠་ །ཡེ་ཤུས། གྲོགས་པོ། །ཅིའི་ཕྱིར་འོངས་གསུངས་པ་དང་། མི་རྣམས་འོངས་ནས་ཡེ་ཤུ་བཟུང་ངོ་།"
51 ༥༡་ སློབ་མ་གཅིག་གིས་རལ་གྲི་བཏོན་ནས། ལེ་ཝི་ཆེན་གྱི་གཡོག་པོ་ལ་བརྒྱབ་ནས། རྣ་བ་ཡ་གཅིག་བཅད་དོ།"
52 ༥༢་ །ཡེ་ཤུས་དེ་ལ། རལ་གྲི་ཤུབས་ནང་ཆུག རལ་གྲི་བཏོན་ཚད་རལ་གྲིས་འཆི།"
53 ༥༣་ ཨ༷ན་ཇལ་གྱི་དམག་དཔུང་བཅུ་གཉིས་ལས་ལྷག་གནང་བར་ངེས་པའི་ཡབ་ལ་ངས་ཞུ་མི་ཐུབ་སེམས་སམ།"
54 ༥༤་ འདི་ལྟར་འབྱུང་དགོས་སོ་དེ་མིན་ལུང་དུ་བསྟན་པ་ཅི་ལྟར་འགྲུབ་གསུངས།"
55 ༥༥་ དཔུང་ཚོགས་ལ། རལ་གྲི་དང་དབྱུག་པ་ཐོགས་ནས་ང་ཇག་པ་ལྟར་འཛིན་དུ་ཐོན་ནམ། ང་ཉིན་རེ་བཞིན་སྨོན་ལམ་ཁང་ན་བསྡད་དེ་སློབ་ཁྲིད་མཛད་ཀྱང་ཁྱེད་ཀྱིས་ང་མ་བཟུང་།"
56 ༥༦་ འདི་ཐམས་ཅད་ཕ༷་རོ་པེ་ཏེ་པས་བྲིས་པ་རྣམས་འགྲུབ་ཕྱིར་ཡིན་གསུངས་སོ། །སློབ་མ་རྣམས་ཁོང་སྤངས་ནས་བྲོས་སོ།།"
57 ༥༧་ །ཡེ་ཤུ་བཟུང་བ་རྣམས་ཀྱིས། ཁོང་ལེ༷་ཝི་ཆེན་ཀ༷་ཡ་ཕའི་རྩར་གདན་དྲངས། དེར་མོ༷་ཤེའི་ཁྲིམས་མཁས་པ་དང་རྒན་མི་འདུས་ཡོད་དོ།"
58 ༥༨་ །པེ༷་ཏྲོ་ལེ༷་ཝི་ཆེན་གྱི་ཚོམས་བར་དུ་རྒྱང་མ་ནས་འབྲངས་ནས། ནང་དུ་ཞུགས་ཏེ་མཐར་ཐུག་ཅི་འབྱུང་བལྟ་ཕྱིར། འཁོར་གཡོག་རྣམས་དང་མཉམ་བསྡད་དོ།"
59 ༥༩་ །ལེ༷་ཝི་ཆེན་དང་གྲོས་མི་ཐམས་ཅད་ཀྱིས་ཡེ་ཤུ་གསོད་པའི་ཕྱིར་སྙད་བཙལ་ནས།"
60 ༦༠་ རྫུན་གྱི་དཔང་པོ་མང་པོ་ཐོན་ཡང་། སྙད་མ་ཐོབ། མཇུག་ཏུ་གཉིས་ཀྱིས།"
61 ༦༡་ མི་འདིས་ངས་ཨེ་ལོ་ཧིམ་གྱི་སྨོན་ལམ་ཁང་བཤིག་ནས། ཞག་གསུམ་ནང་རྩིག་ནུས་ཞེས་ཟེར་རོ་སྨྲས།"
62 ༦༢་ ལེ༷་ཝི་ཆེན་ལངས་ནས་ཁོང་ལ། འདི་ཚོས་ཁྱེད་འགལ་ཡོད་པའི་དཔང་བྱེད་པ་ལ། ལན་མི་གཏོང་ངམ་ཞུས་ཀྱང་། ཞལ་རོག་བཞུགས་སོ།"
63 ༦༣་ །ཡང་ལེ༷་ཝི་ཆེན་ གྱིས་ངས་ཁྱེད་ལ་ཨེ་ལོ་ཧིམ་གསོན་པོའི་མནའ་བཀལ་ནས། ཁྱེད་ཨེ་ལོ་ཧིམ་གྱི་སྲས་མ་ཤི་ཀ་ཡིན་ན། ངེད་ལ་ཤོད་ཞུས།"
64 ༦༤་ ཡེ་ཤུས་ཁྱེད་ཀྱི་ཟེར་བ་བཞིན་ནོ། །མ་ཟད་ཕྱིས་མིའི་བུ་ནི་ཀུན་དབང་གྱི་ཕྱག་གཡས་སུ་བཞུགས་ཤིང་། གནམ་གྱི་སྤྲིན་གྱི་སྟེང་ན་འབྱོན་པ་ཁྱེད་ཅག་གིས་མཐོང་འོང་ཞེས་ངས་ཟེར་གསུངས།"
65 ༦༥་ ལེ༷་ཝི་ཆེན་གྱིས་རང་གི་གོས་བཤགས་ནས། འདི་ནི་སྐུར་འདེབས་ཞུས་སོ། ད་དུང་དཔང་པོ་ཅི་དགོས། སྐུར་པ་དེ་ཁྱེད་ཅག་གིས་ད་ལྟ་ཐོས་ཡོད།"
66 ༦༦་ ཅི་ལྟར་སེམས་སྨྲས་པས། གྲོས་མིས། གསོད་འོས་སོ་སྨྲས་སོ། "
67 ༦༧་ །དེ་ནས་དེ་རྣམས་ཀྱིས་ཁོང་གི་ཞལ་གདོང་ལ་མཆིལ་མ་གཏོར། མུར་རྫོགས་བརྒྱབ། ཁ་ཅིག་གིས་འགྲམ་ལྕག་བརྒྱབ་ནས་ཁོང་ལ།"
68 ༦༨་ ཀྱེ་མ་ཤི་ཀ་སུས་བརྡུངས། མངོན་ཤེས་ཤོད་སྨྲས་སོ།།"
69 ༦༩་ དེའི་ཚེ་པེ༷་ཏྲོ་ཕྱི་རོལ་དུ་ཚོམས་ནང་བསྡད་ཡོད་པ་ལས། གཡོག་མོ་ཞིག་དེའི་རྩར་འོངས་ནས། ཁྱོད་ཀྱང་ག༷་ལིལ་པ་ཡེ་ཤུ་མཉམ་ཡོད་པ་ཡིན་ཟེར་བས།"
70 ༧༠་ ཁོས་ཁྱོད་ཀྱིས་ཅི་ཟེར་བ་ངས་མི་ཤེས་སྨྲས་ཤིང་། ཐམས་ཅད་ཀྱི་མདུན་དུ་ང་མིན་ཟེར་ཏོ།"
71 ༧༡་ །དེ་ནས་རྒྱལ་སྒོའི་རྩར་སོང་བས། གཡོག་མོ་གཞན་ཞིག་གིས་མཐོང་སྟེ། དེར་ཡོད་པ་རྣམས་ལ། མི་འདི་ན༷་ཙ་རེད་པ་ཡེ་ཤུ་མཉམ་ཡོད་པ་ཡིན་སྨྲས་པས།"
72 ༧༢་ ཁོས་མནའ་བསྐྱལ་ཏེ། ངས་མི་དེ་མི་ཤེས་སྨྲ་ཞིང་ང་མིན་ཟེར་ཏོ།"
73 ༧༣་ །ཅུང་ཞིག་ནས་དེར་ཡོད་པ་རྣམས་ཀྱིས་པེ༷་ཏྲོ་ལ། ཁྱོད་ཀྱང་བདེན་པར་དེ་དག་གི་ནང་ནས་གཅིག་ཡིན། ཁྱོད་ཀྱི་སྐད་ལུགས་ལས་ཤེས་སོ། །སྨྲས་པས།"
74 ༧༤་ ཁོས་དམོད་པ་བོར་ཞིང་མནའ་བསྐྱལ་ནས། ངས་མི་དེ་མི་ཤེས་སྨྲས་མ་ཐག་ཏུ་བྱ་ཕོས་སྐད་བཏང་ངོ་།"
75 ༧༥་ །བྱ་སྐད་ལས་སྔོན་དུ་ཁྱོད་ཀྱིས་ལན་གསུམ་ང་ལ་རྒྱབ་ལོག་བྱེད་འོང་། ཞེས་ཡེ་ཤུས་གསུངས་པ་དེ་པེ༷་ཏྲོས་དྲན་ནས། ཕྱི་རོལ་དུ་འཐོན་ཏེ་རབ་ཏུ་ངུས་སོ།། །།"
1 ༡་ །ནམ་ལངས་ནས། ལེ༷་ཝི་ཆེན་དང་རྒན་མི་ཐམས་ཅད་ཀྱིས་ཡེ་ཤུ་གསོད་པའི་ཕྱིར་གྲོས་བྱས་ཏེ།"
2 ༢་ ཁོང་བཀྱིགས་ནས་ཁྱེར་ཏེ་སྤྱི་ཁྱབ་པི༷་ལ་ཏུ་ལ་བཏད་དོ།"
3 ༣་ །ཁོང་བཏད་པའི་ཡུ༷་དཱས་ཁོང་ལ་ཁྲིམས་ཕོག་པ་མཐོང་སྟེ། འགྱོད་ནས་དངུལ་དེ༷་ནར་སུམ་ཅུ་དེ་ལེ༷་ཝི་ཆེན་དང་རྒན་མིའི་རྩར་ལོག་ཁྱེར་ནས་དེ་རྣམས་ལ།"
4 ༤་ ངས་མི་གནོང་མེད་ཅིག་བཏད་དེ་སྡིག་པ་བྱས་སྨྲས་པས། དེ་རྣམས་ཀྱིས་ང་ཚོར་ཅི་སྟོ་ཁྱོད་རང་ཤེས་སྨྲས་པ་དང་།"
5 ༥་ ཁོས་དངུལ་དེ་སྨོན་ལམ་ཁང་ནང་དབྱུགས་ནས་དབེན་པར་སོང་སྟེ། སྐེ་བསྡམས་ནས་ཤིའོ།"
6 ༦་ །ལེ༷་ཝི་ཆེན་རྣམས་ཀྱིས་དངུལ་དི༷་ནར་དེ་བླངས་ཏེ། འདི་ནི་ཁྲག་རིན་ཡིན་པས། དཀོར་མཛོད་དུ་འཇོག་མི་ཆོག་ཟེར་ཏེ།"
7 ༧་ གྲོས་བྱས་ནས་དངུལ་དི༷་ནར་ལས་ཕྱོགས་མི་རྣམས་ཀྱི་དུར་སའི་ཕྱིར། རྫ་མཁན་གྱི་ཞིང་ཉོས་སོ།"
8 ༨་ །དེའི་ཕྱིར་ཞིང་དེ་ལ་ད་ལྟའི་བར་དུ་ཁྲག་རིན་གྱི་ཞིང་ཟེར་རོ།"
9 ༩་ །ཕ༷་རོ་པེ་ཏེ་པ་ཡེ༷་རེམ་ཡཱས། ཀྱུ་རི་བོས་ང་ལ་བཀའ་གནང་པ་བཞིན། ཡི༷ས་ར་ཨེལ་གྱི་བུ་རྒྱུད་ཀྱིས་བཅད་པའི་ཁོང་གི་རིན་དངུལ་དི༷་ནར་སུམ་ཅུ་བླངས་ནས།"
10 ༡༠་ རྫ་མཁན་གྱི་ཞིང་ཉོས་སོ། །ཞེས་གསུངས་པ་དེའི་ཚེ་གྲུབ་བོ།།"
11 ༡༡་ །ཡེ་ཤུ་སྤྱི་ཁྱབ་ཀྱི་མདུན་དུ་བཞེངས་ཡོད་པ་ལས། དེས་ཁྱེད་ཡ༷་ཧུ་དཱ་པའི་རྒྱལ་པོ་ཡིན་ནམ། ཞེས་དྲིས་པ་དང་། ཡེ་ཤུས་ཁྱེད་ཀྱིས་སྨྲས་པ་བཞིན་ནོ་གསུངས།"
12 ༡༢་ ལེ༷་ཝི་ཆེན་དང་རྒན་མིས་ཁོང་ལ་ཉེས་སྐྱོན་བཀལ་ཡང་། བཀའ་ལན་ཅང་མ་གནང་བས།"
13 ༡༣་ པི༷་ལ་ཏུས་ཁྱེད་ལ་གནོད་པའི་གཏམ་མང་པོ་འདི་ཚོས་བཤད་པ་མི་ཐོས་སམ་ཞུས་ཀྱང་།"
14 ༡༤་ ཁོང་གིས་ཚིག་གཅིག་ལའང་ལན་མ་གནང་བས། སྤྱི་ཁྱབ་ཤིན་ཏུ་ངོ་མཚར་དུ་གྱུར་ཏོ།"
15 ༡༥་ །སྐྱུར་རྩི་མེད་པའི་བག་ལེབ་ཀྱི་དུས་ཆེན་ལ། སྤྱི་ཁྱབ་ཀྱི་སྲོལ་བཞིན། མི་ཚོགས་དགའ་བའི་བཙོན་པ་གཅིག་ཐར་བར་བྱེད་དོ།"
16 ༡༦་ །དེའི་ཚེ་བ༷་རབ་བཱ་བྱ་བའི་བཙོན་པ་མིང་ཅན་ཞིག་ཡོད་དོ།"
17 ༡༧་ །མི་ཚོགས་ཀྱིས་ཡེ་ཤུ་ཕྲག་དོག་གིས་བཏད་པ་པི༷་ལ་ཏུས་ཤེས་པས་དེ་རྣམས་ལ།"
18 ༡༨་ ངས་ཁྱེད་ཀྱི་ཕྱིར་སུ་ཐར་དུ་འཇུག །བ༷་རབ་བཱ་དང་མ་ཤི་ཀ་བྱ་བའི་ཡེ་ཤུ་ལས་གང་ལ་དགའ། ཞེས་སྨྲས།"
19 ༡༩་ ཁོ་ཁྲིམས་དཔོན་གྱི་ཁྲི་ལ་བསྡད་ཡོད་དུས་སུ། ཆུང་མས་ཁོ་ལ། སྐྱེས་བུ་དྲང་པོ་འདིའི་རྐྱེན་གྱིས་འདི་རིང་ངས་རྨི་ལམ་ནང་སྡུག་བསྔལ་ཆེན་པོ་མྱངས་པས། འདི་ལ་ཐེ་གཏོགས་གང་ཡང་མ་བྱེད་ཅེས་ལོན་བཏང་ངོ་།"
20 ༢༠་ །ལེ༷་ཝི་ཆེན་དང་རྒན་མིས་མི་ཚོགས་ལ། བ༷་རབ་བཱ་འབུད་པ་དང་ཡེ་ཤུ་གསོད་པའི་ཕྱིར་ཞུ་བར་ཨུ་ཚུགས་བྱས་སོ།"
21 ༢༡་ །སྤྱི་ཁྱབ་ཀྱིས་ཁྱེད་ཀྱི་ཕྱིར་འདི་གཉིས་ལས་སུ་ཐར་དུ་འཇུག
།གང་ལ་དགའ། དྲིས་པའི་ལན་དུ། བ༷་རབ་བཱ། ཞུས།"
22 ༢༢་ མ་ཤི་ཀ་བྱ་བའི་ཡེ་ཤུ་ལ་ངས་ཅི་བྱ། དྲིས་པས་དེ་ཐམས་ཅད་ཀྱིས། རྒྱང་ཤིང་ལ་བརྐྱང་འོས་སོ་སྨྲས།"
23 ༢༣་ སྤྱི་ཁྱབ་ཀྱིས། ཁོས་ངན་པ་ཅི་བྱས། སྨྲས་ཀྱང་། དེ་དག་གིས་ལྷག་པར་སྐད་ཆེན་པོས། རྒྱང་ཤིང་ལ་བརྐྱང་འོས་སྨྲས་སོ།"
24 ༢༤་ །པི༷་ལ་ཏུས་ཅིའང་མི་ཕན་པ་མ་ཟད། ནང་འཁྲུག་འཕེལ་བར་མཐོང་ནས། ཆུ་བླངས་ནས་མི་ཚོགས་ཀྱི་མདུན་དུ་ལག་པ་འཁྲུད་ཅིང་། ང་ལ་མི་དྲང་པོ་འདིའི་སྲོག་སྡིག་མེད། ཁྱེད་རང་གིས་ཤེས་ཟེར་བ་དང་།"
25 ༢༥་ ཐམས་ཅད་ཀྱིས། ཁོའི་སྲོག་སྡིག་ང་ཚོ་རང་དང་ང་ཚོའི་བུ་རྒྱུད་ལ་བབས་ཤིག་སྨྲས་སོ།"
26 ༢༦་ །དེ་ནས་བ༷་རབ་བཱ་བཏང་སྟེ། ཡེ་ཤུ་ལ་རྟ་ལྕག་བརྒྱབ་ནས། རྒྱང་ཤིང་ལ་བརྐྱང་ཕྱིར་བཏད་དོ།།"
27 ༢༧་ སྤྱི་ཁྱབ་ཀྱི་དམག་མིས་ཡེ་ཤུ་རྒྱལ་པོའི་ཁྱིམ་ནང་གདན་ཞུས་ཏེ། དམག་ཚོ་ཁོང་གི་སྐུ་དྲུང་དུ་སྤུངས།"
28 ༢༨་ ན་བཟའ་ཕུད་དེ། ན་བཟའ་དམར་པོ་ཞིག་བསྐོན།"
29 ༢༩་ ཚེར་མའི་ཅོད་པན་ལྷས་ཏེ་དབུ་ལ་གསོལ། ཕྱག་གཡས་པའི་ནང་སྨྱུག་བེར་བཞག ཁོང་གི་མདུན་དུ་པུས་མོ་བཙུགས་ཏེ། ཡ༷་ཧུ་དཱ་པའི་རྒྱལ་པོ་ལ་པུས་མོ་ས་ལ་བཙུགས། ཟེར་ཞིང་འཕྱས།"
30 ༣༠་ མཆིལ་མ་བརྒྱབ། སྨྱུག་བེར་དེ་ལེན་ནས་དབུ་ལ་བརྒྱབ་བོ།"
31 ༣༡་ །འཕྱས་ཟིན་ནས་ན་བཟའ་དེ་ཕུད། ཁོང་རང་གི་ན་བཟའ་དེ་གསོལ་ཞིང་། རྒྱང་ཤིང་ལ་བརྐྱང་བའི་ཕྱིར་འཁྲིད་དོ།།"
32 ༣༢་ །ཕྱི་རོལ་དུ་ཐོན་པ་དང་། ཤི༷་མོན་ཟེར་བའི་ཀི༷་རེ་ནི་པ་དང་འཕྲད་ནས། ཁོང་གི་རྒྱང་ཤིང་འཁུར་ཕྱིར་དབང་བྱས་སོ།"
33 ༣༣་ །དེ་ནས་གོ༷ལ་གོ་ཐའམ་ཐོད་པའི་ས་ཆ་བྱ་བར་སླེབས།"
34 ༣༤་ མཁྲིས་པ་བསྲེས་པའི་རྒུན་ཆང་བཞེས་སུ་ཕུལ་བས། མྱངས་ནས་བཞེས་པར་མ་དགྱེས་སོ།"
35 ༣༥་ །ཁོང་རྒྱང་ཤིང་ལ་བརྐྱངས་ནས། ན་བཟའ་ལ་རྒྱན་བརྒྱབས་ནས་བགོས།"
36 ༣༦་ དེ་ནས་དེར་བསྡད་དེ་ཁོང་བསྲུངས་སོ།"
37 ༣༧་ །ཁོང་ལ་བཀལ་བའི་སྐྱོན། འདི་ནི་ཡ༷་ཧུ་དཱ་པའི་རྒྱལ་པོ་ཡེ་ཤུ་ཡིན། ཞེས་པ་བྲིས་ཏེ་དབུའི་ཐོག་ཏུ་སྦྱར་རོ།"
38 ༣༨་ །ཁོང་གི་གཡས་གཡོན་དུ་ཇག་པ་གཉིས་ཀྱང་ཤིང་ལ་བརྐྱངས་སོ། "
39 ༣༩་ །དེར་འགྲུལ་བ་རྣམས་ཀྱིས་མགོ་གཡུག་ཅིང་སྨད་དེ།"
40 ༤༠་ སྨོན་ལམ་ཁང་ཤིག་སྟེ་ཞག་གསུམ་ལ་རྩིག་མཁན་ཁྱོད། རང་སྐྱོབས་ཤིག །ཨེ་ལོ་ཧིམ་གྱི་སྲས་ཡིན་ན། རྒྱང་ཤིང་ལས་བོབས་ཤིག་སྨྲས་སོ།"
41 ༤༡་ །དེ་བཞིན་དུ་ལེ༷་ཝི་ཆེན་དང་མོ༷་ཤེའི་བཀའ་ཁྲིམས་མཁས་པ་དང་རྒན་མིས་ཀྱང་སྨད་ཅིང་།"
42 ༤༢་ ཁོས་གཞན་རྣམས་བསྐྱབས་ཀྱང་། རང་སྐྱོབ་མི་ཐུབ་བོ། །ཡི༷ས་ར་ཨེལ་གྱི་རྒྱལ་པོ་ཡིན་ན། ད་རྒྱང་ཤིང་ལས་འབབ་ན་ང་ཚོ་ཡིད་ཆེས་འོང་།"
43 ༤༣་ ཁོས་ང་ཨེ་ལོ་ཧིམ་གྱི་སྲས་ཡིན་སྨྲས་ཞིང་། ཨེ་ལོ་ཧིམ་ལ་བློ་བཏད་པས། ཁོང་ཐུགས་མཉེས་ན། ད་ལྟ་སྒྲོལ་འོང་སྨྲས་སོ།"
44 ༤༤་ །ཁོང་དང་མཉམ་བརྐྱངས་པའི་ཇག་པ་གཉིས་པོས་ཀྱང་། དེ་བཞིན་དུ་སྨད་དོ།"
45 ༤༥་ །ཉིན་ཕྱེད་ནས་ཆུ་ཚོད་གསུམ་པའི་བར་དུ་ཡུལ་ཐམས་ཅད་མུན་པས་འཐིབས།"
46 ༤༦་ ཆུ་ཚོད་གསུམ་པ་ཙམ་ལ་ཡེ་ཤུས་གསུང་སྐད་ཆེན་པོས། ཨེ༷་ལི་ཨེ་ལི་ལ་མ་ཤ་བཁ་ཐ་ནི། བོད་སྐད་དུ་ངའི་ཨེ་ལོ་ཧིམ། །ངའི་ཨེ་ལོ་ཧིམ། ཁྱེད་ཀྱིས་ང་ཅི་ལ་སྤངས་པ་ཡིན། གསུངས་སོ།"
47 ༤༧་ །དེར་ཡོད་པ་རེས་དེ་ཐོས་ནས། ཨེ༷་ལི་ཡཱ་ལ་འབོད་དོ་སྨྲས་སོ།"
48 ༤༨་ །གཅིག་ལ་འུར་བརྒྱུགས་ཏེ། ཆུ་བལ་ཆང་སྐྱུར་གྱི་ནང་དུ་སྦངས་ནས་སྨྱུག་བེར་གྱི་རྩེ་ལ་སྐྱོན་ཏེ། བཞེས་པའི་ཕྱིར་བསྲིངས།"
49 ༤༩་ གཞན་རེས་སྒུགས་ཤིག །ཨེ༷་ལི་ཡཱ་ཁོ་སྐྱོབ་ཏུ་ཕེབས་སམ་བལྟའོ་སྨྲས་སོ།"
50 ༥༠་ །ཡེ་ཤུས་སླར་གསུང་སྐད་ཆེན་པོ་བཏོན་ནས་སྐུ་སྲོག་གནང་ངོ་།"
51 ༥༡་ །དེའི་ཚེ་སྨོན་ལམ་ཁང་གི་ཡོལ་བ་འགོ་ནས་མཇུག་ཏུ་ཁག་གཉིས་ལ་རལ། ས་གཡོས། བྲག་གས།"
52 ༥༢་ དུར་ཁུང་བྱེས། དམ་པ་གྲོངས་པ་མང་པོ་ལངས་ནས།"
53 ༥༣་ ཡེ་ཤུ་སྐུ་གསོན་པོར་བཞེངས་པའི་རྗེས་སུ་དེ་དག་དུར་ཁུང་ནས་ཐོན་ཏེ། གྲོང་ཁྱེར་དམ་པ་རུ་ཕྱིན་ནས་མི་མང་པོར་སྣང་ངོ་།"
54 ༥༤་ །ཡེ་ཤུ་སྲུང་མཁན་དང་བརྒྱ་དཔོན་གྱིས། ས་གཡོ་བ་དང་ཅི་བྱུང་བ་ཐམས་ཅད་མཐོང་ནས་ཤིན་ཏུ་འཇིགས་ཏེ། འདི་ནི་ཨེ་ལོ་ཧིམ་གྱི་སྲས་ཡིན་པ་བདེན་ནོ་ཞེས་སྨྲས་སོ།"
55 ༥༥་ །ཡེ་ཤུ་ལ་ཞབས་ཕྱི་ཞུ་ཞིང་ག༷་ལིལ་ནས་འབྲངས་པའི་བུད་མེད་མང་པོ་དེར་ཡོད་དེ། ཐག་རིང་ནས་བལྟས་སོ།"
56 ༥༦་ །དེ་ཁྲོད་ན་མ༷ག་དལ་མ་མ༷་རི་ཡཱ་དང་། ཡ༷་ཀོབ་དང་ཡོ༷་སེབ་ཀྱི་མ་མ༷་རི་ཡཱ་དང་། ཟེ༷་བད་ཡཱའི་བུའི་མ་ཡོད་དོ།།"
57 ༥༧་ །སྲོད་རུབ་བའི་ཚེ་ཡེ་ཤུའི་སློབ་མའང་ཡིན་པའི་ཨ༷་རི་མ་ཐཱ་པ་ཕྱུག་པོ་ཡོ༷་སེབ་ཀྱིས།"
58 ༥༨་ པི༷་ལ་ཏུ་ལ་ཡེ་ཤུའི་སྤུར་གྱི་ཕྱིར་ཞུས། པི༷་ལ་ཏུས་སྤུར་གཏོང་བར་བསྒོའོ།"
59 ༥༩་ །ཡོ༷་སེབ་ཀྱིས་སྤུར་གདན་ཞུས་ཏེ། རས་གཙང་མས་བཏུམ།"
60 ༦༠་ བྲག་ནང་བརྐོས་པའི་རང་གི་དུར་ཁུང་གསར་པའི་ནང་དུ་བཞག་ནས། སྤུར་ཁང་གི་སྒོ་ལ་ཕ་བོང་ཞིག་བསྒྲིལ་ནས་སོང་ངོ་།"
61 ༦༡་ །མ༷ག་དལ་མ་རི་ཡཱ་དང་། མ༷་རི་ཡཱ་གཞན་དེ་སྤུར་ཁང་གི་ཐད་ཀར་བསྡད་ཡོད་དོ།"
62 ༦༢་ །དེའི་སང་ཤ༷བ་བད་ཀྱི་ཞག་ལ། ལེ༷་ཝི་ཆེན་དང་ཕ༷་རུ་ཤི་པ་པི༷་ལ་ཏུའི་རྩར་འདུས་ཏེ།"
63 ༦༣་ རྒན་ལགས། གསོན་པོར་ཡོད་དུས་སུ་བསླུ་མཁན་དེས། ཞག་གསུམ་སོང་ནས་ང་གསོན་པོར་ལང་འོང་སྨྲས་པ་ང་ཚོས་དྲན་པས།"
64 ༦༤་ ཁོའི་སློབ་མས་ཁོ་བརྐུས་ཏེ་མི་རྣམས་ལ། ཁོང་གཤིན་པོའི་ཁྲོད་ལས་བཞེངས། ཟེར་ཞིང་མགོ་བསྐོར་སྔ་མ་ལས་རྟིང་མ་ཉེན་མི་ཆེ་བའི་ཕྱིར། ཞག་གསུམ་ཐུག་དུར་ཁུང་དམ་དུ་སྲུང་བའི་བཀའ་སྩོལ་ཞིག་ཞུས།"
65 ༦༥་ པི༷་ལ་ཏུས་སྲུང་མཁན་ནི་ཁྱེད་ཚོ་ལ་ཡོད། སོང་ལ་ཤེས་པ་བཞིན་སྲུང་ཞིག་ཞེས་བསྒོ་བས།"
66 ༦༦་ དེ་དག་གིས་སྲུང་མཁན་འཁྲིད་དེ་སྤུར་ཁང་གི་ཁ་རྡོ་ལ་ཐེ་ཙེ་བརྒྱབ་ནས་བརྟན་པོར་བྱས་སོ།། །།"
1 ༡་ །ཤ༷བ་བད་ཀྱི་སང་བདུན་ཕྲག་གི་ཞག་དང་པོའི་ཐོ་རངས་ལ། མ༷ག་དལ་མ་མ༷་རི་ཡཱ་དང། མ༷་རི་ཡཱ་ གཞན་དེ་སྤུར་ཁང་ལ་ལྟ་རུ་འོངས།"
2 ༢་ ཀྱུ་རི་བོའི་ཨ༷ན་ཇལ་ནམ་མཁའ་ནས་བབས་ཏེ། སྤུར་ཁང་གི་ཁ་རྡོ་བསྒྲིལ་ནས་དེའི་ཁར་བཞུགས་པས། ས་གཡོ་བ་ཆེན་པོ་བྱུང་།"
3 ༣་ ཁོང་ནི་གློག་འདྲར་སྣང་སྟེ། ན་བཟའ་ནི་ཁ་བ་ལྟར་དཀར་རོ།"
4 ༤་ །སྲུང་མཁན་རྣམས་དེ་ལ་འཇིགས་ཤིང་འདར་བས་ཤི་བ་ལྟར་གྱུར་ཏོ།"
5 ༥་ །ཨ༷ན་ཇལ་གྱིས་བུད་མེད་དག་ལ། མ་འཇིགས་ཤིག །ཁྱེད་ཀྱིས་རྒྱང་ཤིང་ལ་བརྐྱངས་པའི་ཡེ་ཤུ་འཚོལ་བ་ངས་ཤེས།"
6 ༦་ ཁོང་གིས་གསུངས་པ་བཞིན་ཁོང་གསོན་པོར་བཞེངས་པས་འདིར་མེད། ཁོང་བཞག་སར་ལྟ་རུ་ཤོག"
7 ༧་ །ཡང་མྱུར་དུ་སོང་ལ། ཁོང་གཤིན་པོའི་ཁྲོད་ལས་གསོན་པོར་བཞེངས་ནས། ཁྱེད་ལས་སྔོན་དུ་ག༷་ལིལ་དུ་ཕེབས་སོ། །དེར་མཇལ་འོང་ཞེས་སློབ་མ་རྣམས་ལ་ཤོད་ཅིག །ངས་ཁྱེད་ཚོ་ལ་བཤད་པ་ཡིན་ཞེས་སྨྲས་སོ།"
8 ༨་ །དེ་དག་དགའ་མ་འདར་བའི་ངང་ནས་སྤུར་ཁང་ནས་ལ་འུར་སློབ་མ་རྣམས་ལ་ལོན་སྐྱེལ་དུ་ཕྱིན་ཏོ།"
9 ༩་ །གློ་བུར་དུ་ཡེ་ཤུས་དེ་དག་རྩར་ཕེབས་ནས། བདེ་ལེགས་ཤིག་གསུངས། དེ་གཉིས་དྲུང་དུ་འོངས་ནས་ཞབས་ལ་འཐམས་ཏེ། པུས་མོ་ས་ལ་འཛུགས་སོ།"
10 ༡༠་ །ཡེ་ཤུས་མ་འཇིགས་ཤིག །སོང་ལ་ངའི་སྤུན་རྣམས་ལ། ག༷་ལིལ་དུ་སོང་ཞིག །དེར་ང་མཇལ་ཡོང་ཞེས་ལོན་སྐྱེལ་ཞིག་གསུངས་སོ།།"
11 ༡༡་ །དེ་དག་འགྲོ་བའི་ཚེ། སྲུང་མཁན་རེ་གྲོང་ཁྱེར་འོངས་ནས། གནས་ཚུལ་ཐམས་ཅད་ལེ༷་ཝི་ཆེན་དག་ལ་བཤད།"
12 ༡༢་ ལེ༷་ཝི་ཆེན་རྣམས་ཀྱིས་རྒན་མི་དང་མཉམ་དུ་གྲོས་བྱས་ནས། དམག་མིར་དངུལ་མང་པོ་གཏོང་ཞིང་དེ་རྣམས་ལ།"
13 ༡༣་ ང་ཚོ་གཉིད་ཁུག་པའི་ཚེ། ཁོའི་སློབ་མ་མཚན་ལ་འོངས་ནས་རོ་བརྐུས་སོ་ཞེས་ཤོད་ཅིག"
14 ༡༤་ །སྤྱི་ཁྱབ་ཀྱིས་དེ་ཚོར་ན། ང་ཚོས་ཁོ་ལ་ཟེར་ནས་ཁྱེད་ཚོ་ཐར་པར་བྱའོ་སྨྲས་སོ།"
15 ༡༥་ །དེ་རྣམས་ཀྱིས་དངུལ་དེ་བླངས་ནས། བསླབ་བྱ་བཞིན་དུ་བྱས་པས། ཡ༷་ཧུ་དཱ་པའི་ཁྲོད་དུ་དེ་རིང་གི་བར་དུ་གཏམ་འདི་དར་ནས་ཡོད།།"
16 ༡༦་ སློབ་མ་བཅུ་གཅིག་པོ་ཡེ་ཤུས་བསྟན་པའི་ག༷་ལིལ་གྱི་རིར་སོང་ནས།"
17 ༡༧་ ཡེ་ཤུ་མཇལ་ཏེ། པུས་མོ་ས་ལ་འཛུགས་ཀྱང་། ཁ་ཅིག་གིས་ཐེ་ཚོམ་བྱས་སོ།"
18 ༡༨་ །ཡེ་ཤུས་འདི་སྐད་དུ་གནམ་ས་གཉིས་ཀྱི་དབང་ང་ལ་གནང་ཡོད་པས།"
19 ༡༩་ སོང་ལ་མི་རྒྱུད་ཐམས་ཅད་སློབ་མ་རུ་ཟུང་ཞིག །དེ་རྣམས་ལ་ཡབ་དང་སྲས་དང་དམ་པའི་རུ་ཨག་གི་མཚན་བརྗོད་ཅིང་བ༷བ་ཐི་སོ་གནང་ཞིག"
20 ༢༠་ །ངས་ཁྱེད་ལ་གནང་བའི་བཀའ་ཐམས་ཅད་སྲུང་ཕྱིར་འདོམས་ཤིག །ང་ནི་རྒྱུན་དུ་དུས་ཀྱི་མཐའ་མའི་བར་དུ་ཁྱེད་དང་མཉམ་དུ་ཡོད་དོ་ཞེས་གདམས་པར་མཛད་དོ།། །།"
1 ༡་ དེའི་ཚེ་བ༷བ་ཐི་སོ་གནང་མཁན་ཡོ༷་ཧ་ནན་བྱུང་ནས། ཡ༷་ཧུ་དཱའི་འབྲོག་སྟོང་ན་འཆད་ཅིང་།"
2 ༢་ ནམ་མཁའི་རྒྱལ་སྲིད་ཉེ་བར་བསླེབས་པས། སེམས་སྒྱུར་ཅིག་གསུངས་སོ།"
3 ༣་ ཕ༷་རོ་པེ་ཏེ་པ་ཡེ༷་ཤ་ཡཱས། །འབྲོག་སྟོང་ནང་ན་འབོད་པའི་སྐད་དེ་ཡིས། །ཀྱུ་རི་བོའི་ཕེབས་ལམ་གྲལ་སྒྲིག་བྱོས་ཤིག་དང་། །ཁོང་གི་ཕེབས་ལམ་དྲང་པོར་སྲོང་ཞིག་ཟེར། ཞེས་ཕ༷་རོ་པེ་ཏེ་པའི་སྐྱེས་བུ་ནི་འདི་ཀ་ཡིན་ནོ།"
4 ༤་ །ཡོ༷་ཧ་ནན་ནི་རྔ་མོང་གི་སྤུའི་གོས་གོན་ཏེ། རྐེད་པར་ཀོ་བའི་སྐ་རགས་བཅིངས་ནས། ཟས་སུ་ཆ་ག་འབུ་དང་རིའི་སྦྲང་རྩིར་སྤྱོད་དོ།"
5 ༥་ །ཡེ༷་རུ་ཤ་ལེམ་དང་། ཡ༷་ཧུ་དཱ་དང་། ཡོ༷ར་དན་གཙང་པོའི་མཐའ་འཁོར་དུ་གནས་པ་ཐམས་ཅད་ཁོང་གི་དྲུང་དུ་སོང་སྟེ།"
6 ༦་ སྡིག་པ་མཐོལ་ནས་ཡོ༷ར་དན་ནང་བ༷བ་ཐི་སོ་བླངས་སོ།"
7 ༧་ །ཕ༷་རུ་སི་པ་དང་། ས༷ད་དུ་ཀི་པ་མང་པོ་བ༷བ་ཐི་སོ་ལེན་པའི་ཕྱིར་འོང་བར་གཟིགས་ནས་ཡོ༷་ཧ་ནན་གྱིས་དེ་དག་ལ། དུག་སྦྲུལ་གྱི་བརྒྱུད་ཁྱོད། མ་འོངས་པའི་ཐུགས་ཁྲོ་ལས་ཁྱོད་ཅག་འབྲོས་པ་སུས་བསྟན།"
8 ༨་ འགྱོད་ཚངས་དང་མཚུངས་པའི་འབྲས་བུ་སྐྱེད་ཅིག"
9 ༩་ །ཨ༷བ་ར་ཧམ་ང་ཅག་གི་ཡབ་ཡིན་ཟེར་བའི་བསམ་པ་མ་སྐྱེད་ཅིག ངས་ཁྱེད་ལ་ཟེར། ཨེ་ལོ་ཧིམ་གྱིས་རྡོ་འདི་རྣམས་ནས། ཨ༷བ་ར་ཧམ་ལ་བུ་བརྒྱུད་སྐྱེད་པར་ནུས།"
10 ༡༠་ ད་ཤིང་སྡོད་རྣམས་ཀྱི་རྩ་བར་སྟ་རེ་བཞག་ཡོད་པས་། འབྲས་བུ་བཟང་པོ་མེ་སྐྱེད་པ་རེ་རེ་བཅད་དེ་མེ་ལ་འདེབས་སོ།"
11 ༡༡་ །ཁྱོད་ཅག་འགྱོད་ཚངས་བྱེད་ཕྱིར་ངས་ཆུའི་བ༷བ་ཐི་སོ་གཏོང་གིས། ངའི་རྗེས་སུ་འབྱོན་པ་དེ་ང་ལས་དབང་ཆ་ཆེ་བས། ང་ནི་ཁོང་གི་ཞབས་ལྷམ་འཁུར་དུའང་འོས་མ་ཡིན། ཁོང་གིས་ཁྱོད་ཅག་ལ་དམ་པའི་རུ་ཨག་དང་མེའི་བ༷བ་ཐི་སོ་གནང་བར་འགྱུར།"
12 ༡༢་ ཁོང་གི་ཕྱག་ན་འབྲབ་གཞོང་ཡོད་དེ། གཡུལ་འཐག་ལ་ཤིན་ཏུ་བྱི་དོར་བྱས་ཏེ། ཉིད་ཀྱི་གྲོ་ནི་བང་མཛོད་དུ་བསྡུ་ཞིང་། ཕུབ་མ་ནི་མི་འཆི་བའི་མེས་སྲེག་པར་བྱའོ། ཞེས་གསུངས་སོ།།"
13 ༡༣་ །དེ་ནས་ཡེ་ཤུ་ག༷་ལིལ་ནས་ཡོ༷ར་དན་གྱི་འགྲམ་དུ་ཡོ༷་ཧ་ནན་གྱི་རྩར་བ༷བ་ཐི་སོ་བཞེས་པའི་ཕྱིར་བྱོན་པ་དང་།"
14 ༡༤་ ཡོ༷་ཧ་ནན་གྱིས་འགེག་ཅིང་ཁོང་ལ། ང་ལ་ཁྱེད་ཀྱིས་བ༷བ་ཐི་སོ་གནང་བའི་དགོས་པ་ཡོད་ཀྱི། ཁྱེད་ངའི་རྩར་ཕེབས་སམ་ཞུས་པ་དང་།"
15 ༡༥་ ཡེ་ཤུས་བཀའ་ལན་དུ། ངེད་ཀྱིས་འདི་ལྟར་དྲང་བ་ཉིད་ཚང་མ་སྒྲུབ་པར་རིགས་པས། ད་ལྟ་ལེན་དུ་ཆུག་གསུང་བ་དང་། བཞེས་སུ་བཅུག་གོ"
16 ༡༦་ །སྐུ་བ༷བ་ཐི་སོ་བཞེས་པ་ཙམ་གྱིས་ཡེ་ཤུ་ཆུའི་ནང་ནས་ཐོན་པ་དང་། ནམ་མཁའ་བྱེ་སྟེ། ཨེ་ལོ་ཧིམ་གྱི་རུ་ཨག་ཕུག་རོན་ལྟར་འབབ་ཅིང་། ཁོང་གི་ཐོག་ཏུ་བཞུགས་པར་གཟིགས་སོ།"
17 ༡༧་ །ནམ་མཁའ་ནས་སྒྲ་ཞིག་གིས། འདི་ནི་ང་དགའ་བའི་ངའི་སྲས་གཅེས་པ་ཡིན་གསུངས་སོ།"
1 ༡་ །དེ་ནས་ས༷་ཏན་གྱིས་ཐུགས་སད་པའི་ཕྱིར་ཡེ་ཤུ་རུ་ཨག་གིས་འབྲོག་སྟོང་དུ་ཁྲིད་དོ།"
2 ༢་ ཉིན་མོ་བཞི་བཅུ་དང་མཚན་མོ་བཞི་བཅུ་བཟའ་བཏུང་གཅོད་བར་བཞུགས་པའི་རྗེས་སུ་བཀྲེས་པར་གྱུར་པས།"
3 ༣་ སད་པ་པོ་སྐུ་དྲུང་དུ་འོངས་ཏེ་ཁོང་ལ། ཁྱེད་ཨེ་ལོ་ཧིམ་གྱི་སྲས་ཡིན་ན། རྡོ་འདི་རྣམས་བག་ལེབ་ཏུ་འགྱུར་བའི་བཀའ་གནོང་ཞིག་ཞུས་པ་དང་།"
4 ༤་ བཀའ་ལན་དུ། མི་ནི་བག་ལེབ་གཅིག་པུས་མི་འཚོའི། ཨེ་ལོ་ཧིམ་གྱི་ཞལ་ནས་འབྱུང་བའི་བཀའ་ཐམས་ཅད་ཀྱིས་འཚོའོ། །ཞེས་བྲིས་འདུག་གསུངས་སོ།"
5 ༥་ །དེ་ནས་ས༷་ཏན་གྱིས་ཁོང་གྲོང་ཁྱེར་དམ་པ་དེར་ཁྲིད་དེ། སྨོན་ལམ་ཁང་གི་དབུ་རྩེར་བཞག་ནས་ཁོང་ལ།"
6 ༦་ །ཁྱེད་དོན་ཨ༷ན་ཇལ་རྣམས་ལ་བཀའ་གནང་ཞིང་། །ཁྱེད་ཀྱི་ཞབས་ནི་རྡོ་ལ་མི་ཕོག་ཕྱིར། །དེ་ཚོའི་ལག་པར་ཁྱེད་ནི་འཁུར་བར་འགྱུར། ཞེས་བྲིས་འདུག་པས། ཨེ་ལོ་ཧིམ་གྱི་སྲས་ཡིན་ན། མར་མཆོང་བར་མཛོད་ཅིག་ཞུས་སོ།"
7 ༧་ །ཡེ་ཤུས་དེ་ལ། ཁྱོད་ཀྱིས་རང་གི་ཨེ་ལོ་ཧིམ་ཀྱུ་རི་བོའི་ཐུགས་མ་སད་ཅིག །ཅེས་ཀྱང་བྲིས་འདུག་གསུངས་སོ།"
8 ༨་ །ཡང་ས༷་ཏན་གྱིས་ཁོང་རི་ཤིན་ཏུ་མཐོན་པོ་ཞིག་ལ་ཁྲིད་དེ། འཇིག་རྟེན་གྱི་རྒྱལ་ཁམས་ཐམས་ཅད་དང་། དེའི་དཔལ་བསྟན་ནས་ཁོང་ལ།"
9 ༩་ ཁྱེད་ཀྱིས་ང་ལ་རྐྱང་ཕྱག་འཚལ་ན། ངས་འདི་ཐམས་ཅད་ཁྱེད་ལ་འབུལ་བར་བྱའོ་ཞུས་པ་དང་།"
10 ༡༠་ ཡེ་ཤུས་ཁོ་ལ། ས༷་ཏན་ཁྱོད་ཕར་སོང་། རང་གི་ཨེ་ལོ་ཧིམ་ཀྱུ་རི་བོ་ལ་པུས་མོ་ས་ལ་འཛུགས་ཞིང་། ཁོང་གཅིག་པུ་ལ་བསྙེན་བཀུར་ཞུས་ཤིག་ཅེས་བྲིས་ཡོད་གསུངས་པ་དང་།"
11 ༡༡་ ས༷་ཏན་ཁོང་གི་དྲུང་ནས་སོང་བ་ལས། ཨ༷ན་ཇལ་རྣམས་འོངས་ནས་ཁོང་ལ་ཞབས་ཕྱི་ཞུས་སོ། །"
12 ༡༢་ །དེ་ནས་ཡོ༷་ཧ་ནན་བཟུང་བ་གསན་པ་དང་ག༷་ལིལ་དུ་ཕེབས་ཏེ།"
13 ༡༣་ ན༷་ཙ་རེད་སྤངས་ནས། ཟ༷་བུ་ལོན་དང་ན༷བ་ཐ་ལིའི་ལྗོངས་སུ་མཚོའི་འགྲམ་དུ་ཡོད་པའི་ཀ༷་པར་ན་ཧུམ་དུ་གཞི་ཆགས་སོ།།"
14 ༡༤་ །དེ་ལྟར་ཕ༷་རོ་པེ་ཏེ་པ་ཡེ༷་ཤ་ཡཱས།"
15 ༡༥་ །ཟ༷་བུ་ལོན་དང་ན༷བ་ཐ་ལི། །མཚོ་ལམ་ཡོ༷ར་དན་ཕ་རོལ་ན། ཨེ་ལོ་ཧིམ་ངོ་མ་ཤེས་པ་ཡིན་པའི་ག༷་ལིལ་ཡུལ།"
16 ༡༦་ །མུན་པར་སྡོད་པས་འོད་ཆེན་མཐོང་། །འཆི་བའི་ཡུལ་དང་གྲིབ་མ་ལ། །སྡོད་པ་རྣམས་ལ་འོད་ཤར་རོ།། ཞེས་གསུངས་པ་གྲུབ་བོ།"
17 ༡༧་ །དེ་ནས་བཟུང་སྟེ་ཡེ་ཤུས་སློབ་ཁྲིད་མཛད་ པར་ཞུགས་ཤིང་། ནམ་མཁའི་རྒྱལ་སྲིད་ཉེ་བར་སླེབས་པས་སེམས་སྒྱུར་ཅིག་ཅེས་གསུངས་སོ།།"
18 ༡༨་ །ཁོང་ག༷་ལིལ་མཚོ་འགྲམ་ན་ཕེབས་པ་ལས། ཉ་པ་ཡིན་པའི་པེ༷་ཏྲོ་ཟེར་བའི་ཤི༷་མོན་དང་། ཁོའི་སྤུན་ཨ༷ན་དྲེ་ཨ་གཉིས་ཀས་མཚོའི་ནང་དུ་ཉ་དོལ་དབྱུག་པར་གཟིགས་ནས་དེ་དག་ལ།"
19 ༡༩་ ངའི་རྗེས་སུ་བྲོངས་ཤིག་དང་། ངས་ཁྱེད་ཚོ་མི་རྣམས་འཛིན་མཁན་དུ་སྐོའོ་གསུངས་པ་དང་།"
20 ༢༠་ དེ་གཉིས་པོས་ཉ་དོལ་བཞག་ནས་ཁོང་གི་རྗེས་སུ་འབྲངས་སོ།"
21 ༢༡་ །དེ་ནས་ཕེབས་པ་ལས། ཡ༷་ཀོབ་དང་ཡོ༷་ཧ་ནན་ཟེར་བའི་གཞན་སྤུན་གཉིས་ཕ་ཟེ༷་བད་ཡ་མཉམ་དུ་གྲུའི་ནང་ན་ཉ་དོལ་གསོ་བར་གཟིགས་ནས། དེ་གཉིས་བོས་པ་དང་།"
22 ༢༢་ གྲུ་དང་ཕ་བཞག་ནས་ཁོང་གི་རྗེས་སུ་འབྲངས་སོ།"
23 ༢༣་ །དེ་ནས་ཡེ་ཤུ་ག༷་ལིལ་ཡུལ་ཀུན་ཏུ་རྒྱུ་ཞིང་། སི༷ན་ན་གོས་རྣམས་སུ་སློབ་ཁྲིད་མཛད། རྒྱལ་སྲིད་ཀྱི་འཕྲིན་བཟང་བསྒྲགས། མིའི་ནད་དང་རྒུད་པ་ཀུན་སེལ་བར་མཛད་དོ།"
24 ༢༤་ །ཁོང་གི་སྙན་གྲགས་སི༷་རི་ཡཱ་ཡུལ་ཀུན་ཏུ་དར་བས། ནད་པ་དང་། གཟུག་སྣ་ཚོགས་ཅན་དང་། ས༷་ཏན་ཞུགས་དང་། སྨྱོན་ པ་དང་། གཟའ་ཕོག་ཐམས་ཅད་ཁོང་གི་སྐུ་དྲུང་ཁྱེར་འོངས་པ་དང་། ཁོང་གིས་གསོ་བར་མཛད་དོ།"
25 ༢༥་ ག༷་ལིལ་དང་། དེ༷་ཀ་པོ་ལིས་དང་། ཡེ༷་རུ་ཤ་ལེམ་དང་། ཡ༷་ཧུ་དཱ་དང་། ཡོ༷ར་དན་གྱི་ཕ་རོལ་ནས་འོང་བའི་མི་ཚོགས་ཆེན་པོ་ཁོང་གི་རྗེས་སུ་འབྲངས་སོ།།"
1 ༡་ །མི་ཚོགས་གཟིགས་ནས་ཡེ་ཤུ་རི་ལ་ཕེབས། གདན་ཆགས་པ་དང་སློབ་མ་རྣམས་སྐུ་དྲུང་དུ་འོངས།"
2 ༢་ །ཞལ་ཕྱེས་ཏེ་ཨེ་ལོ་ཧིམ་གྱི་བཀའ་སློབ་ཁྲིད་མཛད་པ།"
3 ༣་ །སྙེམས་ཆུང་རྣམས་བདེའོ། །ནམ་མཁའི་རྒྱལ་སྲིད་དེ་ཚོའི་ཡིན་ནོ།"
4 ༤་ །མྱ་ངན་བྱེད་པ་རྣམས་བདེའོ། །དེ་ཚོའི་སེམས་གསོ་བར་འགྱུར་རོ།"
5 ༥་ །སེམས་དུལ་བ་རྣམས་བདེའོ། །དེ་ཚོ་ས་གཞིའི་བདག་པོར་འགྱུར་བར་འགྱུར་རོ།"
6 ༦་ །དྲང་བ་ཉིད་ཀྱི་ཕྱིར་ལྟོགས་པ་དང་སྐོམ་པ་རྣམས་བདེའོ། །དེ་ཚོ་ཚིམ་པར་འགྱུར་རོ།"
7 ༧་ །སྙིང་རྗེ་ཅན་རྣམས་བདེའོ། །དེ་ཚོར་སྙིང་རྗེ་ཐོབ་པར་འགྱུར་རོ།"
8 ༨་ །སྙིང་དག་པ་རྣམས་བདེའོ། །དེ་ཚོས་ཨེ་ལོ་ཧིམ་མཇལ་བར་འགྱུར་རོ།"
9 ༩་ །འདུམ་བྱེད་མཁན་རྣམས་བདེའོ། །དེ་ཚོར་ཨེ་ལོ་ཧིམ་གྱི་སྲས་ཟེར་བར་འགྱུར་རོ།"
10 ༡༠་ །དྲང་བ་ཉིད་དོན་དུ་གནོད་འཚེ་མྱོང་བ་རྣམས་བདེའོ། །ནམ་མཁའི་རྒྱལ་སྲིད་དེ་ཚོའི་ཡིན་ནོ།"
11 ༡༡་ །ཁྱོད་ཚོར་ངའི་དོན་དུ་སྨད་ཅིང་འཚེ་སྟེ་རྫུན་གྱི་གཏམ་ངན་སྣ་ཚོགས་གཏོང་ན་ཁྱོད་ཚོ་བདེའོ།"
12 ༡༢་ །ནམ་མཁར་ཁྱོད་ཚོའི་རྔན་པ་ཆེན་པོ་ཡིན་པས། དགའ་ཞིང་ཡི་རང་བར་གྱུར་ཅིག ཁྱོད་ཚོ་ལས་སྔོན་དུ་བྱུང་བའི་ཕ༷་རོ་པེ་ཏེ་པ་རྣམས་ལའང་འདི་བཞིན་དུ་གནོད་ཚེ་བྱས་པ་ཡིན་ནོ།།"
13 ༡༣་ །ཁྱེད་ཚོ་འཇིག་རྟེན་གྱི་ཚྭ་ཡིན། གལ་ཏེ་ཚྭའི་བྲོ་བ་ཡལ་ན་ཅི་ཡིས་ལན་ཚྭ་བར་བྱ། ཕྱི་རོལ་དུ་དབྱུགས་ནས་མིས་རྡོག་རྫིས་གཏོང་བ་མ་གཏོགས་ཅི་ལའང་མི་ཕན་ནོ།"
14 ༡༤་ ཁྱེད་ཚོ་འཇིག་རྟེན་གྱི་འོད་ཡིན། རིའི་ཁར་ཆགས་ཡོད་པའི་གྲོང་ཁྱེར་ཡིབ་མི་ཐུབ།"
15 ༡༥་ སྣུམ་བཞུ་སྤར་ནས་འབོའི་འོག་ཏུ་མི་འཇོག་པར། སྟེགས་ཀྱི་ཁར་འཇོག་སྟེ། ཁྱིམ་གྱི་མི་ཚང་མ་ལ་འོད་སྣང་ངོ་།"
16 ༡༦་ ཁྱེད་ཚོའི་ལས་བཟང་པོ་མི་རྣམས་ཀྱིས་མཐོང་སྟེ། ནམ་མཁར་བཞུགས་པའི་ཁྱེད་ཚོའི་ཡབ་ལ་སྟོད་པའི་ཕྱིར། ཁྱེད་ཚོའི་འོད་མི་རྣམས་ཀྱི་མདུན་དུ་དེ་བཞིན་དུ་འཕྲོ་ཞིག།"
17 ༡༧་ །ང་ནི་བཀའ་ཁྲིམས་དང་ཕ༷་རོ་པེ་ཏེ་པ་རྣམས་མེད་པར་བྱེད་དུ་འོངས་པ་ཡིན་མ་སེམས་ཤིག མེད་པར་བྱེད་དུ་མ་འོངས་ཀྱིས་སྒྲུབ་ཏུ་འོངས་པ་ཡིན།"
18 ༡༨་ གནམ་ས་གཉིས་འདའ་བའི་བར་དུ། བཀའ་ཁྲིམས་ལས་ཐམས་ཅད་མ་གྲུབ་པར་ནི་ཡིག་འབྲུ་གཅིག་དང་ཚེག་གཅིག་ཀྱང་འདའ་བར་མི་འགྱུར་ངས་བདེན་པ་ཟེར།"
19 ༡༩་ དེའི་ཕྱིར་བཀའ་ཁྲིམས་ཆུང་ཤོས་ཀྱི་ནང་ནས་གཅིག་བཅག་སྟེ། དེ་བཞིན་དུ་གཞན་ལ་སློབ་པ་དེ་ལ་ནམ་མཁའི་རྒྱལ་སྲིད་ནང་ཆུང་ཤོས་ཟེར་བར་འགྱུར། དེ་དག་སྲུང་ཞིང་གཞན་ལ་སློབ་པ་དེ་ལ་ནམ་མཁའི་རྒྱལ་སྲིད་ནང་ཆེན་པོ་ཟེར་བར་འགྱུར་རོ།"
20 ༢༠་ །དེའི་ཕྱིར་མོ༷་ཤེའི་བཀའ་ཁྲིམས་མཁས་པ་དང་ཕ༷་རུ་ཤི་པ་རྣམས་ཀྱི་དྲང་བ་ཉིད་ལས་ཁྱོད་ཚོའི་དྲང་བ་ཉིད་ལྷག་པར་མེད་ན། ནམ་མཁའི་རྒྱལ་སྲིད་དུ་ཅིས་ཀྱང་འཚུད་པར་མི་འགྱུར་ཞེས་ངས་ཟེར།"
21 ༢༡་ མེས་པོ་རྣམས་ལ་འདི་སྐད་དུ་མི་མ་གསོད། གསོད་མཁན་དེ་ལ་ཁྲིམས་འཕོག་འོས་ཞེས། གསུངས་པ་ཁྱོད་ཚོས་ཐོས་སོ།"
22 ༢༢་ །འོན་ཀྱང་རང་གི་སྤུན་ལ་ཁྲོ་བ་དེ་ལའང་ཞལ་ཆེ་གཅད་འོས་ངས་ཟེར། ཡང་སྤུན་ལ་སྨྱོན་པ་ཟེར་བ་དེ་ལ་ཞལ་ཆེ་གཅད་འོས། ཡང་དམོད་འཕོག་པ་ཟེར་བ་དེ་ལ་དམྱལ་བའི་ཆད་པ་འཕོག་འོས་སོ།"
23 ༢༣་ །གལ་ཏེ་ཨེ་ལོ་ཧིམ་ལ་དད་འབུལ་བ་ཕུལ་བའི་དུས་སུ་སྤུན་ཞིག་དང་ཁྱེད་ཀྱི་བར་མི་འགྲིག་པ་ཞིག་ཡོད་པ་དྲན་ན།"
24 ༢༤་ དད་འབུལ་བ་ཞགས་སའི་མདུན་དུ་འབུལ་བ་བཞག་སྟེ་སོང་ལ། སྔོན་དུ་རང་གི་སྤུན་དང་མཐུན་ཞིག །དེ་ནས་ཤོག་ལ་འབུལ་བ་ཕུལ་ཞིག"
25 ༢༥་ །རང་གི་གཤགས་ཡ་པ་མཉམ་དུ་ཁྲིམས་རར་འགྲོ་རིང་མགྱོགས་པར་མཐུན་ཞིག །དེ་མིན་གཤགས་ཡ་པས་ཁྱོད་ཁྲིམས་དཔོན་ལ་དང་། ཁྲིམས་དཔོན་གྱིས་ཁྲིམས་གཡོག་ལ་བཏད་དེ་བཙོན་ཁང་དུ་འཇུག་ཉེན་ཡོད།"
26 ༢༦་ དོང་ཙེ་གཅིག་ཀྱང་མ་ལུས་པར་མ་བཅལ་བའི་བར་དུ། ཁྱོད་ཅི་ནས་ཀྱང་བཙོན་ཁང་ནས་ཐར་བར་མི་འགྱུར་ཞེས་ངས་བདེན་པར་ཟེར།"
27 ༢༧་ མེས་པོ་རྣམས་ལ་ལོག་གཡེམ་མ་བྱེད། གསུངས་པ་དེ་ཁྱོད་ཚོས་ཐོས་སོ།"
28 ༢༨་ །འོན་ཀྱང་འདོད་ཆགས་སྐྱེས་ཏེ་བུད་མེད་ཅིག་ལ་ལྟ་བ་དེས་ཀྱང་སྙིང་ནང་དེ་མཉམ་དུ་ལོག་གཡེམ་བྱས་ཟིན་ངས་ཟེར།"
29 ༢༩་ །དེའི་ཕྱིར་ལུས་ཧྲིལ་པོ་དམྱལ་བར་དབྱུག་པ་ལས། ཡན་ལག་ལས་གཅིག་མེད་པར་འགྱུར་བ་ལེགས་པས། ཁྱོད་ཀྱི་མིག་གཡས་པས་ཁྱོད་ལྷུང་དུ་འཇུག་ན། བཏོན་ཏེ་རྒྱང་དུ་དབྱུག"
30 ༣༠་ །ལུས་ཧྲིལ་པོ་དམྱལ་བར་སླེབ་པ་ལས། ཡན་ལག་ལས་གཅིག་མེད་པར་འགྱུར་བ་ལེགས་པས། ཁྱོད་ཀྱི་ལག་པ་གཡས་པས་ཁྱོད་ལྟུང་དུ་འཇུག་ན། བཅད་དེ་རྒྱང་དུ་དབྱུག"
31 ༣༡་ །རང་གི་ཆུང་མ་དང་ཁ་ཕྲལ་བ་དེས་འབྲལ་ཡིག་སྟེར་བར་དགོས་ཅེས་གསུངས་སོ།"
32 ༣༢་ །འོན་ཀྱང་ལོག་གཡེམ་གྱི་རྒྱུ་ཡིས་མ་གཏོགས་པར། རང་གི་ཆུང་མ་ཁ་ཕྲལ་བ་དེས་མོ་ལ་ལོག་གཡེམ་བྱེད་དུ་འཇུག ཁ་ཕྲལ་བའི་བུད་མེད་ཆུང་མར་བླང་བ་དེས་ཀྱང་ལོག་གཡེམ་བྱེད་ངས་ཟེར་རོ།"
33 ༣༣་ །མེས་པོ་རྣམས་ལ་མནའ་ལས་མ་འགལ་ཞིག །ཨེ་ལོ་ཧིམ་ཚད་དུ་བཙུག་ནས་མནའ་སྐྱེལ་བ་དེ་སྒྲུབས་ཤིག་གསུངས་པ་དེ་ཐོས་ཡོད།"
34 ༣༤་ །འོན་ཀྱང་ངས་མནའ་ནམ་ཡང་མ་སྐྱེལ་ཟེར། ནམ་མཁའ་ནི་ཨེ་ལོ་ཧིམ་གྱི་བཞུགས་ཁྲི་ཡིན་པས། ནམ་མཁའི་མནའ་མ་སྐྱེལ།"
35 ༣༥་ ས་གཞི་ནི་ཁོང་གི་ཞབས་སྟེགས་ཡིན་པས། ས་གཞིའི་མནའ་མ་སྐྱེལ། ཡེ༷་རུ་ཤ་ལེམ་ནི་ནམ་མཁའི་རྒྱལ་པོའི་རྒྱལ་ས་ཡིན་པས། ཡེ༷་རུ་ཤ་ལེམ་གྱི་མནའ་མ་སྐྱེལ།"
36 ༣༦་ སྐྲ་ཉག་གཅིག་ཀྱང་དཀར་པོའམ་ནག་པོར་བྱེད་མི་ཐུབ་པས། རང་གི་མགོའི་མནའ་མ་སྐྱེལ་བར།"
37 ༣༧་ ཁྱོད་ཀྱི་གཏམ་ནི་ཡིན་ན་ཡིན། མིན་ན་མིན་ཡོད་དགོས། འདི་ལས་ལྷག་པ་ཇི་ཡོད་ངན་པ་ནས་འབྱུང་ངོ་།།"
38 ༣༨་ །མིག་གི་ལན་ལ་མིག་དང་། སོའི་ལན་ལ་སོ་གསུངས་པ་དེ་ཐོས་ཡོད།"
39 ༣༩་ འོན་ཀྱང་མི་ངན་ལ་མ་རྒོལ་བར། ཁྱོད་ཀྱི་འགྲམ་པ་གཡས་པ་ལ་འགྲམ་ལྕག་བརྒྱབ་མཁན་ལ་གཡོན་པ་དེའང་སྒྱུར་ཅིག་ངས་ཟེར།"
40 ༤༠་ ཁྱོད་དང་རྩོད་ནས་གོས་འཁྱེར་དུ་འདོད་མཁན་དེ་ལ་འོག་འཇུག་ཀྱང་ཐོང་ཞིག"
41 ༤༡་ ཁྱོད་ལ་དཔག་ཚད་གཅིག་ཏུ་དབང་གིས་འཁྲིད་མཁན་དང་མཉམ་དུ། དཔག་ཚད་གཉིས་སོང་ཞིག"
42 ༤༢་ །ཞུ་མཁན་ལ་སྟེར། སྐྱི་བར་འདོད་མཁན་ལ་རྒྱབ་མ་སྟོན་ཅིག།"
43 ༤༣་ ཁྱིམ་མཚེས་ལ་བྱམས་པ་བྱོས། དགྲ་ལ་སྡོང་ཞིག་གསུངས་པ་དེ་ཐོས་ཡོད།"
44 ༤༤་ འོན་ཀྱང་ཁྱོད་ཀྱི་ཡབ་ནམ་མཁར་བཞུགས་པའི་སྲས་ཡིན་པའི་ཕྱིར། དགྲ་ལ་བྱམས་པ་བྱོས། ཁྱོད་ཀྱི་འཚེ་བ་པོའི་དོན་དུ་སྨོན་ལམ་ཐོབ་ཅེས་ངས་ཟེར།"
45 ༤༥་ །ཅིའི་ཕྱིར་ཞེ་ན། ཁོང་གིས་བཟང་ངན་གཉིས་པོར་ཉིད་ཀྱི་ཉི་མ་འཆར་དུ་འཇུག་སྟེ། དྲང་པོ་དང་དྲང་པོ་མིན་པ་གཉིས་པོར་ཆར་པ་འབེབས་པར་མཛད་དོ།"
46 ༤༦་ རང་ལ་བྱམས་པ་ལ་བྱམས་ན་རྔན་པ་ཅི་ཐོབ། ཤོ་གམ་པས་ཀྱང་དེ་བཞིན་དུ་མི་བྱེད་དམ།"
47 ༤༧་ སྤུན་འབའ་ཞིག་ལ་ཕྱག་བྱེད་ན་གཞན་ལས་ལྷག་པ་ཅི་བྱེད། ཨེ་ལོ་ཧིམ་ངོ་མ་ཤེས་པས་ཀྱང་དེ་བཞིན་དུ་མི་བྱེད་དམ།"
48 ༤༨་ དེའི་ཕྱིར་ཁྱོད་ཚོའི་ནམ་མཁའི་ཡབ་ཕུན་སུམ་ཚོགས་པ་ལགས་པ་ལྟར། ཁྱོད་ཚོའང་ཕུན་སུམ་ཚོགས་པར་གྱུར་ཅིག།
"
1 ༡་ །དགེ་བ་མི་ལ་ངོམ་པ་ལས་ཟོན་བྱོས་ཤིག །དེ་མིན་ནམ་མཁར་བཞུགས་པའི་ཁྱེད་ཀྱི་ཡབ་ཀྱི་སྐུ་དྲུང་དུ་བྱ་དགའ་མེད་དོ།"
2 ༢་ །སྦྱིན་པ་གཏོང་བའི་ཚེ་མིས་བསྟོད་པར་བྱེད་པའི་ཕྱིར་ཁ་ཆོས་པས་སི༷ན་ན་གོས་དང་ལམ་སྲང་རྣམས་སུ་དུང་འབུད་དུ་འཇུག་པ་ལྟར། རང་གི་མདུན་དུ་དུང་འབུད་དུ་མ་ཆུག །དེ་ལ་བྱ་དགའ་ཐོབ་ཟིན་ཞེས་ངས་བདེན་པར་ཟེར།"
3 ༣་ །འོན་ཀྱང་ཁྱེད་ཀྱི་སྦྱིན་པ་གསང་བར་གནས་པའི་ཕྱིར། སྦྱིན་པ་གཏོང་བའི་ཚེ། ལག་པ་གཡས་པས་ཅི་བྱེད་པ་ལག་པ་གཡོན་པ་ལའང་ཤེས་མ་ཆུག"
4 ༤་ །དེ་ནས་གསང་བ་ལ་གཟིགས་པའི་ཁྱེད་ཀྱི་ཡབ་ཀྱིས་ཁྱེད་ལ་བྱ་དགའ་གནང་བར་འགྱུར་རོ།།"
5 ༥་ །སྨོན་ལམ་འདེབས་པའི་ཚེ། མིས་མཐོང་བའི་ཕྱིར་སི༷ན་ན་གོས་དང་འགྲམ་ལམ་ལ་ལངས་ཏེ། སྨོན་ལམ་འདེབས་པ་ལ་དགའ་བའི་ཁ་ཆོས་པ་ལྟར་མ་བྱེད། དེ་དག་ལ་བྱ་དགའ་ཐོབ་ཟིན་ངས་བདེན་པར་ཟེར།"
6 ༦་ སྨོན་ལམ་འདེབས་པའི་ཚེ། རང་གི་ནང་མིག་ནང་ཞུགས་ཏེ། སྒོ་བརྒྱབས་ནས། གསང་བ་རུ་བཞུགས་པའི་རང་གི་ཡབ་ལ་སྨོན་ལམ་ཞུས། དེ་ནས་གསང་བ་ལ་གཟིགས་པའི་ཁྱེད་ཀྱི་ཡབ་ཀྱིས་ཁྱེད་ལ་རྔན་པ་གནང་འོང་།"
7 ༧་ སྨོན་ལམ་འདེབས་པའི་ཚེ། ཚིག་མང་བས་སྨོན་ལམ་གསན་འོང་སེམས་པའི་ཨེ་ལོ་ཧིམ་ངོ་མ་ཤེས་པ་ལྟར་རྒྱ་ལབ་མ་གཏོང་།"
8 ༨་ ཁྱེད་ཀྱི་དགོས་པ་མ་ཞུ་བའི་སྔོན་དུ་ཁྱེད་ཀྱི་ཡབ་ཀྱིས་མཁྱེན་པས། དེ་རྣམས་དང་འདྲ་བར་མ་བྱེད་ཅིག"
9 ༩་ ཁྱེད་ཀྱིས་སྨོན་ལམ་འདི་ལྟར་ཞུས་ཤིག།
།ནམ་མཁར་བཞུགས་པའི་ངེས་ཀྱི་ཡབ།
།ཁྱེད་མཚན་དམ་པར་སྲུང་བར་ཤོག།"
10 ༡༠་ །ཁྱེད་ཀྱི་རྒྱལ་སྲིད་འོང་བར་ཤོག།
།ཁྱེད་ཀྱི་དགོངས་པ་ནམ་མཁའ་ལ།
།སྒྲུབ་ལྟར་ས་ལའང་སྒྲུབ་པར་ཤོག
"
11 ༡༡་ །ངེད་ཀྱི་ཉི་མ་རེའི་ཁ་ཟས།
།དེ་རིང་ཡང་ནི་གནང་བར་མཛོད།"
12 ༡༢་ །ངེད་ཀྱིས་གཞན་ཉེས་སེལ་བ་ལྟར།
།ངེད་ཀྱི་སྡིག་པ་སེལ་བར་མཛོད།"
13 ༡༣་ །ཉམས་སད་ནང་དུ་མ་འཁྲིད་པར།
།ངན་པ་ལས་ངེད་ཐར་པར་མཛོད།
།རྒྱལ་སྲིད་དབང་དང་གཟི་བརྗིད་ནི།
།རྒྱུན་ནས་རྒྱུན་དུ་ཁྱེད་ཀྱི་འོ།། ཨ༷་མེན། "
14 ༡༤་ ཁྱེད་ཀྱིས་གཞན་ལ་ཉེས་པ་སེལ་ན། ཁྱེད་ཀྱི་ནམ་མཁའི་ཡབ་ཀྱིས་ཀྱང་ཁྱེད་ལ་ཉེས་པ་སེལ་བར་འགྱུར།"
15 ༡༥་ གཞན་ལ་ཉེས་པ་མི་སེལ་ན། ཁྱེད་ཀྱི་ནམ་མཁའི་ཡབ་ཀྱིས་ཀྱང་ཁྱེད་ལ་ཉེས་པ་སེལ་བར་མི་འགྱུར་རོ།།"
16 ༡༦་ ཁ་ཆོས་པས་བཟའ་བཏུང་གཅོད་ལ་བསྡད་པ་ཡིན་པར་བསྟན་པའི་ཕྱིར་དུ་རང་གི་གདོང་ནག་པོ་བསྟན་པ་ལྟར་ཁྱེད་ཀྱིས་མ་སྟོན་ཅིག །དེ་རྣམས་ལ་བྱ་དགའ་ཐོབ་ཟིན་ངས་བདེན་པར་ཟེར།"
17 ༡༧་ ཁྱེད་ཀྱིས་བཟའ་བཏུང་གཅོད་སྲུང་བའི་ཚེ།"
18 ༡༨་ །བཟའ་བཏུང་གཅོད་ལ་ཡོད་པ་མིས་མི་མཐོང་ཡང་། གསང་བར་བཞུགས་པའི་ཡབ་ཀྱིས་གཟིགས་པས་ན། མགོ་ལ་སྣུམ་སྐུས། གདོང་ཁྲུས། དེ་ནས་གསང་བ་ལ་གཟིགས་པའི་ཁྱེད་ཀྱི་ཡབ་ཀྱིས་ཁྱེད་ལ་བྱ་དགའ་གནང་བར་འགྱུར་རོ།།"
19 ༡༩་ །ས་ལ་ནོར་མ་གསོག །དེ་མུག་པ་དང་བཙས་ཟ་རྐུན་མས་ཀྱང་རྐུ་བས།"
20 ༢༠་ ནམ་མཁར་ནོར་གསོག །དེ་མུག་པ་དང་བཙས་མི་ཟ་རྐུན་མས་ཀྱང་མི་རྐུའོ།"
21 ༢༡་ །ཅིའི་ཕྱིར་ཞེ་ན། གང་ན་ཁྱེད་ཀྱི་གཏེར་ཡོད་ན། དེ་ན་ཁྱེད་ཀྱི་སྙིང་ཡང་ཡོད།"
22 ༢༢་ མིག་ནི་ལུས་ཀྱི་སྣུམ་བཞུ་ཡིན། ཁྱེད་ཀྱི་མིག་བཟང་ན། ལུས་ཚང་པོ་འོད་ཅན་དུ་འགྱུར།"
23 ༢༣་ ཁྱེད་ཀྱི་མིག་ངན་ན། ལུས་ཚང་པོ་མུན་པར་འགྱུར། ཁྱེད་ཀྱི་ནང་ན་ཡོད་པའི་འོད་དེ་མུན་པ་ཡིན་ན། ཇི་ལྟ་བུའི་མུན་པ་ཆེ།"
24 ༢༤་ དཔོན་པོ་གཉིས་ཀྱི་གཡོག་སུས་ཀྱང་བྱེད་མི་ཐུབ། གཅིག་ལ་སྡང་སྟེ་གཅིག་ལ་ཆགས་པའམ། གཅིག་ལ་མོས་ཤིང་གཅིག་ལ་བརྙས། ཨེ་ལོ་ཧིམ་དང་ནོར་ལྷ་གཉིས་ཀྱི་གཡོག་བྱེད་མི་ནུས་སོ།།"
25 ༢༥་ །དེའི་ཕྱིར་ཅི་ཟ། ཅི་འཐུང་། ཅི་གོན་སེམས་ཤིང་རང་གི་སྲོག་དང་ལུས་ཀྱི་ཕྱིར་མ་འཚེར་ཞིག་ངས་ཟེར། ཁ་ཟས་ པས་སྲོག་དང་། གོས་ལས་ལུས་གལ་མི་ཆེའམ།"
26 ༢༦་ གནམ་གྱི་བྱ་རྣམས་ལ་ལྟོས། དེ་དག་གིས་མི་རྨོ། མི་རྔ་། བང་མཛོད་དུའང་མི་སོག་ཀྱང་། ཁྱེད་ཀྱི་ནམ་མཁའི་ཡབ་ཀྱིས་འཚོ་བ་སྦྱོར་རོ། །དེ་དག་ལས་ཁྱེད་ཚོ་གལ་མི་ཆེའམ།"
27 ༢༧་ སེམས་ཁྲལ་གྱིས་རང་གི་ཚེ་ལ་ཁྲུ་གང་འཐུད་ཐུབ་པ་ཁྱེད་ཀྱི་ནང་ན་སུ་ཡོད།"
28 ༢༨་ གོས་ཀྱི་ཕྱིར་ཅི་ལ་སེམས་ཁྲལ་བྱེད། ཞིང་གི་དྲེས་མ་ལ་ལྟོས། དེ་དག་མི་འབད་མི་འཁལ་ཡང་ཇི་ལྟར་ཆེར་སྐྱེའོ་ངས་ཟེར།"
29 ༢༩་ རྒྱལ་པོ་ཤ༷་ལོ་མོ་ཡོངས་སུ་ཟིལ་དང་ལྡན་པའི་ཚེའང་དེ་དག་ལས་གཅིག་དང་འདྲ་བ་གྱོན་པ་མ་ཡིན་ནོ།"
30 ༣༠་ །ཞིང་གི་རྩྭ་དེ་རིང་ཡོད་དེ། སང་མེ་ཐབ་ནང་འདེབས་རྒྱུ་དེ་ལ་ཨེ་ལོ་ཧིམ་གྱིས་འདི་འདྲའི་གོས་སྐོན་པར་མཛད་ན། ཀྱེ་དད་ཆུང་ཚོ། ཁྱེད་ཚོ་ལ་དེ་དག་ལས་ལྷག་པར་སྐོན་པར་མི་མཛད་དམ།"
31 ༣༡་ དེའི་ཕྱིར་ཅི་ཟ། ཅི་འཐུང་། ཅི་གོན་ཟེར་ཞིང་སེམས་འཁྲལ་མ་བྱེད།"
32 ༣༢་ དེ་ཐམས་ཅད་ཨེ་ལོ་ཧིམ་ངོ་མ་ཤེས་པས་འཚོལ་ལོ། ཁྱེད་ལ་དེ་ཐམས་ཅད་དགོས་པ་ཁྱེད་ཀྱི་ནམ་མཁའི་ཡབ་ཀྱིས་མཁྱེན་ནོ།"
33 ༣༣་ །ཐོག་མར་ཨེ་ལོ་ཧིམ་གྱི་རྒྱལ་སྲིད་དང་དྲང་བ་ཉིད་འཚོལ་ཞིག་དང་། དེ་ཐམས་ཅད་ཞོར་ལ་ཐོབ་པར་འགྱུར་རོ།"
34 ༣༤་ །དེའི་ཕྱིར་སང་ཉིན་གྱི་ཕྱིར་དུ་སེམས་འཁྲལ་མ་བྱེད། སང་ཉིན་གྱིས་རང་གི་ཅག་ག་བྱེད་པར་འགྱུར། ཉིན་རེ་ལ་སྡུག་བསྔལ་རེས་ཆོག་གོ། །།"
1 ༡་ །རང་མཚང་མི་འབྲུ་བའི་ཕྱིར་གཞན་མཚང་མ་འབྲུ།"
2 ༢་ ཇི་ལྟར་ཁྱེད་ཀྱིས་གཞན་མཚང་འབྲུ་བ། དེ་ལྟར་ཁྱེད་ཀྱི་མཚང་ཡང་འབྲུ་བར་འགྱུར། ཁྱེད་ཀྱིས་ཚད་གང་གིས་གཤོར་ན། ཚད་དེ་རང་གིས་ཁྱེད་ལ་གཤོར་བར་འགྱུར།"
3 ༣་ རང་གི་མིག་ནང་ཡོད་པའི་གདུང་མ་མི་ཤེས་པར། སྤུན་གྱི་མིག་ནང་ཡོད་པའི་སྦུར་མ་མཐོང་བ་དེ་ཅི་ཡིན།"
4 ༤་ རང་གི་མིག་ནང་གདུང་མ་ཡོད་བཞིན་དུ་སྤུན་ལ། ཁྱེད་ཀྱི་མིག་གི་ནང་ནས་སྤུར་མ་དེ་ངས་འདོན་པར་བྱའོ་ཞེས་ཅི་ལྟར་ཟེར་བར་ཐུབ།"
5 ༥་ ཁ་ཆོས་པ་ཁྱོད། སྔོན་ལ་རང་གི་མིག་གི་གདུང་མ་དེ་ཐོན་ཞིག །དེ་ནས་རང་གི་སྤུན་གྱི་མིག་གི་སྦུར་མ་འདོན་པའི་ཕྱིར་གསལ་པོར་མཐོང་བར་འགྱུར་རོ་།།"
6 ༦་ །དམ་པ་ཡིན་པ་ཁྱི་ལ་མ་བྱིན། རང་གི་མུ་ཏིག་ཕག་པའི་མདུན་དུ་མ་དབྱུག་དེ་མིན་རྐང་པས་བརྫིས་ནས་ཚུར་ལོག་སྟེ་ཁྱེད་ཧྲལ་བར་འགྱུར་རོ།"
7 ༧་ །སློང་ཞིག་དང་གནང་བར་འགྱུར། ཚོལ་ཞིག་དང་རྙེད་པར་འགྱུར། སྒོ་རྡུངས་ཤིག་དང་ཕྱེ་བར་འགྱུར།"
8 ༨་ ཅི་ཕྱིར་ཞེ་ན། སློང་མཁན་ལ་ཐོབ། འཚོལ་མཁན་ལ་རྙེད། སྒོ་རྡུང་མཁན་ལ་ཕྱེ་བར་འགྱུར་རོ།"
9 ༩་ །རང་གི་བུས་བག་ལེབ་སློང་ན། དེ་ལ་རྡོ་སྟེར་ཞིང་།"
10 ༡༠་ ཉ་སློང་ན་སྤྲུལ་སྟེར་བ་ཁྱེད་ཚོའི་ནང་ན་ཡོད་དམ།"
11 ༡༡་ ཁྱེད་ཚོ་ངན་པ་ཡིན་བཞིན་དུ་རང་ཕྲུག་ལ་རྫས་བཟང་པོ་གཏོང་བར་ཤེས་ན། ཁྱེད་ཚོའི་ནམ་མཁའི་ཡབ་ཀྱིས་ཞུ་མཁན་ལ་རྫས་བཟང་པོ་ཇི་ཙམ་མི་གནང་།"
12 ༡༢་ ཇི་ལྟར་གཞན་ལས་འདོད་པ། དེ་ལྟར་གཞན་ལ་བྱོས་ཤིག །བཀའ་ཁྲིམས་དང་ཕ༷་རོ་པེ་ཏེ་པ་ནི་དེ་ཀའོ།"
13 ༡༣་ །སྒོ་དོག་མོ་ནས་ཞུགས་ཤིག། །འཆི་བར་འཁྲིད་པའི་སྒོ་ནི་ཡངས་ཤིང་ལམ་ཡང་ཞེང་ཅན་ཡོད་པས་འགྲོ་མཁན་མང་ངོ།"
14 ༡༤་ མི་ཚེ་རྒྱུན་དུ་པར་འདྲེན་པའི་ལམ་ནི་ཕྲ་ལ་སྒོ་དོག་མོ་ཡོད་པས་ཐོབ་མཁན་ཉུང་ངོ་།"
15 ༡༥་ །ཕ༷་རོ་པེ་ཏེ་པ་རྫུས་མ་ལས་ཟོན་བྱོས་ཤིག །དེ་རྣམས་ཁྱེད་ཀྱི་རྩར་ལུག་ལྤགས་གྱོན་ཏེ་འོང་ཡང་། ནང་ནི་སྤྱང་ཀི་དྲག་པོ་རྣམས་ཡིན་ནོ།"
16 ༡༦་ །འབྲས་བུ་ལས་དེ་དག་ཤེས་འོང་། ཚེར་མ་ལས་རྒུན་འབྲུམ་མམ། ལྗང་ཚེར་ལས་སེ་ཡབ་སུས་སྒྲུག།"
17 ༡༧་ དེ་བཞིན་དུ་རྩི་ཤིང་བཟང་པོས་འབྲས་བུ་བཟང་པོ་སྐྱེད། རྩི་ཤིང་ངན་པས་འབྲས་བུ་ངན་པ་སྐྱེད།"
18 ༡༨་ རྩི་ཤིང་བཟང་པོས་འབྲས་བུ་ངན་པ་སྐྱེད་མི་ཐུབ། རྩི་ཤིང་ངན་པས་འབྲས་བུ་བཟང་པོ་སྐྱེད་མི་ཐུབ་བོ།"
19 ༡༩་ །འབྲས་བུ་བཟང་པོ་མི་སྐྱེད་པའི་རྩི་ཤིང་ཀུན་བཅད་དེ་མེ་ལ་འདེབས་སོ།"
20 ༢༠་ །དེ་བས་ན་འབྲས་བུ་ལས་དེ་དག་ཤེས་འོང་།"
21 ༢༡་ ངའི་ནམ་མཁའི་ཡབ་ཀྱི་དགོངས་པ་སྒྲུབ་མཁན་མ་གཏོགས་པར། ང་ལ་ཀྱུ་རི་བོ་ལགས། ཀྱུ་རི་བོ་ལགས། ཟེར་མཁན་ཐམས་ཅད་ནམ་མཁའི་རྒྱལ་སྲིད་དུ་མི་ཚུད།"
22 ༢༢་ ཉིན་མོ་དེར་མང་པོས་ང་ལ་ཀྱུ་རི་བོ་ལགས། ཀྱུ་རི་བོ་ལགས། ངེད་ཀྱིས་ཁྱེད་ཀྱི་མཚན་གྱི་ངང་ནས་ལུང་མ་བསྟན་ནམ། ཁྱེད་ཀྱི་མཚན་གྱི་ངང་ནས་ས༷་ཏན་མ་བསྐྲད་དམ། ཁྱེད་ཀྱི་མཚན་གྱི་ངང་ནས་ལྟས་མང་པོ་མ་བསྟན་ནམ་ཞེས་ཟེར་འོང་།"
23 ༢༣་ དེའི་ཚེ་ངས་དེ་རྣམས་ལ། ངས་ཁྱོད་ནམ་ཡང་ངོ་མི་ཤེས་པས། སྡིག་སྤྱོད་རྣམས་ཕར་སོང་ཞིག་སྨྲ་བར་བྱའོ།།"
24 ༢༤་ །ངའི་བཀའ་ཐོས་ནས་སྒྲུབ་པ་དེ། བྲག་གི་ཁར་ཁང་པ་བརྩིགས་པའི་མཁས་པ་དང་འདྲ་སྟེ།"
25 ༢༥་ བྲག་གི་ཁར་བརྩིགས་པས། ཆར་པ་བབས། ཆུ་རུད་བྱུང་། རླུང་དྲག་ལངས་ནས་ཁང་པ་དེ་ལ་ཕོག་ཀྱང་མ་བརྡིབས་སོ།"
26 ༢༦་ །ངའི་བཀའ་ཐོས་ནས་མི་སྒྲུབ་པ་དེ། བྱེ་མའི་ཁར་ཁང་པ་བརྩིགས་པའི་གླེན་པ་དང་འདྲ་སྟེ།"
27 ༢༧་ ཆར་པ་བབས། ཆུ་རུད་བྱུང་། རླུང་དྲག་ལངས། ཁང་པ་དེ་ལ་ཕོག་པས། བརྡིབས་ཏེ་རྩ་བ་ནས་བརླགས་སོ།"
28 ༢༨་ །ཡེ་ཤུས་བཀའ་གསུངས་ཟིན་པ་དང་། ཁོང་གིས་མོ༷་ཤེའི་བཀའ་ཁྲིམས་མཁས་པ་རྣམས་དང་མི་འདྲ་བར། དབང་ལྡན་དང་འདྲ་བར་སློབ་ཁྲིད་མཛད་པས། མི་ཚོགས་ཁོང་གི་སློབ་ཁྲིད་ལ་ངོ་མཚར་དུ་གྱུར་ཏོ།།"
1 ༡་ ཡེ་ཤུ་རི་ལས་མར་ཕེབས་པའི་ཚེ། མི་ཚོགས་ཕྱི་བཞིན་འབྲངས་སོ།"
2 ༢་ མཛེ་ཅན་ཞིག་སྐུ་དྲུང་དུ་འོངས་ནས་པུས་མོ་ས་ལ་འཛུགས་ཏེ། ཀྱུ་རི་བོ་ལགས། ཁྱེད་ཐུགས་མཉེས་ན་ང་གཙང་བར་མཛད་ནུས་སོ་ཞུས་པ་དང་།"
3 ༣་ ཡེ་ཤུས་ཕྱག་བརྒྱངས་ཏེ། ཁོ་ལ་རེག་ནས། ང་འདོད་དོ། །གཙང་བར་གྱུར་ཅིག །ཅེས་གསུངས་པ་དང་། མཛེ་དག་པར་གྱུར་ཏོ།"
4 ༤་ ཡེ་ཤུས་ཁོ་ལ། སུ་ལའང་མ་བཤད་པར་སོང་ལ། དཔང་བྱེད་པའི་ཕྱིར་ལེ༷་ཝི་པ་ལ་རང་ལུས་དག་ཟིན་བསྟོན། མོ༷་ཤེས་བཀའ་གནང་བའི་འབུལ་བ་དེ་ཕུལ་ཞིག །ཅེས་བཀའ་སྩལ་ཏོ།།"
5 ༥་ །དེ་ནས་ཀ༷་ཕར་ན་ཧུམ་དུ་ཕེབས་པའི་ཚེ། བརྒྱ་དཔོན་ཞིག་བཅར་ནས།"
6 ༦་ །ཀྱུ་རི་བོ་ལགས། ངའི་གཡོག་པོ་གཟའ་ཕོག་ནས། རབ་ཏུ་སྡུག་བསྔལ་ཞིང་ཁང་པར་ཉལ་ཡོད། ཅེས་ནན་གྱིས་ཞུས་པ་དང་།"
7 ༧་ ཁོང་གིས་ང་འོངས་ནས་ཁོའི་ནད་སེལ་བར་བྱའོ་གསུངས།"
8 ༨་ བརྒྱ་དཔོན་གྱིས། ཀྱུ་རི་བོ་ལགས། ཁྱེད་ང་ལྟ་བུའི་ཐོག་འོག་ཏུ་ཕེབས་པར་མི་འོས་པས། བཀའ་གནོང་ཞིག་དང་། ངའི་གཡོག་པོ་གསོ་བར་འགྱུར་རོ།"
9 ༩་ །ང་གཞན་གྱི་དབང་འོག་ན་ཡིན་ཀྱང་། ངའི་འོག་ལའང་དམག་མི་ཡོད། གཅིག་ལ་སོང་ཟེར་ན་འགྲོ། གཅིག་ལ་ཤོག་ཟེར་ན་འོང་། གཡོག་པོ་ལ་ལས་འདི་བྱོས་ཟེར་ན་བྱེད་དོ་ཞེས་ཞུས་སོ།"
10 ༡༠་ །ཡེ་ཤུས་དེ་གསན་ནས་ངོ་མཚར་འཁྲུངས་ཏེ་འཁོར་རྣམས་ལ། ངས་བདེན་པར་ཟེར། ཡི༷ས་ར་ཨེལ་གྱི་ནང་ན་འདི་འདྲ་བའི་དད་པ་མ་རྙེད།"
11 ༡༡་ ཤར་ནུབ་གཉིས་ནས་མི་མང་པོ་འོངས་ནས་ཨ༷བ་ར་ཧམ་དང་། ཨི༷་སག་དང་། ཡ༷་ཀོབ་མཉམ་དུ་ནམ་མཁའི་རྒྱལ་སྲིད་ནང་སྡོད་པར་འགྱུར་གྱི།"
12 ༡༢་ །རྒྱལ་སྲིད་ཀྱི་བུ་རྣམས་ངུ་འབོད་དང་སོ་ཁྲིག་པ་འབྱུང་བའི་ཕྱི་རོལ་གྱི་མུན་པའི་ནང་དབྱུག་པར་འགྱུར་ཞེས་ངས་ཟེར་གསུངས་སོ།"
13 ༡༣་ །བརྒྱ་དཔོན་ལ། སོང་། ཁྱེད་ཀྱི་དད་པ་བཞིན་དུ་གྱུར་ཅིག་གསུངས་པ་དང་། དུས་ཚོད་དེ་རང་ལ་གཡོག་པོ་དེ་གསོས་པར་གྱུར་ཏོ།།"
14 ༡༤་ །ཡེ་ཤུ་པེ༷་ཏྲོའི་ཁང་པར་ཕེབས་ནས། དེའི་སྒྱུག་མོ་ཚ་བའི་ནད་ཀྱིས་ཉལ་ཡོད་པ་གཟིགས་ཏེ།"
15 ༡༥་ མོའི་ལག་པ་ལ་རེག་པ་དང་། ཚ་བ་སེལ་ནས་མོ་ལངས་ཏེ་ཞབས་ཕྱི་ཞུས་སོ།"
16 ༡༦་ །ཕྱི་དྲོ་ས༷་ཏན་ཞུགས་རྣམས་ཁོང་གི་དྲུང་དུ་འཁྲིད་འོངས་པ་རྣམས་ལ་བཀའ་བསྒོ་ཞིང་འདོན་པར་མཛད། ནད་པ་ཀུན་གསོ་བར་མཛད།"
17 ༡༧་ ཕ༷་རོ་པེ་ཏེ་པ་ཡེ་ཤ་ཡས། ཁོང་གིས་ངེད་ཀྱི་རྒུད་པ་བཞེས། ངེད་ཀྱི་ན་ཚ་ཁོང་གིས་ཐོགས། ཞེས་གསུངས་པ་འགྲུབ་པའི་ཕྱིར་དེ་ལྟར་གྱུར་ཏོ།།"
18 ༡༨་ །ཡེ་ཤུས་མི་ཚོགས་ཀྱིས་སྐོར་བར་གཟིགས་ནས། མཚོའི་ཕ་རོལ་དུ་འགྲོ་བའི་བཀའ་གནང་ངོ་།"
19 ༡༩་ །མོ༷་ཤེའི་ཁྲིམས་ཀྱི་མཁས་པ་ཞིག་འོངས་ནས། རྒན་ལགས། ཁྱེད་གར་ཕེབས་སར་ང་རྗེས་སུ་འབྲང་ངོ་ཞུས་པར།"
20 ༢༠་ །ཡེ་ཤུས། ཝ་ལ་ཝ་ཚང་དང་། གནམ་གྱི་བྱ་ལ་བྱ་ཚང་ཡོད་ཀྱང་། མིའི་བུ་ལ་མགོ་གཞག་པའི་སའང་མེད་གསུངས་སོ།"
21 ༢༡་ །སློབ་མ་གཞན་གཅིག་གིས། ཀྱུ་རི་བོ་ལགས། སྔོན་དུ་ངའི་ཕ་ དུར་དུ་འཇུག་པར་འགྲོ་བའི་དགོངས་པ་གནོང་ཞིག་ཞུས།"
22 ༢༢་ ཡེ་ཤུས། ངའི་རྗེས་སུ་འབྲོང་ཞིག །གཤིན་པོར་རང་གི་གཤིན་པོ་བསྐུང་དུ་ཆུག་ཅེས་གསུངས་སོ།།"
23 ༢༣་ དེ་ནས་ཁོང་གྲུའི་ནང་དུ་ཕེབས་པ་དང་། སློབ་མ་རྣམས་ཁོང་དང་མཉམ་དུ་སོང་ངོ་།"
24 ༢༤་ །མཚོ་དཀྱིལ་དུ་རླུང་དྲག་པོ་ལངས་ནས། རྦ་རླབས་ཀྱིས་གྲུ་བཀབ་ཀྱང་། ཁོང་མནལ་དུ་ཕེབས་ཡོད་པ་ཡིན།"
25 ༢༥་ དེ་དག་ཉེ་བར་འོངས་ནས་མནལ་སད་དེ། ཀྱུ་རི་བོ་ལགས། སྐྱོབས་ཤིག །ང་ཚོ་འཆིའོ། །ཞུས་པ་དང་།"
26 ༢༦་ ཡེ་ཤུས། དད་ཆུང་ཁྱེད། ཅི་ལ་འཇིགས། གསུངས་ནས་བཞེངས་ཏེ། རླུང་དང་མཚོ་ལ་བཀའ་བཀྱོན་པས་དེ་དག་ཡོངས་སུ་ཞི་བར་གྱུར་ཏོ།"
27 ༢༧་ །དེ་རྣམས་ངོ་མཚར་དུ་གྱུར་ཏེ། རླུང་དང་མཚོའང་བཀའ་ལ་ཉན་པས། ཅི་འདྲའི་སྐྱེས་བུ་ཡིན་ཟེར་ཏོ།།"
28 ༢༨་ །མཚོའི་ཕ་རོལ་དུ་ག༷་ད་ར་པའི་ཡུལ་དུ་ཕེབས་པ་དང་། ལམ་དེ་ལས་སུའང་འགྲོ་མི་ཐུབ་པ་ཙམ་གྱི་ས༷་ཏན་ཞུགས་ཤིན་ཏུ་དྲག་པོ་གཉིས་ཡོད་པ་རོ་ཁང་ནས་ཐོན་ཏེ་ཁོང་དང་མཇལ་ནས།"
29 ༢༩་ སྐད་ཆེན་པོས། ཀྱེ་ཨེ་ལོ་ཧིམ་གྱི་སྲས་ཁྱེད་དང་ངེད་ལ་དོན་ཅི་ཡོད། དུས་མ་རན་པར་ངེད་ལ་འཚེ་བའི་ཕྱིར་འདི་རུ་ཕེབས་སམ་ཞུས་སོ།"
30 ༣༠་ །རྒྱང་རིང་ན་ཕག་ཁྱུ་ཆེན་པོ་ཞིག་འཚོ་ཞིང་ཡོད་པས།"
31 ༣༡་ ས༷་ཏན་གྱིས། ངེད་བསྐྲད་ན། ཕག་ཁྱུ་དེའི་ནང་དུ་འཇུག་པར་གནོང་ཞིག་ཞུས་པ་དང་།"
32 ༣༢་ །སོང་གསུངས་པས། དེ་དག་ཐོན་ནས་ཕག་པའི་ནང་དུ་ཞུགས་ཏེ། ཕག་ཁྱུ་ཧྲིལ་པོ་གཡང་གཟར་ནས་རྒྱུགས་པས། མཚོར་ལྷུངས་ནས་ནུབ་སྟེ་ཤིའོ།"
33 ༣༣་ །ཕག་རྫི་རྣམས་བྲོས་ནས་གྲོང་ཁྱེར་དུ་སོང་སྟེ། ས༷་ཏན་ཞུགས་དག་གི་གནས་ཚུལ་ཇི་བྱུང་བ་ཐམས་ཅད་བཤད་པ་དང་།"
34 ༣༤་ གྲོང་ཁྱེར་ཐམས་ཅད་ཡེ་ཤུ་མཇལ་དུ་འོངས་ཏེ། ཁོ་རྣམས་ཀྱི་ཡུལ་འཁོར་ནས་ཕར་ཕེབས་ཤིག་ཅེས་ཞུས་སོ།"
1 ༡་ དེ་ནས་གྲུའི་ཐོག་ཏུ་ཆུ་བརྒལ་ནས། ཉིད་ཀྱི་གྲོང་ཁྱེར་དུ་ཕེབས།"
2 ༢་ དེར་ཉལ་ཁྲིར་ཉལ་བའི་གཟའ་ཕོག་པ་ཞིག་སྐུ་དྲུང་དུ་འཁུར་འོངས། དེ་དག་གི་དད་པའི་སེམས་གཟིགས་ནས། ཡེ་ཤུས་གཟའ་ཕོག་པ་དེ་ལ། བུ །སེམས་ལྷོད་དེར་སྡོད་ཅིག ཁྱེད་ཀྱི་སྡིག་པ་སེལ་བ་ཡིན་གསུངས་པས།"
3 ༣་ མོ༷་ཤིའི་བཀའ་ཁྲིམས་མཁས་པ་ཁ་ཅིག་གིས་འདིས་སྐུར་པ་འདེབས་སོ་སེམས་པ་ལས།"
4 ༤་ ཡེ་ཤུས་དེ་རྣམས་གྱི་བསམ་པ་མཁྱེན་ནས། ཁྱེད་ཚོའི་སྙིང་ནང་བསམ་ངན་ཅི་ལ་སྐྱེད།"
5 ༥་ ཁྱེད་ཀྱི་སྡིག་པ་སེལ་བ་ཡིན་ཟེར་བ་སླའམ། ལངས་ཏེ་འགྲུལ་ཞིག་ཟེར་བ་སླ།"
6 ༦་ འོན་ཀྱང་མིའི་བུ་ལ་འཇིག་རྟེན་དུ་སྡིག་པ་སེལ་བའི་དབང་ཡོད་པ་ཁྱེད་ཚོས་ཤེས་པའི་ཕྱིར། ཞེས་གསུངས་ནས་གཟའ་ཕོག་པ་དེ་ལ། ལོངས་ལ་ཉལ་ཁྲི་ཁུར་ནས་ཁྱིམ་དུ་སོང་ཞིག་ཅེས་གསུངས་པ་དང་།"
7 ༧་ ཁོ་ལངས་ནས་ཁྱིམ་དུ་སོང་ངོ་།"
8 ༨་ །མི་ཚོགས་ཀྱིས་དེ་མཐོང་ནས་ངོ་མཚར་དུ་གྱུར་ཏེ། མི་ལ་འདི་ལྟ་བུའི་དབང་གནང་བའི་ཨེ་ལོ་ཧིམ་ལ་བསྟོད་བསྔགས་སོ།།"
9 ༩་ །ཡེ་ཤུ་དེ་ནས་ཕེབས་ནས། མ༷ད་ཐཱ་ཟེར་བ་ཞིག་ཤོ་གམ་ལེན་ས་རུ་བསྡད་ཡོད་པ་གཟིགས་ནས་དེ་ལ། ངའི་རྗེས་སུ་འབྲོང་ཞིག་གསུངས་པ་དང་། ཁོ་ལངས་ནས་རྗེས་སུ་འབྲངས་སོ།"
10 ༡༠་ །དེ་ནས་ཁོའི་ཁང་པར་གསོལ་བ་བཞེས་པའི་ཚེ། ཤོ་གམ་པ་དང་སྡིག་ཅན་མང་པོ་འོངས་ནས། ཡེ་ཤུ་དང་སློབ་མ་རྣམས་དང་མཉམ་དུ་ཁ་ཟས་ཟོས་སོ།"
11 ༡༡་ །ཕ༷་རུ་ཤི་པས་དེ་མཐོང་ནས་སློབ་མ་རྣམས་ལ། ཁྱོད་ཚོའི་དགེ་རྒན་གྱིས་ཤོ་གམ་པ་དང་སྡིག་ཅན་མཉམ་དུ་གསོལ་བ་ཅི་ལ་བཞེས་ཟེར་བ་གསན་ནས།"
12 ༡༢་ དེ་དག་ལ་ཁོང་གིས། ནད་མེད་ལ་ཨམ་ཆི་མི་དགོས་ཀྱི། ནད་པར་དགོས་སོ།"
13 ༡༣་ །སོང་ལ། ང་ནི་འབུལ་བར་མི་དགའ་སྙིང་རྗེར་དགའ་ཞེས་གསུངས་པའི་དོན་ཅི་ཡིན་སློབས་ཤིག ང་ནི་དྲང་པོ་རྣམས་འབོད་དུ་མ་འོངས་ཀྱི། སྡིག་ཅན་རྣམས་འབོད་དུ་འོངས་པ་ཡིན་གསུངས་སོ།།"
14 ༡༤་ །དེའི་ཚེ་ཡོ༷་ཧ་ནན་གྱི་སློབ་མ་རྣམས་སྐུ་དྲུང་དུ་བཅར་ནས་ཁོང་ལ། ང་ཚོ་དང་ཕ༷་རུ་ཤི་པ་རྣམས་ཀྱིས་བཟའ་བཏུང་གཅོད་སྲུང་ཡང་། ཁྱེད་ཀྱི་སློབ་མ་རྣམས་ཀྱིས་མི་སྲུང་བ་དེ་ཅི་ལགས་ཞུས་པ་དང་།"
15 ༡༥་ ཡེ་ཤུས་གསུངས་པ། མག་པ་དང་མཉམ་དུ་ཡོད་རིང་གྲོགས་པོ་རྣམས་ཀྱིས་མྱ་ངན་བྱེད་དམ། འོན་ཀྱང་དེ་རྣམས་ལས་མག་པ་འཕྲལ་བའི་དུས་སུ་བཟའ་བཏུང་གཅོད་སྲུང་བར་འགྱུར།"
16 ༡༦་ སུས་ཀྱང་གོས་རྙིང་པར་ལྷན་པ་གསར་པ་མི་འདེབས། འདེབས་ན་ལྷན་པ་དེས་གོས་ཧྲལ་ཏེ་བུག་པ་ཆེ་བར་བྱེད་དོ།"
17 ༡༧་ །རྒུན་ཆང་གསར་པ་རྐྱལ་པ་རྙིང་པའི་ནང་དུ་མི་བླུག །བླུག་ན་རྐྱལ་པ་གས་ཏེ། རྒུན་ཆང་འབོ། རྐྱལ་པའང་བརླག་གོ །འོན་ཀྱང་རྒུན་ཆང་གསར་པ་རྐྱལ་པ་གསར་པའི་ནང་དུ་བླུགས་པས། གཉིས་ཀ་བརྟན་པོར་ལུས།།"
18 ༡༨་ །དེ་སྐད་གསུང་བའི་ཚེ། དཔོན་པོ་ཞིག་འོངས་ནས་པུས་མོ་ས་ལ་འཛུགས་ཏེ། ངའི་བུ་མོ་ད་ལྟ་རང་ཤི། འོན་ཀྱང་ཁྱེད་ཕེབས་ནས་དེའི་མགོ་ལ་ཕྱག་ཞོག་མཛོད་དང་། གསོན་པར་གྱུར་ཞེས་ཞུས་པ་དང་།"
19 ༡༩་ ཡེ་ཤུ་བཞེངས་ནས་སློབ་མ་རྣམས་དང་བཅས་ཁོ་མཉམ་དུ་ཕེབས་སོ།"
20 ༢༠་ །ཁྲག་འཛག་ཅིང་ལོ་བཅུ་གཉིས་སོང་བའི་བུད་མེད་ཅིག་གིས། ངས་ཁོང་གི་ན་བཟའ་ཙམ་ལ་རེག་ན་ཕན་འོང་ཞེས་སེམས་པས།"
21 ༢༡་སྐུ་རྒྱབ་ལ་འོངས་ནས་ན་བཟའི་སྣེ་མོ་ལ་རེག་གོ།"
22 ༢༢་ །ཡེ་ཤུས་སྐུ་བསྒྱུར་ནས་གཟིགས་ཏེ། བུ་མོ། སེམས་ལྷོད་དེར་སྡོད། ཁྱེད་ཀྱི་དད་པས་ནད་ལས་ཐར་བ་ཡིན་གསུངས་པས། དུས་ཚོད་དེ་རང་ལ་བུད་མེད་དེ་ཐར་རོ།"
23 ༢༣་ །དེ་ནས་དཔོན་པོ་དེའི་ཁང་པར་ཕེབས་པ་དང་། གླིང་བུ་གཏོང་མཁན་དང་མི་མང་པོ་ཅ་ཅོ་བྱེད་པ་གཟིགས་ནས།"
24 ༢༤་ །ཕར་སོང་། བུ་མོ་ནི་མ་ཤི་བར་ཉལ་ལོ་གསུངས་པ་དང་། དེ་དག་གིས་ཁྲེལ་དགོད་བཏང་ཡང་།"
25 ༢༥་ བཏོན་ནས་ནང་དུ་ཕེབས་ཏེ་བུ་མོའི་ལག་པ་བཟུང་བ་དང་མོ་ལངས་སོ།"
26 ༢༦་ །དེའི་སྙན་གྲགས་ཡུལ་དེ་ཐམས་ཅད་ནང་ཁྱབ་བོ།།"
27 ༢༧་ །ཡེ་ཤུ་དེ་ནས་ཕེབས་པའི་ཚེ། ལོང་བ་གཉིས་ཀྱིས་ད༷་བིད་ཀྱི་སྲས་ལགས། ངེད་ལ་སྙིང་རྗེ་མཛོད་ཅིག །ཅེས་འབོད་ཀྱིན་རྗེས་སུ་འབྲངས་སོ།"
28 ༢༨་ །ཁོང་ཁང་པར་བྱོན་པ་དང་། ལོང་བ་དེ་གཉིས་བཅར་ཏོ། །ཡེ་ཤུས། ངས་འདི་ལྟར་བྱེད་ནུས་པ་ལ་ཡིད་ཆེས་སམ་གསུངས། དེས་ཀྱུ་རི་བོ། ཡིད་ཆེས་ལགས་ཞུས།"
29 ༢༩་ དེ་དག་གི་མིག་ལ་ཕྱག་རེག་སྟེ། ཁྱེད་ཀྱི་ཡིད་ཆེས་བཞིན་དུ་གྱུར་ཅིག་གསུངས་པ་དང་།"
30 ༣༠་ དེ་དག་གི་མིག་བྱེའོ། །ཡེ་ཤུས་སུ་ལའང་མ་འཆད་ཅེས་ནན་གྱིས་གསུངས་ཀྱང་།"
31 ༣༡་ དེ་དག་ཕྱི་རོལ་དུ་ཐོན་ནས། ཡུལ་དེ་ཐམས་ཅད་ནང་ཁོང་གི་སྙན་གྲགས་ཁྱབ་ཏུ་བཅུག་གོ"
32 ༣༢་ །དེ་དག་ཐོན་པ་དང་། ས༷་ཏན་ཞུགས་ལྐུགས་པ་ཞིག་སྐུ་དྲུང་དུ་འཁྲིད་ནས།"
33 ༣༣་ས༷་ཏན་དེ་ཕྱིར་བསྐྲད་པ་དང་། ལྐུག་པས་གཏམ་ལབ་པས། མི་ཚོགས་ངོ་མཚར་དུ་གྱུར་ཏེ། ཡི༷ས་ར་ཨེལ་གྱི་ནང་ན་འདི་འདྲ་ནམ་ཡང་མ་མཐོང་ཟེར་ཡང་།"
34 ༣༤་ ཕ༷་རུ་ཤི་པ་རྣམས་ཀྱིས། འདིས་ས༷་ཏན་གྱི་དཔོན་པོའི་སྒོ་ནས་ས༷་ཏན་ཕྱིར་སྐྲོད་དོ་སྨྲས་སོ།།"
35 ༣༥་ །ཡེ་ཤུ་གྲོང་ཁྱེར་དང་ཡུལ་ཚོ་ཐམས་ཅད་ལ་རྒྱུ་ཞིང་། དེ་དག་གི་སི༷ན་ན་གོས་ནང་སློབ་ཁྲིད་མཛད་། རྒྱལ་སྲིད་ཀྱི་འཕྲིན་བཟང་བཤད། ནད་དང་རྒུད་པ་ཐམས་ཅད་གསོ་བར་མཛད་དོ།"
36 ༣༦་ །མི་ཚོགས་ནི་ལུག་རྫི་མེད་པའི་ལུག་ལྟར་སྡུག་ཅིང་འཐོར་ནས་ཡོད་པ་གཟིགས་ཏེ་སྙིང་རྗེ་འཁྲུངས་ནས།"
37 ༣༧་ སློབ་མ་རྣམས་ལ། སྟོན་ཐོག་མང་ཡང་། ལས་མི་ཉུང་།"
38 ༣༨་ སྟོན་ཐོག་གི་བདག་པོ་ལ། ཉིད་ཀྱི་སྟོན་ཐོག་བསྡུ་མཁན་གནང་བའི་ཕྱིར་སྨོན་ལམ་ཐོབ་གསུངས་སོ།།"